བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཀྲང་ཕེའི་ཀྲུང་གིས།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ་རྒྱུ་དང་འབྲེལ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་འདོན་གནང་ཡོད་པ་ཞུ།
འདས་ཟིན་པའི་ལོ་ལྔའི་རིང་གི་ཞིབ་དཔྱོད་ལས་ཀར་ཕྱི་མིག་བལྟས་པ།
ལོ་ལྔའི་རིང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལྗོངས་སྲིད་གཞུང་དང་། ལྗོངས་སྲིད་གྲོས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེའི་འོག་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་ལག་བསྟར་བྱས་པ་དང་། ལྗོངས་སྐབས་དགུ་པའི་མི་དམངས་འཐུས་ཚོགས་རིམ་བྱུང་གྲོས་ཚོགས་ཀྱི་གྲོས་ཆོད་དོན་འཁྱོལ་བྱས་པ། ཁྲིམས་ལུགས་ཀྱི་ལྟ་སྐུལ་དང་། རང་ངོས་ལ་ལྟ་སྐུལ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན། དཔུང་ཁག་འཛུགས་སྐྱོང་བཅས་བྱ་རྒྱུ་ཤུགས་ཆེར་བཏང་སྟེ་བརྟན་ལྷིང་དང་གོང་འཕེལ་ལ་ཞབས་ཞུ་སྒྲུབ་པའི་ནང་ཞིབ་དཔྱོད་ལས་ཀར་གོང་འཕེལ་དང་ཡར་རྒྱས་གསར་པ་བྱུང་ཡོད།
ལོ་ལྔའི་རིང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས་ཉེས་གསོག་ལ་རྡུང་རྡེག་དང་འགལ་ཟླ་ཞི་འགྱུར་བྱས་པར་ཕན་འབྲས་གསར་པ་ཐོན་ཡོད།
ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་ཞབས་ཞུའི་ལྟ་བ་བརྟན་པོར་བཙུགས་ཏེ་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་དང་ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་རྗེས་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་སྣེ་ཁྲིད་གནང་བའི་ལྗོངས་ཏང་ཨུད་ཀྱིས་གཏན་འབེབས་གནང་བའི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་གལ་ཆེའི་འཐབ་ཇུས་ཁག་བཅུ་ནན་ཏན་ངང་ལག་བསྟར་བྱས་ཏེ་ཞིབ་དཔྱོད་ཀྱི་ལས་ཀ་དེ་ལྗོངས་ཡོངས་ཀྱི་ལས་དོན་ཧྲིལ་པོའི་ནང་བཞག་ནས་ཇུས་འགོད་དང་། མདུན་སྤེལ་བྱས་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་བརྒྱབ་པ་དང་། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུར་ཤུགས་བརྒྱབ་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་བརྒྱབ་ཡོད།
རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་ཉེས་གསོག་སྤྱོད་ངན་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ཡོད། ལོ་ལྔའི་རིང་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བཀོད་སྒྲིག་དང་བླང་བྱ་ནན་ཏན་ངང་ལག་བསྟར་དང་དོན་འཁྱོལ་བྱས་ནས་སྔ་ཙམ་དམ་འཛིན་དང་། ཆུང་ངུ་ནས་དམ་འཛིན། མགྱོགས་མྱུར་དམ་འཛིན། གང་ལེགས་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཚད་མཐོའི་རང་རྟོགས་རང་བཞིན་དང་། འགན་འཁྲིའི་བསམ་བློ་དང་། ལས་འགན་སྒྲུབ་སེམས་བཅས་ལ་བརྟེན་ནས་ལས་སྒྲུབ་འགན་འཁུར་དང་། རང་བརྗེད་ལས་ཀ་བྱས་ཏེ་འགག་སྒྲོལ་དཀའ་སེལ་བྱས་པ་དང་། ནུས་ཤུགས་ཡོད་རྒུ་སྤྱད་ནས་བརྟན་ལྷིང་ལ་བསམ་བློ་གཏོང་བ་དང་། བརྟན་ལྷིང་གི་ལས་ཀ་བྱེད་པ། བརྟན་ལྷིང་དམ་འཛིན་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནང་ཞིབ་དཔྱོད་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ཐུབ་ཅི་ཐུབ་བྱས་ཡོད། ལོ་ལྔའི་རིང་མྱུལ་ཞིབ་ཚན་པར་རོགས་སྐྱོར་བྱས་ཏེ་ལྷིང་འཇགས་ལ་གནོད་སྐྱོན་གཏོང་བའི་གྱོད་གཞི་ཁག་གཅིག་རྩད་གཅོད་ཐུབ་པ་དང་། ཚབས་ཆེའི་གཏུམ་སྤྱོད་ཀྱི་ཉེས་གསོག་པ་ཁ་ཤས་ལ་ཁྲིམས་ལྟར་ཁྲིམས་གཅོད་འཚམ་པོ་བྱས་པ། གཞན་གྱིས་བཙན་སྐུལ་བྱས་པ་དང་། མགོ་སྐོར་བཏང་བ། གནས་ཚུལ་ངོ་མ་མ་ཤེས་པ་བཅས་ཀྱི་ཁྲིམས་འགལ་ཅུང་ཙམ་བྱས་པའི་མི་ཁ་ཤས་ལ་རོགས་རམ་དང་སློབ་གསོ་བཏང་སྟེ་ལྗོངས་ཡོངས་ཀྱི་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད།
འཛིན་བཟུང་བྱ་རྒྱུར་ཆོག་མཆན་སྤྲོད་རྒྱུ་དང་གཏུག་བཤེར་བྱ་རྒྱུའི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་བྱས་ནས་གུ་ཡང་དང་ནན་པོ་ཟུང་འབྲེལ་བྱ་རྒྱུའི་ཉེས་དོན་སྲིད་ཇུས་སྒོ་ཀུན་ནས་ལག་བསྟར་བྱས་ཡོད། ལོ་ལྔའི་རིང་ཉེས་དོན་ཉེས་གསོག་སྣ་ཚོགས་བྱེད་མཁན་བསྡོམས་མི་གྲངས་9021འཛིན་བཟུང་བྱ་རྒྱུར་ཆོག་མཆན་སྤྲད་པ་དང་མི་གྲངས་8010ལ་གཞུང་གཏུག་བྱས་པ་དེ་ལོ་ལྔའི་གོང་དང་བསྡུར་ན་ཁག་སོ་སོར་14.4%དང་15.9%ཆག་ཡོད། ལྟ་སྟངས་མི་འདྲ་བ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཚབས་ཆེའི་ཉེས་དོན་ཉེས་གསོག་བྱས་རིགས་ལ་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་བཏང་བ་དང་། ཁྲིམས་ལྟར་མྱུར་འཛིན་མྱུར་གཏུག་བྱས་ཏེ་ནན་པོ་བྱེད་དགོས་སར་ནན་པོ་བྱས་ནས་ཁྲིམས་ལྟར་མི་9མཇུག་འདེད་འཛིན་བཟུང་བྱས་པ། མི་11ལ་མཇུག་འདེད་གཏུག་བཤེར་བྱས་ཡོད། འཛིན་བཟུང་དང་ཞུ་གཏུག་བྱ་རྒྱུར་གཟབ་ནན་བྱས་ཏེ་གུ་ཡང་གཏོང་དགོས་སར་གུ་ཡང་བཏང་སྟེ་ཉེས་གསོག་གི་དོགས་འཆར་ཡོད་ཀྱང་འཛིན་བཟུང་བྱ་རྒྱུའི་དགོས་པ་མེད་པའི་མི་བསྡོམས་1195འཛིན་བཟུང་མི་བྱེད་རྒྱུའི་ཐག་བཅད་པ་དང་ཉེས་གསོག་གི་དོགས་འཆར་ཡོད་ཀྱང་གནས་ཚུལ་ཚབས་ཆེ་མེད་པ་དང་སྤྱི་ཚོགས་ལ་གནོད་ཚབས་ཅུང་ཆུང་བའི་མི་613ལ་གཏུག་བཤེར་མི་བྱེད་རྒྱུའི་ཐག་བཅད་ཡོད།
སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་ཪྙོག་ཞི་འགྱུར་ཡོང་ཐབས་ཧུར་ཐག་བྱས་ཡོད། ཞུ་གཏུག་ཞུ་འབོད་ལ་ཞིབ་དཔྱོད་བྱ་རྒྱུའི་ལས་ཀར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་སྟེ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ཐེངས་གྲངས་བསྡོམས་1207ལ་སྣེ་ལེན་ཞུས་པ་དང་། མཉམ་སྡེབ་ཞུ་བཅར་དང་ཛ་དྲག་གི་ཞུ་བཅར་ཐེངས་8ལ་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱས་པ། མི་དམངས་ཁྲིམས་ཁང་ནས་ཡང་དག་པའི་དམངས་དོན་དང་། སྲིད་འཛིན་གྱི་ཁྲུན་གཅོད། རྒྱས་བཅད་བྱས་རིགས་བཅས་ལ་དོ་བདག་ནས་ཞུ་གཏུག་མཚམས་འཇོག་དང་ཁྲུན་གཅོད་ལ་བརྩི་བཀུར་བྱ་རྒྱུའི་ལས་དོན་རང་འགུལ་ངང་ཡག་པོ་བསྒྲུབས་ཏེ་གྱོད་གཞི་བསྡོམས་106ཞུ་གཏུག་བྱེད་མཚམས་བཞག་ཡོད། འགལ་ཟླ་དང་རྩོད་ཪྙོག་ལ་བང་བསྒྲིགས་ཞིབ་བཤེར་དང་ཞི་སྒྱུར་བྱེད་རྒྱུའི་ཆེད་དོན་ལས་ཀ་གཏིང་ཟབ་ངང་སྤེལ་ཏེ་འགལ་ཟླ་དང་རྩོད་ཪྙོག་ཁག་3674ཞི་བསྒྱུར་བྱས་ཐོག་ཞིབ་དཔྱོད་དང་འབྲེལ་ཡོད་ཡིག་འབུལ་ཞུ་བཅར་29བང་བསྒྲིགས་གཙང་བཤེར་བྱས་ནས་གྱོད་དོན་29ཞིབ་བཅད་ཟིན་པ་དང་ཞུ་གཏུག་བྱེད་མཚམས་བཞག་ཡོད། ལོ་ལྔའི་རིང་པེ་ཅིང་དུ་བསྐྱོད་ནས་ཞིབ་དཔྱོད་དང་འབྲེལ་ཡོད་གྱོད་གཞིའི་སྐོར་ཞུ་བཅར་བྱེད་མཁན་གཅིག་ཀྱང་བྱུང་མེད།
རྨང་བརྟན་དམངས་ཕན་གྱི་བྱེད་སྒོར་ཧུར་བརྩོན་ངང་ཞུགས་པ། མང་ཚོགས་ཀྱི་ལས་དོན་དང་ཞིབ་དཔྱོད་ཀྱི་ལས་དོན་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་ཀྱི་འགལ་ཟླ་ཞི་འགྱུར་ཡོང་ཐབས་དང་སྤྱི་ཚོགས་དོ་དམ་བྱེད་ལུགས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་གང་ཐུབ་བྱས་ཡོད། དེའང་གཅིག་ནི་དྲང་བཞག་དྲང་བདེན་སྲུང་སྐྱོང་བྱེད་རྒྱུར་ཤུགས་བརྒྱབ་ནས་སྤྱི་ཚོགས་ཀྱི་འགལ་ཟླའི་འབྱུང་ཁུངས་སྔོན་འགོག་བྱས་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མང་ཚོགས་ལ་དགོས་མཁོ་འདྲི་བ་དང་། ཐབས་ཇུས་འདྲི་བ། ཕན་འབྲས་འདྲི་བ་བཅས་ཀྱི “གསུམ་དྲིས ”བྱེད་སྒོ་སྤེལ་ནས་ཡུལ་བབ་དམངས་འདུན་རྒྱ་ཁྱབ་ངང་ཤེས་པ་བྱས་པ་དང་། གཞུང་དྲང་སྤྱོད་གཙང་གི་སྒོ་ནས་ཁྲིམས་ལུགས་ལག་བསྟར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་མིའི་ཐོབ་ཐང་དང་ལ་རྒྱ་སྲུང་སྐྱོང་བྱས་ཡོད། གཉིས་ནི་ཁྲིམས་སྒྱུར་གྱོད་ཞིབ་བྱ་རྒྱུའི་འགན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་སྟེ་སྤྱི་ཚོགས་དོ་དམ་བྱ་རྒྱུར་ཞུགས་རྒྱུའི་ནུས་ཡོད་ཐབས་ལམ་འཚོལ་ཞིབ་བྱས་ཡོད། རང་འགུལ་ངང་ཐེ་ཞུགས་བྱས་པ་དང་། བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ཞིབ་དཔྱོད་ལས་དོན་གྱི་ཁྱབ་ཁོངས་བར་མི་ཆད་པར་རྒྱ་ཆེ་རུ་བཏང་ཡོད། ཧུར་བརྩོན་ཆེན་པོས་གྲོང་གསེབ་དང་དགོན་སྡེའི་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་སྔོན་འགོག་བཀག་སྡོམ་གྱི་མ་ལག་འཛུགས་རྒྱུར་ཞུགས་ནས་གྲོང་ཚོ་ཨུ་ལྷན་དང་དགོན་སྡེའི་དོ་དམ་ཨུ་ལྷན་ལ་གཞོགས་འདེགས་ཀྱིས་གྲོང་ཚོ་དང་དགོན་སྡེ་དེ་བཞིན་མཐའ་སྐོར་གྱི་བདེ་འཇགས་དང་བདེ་འཇགས་བཅོས་སྒྲིག་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ངང་བཅོས་སྒྲིག་བྱས་པ་དང་། ཁྲིམས་ལུགས་དྲིལ་བསྒྲགས་བྱ་རྒྱུ་དེ་གྲོང་ཚོ་དང་དགོན་སྡེར་འཁྱོལ་བའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་མང་ཚོགས་ཚོས་ཁྲིམས་སྐྱོང་ལ་དད་གུས་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་རྒྱུའི་འདུ་ཤེས་ཤུགས་ཆེར་བཏང་ཡོད། གསུམ་ནི་མང་ཚོགས་ལས་དོན་གྱི་ཐབས་ལམ་འཚོལ་རྒྱུར་ཤུགས་བརྒྱབ་ནས་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཞུ་བྱེད་ཐབས་མང་དུ་བཏང་ཡོད། འགན་ནུས་ལ་ཚད་ཡོད་ཀྱང་ཞབས་ཞུར་ཚད་མེད་པའི་ལྟ་བ་བཙུགས་ཏེ་མང་ཚོགས་ཀྱི་ཞུ་གཏུག་དང་ཞུ་འབོད་ཀྱི་གྱོད་གཞིར་སེམས་ནུས་སྤྱད་ནས་ཞིབ་གཅོད་བྱས་ཡོད། མང་ཚོགས་ཀྱི་ཞུ་གཏུག་དང་ཞུ་འབོད་ཀྱི་གྱོད་གཞིའི་ཐད་ལ་གྲོང་ཚོར་བསྡད་དེ་ཞུ་བཅར་མཁན་ལ་སྣེ་ལེན་བྱེད་པ་དང་། མངོན་གསལ་དུ་གཟུ་ཉན་བྱེད་པ། དྲི་བར་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱ་ཁྱབ་ངང་མང་ཚོགས་ཀྱི་རེ་འདུན་ཉན་པ་དང་། དོགས་གནད་སེལ་དཀྲོལ་བྱས་ཏེ་དོན་དངོས་གནད་དོན་ཐག་གཅོད་བྱས་ཡོད། ལོ་གཅིག་རིང་བསྡོམས་ལས་བྱེད་པ་དང་ཉེན་རྟོག་པ་956མངགས་ཏེ་གྲོང་ཚོ་དང (གྲོང་མི་ཨུ་ལྷན )239ལ་བཅའ་སྡོད་བྱས་པ་དང་། གྲོང་ཚོ་དང་ཁྱིམ་དུད་དུ་བསྐྱོད་ནས་ཞུ་བཅར་མཁན་མིའི་ཐེངས་གྲངས་17333ལ་སྣེ་ལེན་བྱས་པ། མང་ཚོགས་ཀྱིས་བཅར་ཞུ་བྱས་པའི་གནད་དོན་1164ཐག་གཅོད་བྱས་ཡོད།
ལོ་ལྔའི་རིང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཁྱོན་ཡོངས་ཀྱི་བཀོད་སྒྲིག་ནན་ཏན་ངང་ལག་བསྟར་བྱས་ཏེ་ལས་ཐོག་ཉེས་གསོག་ལ་རྩད་ཞིབ་ཐག་གཅོད་དང་སྔོན་འགོག་བྱ་རྒྱུར་གོང་འཕེལ་གསར་པ་བྱུང་ཡོད།
ལས་ཐོག་ཉེས་གསོག་ལ་ཁྲིམས་ལྟར་རྩད་ཞིབ་ཐག་གཅོད་བྱས་ཏེ་ལྐོག་བཟའ་ལྐོག་ལེན་བྱས་པ་དང་། འགན་འཛོལ་བྱུང་བ། དབང་ཆ་རྡོག་རོལ་དུ་བཏང་བ་སོགས་ལས་ཐོག་ཉེས་གསོག་གི་གྱོད་གཞི་177དང་མི་གྲངས་197གྱོད་ཁོངས་སུ་བཅུག་ནས་རྩད་ཞིབ་བྱས་ཏེ་རྒྱལ་ཁབ་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་9635.15གསབ་ཡོད།
ལས་ཐོག་ཉེས་གསོག་གི་གྱོད་གཞི་ཆེ་གྲས་དང་གྱོད་གཞི་གནད་ཆེའི་རིགས་མངོན་གསལ་དུ་ཞིབ་གཅོད་བྱས་ཡོད། ལས་ཐོག་ཉེས་གསོག་གི་གྱོད་གཞི་ཆེན་པོ་བསྡོམས་131གྱོད་ཁོངས་སུ་བཅུག་པ་དེས་གྱོད་གཞི་ཆེ་གྲས་ཀྱི་ཟིན་ཚད་74%ཡིན་པ་དེའི་ནང་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་འབོར་སྒོར་ཁྲི་50ཡན་ཟིན་པའི་གྱོད་གཞི་40ཡོད་པ་དང་གྱོད་ཁོངས་སུ་བཅུག་ནས་རྩད་ཞིབ་བྱས་པའི་ལས་ཐོག་ཉེས་གསོག་གི་དོགས་ཡོད་རྫོང་ཁྲུའུ་རིམ་པ་ཡན་གྱི་གྱོད་གནད་ཆེ་བའི་མི་སྣ་24ཟིན་ཡོད།
མི་དམངས་མང་ཚོགས་ཀྱི་བདེ་རྩར་བཙན་གནོད་བྱས་པའི་གྱོད་གཞིར་ཞིབ་དཔྱོད་ནན་པོ་བྱས་ཡོད། ཞིང་གསུམ་དང་འབྲེལ་བའི་ལྐོག་བཟའ་ལྐོག་ལེན་གྱི་ཉེས་གསོག་གྱོད་གཞི་28དང་མི་གྲངས་31གྱོད་ཁོངས་སུ་བཅུག་ནས་རྩད་ཞིབ་བྱས་པ་དང་ཚོང་ལས་ཐད་ལྐོག་བཟའ་ལྐོག་ལེན་བྱས་པའི་ཉེས་གསོག་གྱོད་གཞི་40དང་མི་གྲངས་43གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་ཡོད།
ལས་ཐོག་ཉེས་གསོག་ལ་སྔོན་འགོག་བྱ་རྒྱུའི་ལས་ཀ་ཧུར་བརྩོན་ངང་བྱས་ཡོད། གྱོད་ཞིབ་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཞིབ་དཔྱོད་ཀྱི་གྲོས་གཞི་59བཏོན་པ་དང་། གལ་ཆེའི་སྤྱི་པའི་མ་འཇོག་རྣམ་གྲངས་60ལ་ཆེད་མངགས་མ་བྱུང་སྔོན་འགོག་བྱས་པ། བྱེད་ཐབས་སྣ་ཚོགས་སྤྱད་དེ་སྔོན་འགོག་གི་ཉེན་བརྡ་གཏོང་བའི་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་འགྲེལ་བཤད་ཐེངས་127བརྒྱབ་པ། ལྐོག་རྔན་སྤྲད་པའི་ཉེས་གསོག་གི་ཡིག་ཚགས་སྐོར་འདྲི་རྩད་བྱ་རྒྱུའི་ལས་དོན་སྤེལ་ཏེ་སྤྱི་ཚོགས་ལ་འདྲི་རྩད་ཀྱི་ཞབས་ཞུ་ཐེངས་237བྱས་ཡོད།
ལོ་ལྔའི་རིང་གཏུག་བཤེར་ལ་ལྟ་སྐུལ་བྱ་རྒྱུའི་འགན་ནུས་ཏན་ཏིག་ངང་སྤྱད་དེ་ཉེས་དོན་གཏུག་བཤེར་དང་། དམངས་དོན་འདྲི་གཅོད། སྲིད་འཛིན་གཏུག་བཤེར་བཅས་ལ་ལྟ་སྐུལ་བྱ་རྒྱུའི་ནུས་པ་གསར་དུ་ཆེ་རུ་བཏང་ཡོད།
ཉེས་དོན་གྱོད་ཁོངས་སུ་འཇུག་པར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩད་ཞིབ་ལས་ཁུངས་ལ་ལྟ་སྐུལ་གྱིས་གྱོད་གཞི་35གྱོད་ཁོངས་སུ་བཅུག་ཡོད། ཉེས་དོན་ཞིབ་དཔྱོད་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དངོས་འབྲེལ་ནོར་འཁྲུལ་ཡོད་པའི་ཉེས་དོན་ཁྲུན་གཅོད་དང་རྒྱས་བཅད་ཁག 10ལ་བསྐྱར་གཅོད་ཞུ་གཏུག་བྱས་ཡོད། ཁྲིམས་ཆད་ལག་བསྟར་དང་ལྟ་སྐུལ་དོ་དམ་གྱི་བྱེད་སྒོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་དང་འགལ་ནས་ཁྲིམས་ཆད་ཡང་དུ་བཏང་བ་དང་། གློད་བཀྲོལ་བཏང་བ། གནས་སྐབས་རིང་བཙོན་ཁང་ཕྱི་རོལ་དུ་ཁྲིམས་ཆད་ལག་བསྟར་བྱས་པ་བཅས་ཀྱི་མི་69ལ་ཁྲིམས་ལུགས་ལྟར་ཡོ་བསྲང་བྱས་ཡོད། དམངས་དོན་ཞིབ་དཔྱོད་དང་སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དངོས་འབྲེལ་ནོར་འཁྲུལ་ཡོད་པའི་དམངས་དོན་སྲིད་འཛིན་གྱི་ཁྲུན་གཅོད་དང་རྒྱས་བཅད་ལ་ཁྲིམས་ལུགས་ལྟར་བསྐྱར་གཅོད་ཞུ་གཏུག་ཁག་30བྱས་ཡོད། ལོ་ལྔའི་རིང་ཞིབ་དཔྱོད་ལས་ཁུངས་ཀྱིས་མྱུལ་ཞིབ་དང་། འདྲི་གཅོད། ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཚན་ལ་ཞིབ་དཔྱོད་གྲོས་འཆར་577བཏང་ཡོད། གཏུག་བཤེར་ལ་ལྟ་སྐུལ་བྱེད་རྒྱུའི་ལས་ཀར་ཤུགས་སྣོན་བརྒྱབ་པ་བརྒྱུད་རྡུང་རྡེག་ནན་པོ་མ་བྱུང་བ་དང་། ལག་བསྟར་ནན་པོ་མ་བྱུང་བ། ཁྲིམས་འཛིན་གཞུང་དྲང་མ་བྱུང་བ་སོགས་ཀྱི་གནད་དོན་ནུས་འབྲས་ལྡན་པའི་ངང་ཐག་གཅོད་བྱུང་ཡོད།
ལོ་ལྔའི་རིང་བཟོ་སྐྲུན་རྣམ་གྲངས་གསུམ་བསྒྲུབ་རྒྱུ་གཙོ་གནད་དུ་བཟུང་བས་དཔུང་ཁག་གི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་གོང་འཕེལ་གསར་པ་བྱུང་ཡོད།
བྱང་ཚད་ལ་བརྟེན་ནས་ཞིབ་དཔྱོད་དར་འཕེལ་ཡོང་བའི་ལས་གཞི་ལག་བསྟར་བྱས་ཡོད། དེའང་གཅིག་ནི་ཆབ་སྲིད་ལ་བརྟེན་ནས་ཞིབ་དཔྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལྟ་བའི་སློབ་གསོ་དང་། “ཞིབ་དཔྱོད་ལས་ཀའི་ཀུན་སྤྱོད་ལ་བརྩི་སྲུང་བྱས་ནས་གཞུང་དྲང་སྤྱོད་གཙང་གི་ཁྲིམས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བའི ”སློབ་གསོ། “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། གོང་འཕེལ། ཤེས་དཔལ ”བཅས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་སོགས་ཀྱི་ཆེད་མངགས་སློབ་གསོ་གཏོང་རྒྱུའི་བྱེད་སྒོ་གཏིང་ཟབ་ངང་སྤེལ་ནས་ཞིབ་དཔྱོད་དཔུང་ཁག་གི་ཆབ་སྲིད་ཀྱི་བྱང་ཚད་དང་ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་གང་ཐུབ་བྱས་ཡོད། གཉིས་ནི་ཞིབ་དཔྱོད་སྐོར་གྱི་དྲིལ་བསྒྲགས་དང་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད། བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་ངོ་སུམ་ཅུའི་རིང་སླར་གསོ་དང་བསྐྱར་འཛུགས་བྱས་ཏེ་གོང་འཕེལ་བྱུང་བའི་གྲུབ་འབྲས་ཀྱིས་བརྗོད་དོན་གཙོ་བོ་བྱས་ནས་ཁོངས་གཏོགས་ཡོངས་སུ་བོད་རང་སྐྱོང་ལྗོངས་དབུ་བཪྙེས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། ལོ་ལྔའི་རིང་ལྗོངས་ཡོངས་སུ་བསྡོམས་མི་གྲངས་979ལ་ས་གནས་དང་རྫོང་རིམ་པ་ཡན་གྱི་རིམ་ཁག་འགོ་ཁྲིད་ལས་ཁུངས་ཀྱི་བསྟོད་བསྔགས་དང་བྱ་དགའ་ཐོབ་པ་དང་། ཅིན་ཧྲུའུ་ཕིང་དང་ཤེས་རབ་དབང་རྒྱལ་སོགས་རྒྱལ་ཡོངས་ཀྱི “དཔེ་བཟང་ཞིབ་དཔྱོད་དཔོན ”ཞེས་པ་ཐོན་ཡོད། གསུམ་ནི་སློབ་གསོ་དང་སྦྱོང་བརྡར་གྱི་ལས་ལ་དོན་རྒྱུན་བསྲིང་ངང་དམ་འཛིན་ཡག་པོ་བྱས་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་མི་སྣའི་ཆེད་ལས་སློབ་ཆེན་ཡན་གྱི་སློབ་རིམ་གྱི་བསྡུར་ཚད་89.24%ཟིན་པ་དེ་2007ལོ་ལས་4.76%འཕར་ཡོད། ཁྲིམས་འཛིན་གྱི་རྒྱུགས་ཚད་ལོན་པ་རིམ་བསྡོམས་མི་གྲངས་499ཟིན་པ་དེ་ལོ་ལྔའི་གོང་ལས་ལྡབ་4.7འཕར་ཡོད། བཞི་ནི་ཞིབ་དཔྱོད་སློབ་གྲྭའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཡོད། དེའང་མཉམ་འགུལ་བྱེད་ཐབས་ལ་བརྟེན་ནས་པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་སྲིད་ཁྲིམས་སློབ་གྲྭ་ཆེན་མོ་སོགས་མཐོ་རིམ་སློབ་གྲྭ་དང་མཉམ་དུ་ཁ་ཕྱོགས་གཏན་འཁེལ་གྱིས་ཆེད་ལས་ཤེས་ལྡན་མི་སྣ་དང་རིགས་གཅིག་མཁས་པ་མི་གྲངས་40གསོ་སྐྱོང་བྱས་ཡོད།
ཞིབ་དཔྱོད་ཀྱི་རྨང་གཞིའི་ལས་གྲྭ་གཉེར་ཡོད། ལོ་ལྔའི་རིང་ལྗོངས་ཡོངས་སུ་གྱོད་ཞིབ་བྱེད་ཁང་དང་། ཆེད་ལས་ལག་རྩལ་ཁང་། སྟབས་སྤྱོད་སྡོད་ཁང་བཅས་45གསར་རྒྱག་དང་། བཟོ་བཅོས། རྒྱ་ཆེར་གཏོང་བ་བཅས་བྱས་ཡོད། ལྗོངས་དང་ས་ཁུལ (གྲོང་ཁྱེར )བཅས་ཀྱི་ཞིབ་དཔྱོད་ཁང་ནང་གྱོད་གཞི་ཆེན་པོ་དང་གནད་ཆེའི་གྱོད་གཞིར་མྱུལ་ཞིབ་བྱ་རྒྱུའི་བཀོད་འདོམས་ཁང་དང་མཉམ་གཅིག་སྒྲ་ཕབ་དང་བཪྙན་ཕབ་བྱེད་ཁང་བཟོས་ཡོད། རྒྱལ་ཁབ་ཀྱི་ཞིབ་དཔྱོད་དཔོན་རིགས་སློབ་གླིང་བོད་ཡན་ལག་སློབ་གླིང་ཨར་རྒྱག་བྱེད་འགོ་ཚུགས་ཡོད། ཞིབ་དཔྱོད་ལས་སྒོའི་འགྲོ་གྲོན་དེ་2007ལོའི་མི་རེའི་ཆ་སྙོམས་སྒོར་13000ནས་ད་ལྟའི་སྒོར་30000བར་འཕར་ཏེ་ཁྲིམས་ལུགས་ཀྱི་ལྟ་སྐུལ་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཕན་ཡོད་ཀྱི་ཆ་རྐྱེན་བསྐྲུན་ཡོད།
ཚན་རིག་ལག་རྩལ་ལ་བརྟེན་ནས་ཞིབ་དཔྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ལས་གྲྭ་གཉེར་ཡོད། གློག་རྡུལ་ཅན་གྱི་ཞིབ་དཔྱོད་ལས་དོན་མངོན་འགྱུར་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་ཞིབ་དཔྱོད་ཀྱི་ཆེད་སྐུད་དྲ་རྒྱ་འཛུགས་རྒྱུ་དང་བེད་སྤྱོད་བྱ་རྒྱུ་གོང་འཕེལ་བཏང་ནས་ལྗོངས་ཡོངས་ཀྱི་རིམ་གསུམ་ཞིབ་དཔྱོད་ལས་ཁུངས་81ལ་ཁྱབ་ཆུང་དྲ་རྒྱ་དང་ཆེད་སྐུད་དྲ་རྒྱ་འབྲེལ་མཐུད་ཐུབ་པ་བྱུང་བས་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་ཕན་ཚུན་ཆ་འཕྲིན་འབྲེལ་གཏོང་ཐུབ་པ་བྱུང་སྟེ་གཞི་རྩའི་ཆ་ནས་ལས་ཀའི་དགོས་མཁོ་སྐོང་ཐུབ་པའི་ཕྱོགས་བསྡུས་ཀྱི་ཆ་འཕྲིན་དྲ་བ་ཞིག་ཐོག་མའི་ཆ་ནས་བཙུགས་ཐུབ་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་ཡོངས་ཀྱི་ག་སྦྱར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ཚན་རིག་ལག་རྩལ་གྱི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་དང་ཞིབ་དཔྱོད་ཀྱི་ལག་རྩལ་ལས་ཀར་ཤུགས་སྣོན་བར་མི་ཆད་པ་ཐེབས་ཡོད།
ལོ་ལྔའི་རིང་བོད་སྐྱོར་ལས་དོན་གཞི་རྟེན་དུ་བརྩིས་ཏེ་ཕྱི་ཤུགས་ལ་བརྟེན་པ་དང་། ནང་ཤུགས་སྤྱད་པ། མཉམ་ཤུགས་ལ་མཐོང་ཆེན་བཅས་བྱས་པས་ཞིབ་དཔྱོད་ཀྱི་བོད་སྐྱོར་ལས་དོན་ལ་རྣམ་པ་གསར་པ་ཐོན་ཡོད།
ཞིབ་དཔྱོད་ལས་ཀའི་རོགས་སྐྱོར་ལྟེ་བར་འཛིན་ནས་བརྒྱུད་རོགས་ཁྲིད་གསུམ་དང་ལས་དོན་སྤེལ་རེས་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ལས་ཀའི་རྐང་འཛིན་པ་བསྡོམས་87བོད་ལ་ཡོང་ནས་ཁེར་རྐྱང་གྱོད་གཞིར་མཛུབ་ཁྲིད་དང་། གནས་སྦྱར་སྦྱོང་བརྡར། ལས་ཀར་རོགས་རམ་བཅས་བྱས་པ་དང་རིགས་གཅིག་མཁས་པ་41བོད་ལ་ཡོང་ནས་སློབ་ཁྲིད་དང་། ལས་སྒོའི་ཐད་སྐོར་སྐྱོད་བཤད་ཁྲིད། ལས་དོན་སྤེལ་རེས་བཅས་བྱས་ཡོད། སློབ་གསོ་དང་ཚན་རིག་ལག་རྩལ་གྱི་རོགས་སྐྱོར་འགུལ་ཤུགས་ལ་བརྩིས་ཏེ་ལས་བྱེད་པ་དང་ཉེན་རྟོག་པ་བསྡོམས་མི་གྲངས་437བདམས་ནས་ནང་སར་མངགས་ཏེ་ཁྲིམས་འཛིན་གྱི་གཅིག་གྱུར་རྒྱུགས་ལེན་དང་སྦྱོང་བརྡར་ནང་ཞུགས་པ་དང་། ཁ་ཕྱོགས་གཏན་འཁེལ་གྱིས་ཞིབ་འཇུག་སློབ་མ་94གསོ་སྐྱོང་བྱས་པ། མི་གྲངས་4012ལ་ཆེད་མངགས་སྦྱོང་བརྡར་སྤྲས་པ་བཅས་ལ་བརྟེན་ནས་ཞིབ་དཔྱོད་ཀྱི་ལས་བྱེད་པ་དང་ཉེན་རྟོག་པའི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་ཕྱིན་ཡོད། མ་དངུལ་རྣམ་གྲངས་ཀྱི་རོགས་སྐྱོར་དེ་འགན་སྲུང་ལ་བརྩིས་ནས་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་བསྡོམས་སྒོར་ཁྲི་7694.85བརྩོན་ལེན་བྱས་པ་དེ་རྣམས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་པ་དང་དཀའ་གནད་བསལ་བས་ཞིབ་དཔྱོད་ཀྱི་སྒྲིག་ཆས་དང་། གཞུང་ལས་ཀྱི་ཆ་རྐྱེན། རྨང་གཞིའི་སྒྲིག་ཆས་བཅས་ལ་ལེགས་བཅོས་བྱུང་ཡོད། ཤེས་ལྡན་མི་སྣའི་ཤེས་རིག་གི་རོགས་སྐྱོར་དེ་རྩ་བར་བཟུང་ནས་ལས་ཀའི་རྐང་འཛིན་པ་176བདམས་ནས་ལྗོངས་ཕྱིའི་ལས་གནས་ཐོག་བཏང་སྟེ་ལག་ལེན་གྱི་སྦྱོང་བརྡར་བྱས་པ་དང་། ཞིབ་དཔྱོད་ལས་བྱེད་པ་39བོད་དུ་ལས་ཀ་བྱེད་པར་ཡོང་བར་དང་ལེན་བྱས་ཏེ་བོད་སྐྱོར་ཚན་པ་དང་ཚན་རིག་ལག་རྩལ་ཐད་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཁྱད་ཡོན་ལྡན་པའི་ཐོན་ཁུངས་མཉམ་སྤྱོད་བྱས་པར་བརྟེན་ནས་ཞིབ་དཔྱོད་ཀྱི་ལས་བྱེད་པ་དང་ཉེན་རྟོག་པའི་གསར་གཏོད་ཀྱི་ནུས་ཤུགས་ཆེ་རུ་ཕྱིན་ཡོད།
ལོ་ལྔའི་རིང་གི་ལས་དོན་དངོས་ལ་ཕྱི་མིག་བལྟས་ཚེ་ང་ཚོར་རིམ་པ་ཁག་གི་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ནས་ཞིབ་དཔྱོད་ཀྱི་ལས་ཀར་ཚད་མཐོའི་མཐོང་ཆེན་དང་དོ་ཁུར་རྒྱབ་སྐྱོར་གནང་བའི་མྱོང་ཚོར་གཏིང་ཟབ་བྱུང་། ལྗོངས་ཏང་ཨུད་ཀྱིས “ཁང་གཉིས ”ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི 《གཏན་འབེབས 》ནན་ཏན་ངང་དོན་འཁྱོལ་བྱས་ཏེ་ཞིབ་དཔྱོད་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་ཐད་གལ་ཆེའི་ཐབས་ཇུས་རབ་དང་རིམ་པ་བཏོན་ནས་ཞིབ་དཔྱོད་ལས་ཀ་གོང་འཕེལ་འགྲོ་རྒྱུར་ཚོད་འཛིན་བྱེད་པའི་གནད་དོན་མངོན་གསལ་ཅན་མང་པོ་ཐག་གཅོད་གནང་ཡོད། ལྗོངས་ཏང་ཨུད་ཀྱིས་འགོ་ཁྲིད་ཀྱིས་རྟག་ཏུ་ཞིབ་དཔྱོད་ལས་ཁུངས་ཀྱི་གལ་ཆེའི་ལས་དོན་སྙན་ཞུ་གསན་ནས་ཞིབ་དཔྱོད་ལས་ཀར་དོ་ཁུར་ཤིན་ཏུ་ཆེན་པོ་གནང་གི་ཡོད་ཅིང་། སྔ་རྗེས་སུ་གལ་ཆེའི་མཆན་བཀོད་མཛུབ་སྟོན་ཐེངས་126གནང་སྟེ་སྐུལ་ལྕག་དང་རྒྱབ་སྐྱོར་གནང་ཡོད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ནས་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ 《ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟ་སྐུལ་གྱི་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》གྲོས་འཆམ་བྱས་ནས་ཁྲིམས་ལུགས་ལྟ་སྐུལ་གྱི་ལས་ཀ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་སྔ་རྗེས་སུ་ཐེངས་10གསན་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་འགན་ནུས་སྤྱོད་རྒྱུར་རྒྱབ་སྐྱོར་ཧུར་ཐག་གནང་ཡོད། ལྗོངས་སྲིད་གཞུང་གིས་ཞིབ་དཔྱོད་ལས་ཀར་ནུས་ཤུགས་གང་ཡོད་བཏོན་ཏེ་རྒྱབ་སྐྱོར་གནང་ནས་དཔུང་ཁག་འཛུགས་སྐྱོང་དང་ཁྲིམས་སྒྱུར་འགན་ལེན་ཐད་ཀྱི་དངོས་ཡོད་དཀའ་ངལ་འབོར་ཆེན་ཞིག་ཐག་གཅོད་བྱེད་རོགས་གནང་ཡོད། ལྗོངས་སྲིད་གྲོས་ཀྱིས་རང་ཉིད་འབྲེལ་རྒྱ་ཆེ་བའི་ཁྱད་ཡོན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་སྣེ་ཁྲིད་གནང་བ་དང་ཤུགས་རྐྱེན་སྤྲད་དེ་ཞིབ་དཔྱོད་ལས་ཁུངས་ལ་དམངས་གཙོའི་ལྟ་སྐུལ་དང་ལས་ཀའི་རྒྱབ་སྐྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཞིབ་དཔྱོད་ཀྱི་ལས་ཀ་སེམས་ལ་བཞག་པ་དང་། ཞིབ་དཔྱོད་ཀྱི་ལས་ཀར་དོ་ཁུར་དང་གཅེས་སྐྱོང་གནང་སྟེ་རང་ལྗོངས་ཀྱི་ཞིབ་དཔྱོད་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སེམས་ནུས་གང་མང་སྤྱད་ཡོད།
ལོ་ལྔའི་རིང་གི་ལས་དོན་དངོས་ལ་ཕྱི་མིག་བལྟས་ཚེ་ཞིབ་དཔྱོད་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་ཏང་གིས་འགོ་ཁྲིད་དང་མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་བྱ་རྒྱུ་དེ་ཁྲིམས་ལུགས་ལྟར་ཞིབ་དཔྱོད་ཀྱི་དབང་ཆ་སྤྱོད་རྒྱུ་དང་གཅིག་འགྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་ཞིབ་དཔྱོད་ལས་ཀར་བཀོད་ཁྱབ་བྱེད་དགོས་པ། ངེས་པར་དུ་ལྗོངས་ཡོངས་ཀྱི་གནས་ཚུལ་ཧྲིལ་པོ་གཞིར་བཟུང་ཞིབ་དཔྱོད་ལས་ཀ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་བློ་རིག་ལྡན་པ་དང་། ཞི་ལྷོད། ཤེས་དཔལ། ཚད་ལྡན་བཅས་ཀྱི་ཁྲིམས་སྒྱུར་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་བསྒྱུར་བཅོས་དང་གསར་གཏོད་བྱེད་པར་བརྟེན་ནས་ཞིབ་དཔྱོད་ལས་ཀ་འདི་ཉིད་གསར་གཏོད་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞིབ་དཔྱོད་དཔུང་ཁག་དང་གཞི་རིམ་ཞིབ་དཔྱོད་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་མྱོང་ཚོར་གཏིང་ཟབ་བྱུང་།
ལོ་ལྔའི་རིང་གི་ལས་དོན་དངོས་ལ་ཕྱི་མིག་བལྟས་ཚེ་ང་ཚོས་དྲན་པ་གསལ་པོའི་སྒོ་ནས་ངོས་འཛིན་ཐུབ་པར་ཞིབ་དཔྱོད་ལས་ཀ་དེ་དང་ཏང་གི་རེ་འདུན་དང་མི་དམངས་ཀྱི་རེ་སྒུག་དབར་ལ་ད་དུང་ཧེ་བག་མི་ཉུང་བ་ཞིག་ཡོད་པའི་ངོས་འཛིན་གསལ་པོ་ཐུབ་སོང་། དེའང་གཙོ་བོ་ནི་ཁྲིམས་ལུགས་ཐོག་ནས་ལྟ་སྐུལ་བྱེད་ནུས་དེ་དང་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་བླང་བྱ་གཉིས་དབར་ད་དུང་དེ་ཙམ་འཚམ་པོ་མེད་པ་དང་། ཁྲིམས་ལུགས་ཐོག་ནས་ལྟ་སྐུལ་བྱེད་ཤུགས་དེ་དང་མི་དམངས་མང་ཚོགས་ཀྱི་རེ་འདུན་དབར་ད་དུང་བར་ཐག་ཡོད་པ། ལྟ་སྐུལ་བྱེད་མི་ཕོད་པ་དང་། ལྟ་སྐུལ་བྱེད་མི་ཤེས་པ། ལྟ་སྐུལ་གནད་ལ་འཁེལ་བ་བྱེད་མི་ཐུབ་བཅས་ཀྱི་གནད་དོན་སྔར་བཞིན་ཚད་མི་འདྲ་བའི་ཐོག་ནས་གནས་ཡོད་པ། ལས་བྱེད་པ་དང་ཉེན་རྟོག་པ་ཁ་ཤས་ཀྱིས་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློར་གོ་བ་ལེན་ཡས་ཆ་ཚང་པོ་དང་གཏིང་ཟབ་པོ་མེད་པ། ཞིབ་སྤྱོད་ལས་བྱེད་དང་ཉེན་རྟོག་པ་ཁ་ཤས་ཁྲིམས་སྒྱུར་གྱི་ཆུ་ཚད་དེ་ཙམ་མཐོ་པོ་མེད་སྟབས་མང་ཚོགས་ཀྱི་ལས་ཀ་དང་གྱོད་གཞི་དང་འབྲེལ་ཡོད་འགལ་ཟླ་ཁ་ཤས་ཞི་འགྱུར་བྱེད་མི་ཤེས་པར་བརྟེན་ནས་ཁྲིམས་སྒྱུར་གྱི་ནུས་འབྲས་ཐོན་རྒྱུར་གནོད་སྐྱོན་ངེས་ཅན་བྱུང་བ། གཞི་རིམ་ཞིབ་དཔྱོད་ཁང་འགའ་ཞིག་གི་རྨང་གཞིའི་སྒྲིག་ཆས་ཉམས་ཞན་ཡིན་པ་དང་ཞིབ་དཔྱོད་ཀྱི་འགན་སྲུང་ལམ་སྲོལ་ཆ་ཚང་པོ་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། གནད་དོན་དེ་དག་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་ཀར་ལེགས་བཅོས་བར་མི་ཆད་པ་བྱས་ཐོག་སླད་ཕྱིན་གྱི་ལས་ཀའི་ནང་ནན་ཏན་ངང་ཐག་གཅོད་བྱ་རྒྱུ་ཡིན།
འདི་ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིབ་དཔྱོད་ལས་ཀའི་གྲོས་འཆར།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྟེ་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཚར་བ་བྱ་རྒྱུའི་རླབས་ཆེན་གྱི་འཐབ་ལམ་ཞིག་འབྱེད་འགོ་ཚུགས་པ་དང་ཆབས་ཅིག་ཞིབ་དཔྱོད་ཀྱི་ལས་ཀ་དེའང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་གནས་ཡོད། 2013ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིབ་དཔྱོད་ལས་དོན་གྱི་ལས་འགན་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ ” ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཚར་བ་བྱེད་རྒྱུའི་འབད་འཐབ་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། ཁྲིམས་འཛིན་དྲང་བཞག ཁེ་དབང་འགན་སྲུང་བཅས་ཡོང་རྒྱུར་མི་དམངས་མང་ཚོགས་ཀྱིས་བཅོལ་བའི་རེ་འདུན་གསར་པ་དང་འཚམ་པ་བྱས་ཏེ། “ཤུགས་ཆེ་རུ་གཏོང་རྒྱུ་བཞི ”སྤྱིའི་བླང་བྱར་བརྩིས་ནས་ངེས་པར་དུ་ཁྲིམས་རྩར་བརྟེན་དགོས་པ་དང་། ཁྲིམས་འཛིན་ནན་གཅོད་བྱེད་དགོས་པ། ཁྲིམས་འགལ་རྩད་གཅོད་བྱེད་དགོས་པ་བཅས་རྒྱུན་འཁྱོངས་ཀྱིས་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དེ་ནུས་ཤུགས་ཡོད་རྒུ་བཏོན་ནས་གོང་དུ་སྤེལ་ཐོག་ཁྲིམས་སྒྱུར་བྱེད་ནུས་དང་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་ཆེ་ཆེར་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་དང་སྲུང་སྐྱོབ་བྱེད་མཁན་གྱི་འགན་འཁྲི་དང་ལས་འགན་རང་རྟོགས་ངང་ཕྲག་པར་འཁུར་ཐུབ་པ་བྱ་རྒྱུ།
གཅིག་ནི་རང་རྟོགས་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོར་བརྩི་རྒྱུ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་དགོངས་དོན་གྱི་སྙིང་པོར་གོ་བ་གཏིང་ཟབ་བླངས་ནས་ཁྲིམས་གཞིགས་རྒྱལ་སྐྱོང་གི་གཞི་རྩའི་འཐབ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ལས་དོན་གཙོ་བོར་བཟུང་བ་དང་། ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཡིད་ལ་བཅངས་ཏེ་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ལག་ལེན་བསྟར་རྒྱུའི་སྲ་བརྟན་རང་བཞིན་དང་རང་རྟོགས་རང་བཞིན་བར་མི་ཆད་པར་ཤུགས་ཆེ་རུ་བཏང་སྟེ་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་འགྲོ་ལམ་ལ་ཡིད་ཆེས་དང་། རིགས་པའི་གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་བོད་ལྗོངས་ཀྱི་ཞིབ་དཔྱོད་བྱ་གཞག་གོང་འཕེལ་འགྲོ་བའི་རྣམ་པ་གསར་པ་ཞིག་གཏོད་རྒྱུ།
གཉིས་ནི་ཁྲིམས་ལུགས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྱོན་ཡོངས་ཀྱི་ལས་ཀར་ཞབས་འདེགས་ཏན་ཏིག་ཞུ་རྒྱུ། ཉེ་དུས་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆེད་མངགས་ཞིབ་དཔྱོད་ལས་དོན་སྙན་ཞུ་གསན་པ་མ་ཟད་ཞིབ་དཔྱོད་ཁང་དུ་ཕེབས་ནས་ལས་ཀར་རྟོག་ཞིབ་མཛུབ་ཁྲིད་གནང་བ་དང་གལ་ཆེའི་མཛུབ་སྟོན་གནང་སྟེ། བོད་ཀྱི་ཞིབ་དཔྱོད་ལས་ཀ་ཡག་པོ་བསྒྲུབ་རྒྱུར་བླང་བྱ་གསལ་པོ་བཏོན་ཡོད། ང་ཚོས་དེ་གོ་སྐབས་སུ་བརྩིས་ནས་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཞིབ་དཔྱོད་ཀྱི་ལྷུ་ཚིགས་ནང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུ་བཏོན་ནས་བསྒྲུབ་རྒྱུ་དང་། དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་ཧུར་བརྩོན་ངང་ཞུགས་ཏེ་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་། སྤྱི་ཚོགས་བརྟན་ལྷིང་སྒྲིག་ལྡན། མི་དམངས་བདེ་འཁོད་ལས་བརྩོན་བཅས་ཡོང་རྒྱུར་འགན་སྲུང་བྱ་རྒྱུ། དགྲ་འཛིན་ཕྱོགས་གཏོགས་ཀྱིས་ཁ་ཕྲལ་གཏོང་བ་དང་། སིམ་འཛུལ་བྱེད་པ། རྩ་སློག་གཏོང་བ་བཅས་ཀྱི་སྤྱོད་ངན་ལ་ཚད་མཐོའི་དོགས་ཟོན་དང་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་རྒྱུ་དང་། རང་སྲེག་ལ་ངོ་རྒོལ་བྱེད་རྒྱུ་གཙོ་གནད་དུ་བཟུང་བའི་བརྟན་ལྷིང་སྲུང་སྐྱོང་གི་ཆེད་དོན་འཐབ་རྩོད་ནང་ཧུར་བརྩོན་ཆེན་པོས་ཞུགས་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་གྱི་མཐོ་ཚད་ཐོག་ལངས་ནས་ཆབ་སྲིད་ཀྱི་ལྟ་ཚུལ་ལ་བརྟེན་ནས་བརྟན་ལྷིང་གི་ལས་ཀར་ངོས་འཛིན་བྱ་རྒྱུ་དང་དེ་ལེགས་པོ་བསྒྲུབ་རྒྱུ། ཉེས་དོན་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལུགས་ལྟར་ཉེས་གཅོད་བྱ་རྒྱུ། མང་ཚོགས་ཀྱི་རེ་འབོད་ལ་ཁྲིམས་ལུགས་ལྟར་སྟངས་འཛིན་བྱ་རྒྱུ། ཁྲིམས་སྐྱོང་གི་བསམ་བློ་གཏོང་སྟངས་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགལ་ཟླ་ཞི་སྒྱུར་བྱ་རྒྱུའི་ནུས་པ་ཆེ་རུ་གཏོང་རྒྱུ། ལས་ཐོག་ཉེས་གསོག་ལ་ཞིབ་བཤེར་ཐག་གཅོད་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་སྟེ་རུལ་སུངས་ལ་ཉེས་གཅོད་དང་སྔོན་འགོག་བྱ་རྒྱུའི་མ་ལག་འཛུགས་པའི་ནང་ཞིབ་དཔྱོད་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བྱེད་པ་རྣམས་དམ་གཙང་དང་། སྲིད་གཞུང་སྤྱོད་གཙང་། ཆབ་སྲིད་དྭངས་གཙང་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྲིད་ཁྲིམས་གཞུང་དྲང་དང་ཁྲིམས་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བྱ་རྒྱུར་ཤུགས་རྒྱག་རྒྱུ། ཁྲིམས་ལུགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་དང་གཞུང་དྲང་ཁྲིམས་འཛིན་བྱ་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རེ་འདུན་ནན་ཏན་ངང་དོན་འཁྱོལ་བྱས་ནས་བཟོ་བཅོས་བྱས་རྗེས་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་དང་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ལག་བསྟར་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱས་ཏེ་ལྟ་སྐུལ་བྱེད་ཕོད་པ་དང་། ལྟ་སྐུལ་བྱེད་མཁས་པ། ཁྲིམས་ལྟར་ལྟ་སྐུལ། ཚད་ལྡན་ལྟ་སྐུལ་བཅས་དངོས་འབྲེལ་ཐུབ་པ་བྱ་རྒྱུ།
གསུམ་ནི་ཁྲིམས་སྒྱུར་ལ་ཀུན་ཡིད་ཆེས་ཤུགས་ཆེ་རུ་གཏོང་རྒྱུ་སྲོག་ཤིང་དུ་བཟུང་ནས་ཞིབ་དཔྱོད་ལས་ཁུངས་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཆེ་ཆེར་རྒྱག་རྒྱུ། ཁྲིམས་སྒྱུར་ལ་ཀུན་ཡིད་ཆེས་ཤུགས་ཆེ་རུ་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་སུ་བཞག་ནས་དེ་ཁྲིམས་འཛིན་གྱི་ལྟ་བའི་སློབ་གསོ་གཏོང་རྒྱུ་དང་། ཁྲིམས་སྒྱུར་ཚད་ལྡན་ཅན་དུ་སྒྱུར་རྒྱུ། ཁྲིམས་སྒྱུར་གྱི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུ། ཁྲིམས་སྒྱུར་ལྟ་སྐུལ་ལ་ཚོད་འཛིན་བྱ་རྒྱུ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་བྱ་རྒྱུ་ལ་སོགས་ཕྱོགས་གང་ཅིའི་ཐད་ལག་བསྟར་ཐུབ་པ་བྱ་རྒྱུ། དམངས་ཀྱི་ཆེད་དུ་ཁྲིམས་སྒྱུར་བྱ་རྒྱུའི་སྙིང་དོན་ཉམས་ལེན་ཏན་ཏིག་བྱས་ནས་མི་རྩ་བར་འཛིན་པ་དང་། དམངས་ཀྱི་དོན་དུ་ཁྲིམས་སྒྱུར་བྱེད་པའི་ལྟ་བ་བརྟན་པོར་བཟུང་སྟེ་ཁྲིམས་སྒྱུར་ནན་པོ་བྱ་རྒྱུ་དེ་དང་སེམས་རྩ་འཁོལ་པོས་ཞབས་ཞུ་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་སྔར་ལས་ལྷག་པ་བྱ་རྒྱུ། ཁྲིམས་སྒྱུར་ཚད་མཐུན་ཅན་དུ་གཏིང་ཟབ་ངང་བསྒྱུར་བ་དང་། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ་ཚད་མཐུན་ཁྲིམས་སྒྱུར་བྱེད་པར་བརྟེན་ནས་དྲང་བཞག་ཁྲིམས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཁྲིམས་སྒྱུར་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཆེད་ལས་ཅན་དང་ལས་རིགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་ཞིབ་དཔྱོད་དཔུང་ཁག་གི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ་དང་བྱང་ཚད་དང་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དེ་མངོན་གསལ་དུ་དམ་འཛིན་ཡག་པོ་བྱ་རྒྱུ། ཞིབ་དཔྱོད་ཀྱི་དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱ་རྒྱུའི་མ་ལག་འཐུས་ཚང་བཙུགས་ཏེ་ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་དང་། གྱོད་གཞིར་དོ་དམ། མི་ལ་དོ་དམ་བཅས་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དབང་ཆ་སྤྱོད་རྒྱུ་དེ་ཚད་ལྡན་ཅན་དུ་ནན་པོས་བསྒྱུར་ནས་ཁྲིམས་གཏན་འཁེལ་བའི་དབང་ཚད་དང་གོ་རིམ་གཞིར་བཟུང་དབང་ཆ་སྤྱོད་རྒྱུར་འགན་སྲུང་ཏན་ཏིག་བྱས་ཏེ་ཞིབ་དཔྱོད་ཀྱི་དབང་ཆ་གང་བྱུང་དུ་སྤྱོད་རྒྱུ་སྔོན་འགོག་བྱ་རྒྱུ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཁྲིམས་སྒྱུར་འགན་སྲུང་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས་རྨང་གཞི་དང་རྩ་བ་བརྟན་དུ་གཏོང་བའི་བསམ་བློ་བརྟན་པོར་བཙུགས་ཏེ་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་དེ་བས་མཐོང་ཆེན་བྱ་རྒྱུ་དང་། རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་ངང་སྤེལ་རྒྱུ། དགོན་སྡེའི་དོ་དམ་གསར་གཏོད་དང་གྲོང་རྡལ་གྱི་དྲ་མིག་ཅན་གྱི་དོ་དམ་ལས་ཀ་བྱ་རྒྱུར་ཧུར་བརྩོན་ངང་རྒྱབ་སྐྱོར་བྱ་རྒྱུ། ཏང་གིས་ཞིབ་དཔྱོད་ལས་ཀར་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ་དང་། རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ། སྤྱོད་ཚུལ་ལེགས་བཅོས་བྱ་རྒྱུ་དང་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་གཏན་འབེབས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་གྱིས་སྣེ་ཁྲིད་ནས་རང་ལ་བླང་བྱ་ནན་པོ་བཏོན་ཏེ་ཕུགས་བསམ་དང་དད་སེམས་སྲ་བརྟན་འཛུགས་པ་དང་སྤྱོད་ཚུལ་བཟང་པོ་དར་འཕེལ་གཏོང་བའི་མིག་དཔེ་བཟང་ཞིག་བྱེད་གང་ཐུབ་བྱ་རྒྱུ་བཅས་ཡིན། འཐུས་མི་རྣམ་པ། ལོ་གསར་པའི་ནང་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ནན་ཏན་ངང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ཏེ་དེ་བས་འགན་འཁུར་བའི་རྣམ་འགྱུར་དང་། དེ་བས་ཤུགས་ཆེ་བའི་བྱེད་ཐབས། དེ་བས་ཚད་དང་མཐུན་པའི་ཁྲིམས་སྒྱུར་བཅས་ལ་བརྟེན་ནས་ཁྲིམས་ལུགས་ཀྱི་ལྟ་སྐུལ་ཤུགས་ཆེ་རུ་གཏོང་བ་དང་། གཞུང་དྲང་དྲང་བདེན་སྲུང་སྐྱོང་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས་འབྱོར་ཕྱུག་ལྡན་པའི་བོད་ལྗོངས་དང་། ཞི་མཐུན་གྱི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་གི་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན།
(ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣