ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་སུ་དང་སྲིད་འཛིན་གྱི་ཞིབ་མཆན་འགོད་ལམ་སྒྱུར་བཅོས་གཏིང་ཟབ་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས 《ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཐོག་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་ཁུ་བསྡུ་དང་ལེགས་སྒྲིག་སྔར་བས་བྱ་རྒྱུའི་སྐོར་གྱི་གཏན་འབེབས 》(བསྡུས་མིང 《གཏན་འབེབས 》)བཟོས་པའི་ནང་། སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་ཁག་གཅིག་བསྐྱར་དུ་ཁུ་བསྡུ་ལེགས་སྒྲིག་དང་སྦྲགས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བའི་ཐོག་ནས་སྲིད་གཞུང་གི་འགན་ནུས་འདི་ཉིད་གསར་གཏོད་ཀྱི་ཁོར་ཡུག་བཟང་བ་དང་། སྤྱི་པའི་ཞབས་ཞུ་ལེགས་པ། སྤྱི་ཚོགས་བརྟན་ལྷིང་དང་དྲང་གཞག་དྲང་བདེན་ལྡན་པར་སྐུལ་མ་ཤུགས་ཆེན་གཏོང་དགོས་པ་བསྟན་ཡོད། ད་རེས་ཀྱི་ཁུ་བསྡུ་ལེགས་སྒྲིག་རྗེས་ལྗོངས་ཐད་གཏོགས (ཀྲུང་དབྱང་ཐད་གཏོགས )སྡེ་ཚན་གྱི་སྲིད་འཛིན་ཞིབ་མཆན་འགོད་པའི་རྣམ་གྲངས་དེ་སྔོན་གྱི་833ནས་333བར་ཉུང་དུ་བཏང་ནས་ཁུ་བསྡུ་བྱེད་ཚད་60%ཟིན་པ་དང་། རང་སྐྱོང་ལྗོངས་ལ་སྲིད་འཛིན་ཞིབ་མཆན་རྣམ་གྲངས་29ཡོད་པ་ནས་9བར་ཉུང་དུ་བཏང་སྟེ་ཁུ་བསྡུ་བྱེད་ཚད་69%ཟིན་ཡོད་པ་རེད།