ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་བའི་གཏན་འབེབས།
དོན་ཚན་དང་པོ། ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་བའི་ལས་དོན་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་ཏང་གི་སྒྲིག་ཡིག་དང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཕན་ཚུན་གཅིག་གྱུར་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དང་ཕན་ཚུན་གཅིག་གྱུར་བྱེད་པ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་གི་གཅིག་གྱུར་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་བཅས་འགན་ལེན་བྱ་ཆེད 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ཁྲིམས་སྲོལ་གཏན་འབེབས་སྲོལ་ཡིག 》ལ་གཞིགས་ཏེ་གཏན་འབེབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། གཏན་འབེབས་འདི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་། ཀྲུང་དབྱང་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱིས་བཟོས་པའི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་བའི་ལས་དོན་ཐད་སྤྱོད་དགོས།
གཏན་འབེབས་འདིའི་ནང་བརྗོད་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞེས་པ་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་། ཀྲུང་དབྱང་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱིས་འགན་འཁྲི་སྒྲུབ་རིང་ཆགས་པའི་ཡོངས་ཁྱབ་ཀྱི་གཅུན་ནུས་ལྡན་པ་དང་བསྐྱར་མར་སྤྱོད་ཆོག་པའི་གྲོས་ཆོད་དང་། གཏན་འབེབས། བསམ་འཆར། བརྡ་ཐོ་སོགས་ཀྱི་ཡིག་ཆར་ཟེར་བ་དང་དེའི་ནང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་མཛུབ་ཁྲིད་དང་སྐུལ་མ་གཏོང་བ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་སོགས་ཐད་ཀྱི་ཡིག་ཆ་གལ་ཆེན་ཚུད་ཡོད།
གཤམ་གསལ་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་བའི་ཁྱབ་ཁོངས་སུ་མི་གཏོགས་པ་སྟེ།
(གཅིག )མི་དོན་ལེགས་སྒྲིག་དང་། ནང་ཁུལ་གྱི་སྒྲིག་གཞི་འཛུགས་པ། གཟེངས་བསྟོད་གཏན་འབེབས་བཅས་ཐད་ཀྱི་ཡིག་ཆ་དང་།
(གཉིས )དགོངས་སྐོར་དང་། སྙན་སེང་། ཚོགས་འདུའི་བརྡ་ཐོ། ཚོགས་འདུའི་ཟིན་བྲིས་གནད་བསྡུས། འགོ་ཁྲིད་ཀྱི་གསུང་བཤད། གནས་ཚུལ་བརྡ་ཁྱབ། ལས་ཀའི་གཙོ་གནད། ལས་ཀའི་ཕྱོགས་སྡོམ་བཅས།
(གསུམ )ལས་ཁུངས་ནང་ཁུལ་གྱི་ལས་ཀའི་ལམ་ལུགས་དང་ལས་ཀའི་ཇུས་གཞི།
(བཞི )ཡོངས་ཁྱབ་ཀྱི་གཅུན་ནུས་མི་ལྡན་པ་དང་བསྐྱར་མར་སྤྱོད་མི་ཆོག་པའི་ཡིག་ཆ་གཞན་བཅས་སོ།
དོན་ཚན་གསུམ་པ། ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་སྐབས་ངེས་པར་དུ་ཡིག་ཆ་ཡོད་ན་ཐོ་འགོད་སྙན་སེང་ཞུ་བ་དང་། ཐོ་འགོད་སྙན་སེང་ཡོད་ན་ངེས་པར་དུ་ཞིབ་བཤེར་ཐག་གཅོད་བྱེད་པ། ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བཅས་བྱེད་ཐུབ་པ་བྱེད་དགོས།
དོན་ཚན་བཞི་པ། གཏན་འབེབས་འདི་ལྟར་ན། ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་དགོས་རིགས་ནི་ཡོངས་བསྒྲགས་བྱས་པའི་ཉིན་ནས་བཟུང་ཉིན་30ནང་ཚུན་དུ་བཟོ་མཁན་ལས་ཁུངས་ཀྱིས་ཀྲུང་དབྱང་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་། མཉམ་འབྲེལ་ཡོངས་བསྒྲགས་བྱས་པའི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་གཙོ་གཉེར་ལས་ཁུངས་ཀྱིས་ཀྲུང་དབྱང་ལ་ཐོ་འགོད་སྙན་སེང་ཞུ་དགོས། ཞིབ་ཕྲའི་ལས་དོན་དེ་བཟོ་མཁན་ལས་ཁུངས་སམ་ཡང་ན་གཙོ་གཉེར་ལས་ཁུངས་ཁོངས་གཏོགས་ཀྱི་ཁྲིམས་སྲོལ་ལས་དོན་འགན་འཁུར་གྱི་སྒྲིག་གཞིས་འགན་འཁུར་དགོས།
དོན་ཚན་ལྔ་པ། ཀྲུང་དབྱང་གཞུང་ལས་ཁང་གིས་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་བའི་ལས་དོན་སྒྲུབ་འགན་འཁུར་དགོས་པ་དང་ཞིབ་ཕྲའི་ལས་དོན་དེ་ཀྲུང་དབྱང་གཞུང་ལས་ཐིང་ཁྲིམས་སྲོལ་ལས་དོན་སྒྲིག་གཞིས་སྒྲུབ་དགོས། གཏན་འབེབས་འདི་གཞིར་བཟུང་ཐོ་འགོད་སྙན་སེང་ཞུ་དགོས་རིགས་ཀྱི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཀྲུང་དབྱང་གཞུང་ལས་ཐིང་ཁྲིམས་སྲོལ་ལས་དོན་སྒྲིག་གཞིར་ཐད་ཀར་སྐྱེལ་དགོས།
དོན་ཚན་དྲུག་པ། ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཕུལ་ནས་ཐོ་འགོད་སྙན་སེང་ཞུ་སྐབས་ཐོ་འགོད་སྙན་སེང་གི་སྙན་ཞུ་དང་། དངོས་གཞིའི་ཡིག་ཆ། གཏན་འབེབས་ཀྱི་གསལ་བཤད་བཅས་འབུལ་དགོས་པ་མ་ཟད་དེབ་བཟོས་ནས་གཅིག་འདྲ་གསུམ་བཟོ་བྱེད་དགོས་པ་དང་དུས་མཚུངས་ཏང་ནང་གི་ཁྲིམས་སྲོལ་ཆེད་དམིགས་དྲ་བ་བརྒྱུད་གློག་རྡུལ་གྱི་ཡིག་ཆ་འབུལ་དགོས།
ཐོ་འགོད་སྙན་སེང་ཞུ་དགོས་པའི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་མི་འབུལ་བའམ་ཡང་ན་དུས་ཐོག་ཏུ་མི་འབུལ་བར་ཀྲུང་དབྱང་གཞུང་ལས་ཐིང་གིས་དུས་བཀག་ཐོག་གསབ་འབུལ་བྱ་རྒྱུའི་བཀའ་གཏོང་དགོས།
དོན་ཚན་བདུན་པ། ཀྲུང་དབྱང་གཞུང་ལས་ཐིང་གིས་ཀྲུང་དབྱང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུར་འབུལ་བའི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞིབ་བཤེར་བྱེད་དགོས། གཙོ་གནད་གཤམ་གསལ་གྱི་ནང་དོན་ལ་ཞིབ་བཤེར་བྱེད་དགོས་པ་སྟེ།
(གཅིག ) ཏང་གི་སྒྲིག་ཡིག་དང་། ཏང་གི་རིགས་པའི་གཞུང་ལུགས། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་འགལ་བ་ཡོད་མེད་དང་།
(གཉིས ) རྩ་ཁྲིམས་དང་བཅའ་ཁྲིམས་དང་གཅིག་གྱུར་མེད་པ་ཡོད་མེད།
(གསུམ ) གོང་རིམ་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་འགལ་བ་ཡོད་མེད།
(བཞི ) རིམ་མཚུངས་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དེ་དོན་ཚན་གཅིག་མཚུངས་ཀྱི་གཏན་འབེབས་དང་འགལ་བ་ཡོད་མེད།
(ལྔ ) གཏན་འབེབས་བྱས་པའི་ནང་དོན་དེ་མངོན་གསལ་དོད་པོས་མི་འཚམ་པ་ཡོད་མེད།
(དྲུག ) གཏན་འཁེལ་བྱས་པའི་དབང་ཚད་དང་གོ་རིམ་དང་འཚམ་མིན་བཅས་སོ།
དོན་ཚན་བརྒྱད་པ། ཀྲུང་དབྱང་གཞུང་ལས་ཐིང་ཁྲིམས་སྲོལ་ལས་དོན་སྒྲིག་གཞིས་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་སྙན་སེང་ཞུ་བའི་ཞིབ་བཤེར་ལས་དོན་སྒྲུབ་སྐབས་གོང་འབུལ་ཞུ་ཡུལ་སྒྲིག་གཞིར་འབྲེལ་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས་རིགས་གོང་འབུལ་ཞུ་ཡུལ་སྒྲིག་གཞིས་གཏན་འབེབས་ཀྱི་དུས་བཀག་ནང་གསལ་བཤད་བྱེད་དགོས།
དོན་ཚན་དགུ་པ། ཀྲུང་དབྱང་གཞུང་ལས་ཐིང་ཁྲིམས་སྲོལ་ལས་དོན་སྒྲིག་གཞིས་ཐོ་འགོད་སྙན་སེང་ཞུ་རྒྱུར་འབུལ་བའི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་འབྱོར་རྗེས་ཀྱི་ཉིན་30ཡི་ནང་ཚུན་དུ་ཐོ་འགོད་སྙན་སེང་དང་ཞིབ་བཤེར་ལེགས་གྲུབ་བྱེད་དགོས།
དོན་ཚན་བཅུ་པ། ཞིབ་བཤེར་བྱེད་རིང་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་དོན་ཚན་བདུན་པའི་ནང་བཀོད་པའི་གནད་དོན་གནས་རིགས་ལ་ཀྲུང་དབྱང་གཞུང་ལས་ཐིང་ཁྲིམས་སྲོལ་ལས་དོན་སྒྲིག་གཞིས་ཆོག་མཆན་ཐོབ་པ་བརྒྱུད་གཏན་འབེབས་ལས་ཁུངས་ལ་རང་འགུལ་ངང་ཡོ་བསྲང་བྱ་རྒྱུའི་གྲོས་འགོ་འདོན་ཆོག་པ་དང་གཏན་འབེབས་བྱེད་མཁན་ལས་ཁུངས་ཀྱིས་ཉིན་30ཡི་ནང་ཚུན་དུ་ཐག་གཅོད་བྱེད་དགོས་པ་མ་ཟད་ཐག་གཅོད་བྱས་འབྲས་ཕྱིར་ལྡོག་བྱེད་དགོས་པ་དང་དུས་ལས་ཡོལ་ནས་ཐག་གཅོད་མ་བྱས་རིགས་ལ་ཀྲུང་དབྱང་གཞུང་ལས་ཐིང་གིས་ཡོ་བསྲང་ངམ་ཡང་ན་མེད་པ་བཟོ་བའི་གྲོས་འགོ་འདོན་ཆོག་པ་དང་ཀྲུང་དབྱང་ལ་ཐག་གཅོད་རྒྱུར་འབུལ་དགོས།
དོན་ཚན་བཅུ་གཅིག་པ། ཞིབ་དཔྱད་བྱས་པ་བརྒྱུད་ཐོ་འགོད་སྙན་སེང་ཞུ་བའི་ཆ་རྐྱེན་དང་འཚམ་པའི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཀྲུང་དབྱང་གཞུང་ལས་ཐིང་ཁྲིམས་སྲོལ་ལས་དོན་སྒྲིག་གཞིས་ཉར་ཚགས་དཔྱད་གཞིར་འཇོག་པ་མ་ཟད། ཐོ་འགོད་སྙན་སེང་ཞུ་བའི་གནས་ཚུལ་གོང་འབུལ་ཞུ་ཡུལ་སྒྲིག་གཞིར་བརྡ་ཁྱབ་གཏོང་བའི་དུས་མཚུངས་ཐོ་འགོད་སྙན་སེང་ཞུས་ཟིན་པའི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་བཅུ་གཉིས་པ། ཐོ་འགོད་སྙན་སེང་ཞུ་བའི་ལས་དོན་གྱི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་བཟོས་ཏེ་ཐོ་འགོད་སྙན་སེང་ཞུ་བའི་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པའི་ཚན་པ་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་བྱེད་དགོས།
ཐོ་འགོད་སྙན་སེང་ཞུས་ནས་ཞིབ་དཔྱད་བྱེད་རིང་རྟོགས་པའི་ཏང་ནང་གི་་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་གནས་པའི་གནད་དོན་མངོན་གསལ་དོད་པོ་ཁྱབ་ཁོངས་ངེས་ཅན་ཁྲོད་བརྡ་ཁྱབ་གཏོང་ཆོག
དོན་ཚན་བཅུ་གསུམ་པ། ལོ་རེའི་ཟླ་1ཚེས་31ཉིན་གྱི་གོང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་། ཀྲུང་དབྱང་སྡེ་ཚན་ཁག ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱིས་ལོ་འཁོར་གོང་མར་ཡོངས་བསྒྲགས་བྱས་པའི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་དཀར་ཆག་དེ་ཀྲུང་དབྱང་གཞུང་ལས་ཐིང་ཁྲིམས་སྲོལ་ལས་དོན་སྒྲིག་གཞིར་བསྐྱལ་ནས་དཔྱད་གཞིར་འཇོག་དགོས།
དོན་ཚན་བཅུ་བཞི་པ། ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་སྙན་སེང་ཞུ་བའི་ཞིབ་དཔྱད་དེ་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་དང་། སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཀྱི་ཐོ་འགོད་སྙན་སེང་ཞིབ་དཔྱད་དང་མཐུད་སྦྲེལ་གྱི་མཉམ་འགུལ་ལམ་སྲོལ་བཟོ་དགོས།
དོན་ཚན་བཅོ་ལྔ་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱིས་གཏན་འབེབས་འདིའི་དགོངས་དོན་ལྟར་དེ་མཚུངས་ཀྱི་ཐོ་འགོད་སྙན་སེང་ཞུ་བའི་ལམ་ལུགས་བཟོ་བ་དང་། རིམ་པ་གཅིག་གིས་དམའ་བའི་ཐོ་འགོད་སྙན་སེང་གི་་རྩ་དོན་ལྟར་ཐོ་འགོད་སྙན་སེང་ཞུ་བའི་ལས་དོན་བསྒྲུབ་དགོས།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ཀྲུང་དབྱང་སྡེ་ཚན་ཁག་གིས་ལས་ཀའི་དགོས་མཁོ་གཞིར་བཟུང་ནས་གཏན་འབེབས་འདིའི་དགོངས་དོན་ལྟར་ཁོངས་གཏོགས་དེ་གའི་ཐོ་འགོད་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་དགོས།
དོན་ཚན་བཅུ་དྲུག་པ། ཀྲུང་དབྱང་དམག་དོན་ཨུ་ལྷན་དང་དེའི་སྤྱི་ཁྱབ་ཆབ་སྲིད་པུས་གཏན་འབེབས་འདིའི་དགོངས་དོན་ལྟར་དམག་དཔུང་གི་ཏང་ནང་གི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་ཐོ་འགོད་སྙན་སེང་ཞུ་བའི་ལས་དོན་བསྒྲུབ་དགོས།
དོན་ཚན་བཅུ་བདུན་པ། གཏན་འབེབས་འདི་ཀྲུང་དབྱང་གཞུང་ལས་ཁང་གིས་འགན་འཁུར་ནས་འགྲེལ་བཤད་རྒྱག་རྒྱུ་ཡིན།
དོན་ཚན་བཅོ་བརྒྱད་པ། གཏན་འབེབས་འདི་2012ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣