སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།
མགོན་པོ་བཀྲ་ཤིས།
ཟླ་1ཚེ་8ཉིན་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུ་ཞི་སྐུ་གཞོན་མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ལས་དོན་སྙན་སྒྲོན་ཞུ་བཞིན་པ།
ཨུ་ཡོན་རྣམ་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། ངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།
2013ལོའི་ལས་དོན་ལ་ཕྱིར་མིག་བལྟ་བ།
2013ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོཌ་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུཌ་པའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པས་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷའི་སྣེ་ཁྲིད་འོག སྲིད་གྲོས་ཏང་ཙུའུ་ཡིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་དམ་བཟུང་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་བྱེད་སེམས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འགན་འཁྲི་བསྒྲུབས་པ་དང་ནུས་པ་འདོན་སྤེལ་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ཚང་མ་དང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གིས་ཧུར་བརྩོན་རྒྱལ་སྐྱོང་དང་། སྙིང་སྟོབས་ཆེར་བསྐྱེད། སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་གནང་བའི་ལས་འགན་ཁག་དོན་འཁྱོལ་བྱས་པས་སྐབས་འདིའི་སྲིད་གྲོས་ཀྱི་ལས་འགོ་ཡག་པོ་ཞིག་ཚུགས་ཐུབ་པ་བྱུང་ཡོད།
གཅིག སློབ་སྦྱོང་ལ་ཤུགས་སྣོན་དང་བསམ་བློ་གཅིག་གྱུར་བྱས་ཏེ་ཡང་དག་པའི་ཁ་ཕྱོགས་བཏང་འཛིན་ནན་པོ་བྱས་པ།
རྒྱུན་ལས་ཨུ་ལྷན་གྱིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད། དེ་ཡང་རྒྱ་ཆེའི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་བསམ་བློ་སློབ་སྦྱོང་ལག་བསྟར། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་བཞིན་བོད་ལྗོངས་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”མཛུབ་སྟོན་གྱི་བླང་བྱ་སློབ་སྦྱོང་ལག་བསྟར་བཅས་བྱས་ཏེ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་བཟུང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་དང་རླབས་ཆེའི་བྱ་གཞག་སླར་ཡང་གསར་གཏོད་བྱེད་པའི་ཡིད་ཆེས་ཆེ་རུ་བཏང་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བརྩོན་ལེན་དོན་གཉེར་བྱས་ཡོད། དེ་བཞིན་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་མཛད་ཕྱོགས་དང་མཛད་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་རྒྱུན་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པ་སོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་ཀྱིས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ཀྱི “དྲུག་ལྡན་བོད་ལྗོངས ”སྐྲུན་རྒྱུའི་ཡིད་ཆེས་བརྟན་པོ་བཅངས་ཡོད། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ལྷ་སར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་གཟིགས་པར་ཕེབས་ནས་བཞུགས་མོལ་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཏང་གི་འཐབ་ཕྱོགས་གཅིག་གྱུར་དང་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས། དེ་བཞིན་གྲོས་མོལ་དམངས་གཙོ་བྱེད་རྒྱུ་རྒྱ་ཁྱབ་དང་། བང་རིམ་མང་བ། ལམ་ལུགས་ཅན་བཅས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཤེས་བྱ་གསར་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
རྒྱུན་ལས་ཨུ་ལྷན་གྱིས་གསར་བསྐོས་ཨུ་ཡོན་གཅིག་སྡུད་ཐོག་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་གསར་བསྐོས་ཨུ་ཡོན་324ལ་སྦྱོང་བརྡར་སྤྲོས་པའི་འཛིན་གྲྭ་གཉེར་ཞིང་། སྲིད་གྲོས་འགོ་ཁྲིད་དང་། མཁས་དབང་། དགེ་རྒན་ཆེ་མོ་བཅས་གདན་ཞུས་ཐོག་གཅིག་སྡུད་སློབ་ཁྲིད་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས་སྲིད་ཇུས། ལས་སྒོའི་ཤེས་བྱ་བཅས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པས་གསར་བསྐོས་ཨུ་ཡོན་གྱིས་སྲིད་གྲོས་ལས་དོན་ལ་སློབ་སྦྱོང་རྒྱུས་མངའ་གང་མགྱོགས་ལོན་ཐུབ་ཡོད་པ་དང་རང་གི་འགན་གནས་འཁུར་ཐུབ་པ་བྱུང་ཡོད། དེ་བཞིན་ལྗོངས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་སྐོང་ཚོགས་བྱས་ནས་རྒྱུན་ལས་ཨུ་ཡོན་རྣམས་སྒྲིག་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བོད་དུ་ལས་དོན་རྟོག་ཞིབ་མཛུབ་ཁྲིད་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་གསུང་བཤད་བཅས་ཀྱི་དགོངས་དོན་ཆེད་མངགས་སློབ་སྦྱོང་བྱས་པ་དང་། ཏང་གི་མཛད་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་ལས་དོན་ལ་མཛུབ་ཁྲིད་ཐུབ་པ་བྱས་ཡོད། ལོ་ཧྲིལ་པོར་ཀྲུའུ་ཞི་གཞོན་པ་4ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་སྲུང་སློབ་གྲྭ་ཆེ་མོར་ཟབ་སྦྱོང་དུ་འདེམས་གཏོང་བྱས་པ་དང་། ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་94རྒྱལ་ཁབ་སྲིད་འཛིན་སློབ་གླིང་དང་ཅིང་ཀང་རི་བོའི་ལས་བྱེད་པའི་སློབ་གླིང་སོགས་ལ་འདེམས་གཏོང་གིས་རིམ་ཁག་གི་སློབ་གསོའི་སྦྱོང་བརྡར་ནང་ཞུགས་སུ་བཅུག་པར་བརྟེན་སྤེལ་རེས་བྱེད་ཤུགས་ཆེ་རུ་སོང་བ་དང་། མཐོང་རྒྱ་ཆེ་རུ་སོང་བ། བྱང་ཚད་མཐོ་རུ་སོང་བ་བཅས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད།
གཉིས། སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ནན་ཏན་སྤེལ་བ།
སྲིད་གྲོས་ཏང་ཙུའུ་དང་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་གལ་ཆེའི་གོ་སྐབས་དམ་འཛིན་གྱིས་མང་ཚོགས་ལམ་ཕྱོགས་ཀྱི་ངོ་བོར་གོ་བ་གཏིང་ཟབ་ལོན་པ་དང་བྱེད་སྒོ་སྤེལ་བའི་ཁ་ཕྱོགས་གནད་འཕིགས་བཟུང་ནས་རྒྱ་ཆེའི་ཏང་ཡོན་ཨུ་ཡོན་སྣེ་ཁྲིད་དེ་བྱེད་སྒོའི་གཙོ་དོན་དང་སྤྱིའི་བླང་བྱར་དམ་པོ་དམིཌ་ཏེ “སྤྱོད་ཚུལ་བཞི ”(ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད )དང་། “གནད་དོན་གཉིས ”(ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པ་དང་སྤྱོད་ཚུལ་ཧ་ཧུར་སྒྱིད་ངན་ཡིན་པའི་གནད་དོན ) “ཞན་ཆ་གཉིས ”(གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་ཚང་མེད་ལ་དམངས་གཙོའི་ལྟ་སྐུལ་བྱེད་ཤུཌ་མི་འདང་བ་དང་། འགན་ནུས་སྒྲུབ་སྐབས་བསམ་འཆར་གྲོས་འཆར་ལ་མཐོང་ཆེན་དང་ལྟ་སྐུལ་དོན་འཁྱོལ་ལ་སྣང་ཆུང་བྱེད་པ )བཅས་བཅོས་སྐྱོང་བྱེད་རྒྱུ་དམིགས་སུ་བཀར་ཐོག ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ཐོག་ནས་ལྷུ་ཚིགས་ཁག་གི་ལས་དོན་དམ་འཛིན་ཡག་པོ་བྱས་པར་བརྟེན་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་ཨང་དང་པོར་བཟུང་ནས་རྒྱུན་འཁྱོངས་བྱས་པ། ཀྲུང་དབྱང་གི་དགོངས་དོན་དང་། ཀྲུང་དབྱང་ལྟ་སྐུལ་ཚོགས་ཆུང་གི་བླང་བྱ། ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་བཅས་གཞིར་བཟུང་ལྗོངས་སྲིད་གྲོས་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་མགྱོགས་མྱུར་བཙུགས་ཏེ་བྱེད་སྒོའི་ཇུས་གཞི་ནན་ཏན་བཏིང་བ་མ་ཟད་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས “གཏན་འཁེལ་བྱེད་སྒོ ”འཕྱུགས་མེད་སྤེལ་བ་དང་“རང་འདེམས་བྱེད་སྒོ ”ཁྱད་ཆོས་ལྡན་པའི་ངང་སྤེལ་ཡོད། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་བྱེད་སྒོའི་མགོ་མཇུག་བར་བཀོད་ཁྱབ་རྒྱུན་འཁྱོངས་བྱས་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མིས་རང་དཔེ་གཞན་སྟོན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་གལ་ཆེའི་ཡིག་ཆ་གསུང་རྩོམ་དང་འགོ་ཁྲིད་ཀྱི་གསུང་བཤད་སོགས་སློབ་སྦྱོང་སྣེ་ཁྲིད་བྱེད་པ་དང་། སྲིད་གྲོས་ཀྱི་སློབ་སྦྱོང་གི་དར་སྲོལ་སྐུལ་ཁྲིད་བྱས་ཏེ་སློབ་སྦྱོང་སྤེལ་རེས་དང་། ཆེད་དོན་ཟུར་ཁྲིད། བཞུགས་མོལ་ཞིབ་གྲོས། གྲོས་བསྡུར་ཆེན་པོ་བཅས་ཀྱི་བྱེད་སྒོ་ཁྱོན་བསྡོམས་ཐེངས་107སྤེལ་བ་དང་། 《སྡུག་བསྔལ་དང་འོད་སྟོང་》དང་《ཀྲོའུ་ཨེན་ལེའི་ཉིན་མཚན་བཞི 》ཞེས་པ་སོགས་གློག་བརྙན་ལྟད་མོ་ཐེངས་26བལྟས་པ། བོད་གསར་རྙིང་བསྡུར་བ་བྱེད་པའི་འགྲེམས་སྟོན་སོགས་ལ་ལྟ་སྐོར་ཐེངས་8སྒྲིག་འཛུགས་བྱས་ཡོད། གནད་དོན་ཐག་གཅོད་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་རྒྱུན་འཁྱོངས་བྱས་པ། སྒོ་སྡོམ་མིན་པའི་ཐོག་ནས་བྱེད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་ཕྱིའི་ཀྲུའུ་ཞི་སྐུ་གཞོན་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་རྒྱ་ཁྱབ་ཏུ་ཐེ་ཞུགས་བྱེད་རྒྱུར་གདན་འདྲེན་ཞུས་ཐོག་ངོ་ཐུག་གདོང་འཕྲད་དང་འདྲི་ཡུལ་མི་འདྲ་བའི་ཐོག་ནས་བསམ་འཆར་དང་གྲོས་འཆར་བསྡུ་ལེན་བྱས་ཡོད། “སྤྱོད་ཚུལ་བཞི ”སོགས་ཀྱི་གནད་དོན་དམིགས་བཀར་གྱིས་ཞིབ་བཤེར་གཏིང་ཟབ་བྱས་པ་མ་ཟད། མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འཆར་ལ་ཞིབ་བསྡུར་བྱས་ཏེ་ཞིབ་བསྡུར་རང་སྐྱོན་གསལ་ཡིག་ནན་ཏན་བྲིས་ཤིང་དག་བཅོས་ཡང་ཡང་བྱས་ཡོད། དེ་བཞིན་ཞིང་ཆེན་རིམ་པའི་ལས་བྱེད་པའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་སྤུས་ཚད་ལེགས་པོ་སྐོང་ཚོགས་བྱས་ཤིང་། ཚོགས་འདུ་མ་འཚོགས་གོང་གྲ་སྒྲིག་ཞིབ་ཚགས་ཡོད་པ་དང་། དབྱེ་ཞིབ་བརྟག་དཔྱད་བདེན་ཐུབ་གཏིང་ཟབ་བྱེད་པ། འཚོ་བའི་ཚོགས་འདུའི་ཐོག་ལྷག་བསམ་ཟོལ་མེད་ཀྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་བྱས་པས་ཀྲུང་དབྱང་ལྟ་སྐུལ་ཚོགས་ཆུང་གི་ཚད་མཐོའི་གདེང་འཇོག་ཐོབ་ཡོད། སློབ་སྦྱོང་དང་ཞིབ་བཤེར་བྱེད་ཀྱིན་བྱེད་ཀྱིན་བཅོས་སྒྲིག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དངོས་ཡོད་གནད་དོན་ཁག་48ཐག་གཅོད་བྱས་པ་དང་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཁག་9བཙུགས་ཡོད། དམངས་ཕན་བླང་བྱ་དོན་འཁྱོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ། ཀྲུའུ་ཞི་སྐུ་གཞོན་དང་། ཨུ་ཡོན། དེ་བཞིན་ལས་ཁུངས་ཀྱི་ཁྲུའུ་རིམ་ཡན་གྱི་ལས་བྱེད་པ་བཅས་ཀྱིས་དུས་ཚོད་དང་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ཏང་སྐྱོང་དབུལ་སྐྱོར་འབྲེལ་གཏུག་བྱེད་ས་དང་གཙོ་གནད་དགོན་སྡེ་སོགས་ལ་བསྐྱོད་ནས་དུད་ཚང་228དང་སྤུན་གྲོགས་སྒྲིག་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཆ་སྦྲེལ་120སྒྲིག་པ། མང་ཚོགས་དང་གྲྭ་བཙུན་4000ལྷག་ཙམ་ལ་འཚམས་འདྲི་བྱེད་པ། མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་དང་གནད་དོན་ཁག་གཅིག་མཐུན་སྦྱོར་ཐག་གཅོད་བྱེད་རོགས་བཅས་བྱས་པས་མང་ཚོགས་དང་བརྩེ་དུང་ཟབ་ཏུ་ཕྱིན་པ་དང་། མང་ཚོགས་དང་བར་ཐག་ཉེ་རུ་ཕྱིན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་གདེང་འཇོག་ཡག་པོ་ཐོབ་ཡོད།
བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་ཨུ་ཡོན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། འགྲོ་ལམ། ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་པའི་མཐོ་ཚད་ཐོག་ནས་རང་ལྗོངས་སྲིད་གྲོས་ཀྱི་གལ་ཆེའི་གནས་བབ་དང་། ཁྱད་འཕགས་ཀྱི་ནུས་པ། ཐུན་མིན་གྱི་རིན་ཐང་བཅས་ལ་ངོས་འཛིན་གཏིང་ཟབ་དང་བཏང་འཛིན་ཐུབ་སྟེ་སྲིད་གྲོས་ལས་ཀར་ཞུགས་རྒྱུའི་འགན་འཁྲི་ཁུར་སེམས་དང་། གཟི་བརྗིད་ཚོར་སེམས། ལས་སྐལ་སྒྲུབ་སེམས་བཅས་ཆེ་རུ་སོང་བ་དང་། མཐུན་སྒྲིལ་ཡར་བརྩོན་དང་འགན་འཁྲི་འཁུར་ཕོད་པའི་གོང་བུ་སྒྲིལ་ཤུགས་ཆེ་མོ་ཞིག་ཆགས་ཡོད།
གསུམ། སྲིད་གྲོས་ཀྱི་འགན་ནུས་ནན་ཏན་བསྒྲུབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
ལྟེ་བའི་ལས་དོན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ། ལོ་གཅིག་རིང་ཁྱོན་བསྡོམས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་5དང་ཀྲུའུ་ཞིའི་ཚོགས་འདུ་ཐེངས་11འཚོགས་ཡོད། རྒྱུན་ལས་ཨུ་ལྷན་གྱིས་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཐག་གཅོད་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ཡོད། དེ་ཡང་སྲིད་གྲོས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ལ་བརྟེན་ནས་རྒྱ་ཁྱབ་ངང་གྲོས་མོལ་བྱས་ཡོད། ལྗོངས་སྲིད་གྲོས་ཀྱི་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་རིང་། རྒྱ་ཆེའི་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་གསན་ནས་གྲོས་བསྡུར་ནན་ཏན་བྱས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དབུ་ཁྲིད་དང་ལྷན་དུ་བསྒྱུར་བཅོས་དང་གོང་འཕེལ་གྱི་ཇུས་ཆེན་གླེང་ཞིང་། ཚོགས་ཆེན་གྱི་གཏམ་བཤད་ཁག་12དང་ཡིག་ཐོག་སྤེལ་རེས་དཔྱད་ཡིག་ཁག་23ཕུལ་བ་དང་། བསམ་འཆར་དང་གྲོས་འཆར་228བཏོན་ཡོད། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་དུས་དཀྱིལ་ཚོད་སྐོར་གྱི་ཆེད་དོན་གྲོས་མོལ་ལ་དམིགས་ཏེ་རིགས་ཁོངས་ཁག་གི་ཨུ་ཡོན་དང་དེའི་མཐུན་འབྲེལ་བྱ་ཡུལ་འཐུས་མི་ཚོད་སྐོར་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱས་ཏེ་རང་སོ་སོའི་ལེགས་ཆ་དང་ཁྱད་ཆོས་ལ་དམིགས་ནས་བརྗོད་དོན་ཁ་བྱང་གཏན་འཁེལ་བཟོས་ཏེ་བརྟག་ཞིབ་གཏིང་ཟབ་དང་། ཐབས་འདོན་ཇུས་འདོན་བྱས་སྟབས་ཁྱབ་རྒྱ་ཆེ་ལ་དམིགས་བཀར་ཆེ་བའི་བརྟག་ཞིབ་སྙན་ཞུ་ཁག་20བཟོས་པ་མ་ཟད། ཨུ་ཡོན་དང་འབྲེལ་ཡོད་སྡེ་ཚན་གྱི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་ལྟེ་བའི་ལས་དོན་ལ་ཞབས་ཞུ་བྱེད་པའི་ཁྲོད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། ཀྲུའུ་ཞིའི་ཚོགས་འདུས་ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་སྒྱུར་རྒྱུ་སོགས་ཀྱི་གལ་ཆེའི་གནད་དོན་ལ་དམ་པོར་དམིགས་ནས་གཙོ་གནད་གྲོས་མོལ་དང་ཁ་གཏད་གྲོས་མོལ་བྱས་ཡོད་ཅིང་། ཕྱོགས་གཅིག་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་བརྟག་ཞིབ་གཏིང་ཟབ་དང་གཙོ་གནད་གྲོས་མོལ་བྱས་ཏེ་ནུས་ཤུགས་ཡོད་དགུས་དཀའ་གནད་སེལ་བ་དང་། ཕྱོགས་གཞན་ཞིག་ནས་ཆེད་དོན་ཨུ་ལྷན་དང་འགན་ནུས་སྡེ་ཚན་དབར་གནས་ཚུལ་སྤེལ་རེས་དང་། ག་སྦྱར་གྲོས་མོལ་བྱེད་རྒྱུར་འགན་སྤྲད་ཡོད་པར་བརྟེན་ཐབས་ཇུས་གྲོས་འཆར་འདོན་རྒྱུ་དང་། གྲོས་མོལ་སྲིད་གླེང་བྱེད་རྒྱུའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཐུན་མོང་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞོམ་ཞིག་མེད་པའི་ལྕགས་རི་བསྐྲུན་པ། རྒྱུན་ལས་ཨུ་ལྷན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་ལྡོག་མེད་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་འཐབ་ཇུས་དགོངས་པ་དང་། “ཁྲིམས་བཞིན་བོད་ལྗོངས་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་སྟོན་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག ལྗོངས་ཏང་ཨུད་ཀྱི་ཕྱོགས་བཅུའི་ཐད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་མཐུན་བཅས་ཡོང་བ་བྱས་ཡོད། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་མངོན་ཆེར་བཞག་ཐོག མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། བསམ་ཤེས་བསྟུན་མཁས་བྱེད་པ། མཉམ་ལས་སྤྱི་སྒྲུབ། ཐུན་མོང་ཐོག་འབད་འཐབ་བཅས་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་མི་རིགས་ཁག་དང་། ཆོས་ལུགས། རིམ་གྲས། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ་རང་ལྗོངས་ཀྱི་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་བཏང་ཡོད། སྲིད་གྲོས་ཀྱི་རྒྱལ་གཅེས་གྲགས་ཅན་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་གང་ཐུབ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཡོད། བརྟག་དཔྱད་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ནན་ཏན་བྱས་ཏེ་གོང་འཕེལ་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་ཐབས་ཇུས་དང་ནུས་ཤུགས་བཏོན་པ། རིགས་ཁོངས་ཁག་གི་ཨུ་ཡོན་དང་རིགས་གཅིག་མཁས་དབང་སྒྲིག་འཛུགས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་དང་མཉམ་འབྲེལ་རྟོག་ཞིབ་གཏིང་ཟབ་བྱས་ཏེ་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་དང་། དེང་རབས་ཀྱི་ཞིང་འབྲོག་ལས། སྤྱི་དབང་མིན་པའི་དཔལ་འབྱོར། ཚན་སློབ་ལས་དོན། མི་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོ་སོགས་ཀྱི་ཐད་ཏང་ཨུད་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཐག་གཅོད་རྒྱུར་བང་རིམ་མང་བ་དང་བདེན་པ་བདེན་ཐུབ་ཀྱི་བསམ་འཆར་དང་གྲོས་འཆར་བཏོན་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་ལྗོངས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་མཉམ་འབྲེལ་གྱི་བརྟག་དཔྱད་རྟོག་ཞིབ་བྱེད་སྒོ་སྤེལ་ཞིང་། སྐྱིད་རོང་འགག་སྒོ་དང་རྒྱལ་མཚམས་གྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་སྐྲུན་རྒྱུའི་ལས་ཡུལ་དངོས་ལ་བརྟག་ཞིབ་བྱས་ཡོད། ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་ལས་དོན་ཡག་པོ་སྒྲུབ་རྒྱུ། སྤྱི་ཚོགས་དྲ་མིག་ཅན་གྱི་དོ་དམ་བྱེད་རྒྱུ། དམངས་ཕན་ཉེན་རྟོག་ལས་དོན་ས་ཚིགས་སོགས་ལ་བརྟག་དཔྱད་རྟོག་ཞིབ་བྱས་ཏེ་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ལས་བྱེད་པར་གཟིགས་ཞིབ་འཚམས་འདྲི་བྱས་ཐོག་བརྟན་ལྷིང་སྲུང་སྐྱོང་ལས་དོན་འཐུས་ཚང་དང་དོན་འཁྱོལ་ཡོང་རྒྱུར་རོགས་རམ་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་དོན་ཨུ་ལྷན་གྱི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་ལ་གཞོགས་འདེགས་བྱས་ཏེ “བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི ”རྟོག་ཞིབ་ལས་དོན་སྤེལ་ཡོད། ཨུ་ཡོན་སྒྲིག་འཛུགས་ཀྱིས་དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས་བསྒྲུབས་ཏེ་ལྷ་གཞིས་ལྕགས་ལམ་དང་། མ་ནག་ཆུ་བེད་ལྟེ་གནས་ལས་གྲྭ་སོགས་སྐྲུན་བཞིན་པའི་གཙོ་ཆེའི་རྣམ་གྲངས་ལ་བརྟག་ཞིབ་ལྟ་སྐུལ་བྱས་ཏེ་འབྲེལ་ཡོད་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ཡོད། ཨུ་ཡོན་བདམས་གཏོང་གིས་སྲིད་འཛིན་སྤྱོད་ཚུལ་དང་ལས་རིགས་སྤྱོད་ཚུལ་གྱི་ལྟ་སྐུལ་པའི་འགན་འཁུར་བ་དང་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་སོགས་ལ་ཞུགས་ཏེ་ཏང་སྲིད་ནས་ཇུས་ཐག་བཅད་པའི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་བྱེད་ཕྱོགས་ཐད་ལྟ་སྐུལ་བྱས་ཡོད། གོང་འཕེལ་དང་བརྟན་ལྷིང་ཐད་ན་ནིང་བརྟག་ཞིབ་ཁྱོན་ཐེངས་19དང་། བརྟག་ཞིབ་སྙན་སྒྲོན་ཁག་19བཟོས་པ་དང་། བསམ་འཆར་དང་གྲོས་འཆར་90ལྷག་ཙམ་བཏོན་ཡོད་པ། སྤྱི་ཚོཌ་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་འཁོད་པའི་ཆ་འཕྲིན་འདོན་ཐེངས་ཁག་156བསྡུ་རུབ་ཞིབ་དཔྱད་དང་འབྲི་འབུལ་ཞུས་ཡོད། དེ་དག་ཚང་མ་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་དམིགས་ནས་སྤེལ་ཡོད་པས་སྲིད་གྲོས་ཨུ་ཡོན་ཚོའི་བརྟག་ཞིབ་སྙན་ཞུར་འབྲེལ་ཡོད་སྡེ་ཚན་གྱི་ཚད་མཐོའི་མཐོང་ཆེན་བྱས་ནས་དང་ལེན་བྱུང་བ་དང་། བརྟག་ཞིབ་ཁག་གཅིག་ལ་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོའི་བཀའ་མཆན་འཁོད་ནས་གདེང་འཇོག་ཐོབ་ཡོད།
སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་གི་གལ་ཆེའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ཨུ་ཡོན་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་སྒྲིག་འཛུགས་བྱས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བོད་དུ་ཞུགས་རིང་གི་བྱེད་སྒོའི་ནང་ཞུགས་པ་དང་ཐུན་མོང་ཐོག་རྟོག་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུའང་སྐོང་འཚོགས་བྱས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་བརྟག་ཞིབ་དང་ཆོས་ཕྱོགས་བྱེད་སྒོ་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཡོད་པས་དེར་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ནས་གདེང་འཇོག་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཁག་གཅིག་གིས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་སྣེ་ཁྲིད་དེ་ཉིང་ཁྲི་དང་ནག་ཆུ་སོགས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་སྐྱོད་དེ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱ་བ་དོན་འཁྱོལ་བྱེད་ཕྱོགས་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། གཙོ་གནད་ས་ཁུལ་དང་“མཐའ་མཚམས་གཉིས་དང་ལམ་ཐིག་གཅིག ”ལ་ལྟ་འདོམས། རང་སྲེག་ལ་ངོ་རྒོལ་བྱེད་པའི་ཆེད་དོན་འཐབ་རྩོད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་བྱས་ཐོག ཆོས་ལུགས་ལས་རིགས་མི་སྣ་དང་སྤེལ་རེས་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་རང་ལྗོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་བྱུང་ཡོད། མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ “རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གཤམ་སྐྱོད ”བྱེད་སྒོ་སྤེལ་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ལ་འཆད་འགྲེལ་ཡང་དག་བྱས་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་པ། ཆོས་ལུགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་འཚོལ་ཞིབ་གསར་གཏོད་བྱས་ཡོད། ཀྲུང་ནེའི་དཔལ་འབྱོར་གྲོས་མོལ་ཚོགས་འདུ་སོགས་ཀྱི་ནང་ཧུར་ཐག་ཞུགས་ནས་བོད་ལྗོངས་དྲིལ་བསྒྲགས་དང་། དཔལ་འབྱོར་སྤེལ་རེས་ལ་སྐུལ་སྤེལ་གཏོང་རྒྱུ་སོགས་ཀྱི་ཐད་ནུས་པ་འདོན་སྤེལ་བྱས་ཡོད། “ཀྲུང་གོའི་གཟི་བརྗིད་བྱ་གཞག་བོད་དུ་བསྐྱོད་པའི་བྱེད་སྒོ ”སྒྲིག་འཛུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ལ་ཚོགས་པ་སྒྲིག་འཛུགས་ཀྱིས་ཚོང་འགུགས་མ་འདྲེན་བྱེད་པར་བསྐྱོད་དེ་རྣམ་གྲངས་ཁག་131ལ་འདོད་མཐུན་དོན་འཁྱོལ་བྱུང་ཞིང་། མ་དངུལ་སྤྱི་འབོར་སྒོར་དུང་ཕྱུར་2400ལ་ཉེ་བ་ཟིན་ཡོད། ན་ནིང་ང་ཚོས་ལྗོངས་ཡོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ཆེད་དོན་ལས་འགན་ཁྱོན་བསྡོམས་ཁག་བཅུ་ལྷག་ཙམ་ལེགས་སྒྲུབ་བྱས་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་གང་ལེགས་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མགྲིན་གཅིག་ཏུ་གདེང་འཇོག་བཟང་པོ་ཐོབ་ཡོད།
བོད་འབྲེལ་ཕྱི་ཕྱོགས་འབྲེལ་བ་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་བོད་འབྲེལ་ཕྱི་ཕྱོགས་འབྲེལ་བ་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གྱི་སྤྱིའི་མཛད་ཕྱོགས་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ནེ་པ་ལའི་ལྷ་སར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་ཁང་གི་དཔོན་རིགས་སྲིད་གྲོས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་འགོ་ཚུགས་ཚོགས་འདུར་ཟུར་ཉན་དུ་གདན་འདྲེན་ཞུས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་དྲིལ་བསྒྲགས་བྱས་ཏེ་ཁྱོན་ཡོངས་ནས་བོད་ཀྱི་བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད། “2013ལོའི་འཇར་མན་དང་ཀྲུང་གོའི་བོད་ལྗོངས་རིག་གནས་གཟའ་འཁོར ”གྱི་བྱེད་སྒོར་ཞུགས་ནས་བོད་རིག་པ་མཁས་ཅན་དང་མཉམ་དུ་འཇར་མན་གྱི་སྲིད་ཕྱོགས་དང་། རིག་གཞུང་ལས་རིགས། གསར་འགྱུར་ལས་རིགས། དེ་བཞིན་ཕྱིར་སྡོད་རང་མི་སོགས་ཕྱོགས་ཁག་གི་མི་སྣར་བོད་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་། དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་གོང་འཕེལ་བཅས་ཀྱི་གནས་ཚུལ་དང་། ལྷག་པར་དུ་བོད་ཀྱིས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་པར་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ངོ་སྤྲོད་བྱས་ནས་ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་ཁ་ཕྲལ་རུ་ཚོགས་ཀྱིས་འུད་སྒྲོག་བྱེད་པའི “བོད་ཀྱི་རིག་གནས་རྩ་མེད་གཏོང་བ ”ཞེས་པར་དོན་དངོས་ཀྱི་ཐོག་ནས་དགག་རྒྱག་སུན་འབྱིན་བྱས་ཡོད།
བཞི། དམངས་ཀྱི་ཆེད་དུ་འགན་ནུས་བསྒྲུབས་པ་དང་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཏེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཧུར་ཐག་བྱས་པ།
ཞབས་ཞུ་གང་ཐུབ་བསྒྲུབས་ཏེ་དམངས་འཚོ་འགན་སྲུང་བྱས་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་ཞབས་ཞུ་བསྒྲུབ་རྒྱུ་དེ་འགན་ནུས་སྒྲུབ་པའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་རྒྱུན་འཁྱོངས་བྱས་ཤིང་ཨུ་ཡོན་རྣམ་པས་དོན་དངོས་ལ་བསྟུན་པ་དང་། གཞི་རིམ་དང་མང་ཚོགས་ཁྲོད་ཟབ་སྐྱོད་བྱས་ཏེ་དམངས་ཕན་གྱི་བྱ་བ་དངོས་བསྒྲུབས་རྒྱུ་དང་དམངས་ཕྱུག་དམངས་བདེའི་ཐབས་ཇུས་འདོན་རྒྱུར་སྐུལ་ཁྲིད་བྱས་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི “ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ཁང་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་། དྲོད་གཏོང་ལས་གཞི། སྤྱི་ཚོགས་འགན་སྲུང་མ་ལག འཕྲོད་བསྟེན་ཞབས་ཞུའི་མ་ལག ལས་ཞུཌ་རྒྱ་ཆེར་གཏོང་རྒྱུ། སློབ་གསོ་གོང་འཕེལ། དབུལ་སྐྱོར་གསར་སྤེལ། གནོད་འགོག་གེཌ་སེལ། བདེ་འཇཌ་ཐོན་སྐྱེད ”བཅས་དངོས་དོན་བཅུ་བསྒྲུབ་རྒྱུར་དམིགས་ཏེ་བརྟག་ཞིབ་རྟོག་ཞིབ་དང་གྲོས་མོལ་སྲིད་གླེང་བྱས་ཐོག མང་ཚོགས་ཀྱི་བསམ་འདུན་དང་རེ་སྒུག་གསལ་ཞུ་བྱས་ཏེ་མི་རིགས་ཁག་གི་མང་ཚོཌ་རྣམས་ལ་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་འབྲས་བུ་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། དེ་བཞིན་རང་ལྗོངས་ཀྱི་ལོ་རེའི་མཐོ་རིམ་སློབ་རྒྱུགས་སྐབས་ཀྱི་གླེང་ཆ་ཆེ་བའི་གནད་དོན་ལ་དམིགས་ཏེ་རིགས་ཁོངས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་མཐོ་རིམ་སློབ་རྒྱུགས་བསྡུ་འཇུག་ལས་དོན་ལ་རྟོག་ཞིབ་ལྟ་སྐུལ་བྱས་ཡོད། གཞན་ཡང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། དབུལ་སྐྱོར་གསར་སྤེལ་བྱེད་རྒྱུ་དེ “མགོ་སྦྲེལ་སྤུན་སྒྲིག ”དང་། “མི་རིགས་མཐུན་སྒྲིལ་གྱི་གྲོགས་སྒྲིག ”སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྐྱོང་དང་། མང་ཚོགས་དང་འབྲེལ་གཏུག གཤམ་འོག་གནས་ཚུལ་ཤེས་རྟོགས། དཀའ་གནད་སེལ་བ་བཅས་བྱེད་རྒྱུར་ཁྲིད་སྟོན་བྱས་ཏེ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཡོད།
མང་ཚོགས་ཀྱི་ལས་དོན་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་བཏང་བ། མང་ཚོགས་ཀྱི་ལས་དོན་བསྒྲུབ་པའི་ནང་ཨུ་ཡོན་ཚོས “ལས་ཀ་བྱ་ཡུལ་དམིགས་བསལ་ཡིན་ཞིང་། འབྲེལ་རྒྱ་ཆེ་བ། བསམ་གཞི་ཐུན་མོང་མིན་པ། བསྟུན་མཁས་རང་བཞིན་ཆེ་བ། བྱ་ཐབས་ཁྱད་ཆོས་ལྡན་པ། ཁྱབ་འགྱེད་ཆེ་བ། ནུས་པ་ཁྱད་དུ་འཕགས་པ། རྨང་གཞི་སྲ་ཞིང་བརྟན་པ ”བཅས་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དང་འབྲེལ་བ་རྒྱ་ཆེར་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་སྐབས་གསར་པའི་མང་ཚོགས་ཀྱི་ལས་དོན་བསྒྲུབ་རྒྱུར་གཞགས་འདེགས་བྱས་ཡོད། དེ་བཞིན་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་ཏན་ཏིག་སྤེལ་ཞིང་། ལྗོངས་སྲིད་གྲོས་འགོ་ཁྲིད་ཀྱིས་ཏང་འཛུགས་དབུལ་སྐྱོར་གྱི་འབྲེལ་གཏུག་བྱེད་གནས་དང་གྲོང་ཚོར་བཅའ་སྡོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་སྤེལ་གནས་སུ་རྟག་ཏུ་སྐོར་སྐྱོད་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་དབུལ་པོའི་མང་ཚོགས་ལ་ལྟ་རྟོག་བྱེད་པ་དང་། ལས་བྱེད་པར་འཚམས་འདྲི་བྱེད་པ། ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ཐབས་ཇུས་འདོན་རོགས་བྱས་ཐོག ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་གཞི་རིམ་རྨང་གཞི་བརྟན་གཏོང་གི་ལས་དོན་མང་པོ་བསྒྲུབས་ཡོད། གཞན་ཡང་བུད་མེད་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ས་གནས་དང་། རྫོང་། ཤང་། གྲོང་ཚོ། ཨ་ནེའི་དགོན་པ་བཅས་ལ་སྐྱོད་དེ་རྟོག་ཞིབ་བྱས་ཤིང་། དམིགས་ས་ཡོད་པའི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐད་ཀྱི་བསམ་འཆར་དང་གྲོས་འཆར་བཏོན་པས་འགན་ནུས་སྡེ་ཚན་ཁག་གིས་དེར་མཐོང་ཆེན་བྱས་ནས་དང་ལེན་བྱས་ཡོད།
ལྔ། རྨང་རྩ་གཉིས་བརྟན་དང་ཆུ་ཚད་མཐོ་རུ་བཏང་སྟེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ།
“ཕྱོགས་བཞི་གཞི་གཅིག་ཏུ་འདུས་ནས ”འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། རང་ངོས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དེ་རྨང་རྩ་གཉིས་བརྟན་ཡོང་བའི་འགག་རྩ་ཞིག་ལ་བརྩིས་ནས་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། རིགས་ཁོངས་ལས་ཁུངས་བཅས “ཕྱོགས་བཞི་གཞི་གཅིག་ཏུ་འདུས་ནས ”འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ཤུགས་ཆེ་བྱས་ཡོད། དེ་ཡང་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། འཇོན་ཐང་ཆེ་རུ་གཏོང་བ། ལམ་ལུགས་ཐད་ཚད་ལྡན་བཟོ་བ། འཚོ་བའི་ཐད་ཐུགས་ཁུར་བཅས་བྱས་པས་ཨུ་ཡོན་ཚོའི་ཆབ་སྲིད་བྱང་ཚད་མཐོ་རུ་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་ཟམ་མི་ཆད་པ་སོང་ནས་གཙོ་རྐང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་སྐྱོང་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་ཅིང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་པ་དྲག་འདེམས་ཧྲག་སྒྲིག་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ལ་ཚན་རིག་དང་མཐུན་པའི་འགན་ནུས་བསྒྲུབ་རྒྱུའི་བྱ་ཐབས་འཚོལ་ཞིབ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་དོན་དམ་གོ་ཆོད་ཀྱི་ལམ་ལུགས་བཙུཌ་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག འགན་ནུས་བསྒྲུབ་རྒྱུའི་བླང་བྱ་དང་རང་ངོས་ཀྱི་ལེགས་ཆར་གཞིཌ་ནས་ལས་དོན་སྤེལ་བས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། རིགས་ཁོངས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་རིམ་པའི་ལས་བྱེད་པས་རིགས་ཁོངས་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི་ལས་དོན་གྱི་བསམ་འཆར 》ཞིབ་འཇུག་བཟོ་འདོན་གྱིས་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་བཏང་ཐོག འབྲེལ་ཡོད་རིགས་ཁོངས་ཀྱི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཏེ་རིགས་ཁོངས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། སྲིད་གྲོས་ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ “སློབ་སྦྱོང་གི་རྣམ་པ་དང་། ཞབས་ཞུའི་རྣམ་པ། ནུས་ཕྱོད་རྣམ་པ། གསར་གཏོད་རྣམ་པ། ཞི་མཐུན་རྣམ་པ། ཚན་རིག་ཅན ”བཅས་ཀྱི་ལས་ཁུངས་འཛུཌ་སྐྱོང་བྱེད་རྒྱུ་དམིཌ་ཡུལ་དང་། བསམ་བློ་འཛུགས་སྐྱོང་བྱེད་རྒྱུ་རྨང་གཞི། ནུས་པ་འཛུགས་སྐྱོང་བྱེད་རྒྱུ་འགག་རྩ། སྤྱོད་ཚུལ་འཛུགས་སྐྱོང་བྱེད་རྒྱུ་བྱ་ཐབས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་འགན་སྲུང་དུ་བཅས་བྱས་ཏེ་སྔ་འཛིན་ཕྱི་གཏོད་དང་ལག་ལེན་གསར་གཏོད་བྱས་པར་བརྟེན་ལས་ཁུངས་ཀྱི “ཞབས་ཞུ་གསུམ ”གྱི་ནུས་པ་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། ལས་ཁུངས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བྱུང་ཡོད། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་དང་། ལྗོངས་ཏང་ཨུད་ཀྱི “སྲུང་བྱ་རྣམ་བཅུ ”དང་“བླང་བྱ་ཁག་དགུ ”ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལྗོངས་སྲིད་གྲོས་ཀྱི་བྱ་ཐབས་ཞིབ་ཕྲ་བཟོས་པ་མ་ཟད་དོན་འཁྱོལ་བྱས་ནས་ཚོགས་འདུ་དང་ཡིག་ཆ་ཉུང་འཕྲི་བྱས་ནས་གྲོན་ཆུང་བསྲི་ཚགས་དང་སྤྱོད་བཟང་གཞུང་དྲང་གི་དར་སྲོལ་བཟང་པོ་ཞིག་ཧུར་ཐག་བཏོད་ཡོད།
རྒྱུན་གཏན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། སྐབས་གསར་པའི་སྲིད་གྲོས་ཀྱི་སྤྱི་ཡོངས་ནུས་པ་གོང་མཐོར་གཏོང་རྒྱུར་དམིགས་ཏེ་རྒྱུན་གཏན་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད། དེ་ཡང་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོས་གཞི་གཉེར་སྒྲུབ་དང་དོན་འཁྱོལ་བྱེད་པའི་ཕན་འབྲས་ཆེ་རུ་ཕྱིན་ཡོད། ན་ནིང་ཨུ་ཡོན་གྱི་གྲོས་གཞི་ཁག་491བདག་སྤྲོད་བྱས་པ་དང་། གྲོས་གཞི་ཁག་472ཞིབ་བཤེར་བྱས་ནས་གྲོས་ཁོངས་སུ་བཅུག་སྟེ་གྲོས་གཞིར་ལན་འདེབས་བྱེད་ཚད་100%ཟིན་ཡོད། རིག་གནས་ལོ་རྒྱུས་དཔྱད་ཡིག་གི་ལས་དོན་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ན་ནིང་“དངོས་གསུམ ”(དངོས་མྱོང་དང་། དངོས་མཐོང་། དངོས་ཐོས )གྱི་ལོ་རྒྱུས་དཔྱད་ཡིག་ཡིག་འབྲུ་ཁྲི་ཕྲག་བསྡུ་རུབ་བྱས་པ་དང་། ཉེ་རབས་ཚུན་གྱི་བོད་ཀྱི་ལོ་རྒྱུས་ཀྱི་བརྗོད་དོན་གཙོ་བོ་བསྡུ་རུབ་བྱེད་རྒྱུའི་དཔྱད་གཞི་བྱ་ཡུལ་འཆར་འགོད་བཟོས་ཡོད། མཐུན་སྒྲིལ་མཛའ་འབྲེལ་གྱི་ལས་དོན་བསྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལོ་གསར་གྱི་ཇ་སྟོན་དང་དབྱར་ཁའི་མཐུན་འབྲེལ་སྤེལ་རེས་ཚོཌ་འདུ་ལམ་ལྷོངས་ངང་གཉེར་ཡོད། དེ་བཞིན་རང་འགུལ་ངང་རྒྱལ་ཡོངས་སྲིད་གྲོས་དང་འབྲེལ་གཏུག་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་བགོས་འགན་འཁུར་གྱི་ཀྲུའུ་ཞི་གཞོན་པ་དང་འབྲེལ་ཡོད་ཆེད་དོན་ཨུ་ལྷན་གྱི་མི་སྣས་ཆེད་མངཌ་པེ་ཅིང་དུ་སྐྱོད་དེ་ལས་དོན་སྙན་སེང་ཞུས་ཐོག་མཛུབ་ཁྲིད་རྒྱབ་སྐྱོར་ཐོབ་རྒྱུར་བརྩོན་ལེན་བྱས་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་འབྲེལ་གཏུག་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབས་ཏེ་བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ཀྱི་དམངས་གཉེར་ཁེ་ལས་མཁས་ཅན་30ལྷག་ཙམ་སྒྲིག་འཛུཌ་བྱས་ཏེ་མཉམ་དུ་མཚོ་རྒྱུད་དར་རྒྱས་ཆེ་ཁུལ་གྱི་སྤྱི་དབང་མིན་པའི་དཔལ་འབྱོར་གནས་ཚུལ་ལ་རྟོག་ཞིབ་བྱེད་པར་སྐྱོད་པས་ཁོང་ཚོའི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། གོང་འཕེལ་གྱི་བསམ་གཞི་གསར་རྙེད་ཐུབ་པ། སྲིད་ཞུགས་སྲིད་གླེང་གི་ནུས་པ་ཆེ་རུ་བཅས་སོང་ཡོད། ནང་སའི་སྲིད་གྲོས་དབར་ཕན་ཚུན་སྤེལ་རེས་འབྲེལ་གཏུག་བྱེད་ལམ་ཟབ་ཏུ་བཏང་སྟེ་ལོ་ཧྲིལ་པོར་བོད་སྐྱོད་རྟོག་ཞིབ་ཚོགས་པ (ཙུའུ )ཁག་17གྱི་མི་གྲངས་200ལ་ཉེ་བར་སྣེ་ལེན་ཞུས་ཡོད། གཞི་རིམ་སྲིད་གྲོས་ལ་མཛུབ་ཁྲིད་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྗོངས་སྲིད་གྲོས་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ལ་ས་གནས (གྲོང་ཁྱེར )དང་རྫོང་(གྲོང་ཁྱེར་དང་ཆུད )སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་ཞུགས་བྱེད་པར་གདན་འདྲེན་ཞུས་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སོགས་འཆར་ཅན་ཚོགས་འདུར་ས་གནས (གྲོང་ཁྱེར )སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་ཞུགས་བྱེད་པར་གདན་ཞུ་བྱས་ཡོད། སྒྲིག་གཞི་དང་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཚོགས་འདུའི་ལམ་ལུགས་དང་། འགན་ནུས་བསྒྲུབ་པའི་ལམ་ལུགས། དོ་དམ་ལམ་ལུགས་བཅས་ལག་བསྟར་ནན་པོ་བྱས་པ་མ་ཟད། དུས་བབ་དང་ལས་འགན་གྱི་འཕེལ་ཕྱོགས་ལ་གཞིགས་ཏེ་ལམ་ལུགས་ཁག་5གསར་བཟོ་དང་། ལམ་ལུགས་ཁག་4བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་བ། ལམ་ལུགས་1རྩིས་མེད་དུ་བཏང་བ་བཅས་བྱས་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་རྩ་འཛུགས་མེད་པའི་རྫོང་44ལ་སྲིད་གྲོས་རྩ་འཛུགས་འཛུགས་རྒྱུའི་གཏན་འབེབས་གནང་ནས་ལྗོངས་ཡོངས་སུ་སྲིད་གྲོས་རྩ་འཛུགས་ཡོངས་སུ་ཁྱབ་པ་བྱུང་ཚུན། ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )ཁག་གི་སྲིད་གྲོས་ཀྱིས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་དང་ལྗོངས་སྲིད་གྲོས་ཀྱི་རྒྱབ་སྐྱོར་མཛུབ་སྟོན་འོག་ས་ཁུལ་རང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་སོགས་ལྟེ་བའི་ལས་དོན་ལ་དམིགས་ནས་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅིང་། མི་དམངས་སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་གང་ལེགས་མངོན་པར་བྱས་པ་དང་། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་ཡང་དག་རང་བཞིན་ར་སྤྲོད་གང་ལེགས་བྱས་ཡོད། ཨུ་ཡོན་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོ་ཞིག་མིན། ངེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་16ནང་ནས་བློ་མཐུན་9ཡིས་རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱི་འགན་འཁུར་བ་གཙོ་བོའི་འགན་གཅིག་ལྕོགས་འཁུར་ཡོད་པའི་ཁར། ད་དུང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་སྤྲད་པའི་གལ་ཆེའི་ཆེད་དམིཌ་ལས་འགན་འབོར་ཆེན་འཁུར་ཡོད་པ་དང་། རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ཡོངས་ཀྱིས་རྒྱ་ཆེའི་ཁྱབ་ཁོངས་ནང་མི་དམངས་ལ་ཞབས་ཞུ་བསྒྲུབས་པའི་ལས་འགན་འཁུར་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རོགས་སྐུལ་བྱེད་པར་གལ་ཆེའི་ལེགས་སྐྱེས་ཕུལ་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ལྗོངས་ཏང་ཨུད་ཀྱིས་ཡང་དག་པའི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་ལ། རིམ་ཁག་ཏང་སྲིད་རྩ་འཛུགས་དང་སྤྱི་ཚོགས་ཕྱོགས་ཁག་གིས་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བའི་འབྲས་བུ་ཡིན་པ། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། ཐེ་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་དེ་བཞིན་སྲིད་གྲོས་ལས་དོན་པ་བཅས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུའང་ཡིན་ལ་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་རྨང་གཞི་ལེགས་པོ་བཏིང་བ་ལས་ཐོབ་པ་ཞིག་ཀྱང་ཡིན་པས་མི་རིགས་དང་ལས་རིགས་ཁག་གི་མི་སྣའི་ཐུགས་ཁུར་དང་ལྟ་སྐུལ་གནང་བ་དང་ཁ་བྲལ་ཐབས་མེད། འདིར་ངས་ཀྲུའུ་ཞི་འཕགས་པ་ལྷ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཚབ་ཞུས་ནས་ལྷན་རྒྱས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
ལོ་གཅིག་གི་ལག་ལེན་བརྒྱུད། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་གཉིས་མཐོན་པོར་བསྒྲེངས་བ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་གཉིས་ཁོང་དུ་ཆུད་པ་བྱས་ཐོག ཐོག་མཐའ་བར་གསུམ་དུ་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་པ་མ་ཟད། གཙོ་དོན་དང་གཙོ་ཕྱོགས་ལ་དམ་པོར་དམིགས་ཏེ་འགན་ནུས་བསྒྲུབ་ན་གཞི་ནས་བོད་ལྗོངས་སྲིད་གྲོས་ཀྱི་དགོས་ངེས་དོན་སྙིང་དང་རིན་ཐང་ལྡན་པ་མཚོན་ཐུབ་པ། འགན་ནུས་བསྒྲུབ་པའི་ཁྲོད། བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་འགན་ནུས་བསྒྲུབ་པའི་གལ་ཆེའི་སྔོན་འགྲོ་དང་། འཕེལ་རྒྱས་ལ་རོགས་སྐུལ་བྱ་རྒྱུ་དེ་འགན་ནུས་བསྒྲུབ་པའི་དོན་གནད་ཨང་དང་པོ། བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་ནི་འགན་ནུས་བསྒྲུབ་པའི་ལྡོག་ཐབས་མེད་པའི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་ཡིན་པ། དམངས་འཚོ་ལེཌ་བཅོས་ལ་འགན་སྲུང་བྱ་རྒྱུ་དེ་འགན་ནུས་བསྒྲུབ་པའི་གཞི་འཛུགས་ས་དང་དོན་ལ་འབབ་ས་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་འགན་ནུས་བསྒྲུབ་པའི་རྨང་བརྟན་བྱ་ཐབས་སུ་བྱས་ན་བོད་ལྗོངས་སྲིད་གྲོས་གཞི་ནས་སྔ་འཛིན་ཕྱི་གཏོད་དང་། དུས་བསྟུན་འཕེལ་རྒྱས། གོང་འཕེལ་གསར་གཏོད་བཅས་ཡོང་བའི་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་། གྲུབ་འབྲས་མཐོང་བ་དང་སྦྲཌ། དུས་བབ་དང་ལས་འགན་གསར་པའི་བླང་བྱ་དང་བསྡུར་ན་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་ཐད་ད་དུང་མི་འདང་བའི་ཆ་ཡོད་པ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས། དཔེར་ན། གཅིག་ནི་དམངས་གཙོའི་ལྟ་སྐུལ་ལམ་ལུཌ་ཆ་ཚང་པོ་མེད་ལ་བྱེད་ཐབས་རྐྱང་པ་ཡིན་པ་དང་བྱེད་ཤུགས་མི་འདང་བ། གཉིས་ནི་བསམ་འཆར་དང་གྲོས་གཞིར་མཐོང་ཆེན་བྱེད་པ་ལས་ལྟ་སྐུལ་དོན་འཁྱོལ་བྱེད་རྒྱུར་མཐོང་ཆེན་མི་བྱེད་པ་བཅས་ཡིན། དེར་བརྟེན་ང་ཚོས་ཕྱིས་འབྱུང་གི་ལས་ཀའི་ནང་ཞིབ་འཇུག་ནན་ཏན་བྱས་ཐོག་རིམ་བཞིན་ཐག་གཅོད་བྱེད་རྒྱུ་ཡིན།
2014ལོའི་ལས་ཀའི་བཀོད་སྒྲིག
2014ལོ་ནི་རང་རྒྱལ་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་འགོ་ཚུགས་པའི་གལ་ཆེའི་ལོ་ཞིག་ཡིན་ལ། རང་ལྗོངས་ཀྱིས་མུ་མཐུད་རྒྱལ་ཡོངས་གོང་འཕེལ་འགྲོ་བའི་གོམ་སྟབས་ཀྱི་རྗེས་ཟིན་པ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལོ་གསར་པའི་ནང་བོད་ལྗོངས་སྲིད་གྲོས་ཀྱི་ལས་ཀའི་སྤྱིའི་བསམ་གཞི་ནི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུཌ་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པ། ལྷག་པར་དུ “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་མཛུབ་སྟོན་བསམ་བློ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི “ཁྲིམས་བཞིན་བོད་ལྗོངས་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”གལ་ཆེའི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་མཛད་ཕྱོགས་དང་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་དམ་བཟུང་གིས་སྔ་ཕྱི་བར་གསུམ་དུ་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འབྲས་བུ་ཡག་པོ་སྤྱད་དེ་འགན་འཁུར་ཕོད་པ་དང་། བསྒྱུར་བཅོས་གསར་གཏོད། མཐུན་སྒྲིལ་ཡར་ཐོན་བཅས་བྱས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་བསྒྲུབས་པ་དང་། གྲོས་མོལ་གྱི་དམངས་གཙོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་པ་དེ་ཡིན།
གཅིག ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་རང་རྒྱལ་དུ་བསྒྱུར་བཅོས་སྒོ་དབྱེ་བྱེད་པའི་འགག་རྩའི་དུས་མཚམས་གསར་པར་སྐོང་ཚོགས་བྱས་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གལ་ཆེའི་གསུང་བཤད་ནང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་གལ་ཆེའི་དོན་སྙིང་རྒྱས་བཤད་གནང་ཡོད་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པར་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གལ་ཆེའི་རྩ་དོན་དང་བཏང་འཛིན་བྱེད་དགོས་པའི་གལ་ཆེའི་གནད་དོན་ཁ་གསལ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི 《གཏན་འབེབས 》དེའི་ནང་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་མཛུབ་ཁྲིད་བསམ་བློ་དང་སྤྱིའི་དམིགས་ཚད་གསལ་བཏོན་བྱས་ཡོད་པ་མ་ཟད། བསྒྱུར་བཅོས་ཀྱི་སྟེང་གི་ཇུས་འགོད་དང་སྤྱིའི་བསམ་གཞི་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་དང་། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་ཆ་ཚང་བྱས་ཡོད་པ། བསྒྱུར་བཅོས་བྱེད་རྒྱུའི་གཙོ་གནད་ལས་འགན་དང་གལ་ཆེའི་བྱ་ཐབས་བཀོད་སྒྲིག་བྱས་ཡོད་པའི་ཐོག བསྒྱུར་བཅོས་ཀྱི་དུས་ཚོད་རེའུ་མིག་དང་ལམ་ཕྱོཌ་དཔེ་རིས་བཟོས་ཡོད། གསུང་བཤད་དང 《གཏན་འབེབས 》ནང་ཏང་ཡོངས་ཀྱི་བློ་གྲོས་མཉམ་བསྡུས་བྱས་ཡོད་པ་དང་། རྒྱལ་ཡོངས་མི་དམངས་ཀྱི་བསམ་འདུན་གསལ་པོར་མཚོན་པ་མ་ཟད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་བློ་གྲོས་དང་སྙིང་སྟོབས་མཚོན་ཡོད་པས་དེ་ནི་རང་རྒྱལ་གྱི་གོང་འཕེལ་དུས་མཚམས་གསར་པར་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་བྱ་སྤྱོད་ཀྱི་རྩ་འཛིན་དང་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་མཐའ་གཅིག་ཏུ་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ང་ཚོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ང་ཚོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་ཀྲུང་དབྱང་གི 《གཏན་འབེབས 》དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་གལ་ཆེའི་དོན་སྙིང་དང་། མཛུབ་ཁྲིད་བསམ་བློ། ལས་འགན་གཙོ་བོ། གལ་ཆེའི་འཐབ་ཇུས་སོགས་ཤེས་རྟོགས་གཏིང་ཟབ་བྱས་ཐོག ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་ལམ་ཕྱོགས་འཆར་འགོད་དང་། ལས་འགན་སྒྲུབ་ཡིག སྐུལ་སློང་བཀའ་རྒྱ་དང་བརྟག་ཐབས་སྨྲ་བ་བཅས་ཀྱི་ཐོག་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱེད་དགོས། འགག་གནད་དམ་འཛིན་དང་གོ་བ་གཏིང་ཟབ་བླངས་ཏེ་ཆབ་སྲིད་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་ལས་འགན་གཙོ་བོ་དང་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་། བང་རིམ་མང་བ། ལམ་ལུགས་ཅན་བཅས་སུ་གོང་འཕེལ་གཏོང་རྒྱུའི་ལམ་ལུགས་བཀོད་སྒྲིག་གཙོ་གནད་དུ་བཏང་འཛིན་བྱེད་པ་དང་། གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་སོགས་ཀྱི་བླང་བྱ་དམ་བཟུང་བྱས་ཏེ་སྲིད་གྲོས་བྱ་གཞག་ནང་ཞུགས་རྒྱུའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་དགོས། དེ་བཞིན་ཟུང་སྦྲེལ་ཡག་པོ་དང་མཐའ་གསལ་མཐིལ་རྟོགས་བྱེད་དགོས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ཚོགས་འདུའི་དགོངས་དོན། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་བཅས་དང་ཟུང་འབྲེལ་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་སོགས་ཀྱི་དགོངས་དོན་དང་ཟུང་འབྲེལ། དུས་སྐབས་གསར་པའི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཏེ་རིགས་པའི་གཞུང་ལུཌ་དང་ལག་ལེན་དངོས་ཀྱི་སློབ་སྦྱོང་དང་། བསམ་གཞིག ཞིབ་འཇུག་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཤེས་རྟོགས་དང་ཉམས་ལེན་གཅིག་གྱུར་དང་། འགན་འཁྲི་འཁུར་ཕོད་པ། རླབས་ཆེན་བྱ་གཞག་མཉམ་དུ་གཏོད་པ་བཅས་བྱེད་དགོས།
གཉིས། དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་ལྟེ་བར་བཟུང་ནས་རང་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
གོང་འཕེལ་གཏོང་རྒྱུ་ནི་དོན་དམ་ཡིན་པ་དང་། བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྩ་བ་དང་འགག་གནད་ཡིན། རྒྱུན་ལས་ཨུ་ལྷན་གྱིས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་འགན་ཨང་དང་པོར་བརྩིས་ཐོག གཙོ་དོན་དང་གཙོ་རྐང་ལ་དམིགས་ཤིང་། རང་ལྗོངས་ཀྱིས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྤྱིའི་བཀོད་སྒྲིག་དང་དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུའི་ལས་འགན་གཙོ་བོར་གཞིགས་ནས་བློ་རིག་བཀྲ་བའི་ཐབས་བཟང་དང་སྤྱོད་གོ་ཆོད་པའི་ཇུས་བཟང་འདོན་དགོས། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་བསྒྱུར་བཅོས་ཀྱི་གཙོ་གནད་དང་། ལྟེ་བ། དེ་བཞིན་ཁྲིད་སྟོན་ནུས་པ་བཅས་ལ་དབྱེ་ཞིབ་གཏིང་ཟབ་ཀྱིས་བཏང་འཛིན་བྱས་ནས་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་འཚམ་མཐུན་ཐུབ་པ་བྱེད་རྒྱུ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་། བློ་འདྲི། རིགས་པས་ཁུངས་སྐྱེལ་བཅས་བྱས་ཐོག རང་ལྗོངས་ཀྱི་ནོར་ཁྲལ་སྒྲིག་གཞི་བསྒྱུར་བཅོས་དང་། གྲོང་རྡལ་ཅན་དུ་འཛུགས་སྐྲུན། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་རྒྱུ་སོགས་ཀྱི་ཐད་ཐབས་འདོན་ཇུས་འདོན་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བསྒྱུར་བཅོས་དང་གོང་འཕེལ་ཐད་ཀྱི་དཀའ་གནད་སེལ་རོགས་བྱེད་དགོས། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་མགྱོགས་མྱུར་འགྱུར་ལྡོག་གཏོང་རྒྱུར་དམིགས་ནས་འགན་འཁྲི་གཙང་སྒྲུབ་བྱས་ཐོག མིག་སྔའི་རང་ལྗོངས་ཀྱི་གོང་འཕེལ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་གཏིང་ཟབ་ཀྱིས་བཏང་འཛིན་བྱས་ཏེ་སྲིད་གྲོས་ཀྱིས་ཕྱོགས་ཁག་མཐུན་སྦྱོར་བྱེད་པ་དང་། ལས་རིགས་ཁག་དང་འབྲེལ་གཏུག་བྱེད་པ། ཤེས་ལྡན་མི་སྣ་འདུས་མང་བ་དང་རིག་སྟོབས་འདུས་ཆེ་བ་བཅས་ཀྱི་ཁྱད་ཡོན་འདོན་སྤེལ་བྱས་ནས་ཨུ་ཡོན་སྒྲིག་འཛུགས་ཐོག་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་དབང་གདན་འདྲེན་ཞུས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་སྤྱི་ཡོངས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། སྔོན་ལྟའི་རང་བཞིན་བཅས་ཀྱི་གནད་དོན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་། སྤུས་ཚད་དང་ཕན་འབྲས་གཉིས་ལྡན་གྱི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཇུས་ཤུགས་གཉིས་འདོན་བྱེད་དགོས། ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་དང་རང་ལྗོངས་ལ་སྤྱོད་པའི་སྲིད་ཇུས་དང་ག་སྦྱར་རོགས་སྐྱོར་སོགས་ཀྱི་ལེགས་ཆ་དམ་འཛིན་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཀྲུང་དབྱང་ནས་གནང་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ཐད་བརྟག་དཔྱད་རྟོག་ཞིབ་དང་། སྲིད་དོན་བློ་འདྲི། གྲོས་འདོན་བཅས་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གསུམ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས།
བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་བོད་ཀྱི་མཐའ་དག་ལས་ལྷག་པའི་ལྡོག་མེད་ཀྱི་ལས་འགན་ཞིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་འགན་ནུས་བསྒྲུབ་པའི་ལྡོག་མེད་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩིས་ནས་ཀྲུང་དབྱང་གི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག སྲིད་གྲོས་ཀྱི་ཁྱད་ཡོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྟོན་གནང་བའི “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི ”གལ་ཆེའི་འཐབ་ཇུས་དགོངས་པ་དང་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གནང་བའི “ཁྲིམས་བཞིན་བོད་ལྗོངས་སྐྱོང་བ་དང་བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པའི ”གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐར་ཕྱིན་བྱས་ཐོག བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ནས་སྔ་ཕྱི་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་མཐུན། ཁ་ཞེ་གཉིས་མེད། རྣམ་འགྱུར་ཁ་གསལ། གོམ་སྟབས་གཅིག་གྱུར་བཅས་བྱེད་ཐུབ་པ་བྱེད་དགོས། བསམ་ཚོར་སྐྱེན་པོ་དང་བྱ་སྤྱོད་འཕྲལ་སྤེལ་གྱིས་ལྗོངས་ཏང་ཨུད་ཀྱི་ཕྱོགས་བཅུའི་ཐད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུར་དམིགས་ནས་འགན་ནུས་བསྒྲུབས་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་དེ་བས་གཏིང་ཟབ་བྱས་ཏེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཤུགས་རྐྱེན་མཐའ་གཅིག་ཏུ་གཙང་སེལ་བཟོ་རྒྱུར་ཞིབ་འཇུག་འཚོལ་ཞིབ་ཀྱིས་ཐབས་ཇུས་འདོན་དགོས། རང་འགན་སེམས་ལ་བརྟན་བཅངས་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་མི་རིགས་ཁག་དང་། ཆོས་ལུཌ། རིམ་གྲས། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས། མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་རྣམ་པའི་ཁྱད་ཡོན་འདོན་སྤེལ་གྱིས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ཡོང་བར་སྐུལ་མ་གཏོང་དགོས། སྲིད་གྲོས་ཀྱིས་མང་ཚོགས་ལས་དོན་སྤེལ་བའི་ལེགས་ཆ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུཌ་བྱེད་དབང་། གཏམ་བཤད་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་སྲུང་སྐྱོང་བྱས་ཏེ་རྒྱ་ཆེའི་མང་ཚོགས་སྒྲིག་ལྡན་ངང་ཆབ་སྲིད་ནང་ཐེ་ཞུགས་བྱེད་ཐུབ་པའི་ཐོག་ཐེ་ཞུགས་བྱེད་རྒྱ་ཆེ་རུ་འགྲོ་བ་བྱེད་དགོས། རང་ལྗོངས་སྲིད་གྲོས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་གྱི་འཐབ་ཇུས་ལ་དམིགས་ནས་ཚུར་གདན་ཞུ་དང་ཕར་བསྐྱོད་རྒྱུ་རྒྱུན་འཁྱོངས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཀྱི་གཡུར་ཟའི་གྲུབ་འབྲས་དང་དམངས་འཚོ་ལེགས་བཅོས་ཐད་ཀྱི་གྲུབ་འབྲས་ཆེན་པོ་དྲིལ་བསྒྲགས་བྱས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་བོད་འབྲེལ་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཡག་པོ་སྤེལ་དགོས།
བཞི། དམངས་ཕན་འགན་སྒྲུབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་དམངས་འཚོ་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་དགོས།
དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་ནི་གོང་འཕེལ་གྱི་སྤུས་ཚད་ལ་དཔྱད་ཞིབ་བྱེད་པའི་གལ་ཆེའི་གཞི་འཛིན་ས་ཞིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་དམངས་ཀྱི་འཚོ་བ་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་འགན་ནུས་སྒྲུབ་པའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩིས་ནས་དམངས་ཕྱུག་བོད་དར་གྱི་འཐབ་ཇུས་ལག་བསྟར་དང་རང་སྐྱོང་ལྗོངས་ཀྱི་དམངས་ཕན “བྱ་བ་དངོས་བཅུ ”དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་རོགས་བྱས་ཏེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཐུབ་པ་དང་། གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ནས་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་ནུས་ཤུགས་ལེགས་སྐྱེས་འབུལ་དགོས། སྤྱི་ཚོགས་ཀྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དམིགས་ཚད་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བྱས་ཐོག རང་ལྗོངས་ཀྱི་སློབ་གསོ་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་། དེ་བས་དྲང་གཞག་དང་རྒྱུན་མཐུད་ཀྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་རྒྱུ་སོགས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཐོག བསམ་གཞིག་ཇུས་འདོན་མང་ཙམ་བྱས་ཏེ་ཡིག་རྒྱུགས་སློབ་གསོའི་ཕྱོགས་ལྷུང་རྩ་བ་ནས་ཁ་སྒྱུར་དང་སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་སྔར་བས་འཐུས་ཚང་གཏོང་རྒྱུ་སོགས་ཀྱི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་པ། སྔ་ཙམ་ནས་འགན་འཁྲི་རང་འགུལ་གྱིས་སྔ་སྣུར་དུ་སྒྲུབ་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དམངས་འཚོ་ལེགས་བཅོས་གཏོང་བའི་བྱ་ཐབས་དེ་བས་ལག་ལེན་བསྟར་འཐུས་ཡིན་པ་དང་སྤྱི་ཚོགས་ཀྱི་རེ་འདུན་དེ་བས་ཡག་པ་མཚོན་ཐུབ་པ་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གཏོང་རྒྱུའི་སྲིད་ཇུས་བྱ་ཐབས་ཁག་དང་དམངས་འཚོའི་རྣམ་གྲངས་གལ་ཆེ་ཁག་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་དང་། རང་འགུལ་ངང་ཐེ་ཞུགས། ལྟ་སྐུལ་ཏན་ཏིག་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་དེ་བས་ཡག་པའི་སློབ་གསོ་དང་། དེ་བས་བརྟན་འཇགས་ཀྱི་ལས་ཀ དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་ཀྱི་འགན་སྲུང་། དེ་བས་སྐྱིད་སྣང་དོད་པའི་སྡོད་ཁང་ཆ་རྐྱེན། དེ་བས་བདེ་འཇགས་ལྡན་པའི་བཟའ་བཅའ་དང་སྨན་རྫས་སོགས་ཡོད་པའི་རེ་འདུན་ལ་དམ་པོར་དམིགས་ནས་སྲིད་དོན་སྐྱོང་རོགས་བྱེད་རྒྱུར་ཇུས་འདོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་བདེ་རྩར་ཐུག་པའི་ཁེ་ཕན་རྒྱུན་ཆད་མེད་པར་གོང་འཕེལ་དང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུའི་གཙོ་གནད་དེ་དམ་འཛིན་ཡག་པོ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་མཐོ་རུ་འགྲོ་རྒྱུ་དང་། ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུ། ཐོན་ལས་ཅན་གྱི་གཉེར་སྐྱོང་དང་འབབ་འཕར་ཕྱུག་སྒྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོད་རྒྱུ་བཅས་ལ་དམིགས་ཏེ་ཆེད་དོན་རྟོག་ཞིབ་བམ་ཡང་ན་མཉམ་འབྲེལ་བརྟག་དཔྱད་རྟོག་ཞིབ་བྱས་ནས་ནང་དོན་ཡོད་པ་དང་། དབྱེ་ཞིབ་ཡོད་པ། ཐབས་ཇུས་ཡོད་པ་བཅས་ཀྱི་བརྟག་ཞིབ་སྙན་ཞུ་སྤུས་ལེགས་ཤིག་ཆགས་པ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཡོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱས་ནས་བློ་གྲོས་དང་ནུས་ཤུགས་ཡོད་རྒུ་འདོན་དགོས།
ལྔ། རིག་གནས་དར་སྤེལ་ཆེན་པོ་གཏོང་རྒྱུར་དམ་དུ་དམིགས་ནས་རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྱོང་བྱེད་རྒྱུར་ཕན་སྐུལ་གཏོང་དགོས།
རིག་གནས་དར་རྒྱས་ཡོང་བ་བྱེད་རྒྱུ་ནི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་ཐོན། མི་རིགས་དར་རྒྱས་བཅས་འགྲོ་བའི་མཚོན་རྟགས་ཤིག་ཡིན། རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་རིག་གནས་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུའི་སྐོར་གྱི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང་བ་དང་། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་རིག་གནས་སྟོབས་ཆེའི་ཁུལ་འཛུགས་སྐྱོང་བྱེད་རྒྱུ་དང་སྲིད་གྲོས་ཀྱི་ལས་དོན་ཟུང་འབྲེལ་བྱེད་གནས་གནད་འཁེལ་བཙལ་འཚོལ་བྱས་ནས་བོད་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་ཕན་སྐུལ་གཏོང་དགོས།
ཨུ་ཡོན་དང་ལྷག་པར་དུ་རིག་རྩལ་ལས་རིགས་ཀྱི་ཨུ་ཡོན་དང་རིག་གནས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་དབང་སྒྲིག་འཛུགས་བྱས་ནས་ཕྱོགས་གང་ས་ཅི་ཐད་ཀྱི་སྟོབས་ཤུགས་མཉམ་འབྲེལ་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་དང་། གཙོ་གནད་རིག་གནས་ཀྱི་དམངས་ཕན་ལས་གཞིར་སྐུལ་འདེད། རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དྲ་ཐོག་གླེང་ཕྱོགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་རིག་གནས་ཁྱབ་ཁོངས་ཀྱི་གལ་ཆེའི་དཔྱད་དོན་ལ་དམིགས་ནས་བརྟག་ཞིབ་དང་ཞིབ་གྲོས་སྤེལ་རེས་བྱས་ཏེ་རིན་ཐང་ཡོད་པ་དང་དཔྱད་གཞི་བྱེད་རིན་ཡོད་པའི་བརྟག་ཞིབ་སྙན་ཞུ་དང་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་འདོན་གང་ཐུབ་བྱེད་དགོས། འགན་འཁྲི་སྒྲུབ་པའི་ལག་ལེན་ནང་རིག་གནས་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རང་ལྗོངས་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་གཏོང་རྒྱུ་དེ་གཙོ་གནད་བརྟག་ཞིབ་ཀྱི་བྱ་གཞིར་བརྩི་བ་དང་། རང་ལྗོངས་ཀྱི་རིག་གནས་གོང་འཕེལ་དང་བསྒྱུར་བཅོས་ཀྱི་འཆར་འགོད་ལག་བསྟར་བྱེད་ཚུལ་དང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་འཛུགས་སྐྱོང་བྱེད་རྒྱུ་སོགས་ནི་གཙོ་གནད་ལྟ་སྐུལ་བྱེད་རྒྱུའི་ནང་དོན་དུ་བརྩི་བ། དེང་རབས་བརྒྱུད་སྤེལ་སྨྱན་སྦྱོར་ལ་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུ། ཕུལ་བྱུང་རིག་གནས་བརྩམ་བྱ་འདོན་རྒྱུ་སོགས་ནི་གྲོས་གཞི་དང་གྲོས་འཆར། དེ་བཞིན་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདུན་མཚོན་པའི་གཙོ་གནད་བརྗོད་དོན་བཅས་ལ་བརྩི་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་སློབ་གསོ་དང་སྔོན་ཐོན་གྱི་བསམ་བློའི་རིག་གནས་སྐུལ་སྤེལ་གཏོང་རྒྱུ་སོགས་རིག་གནས་དར་སྤེལ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་བཅས་བྱས་ནས་སེམས་ནུས་གཅིག་སྒྲིལ་དང་ནུས་པ་འདོན་སྤེལ་བྱས་ཏེ་རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྱོང་བྱེད་ཆེད་ནུས་ཤུགས་ཡོད་རྒུ་འདོན་དགོས།
དྲུག འབྱུང་ཁམས་ཤེས་དཔལ་ལྡན་པ་འཛུགས་སྐྱོང་བྱེད་རྒྱུར་དམིགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་ཕན་སྐུལ་གཏོང་དགོས།
འབྱུང་ཁམས་ཤེས་དཔལ་ལྡན་པ་འཛུཌ་སྐྱོང་བྱེད་རྒྱུ་དེ་མི་དམངས་ལ་བདེ་བ་བསྐྲུན་རྒྱུ་དང་འབྲེལ་བ་ཡོད་ལ་བོད་ལྗོངས་གོང་འཕེལ་གཏོང་རྒྱུའི་ཕུགས་རྒྱང་གི་ཇུས་ཆེན་དང་འབྲེལ་བའང་ཡོད། རྒྱུན་ལས་ཨུ་ལྷན་གྱིས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་འབྱུང་ཁམས་ཤེས་དཔལ་ལྡན་པའི་ལྟ་བ་རྒྱུན་འཁྱོངས་བྱས་ཐོག མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི་ཐད་ཇུས་ཤུགས་གཉིས་འདོན་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་མངོན་ཆེའི་གནས་བབ་ཐོག་བཞག་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་སྲུང་བཅད་སྐྲུན་རྒྱུར་ལེགས་སྐྱེས་འབུལ་དགོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མཐའ་ཚད་དང་། དམར་ཐིག འགག་གནད་བཅས་ལ་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་འབྱུང་ཁམས་ཁོར་ཡུག་གི་འགག་སྒོ་དང་ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ། ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ་བཅས་དམ་བཟུང་བྱ་རྒྱུར་དམིགས་ནས་དམངས་གཙོའི་གྲོས་མོལ་བྱས་ཏེ་བོད་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ལམ་སྲོལ་དང་སྤྱོད་སྒོའི་དོ་དམ་ལམ་ལུགས་འཐུས་ཚང་འཛུགས་རྒྱུ་དང་། ཐོན་ཁུངས་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ཚེ་གང་བདའ་འདེད་དང་འབྱུང་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་སྐྱིན་གསབ་འཇལ་རྒྱུའི་ལམ་ལུགས་འཛུགས་རྒྱུ་སོགས་ལ་སྐུལ་འདེད་གཏོང་རོགས་བྱེད་རྒྱུ་དང་། འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་ཤུགས་རྒྱག་རོགས་བྱས་ཏེ་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། གཤེར་ས། རང་བྱུང་ནགས་ཚལ། དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་རྒྱུ་བཅས་དང་། གཙོ་གནད་ས་ཁུལ་གྱི་ས་ཆུ་སྲུང་འཛིན་དང་། ས་ཞིང་བྱེ་འགྱུར། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བཅས་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་སོགས་ལ་གཙོ་གནད་དུ་དམིགས་ནས་བརྟག་དཔྱད་རྟོག་ཞིབ་བྱས་ཐོག འབྱུང་ཁམས་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་གནད་དོན་ཐག་གཅོད་བྱེད་རྒྱུར་མཐུན་སྦྱོར་ནན་ཏན་བྱས་ནས་འབྱུང་ཁམས་ཤེས་དཔལ་ལྡན་པ་འཛུགས་སྐྱོང་བྱེད་རྒྱུར་ཕན་སྐུལ་གཏོང་དགོས། རང་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་གདལ་གཏོང་རྒྱུ་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་རྒྱུ། འཁོར་འཕེལ་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། གནོད་འགོག་གེཌ་སེལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁོར་ཡུག་དཔྱད་ཞིབ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ཐབས་འདོན་ཇུས་འདོན་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་ཤིང་རྐང་གཅིག་ཀྱང་མ་ལུས་པ་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་ཡག་པོ་དང་། “འཛམ་གླིང་ཐོག་གི་མཐའ་མའི་ས་ཆ་གཙང་ཤོས ”འདིར་སྲུང་སྐྱོབ་ཡག་པོ་བྱེད་དགོས།
བདུན། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་སྒྲུབ་པའི་རྨང་གཞི་བརྟན་དུ་གཏོང་དགོས།
རང་ངོས་འཛུགས་སྐྱོང་ལེགས་ཉེས་ཇི་འདྲ་བྱུང་མིན་དེ་འགན་ནུས་སྒྲུབ་རྒྱུའི་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད། རྒྱུན་ལས་ཨུ་ལྷན་གྱིས་དུས་རབས་ཀྱི་ཁྱད་ཆོས་དང་གོང་འཕེལ་གྱི་བླང་བྱ་ཡིན་པའི་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་དེ་བཏང་འཛིན་བྱས་ནས་བསམ་བློ་ཆབ་སྲིད་དང་། རྩ་འཛུགས་འགན་སྲུང་། འགན་འཁྲི་སྒྲུབ་ནུས། འགན་སྒྲུབ་སྤྱོད་ཚུལ་སོགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་གྲོས་རང་ངོས་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་དོན་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ཏང་གི་ལམ་ཕྱོགས་མཛད་ཕྱོགས་དང་། སྲིད་ཇུས། མཛད་ཇུས་བཀོད་སྒྲིག་བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་སྔ་བར་ཕྱི་གསུམ་དུ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་། བང་རིམ་མང་བ། ལམ་ལུགས་ཅན་བཅས་སུ་གོང་འཕེལ་ཡོང་བར་དམ་པོར་དམིགས་ཏེ་ཞིབ་འཇུག་གཏིང་ཟབ་བྱས་ཐོག རང་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་ཐབས་ལམ་རྒྱ་ཆེར་གཏོད་རྒྱུར་གོ་རིམ་ལྡན་པའི་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། གྲོས་མོལ་གྱི་ལོ་འཁོར་ལས་དོན་འཆར་གཞི་གཏན་འཁེལ་བཟོ་བ་དང་འབྲེལ་ལག་བསྟར་སྒྲིག་འཛུགས་བྱེད་པ། གྲོས་མོལ་གྱི་ནང་དོན་དང་གོ་རིམ་ཚད་ལྡན་བཟོ་བ། གྲོས་མོལ་གྱི་དམངས་གཙོའི་རྣམ་པ་རྒྱ་ཆེར་གཏོང་བ། སྲིད་གྲོས་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི་སྒྲིག་གཞི་དང་འབྲེལ་གཏུག་ལམ་ལུགས་འཐུས་ཚང་དུ་གཏོང་བ། གནས་ཚུལ་ཤེས་རྟོགས་དང་སྤེལ་རེས། ལན་འདེབས་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་དེ་བས་འཁྲུག་ཆ་དོད་ལ་གོ་རིམ་ལྡན་པའི་སྒོ་ནས་ཆེད་དོན་གྲོས་མོལ་དང་། ག་སྦྱར་གྲོས་མོལ། རིགས་ཁོངས་གྲོས་མོལ། དེ་བཞིན་གྲོས་གཞི་གཉེར་སྒྲུབ་བྱེད་པའི་གྲོས་མོལ་བཅས་སྒྲིག་འཛུགས་བྱས་ཏེ་རང་ལྗོངས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུར་ཐབས་འདོན་ཇུས་འདོན་བྱེད་དགོས། རྩ་འཛུགས་ཐོག་ནས་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ཨུ་ཡོན་གྱི་གཙོ་རྐང་ནུས་པ་དང་། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ། རིགས་ཁོངས་ཀྱི་དགེ་མཚན་ནུས་པ། དེ་བཞིན་སྲིད་གྲོས་ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་ནུས་པ་བཅས་འདོན་སྤེལ་བྱེད་རྒྱུར་དམིགས་ཏེ་རང་ལྗོངས་སྲིད་གྲོས་ཀྱི “ཕྱོགས་བཞི་གཞི་གཅིག་ཏུ་འདུས་ནས ”འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། འགན་སྒྲུབ་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱུན་ཆད་མེད་པར་འགན་སྒྲུབ་ཐབས་ལམ་རྒྱ་ཆེར་གཏོད་པ་དང་། འགན་སྒྲུབ་རྣམ་པ་ཆ་ཚང་དུ་གཏོང་བ། འགན་སྒྲུབ་བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས་འགན་འཁྲི་གཙང་སྒྲུབ་བྱེད་པའི་དམིགས་བཀར་རང་བཞིན་དང་། རྒྱང་ལྟའི་རང་བཞིན། ཕན་འབྲས་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ལེགས་བཅོས་བྱེད་དགོས་པ་དང་། འགན་སྒྲུབ་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུ་དེ་སྲིད་གྲོས་ལས་ཀའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་ཐུབ་པ་བྱེད་དགོས། ཨུ་ཡོན་རྣམ་པ། སྒོ་ཀུན་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་དུང་བརྡ་སྒྲོག་ཟིན་པས་བོད་ལྗོངས་སྲིད་གྲོས་ཀྱི་འགན་འཁྲི་ནི་ལྕི་ལ་ལས་སྐལ་ནི་གཟི་བརྗིད་ཆེ་བ་དང་མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བསམ་བློར་བཅིངས་འགྲོལ་དང་། འགན་འཁྲི་འཁུར་ཕོད་པ། བསྒྱུར་བཅོས་གསར་གཏོད། ལམ་བཤངས་མདུན་སྐྱོད་བཅས་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
(ལྗོངས་སྲིད་གྲོས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣