དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《སློབ་གསོ་ལག་ལེན་བྱེད་སྒོ་ཁག་དང་པོའི་གནད་དོན་བཙལ་བཤེར་དང་སྐྱོན་བརྗོད་ལྷུ་ཚིགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས 《སློབ་གསོ་ལག་ལེན་བྱེད་སྒོ་ཁག་དང་པོའི་གནད་དོན་བཙལ་བཤེར་དང་སྐྱོན་བརྗོད་ལྷུ་ཚིགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ 》པར་འགྲེམས་བྱས་ནས་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་ཚན་ཁག འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས “སྤྱོད་ངན་བཞིའི ”ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གསལ་པོ་འཚོལ་བ་དང་དབྱེ་ཞིབ་ནན་པོ་བྱས་ནས་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ནས་སློབ་གསོ་ལག་ལེན་བྱེད་སྒོ་ཕྱི་ཚུལ་ཙམ་མ་བྱེད་པར་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        《བརྡ་ཐོའི 》ནང་མངོན་གསལ་དོད་པའི་གནད་དོན་འཚོལ་ཞིབ་ཡག་པོ་བྱས་ནས་དམངས་ཆེད་་དངོས་སྒྲུབ་སྤྱོད་གཙང་བཅས་ཀྱི་བླང་བྱར་དམིགས་ནས་མང་ཚོགས་ཀྱིས་བསམ་འཆར་འདོན་པ་དང་། རང་ཉིད་ཀྱིས་སྐྱོན་ཆ་འཚོལ་བ། གོང་རིམ་གྱིས་སྐྱོན་འདོན་པ། ཕན་ཚུན་རོགས་རམ་བྱེད་པ་བཅས་བྱས་ཏེ “སྤྱོད་ཚུལ་བཞིའི ”ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཞིབ་བཤེར་གཏིང་ཟབ་དང་དབྱེ་ཞིབ་ཡག་པོ་བྱེད་དགོས། རང་ཉིད་ཀྱིས་རང་རྟོགས་ངང་གནད་དོན་འཚོལ་ཞིབ་བྱས་ནས་དམིགས་ཡུལ་གྱི་འདུ་ཤེས་དང་། ལས་ཀའི་སྤྱོད་ཚུལ། སྤྱོད་གཙང་རང་འདོམས་བཅས་ཐད་ཀྱི་ཧེ་བག་འཚོལ་ཞིབ་བྱེད་པ་དང་ལྷག་དོན་དུ “སྤྱོད་ཚུལ་བཞིའི ”གནད་དོན་གྱི་ཞིབ་ཕྲའི་མཚོན་ཚུལ་དང་དཔེ་མཚོན་འཚོལ་དགོས། ཕན་ཚུན་སྐྱོན་ཆ་འཚོལ་རོགས་དང་སྤེལ་རེས་བྱས་ཏེ་གནད་དོན་གསལ་པོར་གླེང་བ་དང་ཡང་དག་འཚོལ་དགོས། གོང་རིམ་གྱིས་གནད་དོན་འཚོལ་དགོས་པའི་དྲན་སྐུལ་བྱེད་པ་དང་གོང་རིམ་ཏང་རྩ་འཛུགས་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ལྷག་པའི་གནད་དོན་ལ་དམིགས་ནས་འཕྲལ་དུ་དྲན་སྐུལ་བྱས་ཏེ་གནད་དོན་འཚོལ་རྒྱུར་སྐུལ་འདེད་གཏོང་དགོས། དཔེ་མཚོན་དང་བསྡུར་ནས་གནད་དོན་འཚོལ་ཞིབ་བྱེད་པ་དང་། སྔོན་ཐོན་དང་དཔེ་མཚོན་དང་ལྷག་དོན་དུ་ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་མེ་ལོང་དུ་འཛིན་ནས་ཧེ་བག་དང་སྐྱོན་ཆ་འཚོལ་དགོས། ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དབྱེ་ཞིབ་ནན་པོ་བྱས་ཏེ་རང་ཉིད་ཀྱིས་དེ་ཉེན་བརྡར་བརྩིས་ནས་བསླབ་བྱ་ལེན་དགོས། གཙོ་གནད་མངོན་གསལ་དོད་པོའི་ངང་གནད་དོན་འཚོལ་ཞིབ་བྱེད་པ་དང་གནད་དོན་འཚོལ་ཞིབ་བྱེད་སྐབས “སྤྱོད་ཚུལ་བཞིའི ”ཐད་ཀྱི་ཐུན་མོང་གི་གནད་དོན་འཚོལ་ཞིབ་བྱེད་དགོས་པ་མ་ཟད། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་བྱེ་བྲག་གི་གནད་དོན་འཚོལ་ཞིབ་བྱེད་དགོས་ཞེས་འཁོད་ཡོད་པ་རེད།

        《བརྡ་ཐོའི 》ནང་དབྱེ་ཞིབ་དང་ཞིབ་བཤེར་ནན་པོ་བྱས་ནས་བསམ་བློ་དང་། ལས་དོན། འཚོ་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། འཚར་ལོངས་དང་ཡར་ཐོན་གྱི་བརྒྱུད་རིམ་དང་འབྲེལ་བ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་གི་གནས་ཚུལ་དངོས་དང “སྤྱོད་ཚུལ་བཞིའི ”ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་བྱེད་པ། ལྷག་པའི་གནད་དོན་གྱི་ངོ་བོ་དང་། འབྱུང་རྩ། གནོད་འཚེ་བཅས་ལ་དབྱེ་ཞིབ་ནན་པོ་བྱེད་པ། འབད་བརྩོན་བྱེད་ཕྱོགས་དང་སྒྱུར་བཅོས་གཏོང་ཐབས་ཁ་གསལ་དུ་གཏོང་དགོས། རང་ཉིད་ལ་དབྱེ་ཞིབ་བྱེད་ཕོད་པ་བྱས་ནས་འཚོལ་ཞིབ་ཐུབ་པའི་གནད་དོན་ཐག་གཅོད་དང་འགན་འཁུར་ཕོད་པ་བྱེད་དགོས། “སྤྱོད་ཚུལ་བཞིའི ”ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་དེ་དག་ཕུགས་བསམ་དད་སེམས་དང་། དམིགས་ཡུལ་གྱི་འདུ་ཤེས། ཏང་གཤིས་བློ་སྦྱོང་། ཀུན་སྤྱོད་སྤྱོད་ཚུལ་སོགས་ཐད་ནས་ངོ་བོ་གསལ་ཤེས་ཐུབ་པ་དང་འབྱུང་རྩ་ནས་མེད་པ་བཟོ་དགོས། བཅོས་སྒྲིག་གི་བྱེད་ཐབས་ཁ་གསལ་དུ་གཏོང་བ་དང་ལྷག་དོན་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཆོ་མེད་ཀྱི་ཚོགས་འདུ་འཚོགས་པ་དང་། དུས་ཆེན་དང་རྟེན་འབྲེལ་གྱི་བྱེད་སྒོ་གང་བྱུང་གཉེར་བ། ཐོག་ཁང་དང་། ཚོགས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་གང་བྱུང་དུ་སྐྲུན་པ། ལས་དོན་གྲུབ་ཚད་ཉུང་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་དེ་བཞིན་ཚད་ལས་བརྒལ་བའི་སྣེ་ལེན་བྱེད་པ། སྒྲིག་འགལ་ངང་དྲུང་ཡིག་བཀོད་སྒྲིག་བྱེད་པ། སྒྲིག་འགལ་ངང་སྡོད་ཁང་དང་གཞུང་དོན་ཁང་གི་ས་ཆ་བཟུང་བ། སྒྲིག་འགལ་ངང་རླངས་འཁོར་བཀོད་སྒྲིག་བྱེད་པ། འབུལ་ཚན་རྒྱག་པ་སོགས་ཀྱི་ཞིབ་ཕྲའི་གནད་དོན་རེ་རེ་བཞིན་བཏོན་ནས་བཅོས་སྒྲིག་བྱེད་དགོས། ཞིབ་བསྡུར་སྐྱོན་བཤེར་བྱེད་པའི་དཔྱད་གཞིའི་ཡིག་ཆ་འབྲི་དགོས། འགོ་ཁྲིད་ཚན་ཁག་གི་ཞིབ་བསྡུར་སྐྱོན་བཤེར་གྱི་དཔྱད་གཞིའི་ཡིག་ཆའི་གཙོ་འགན་འཁུར་མཁན་བློ་མཐུན་སྐུ་ངོ་མས་འཆར་ཟིན་འགོད་རྒྱུ་གཙོ་སྐྱོང་བྱས་ནས་འགོ་ཁྲིད་ཚན་ཁག་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུར་སྐྱེལ་དགོས་པ་མ་ཟད། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་བརྡ་ཁྱབ་གཏོང་དགོས། འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཚང་མས་རང་ཉིད་ཀྱིས་ཞིབ་བསྡུར་སྐྱོན་བཤེར་གྱི་དཔྱད་གཞིའི་ཡིག་ཆ་འབྲི་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

        《བརྡ་ཐོའི 》ནང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱས་ནས 《ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུའི་སྐོར་གྱི་བརྡ་ཐོའི 》བླང་བྱ་གཞིར་བཟུང་སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཐེངས་ཤིག་འཚོགས་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་འཇོག་དགོས། “སྣང་བར་མི་འཇོག་པ ”དང “ཁ་དགྲ་མི་གསོག་པའི་མིའི ”བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ་དང་འབྲེལ་བ་རྒྱུག་པ་དང་ངོ་སོ་ལྟ་བ་དང་། ངོ་དགའ་སྤྲེལ་ལད་འཁྲབ་པ། འཆམ་མཐུན་ཡོད་བཟོ་སྟོན་པ་སོགས་ཀྱི་སྣང་ཚུལ་ལ་ངོ་རྒོལ་བྱེད་དགོས་པ་མ་ཟད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་པོ་ཡང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།