ལྗོངས་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་གཞོན་ནུ་ལོ་ཆུང་ཚོ།
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་གཞོན་ནུ་ལོ་ཆུང་ཚང་མའི་བསམ་འདུན་རེད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་རྒྱུ་ནི་ཏང་དང་མི་དམངས་ཀྱིས་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་གཞོན་ནུ་ལོ་ཆུང་ཚོར་དཀྲིས་པའི་དུས་རབས་ཀྱི་འགན་འཁྲི་ལྕི་པོ་དང་། དེང་དུས་གཞོན་ནུ་ལོ་ཆུང་གི་བླ་ན་མེད་པའི་བརྩོན་ལེན། ཀྲུང་ཧྭ་མི་རིགས་ཀྱིས་བློ་གཅིག་སེམས་གཅིག་ངང་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་འདེགས་སྐྱོར་གལ་ཆེན་བཅས་ཡིན་པས་ང་ཚོས་རང་འགུལ་ངང་ལས་འགན་དང་འགན་འཁྲི་དང་དུ་བླངས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཀྱི་ཡོད། དེས་ན་ང་ཚོས་རང་འགུལ་ངང་ནུས་པ་གང་ཡོད་འདོན་རྒྱུའི་ལྷད་མེད་ཀྱི་འབོད་སྐུལ་བྱ་རྒྱུ་སྟེ།
གཅིག རང་ཉིད་ཀྱི་བསམ་བློ་ཀུན་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ལྷད་མེད་ཀྱིས་མི་སྣ་སྐྱོང་རྒྱུའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས།
ཕྱོགས་ཡོངས་ནས་སློབ་གསོའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ཐོག་མི་སྣ་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་ཏེ་མི་སྣ་སྐྱོང་རྒྱུའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས་ལ་རང་ཉིད་ཀྱི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་དང་རང་ཉིད་ཀྱིས་ཤེས་ཡོན་དང་ཡ་རབས་ཚུལ་ལྡན་གྱི་སྲོལ་བཟང་ལ་བརྟེན་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བའི་མིག་དཔེ་བཟང་པོར་འགྱུར་བ་བྱ་དགོས་ལ་སློབ་མ་ཚོར་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བྱ་གཞག་ནང་ནུས་པ་གང་ཡོད་འདོན་རྒྱུའི་སློབ་སྟོན་ལེགས་པོའང་བྱ་དགོས།
གཉིས། ཕུགས་བསམ་ཆེ་ལ་མིག་རྒྱང་རིང་པོས་དུས་རབས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས།
མེས་རྒྱལ་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཛིན་ཞིང་། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། དེ་བཞིན་རང་ཉིད་ཀྱི་མི་ཚེའི་རིན་ཐང་གི་ལྟ་བ་སོགས་བརྟན་པོར་འཛིན་ཏེ་རང་འགུལ་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་ཤུགས་སྣོན་རྒྱག་དགོས། དེས་མ་ཚད་ད་དུང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ཡིད་ཆེས་དང་། དེའི་རིགས་གཞུང་ལ་ཡིད་ཆེས། སྒྲིག་སྲོལ་ལ་ཡིད་ཆེས་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཕུགས་འདུན་སྒྲུབ་ཕྱིར་རང་ཉིད་ཀྱི་ནུས་པ་གང་ཡོད་འདོན་དགོས།
གསུམ། འབད་པ་ཧུར་ལེན་གྱིས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རང་འགུལ་ངང་མི་ཚེའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱ་དགོས།
རང་གི་བསམ་འདུན་དང་ཀྲུང་གོའི་ཕུགས་འདུན་གཉིས་རང་འགུལ་ངང་འབྲེལ་བ་དམ་ཟབ་བྱས་ཏེ་གོ་སྐབས་བཟང་པོར་དམ་འཛིན་བྱེད་པ་དང་། སློབ་སྦྱོང་ལ་འབད་བརྩོན་བྱེད་པ། ལག་ལེན་དངོས་ནང་ཞུགས་པ་བཅས་བྱས་ནས་སྒྲིག་སྲོལ་ལམ་ལུགས་ལ་སྲུང་བརྩི་ཞུ་མཁན་ལག་ལེན་པ་ཞིག་དང་། བློ་དཀར་གཞུང་དྲང་གི་སྔོན་ཐོན་པ་ཞིག སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་སྔོན་ཐོན་པ་ཞིག འཆམ་མཐུན་སྐུལ་འདེད་མཁན་སྔོན་ཐོན་པ་ཞིག་བཅས་ཆགས་པར་བྱེད་དགོས་པ་མ་ཟད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བྱེད་པའི་ལམ་བུའི་ཐོག་རང་ཉིད་ཀྱི་མི་ཚེའི་དོན་སྙིང་ཡང་གཏོད་དགོས།
ཀྲུང་གུང་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་།
བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་། 2013ལོའི་ཟླ་5ཚེས་7ཉིན།