དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས།

        འཐུས་མི་རྣམ་པ།

        བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ད་ལྟ་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་མ་ཟད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་འཐུས་མི་རྣམ་པས་ཀྱང་དགོངས་འཆར་འདོན་གནང་ཡོད་པ་ཞུ།

        གཅིག 2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

        2012ལོའི་ནང་ཚུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི “མུ་མཐུད་ཤུགས་རྒྱག་དགོས་པ་ལྔ ”དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་བཀོད་སྒྲིག་གཞིར་བཟུང་། ཕྱོགས་གཅིག་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དམ་འཛིན་ཤུགས་ཆེ་བྱས་པ་མ་ཟད་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྔ་རྗེས་སུ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་བྱ་ཐབས་ཁག་དོན་འཁྱོལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་དམ་འཛིན་བྱས་ཏེ་དཔལ་འབྱོར་བརྟན་པོའི་སྒོ་ནས་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཀྲུང་དབྱང་གི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་པའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ་ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱིའི་ཆ་ནས་བལྟས་ཚེ། 2012ལོའི་ནང་གོང་འཕེལ་གྱི་འཕེལ་ངོ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། སྔོན་དཔག་ལྟར་ན་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་701ཟིན་ནས་12%འཕར་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་20.1%འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་18%འཕར་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་15.1%འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་11.5%འཕར་རྒྱུ། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་58.1%འཕར་རྒྱུ། ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྤྱི་འབོར་170%འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.6%ནང་ཚུན་དུ་ཚོད་འཛིན་ཐུབ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཤུགས་དེ་3.9%ནང་ཚུན་དུ་ཚོད་འཛིན་བཅས་བྱུང་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱུང་སྟེ “དཔལ་འབྱོར་གྱི་སྤྱི་འབོར་དེ་སྐས་རིམ་གསར་པར་སླེབས་པ་དང་། གཙོ་བོའི་སྟོན་གྲངས་འགག་སྒྲོལ་གསར་པ་བྱུང་བ། མ་འཇོག་དོན་འཁྱོལ་བྱེད་རྒྱུར་འཕེལ་རིམ་གསར་པ་བྱུང་བ། མི་དམངས་ཀྱི་འཚོ་བར་ལེགས་བཅོས་གསར་པ་བྱུང་བ ”བཅས་ཀྱི་ཁྱད་ཆོས་མངོན་ཡོད། དཔལ་འབྱོར་གྱི་སྤྱི་འབོར་དེ་སྐས་རིམ་གསར་པར་སླེབས་པ། ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་700ལས་འགག་སྒྲོལ་ཐུབ་པ། གཙོ་བོའི་སྟོན་གྲངས་འགག་སྒྲོལ་གསར་པ་བྱུང་བ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་སྒོར་5000ལས་འགག་སྒྲོལ་བྱུང་ནས་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མཐོ་བ་བྱུང་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་18000ལས་འགག་སྒྲོལ་བྱུང་སྟེ་རྩ་བའི་ཆ་ནས་དཔལ་འབྱོར་འཕར་སྣོན་བྱུང་བ་དང་གོམ་པ་མཉམ་བགྲོད་བྱུང་ཡོད་པ། ཁྲལ་བསྡུ་དང་ཡུལ་སྐོར་ཐད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་100ནས་ཐོག་མར་འགག་སྒྲོལ་བྱུང་སྟེ་ཁག་སོ་སོར་སྒོར་དུང་ཕྱུར་153.56དང་སྒོར་དུང་ཕྱུར་132ཟིན་ཡོད་པ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་86.58ཟིན་ཡོད། ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་རང་དངུལ་དང་ཕྱི་དངུལ་དངུལ་བུན་གཏོང་བའི་ལྷག་གྲངས་སྒོར་དུང་ཕྱུར་664.05ཟིན་ཡོད་པས་དུས་མཚུངས་ལས་སྒོར་དུང་ཕྱུར་254.99འཕར་སྣོན་བྱུང་སྟེ་62.34%འཕར་ཡོད་པ། དངུལ་བུན་གཏོང་བའི་འཕར་ཚད་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ལས་བརྒྱ་ཆའི་གནས 50.34མཐོ་བ་བྱུང་ཡོད། མ་འཇོག་དོན་འཁྱོལ་བྱེད་རྒྱུར་འཕེལ་རིམ་གསར་པ་བྱུང་བ། རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་354དོན་འཁྱོལ་ཐུབ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བསྐྱར་དུ་བཏོད་ཡོད། གཞན་ཡང་། གཙོ་གནད་རྣམ་གྲངས་ཁག་180འཛུགས་སྐྲུན་བྱེད་འགོ་བཙུགས་ཡོད་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་རྩ་འཇོག་ཤུགས་སྒོར་དུང་ཕྱུར་660ལེགས་གྲུབ་ཡོང་བར་སྣེ་ཁྲིད་ཐུབ་ནས་20.1%འཕར་ཡོད། མ་འཇོག་དེ་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏོང་བའི་འགུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད། མི་དམངས་ཀྱི་འཚོ་བར་ལེགས་བཅོས་གསར་པ་བྱུང་བ། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་དང་། སྨན་རིན་མི་དགོས་པའི་སྨན་བཅོས་སྲིད་ཇུས། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས། ཕྱོགས་ཀུན་གྱི་སྤྱི་ཚོགས་འགན་ལེན་བྱེད་པའི་སྲིད་ཇུས། རིག་གནས་མཉམ་སྤྱོད་སྲིད་ཇུས་སོགས་དམངས་ཕན་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པར་བརྟེན་མི་རིགས་ཁག་གི་མང་ཚོགས་རྣམས་ལ་གོང་འཕེལ་དང་བསྒྱུར་བཅོས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱུང་ཡོད། ལོ་ཧྲིལ་པོར་རིམ་རྩིས་བྱས་ན་གནས་སྐབས་རིན་གོང་ཁ་གསབ་སྒོར་ཁྲི་4000སྤྲད་ཡོད་པས་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་39.6ལ་ཁེ་ཕན་དངོས་སུ་ཐོབ་ཡོད། སྒོར་2300ཡི་ཚད་གཞི་གསར་པ་ལྟར་བརྩིས་ན། དབུལ་སྐྱོར་བྱ་ཡུལ་མི་གྲངས་ཁྲི་13ཉུང་དུ་སོང་ཡོད། སློབ་གསོའི་ཐད་འགན་ལེན་གསུམ་གྱི་སྲིད་ཇུས་དེ་ལོ་15བར་རིང་དུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རིན་མེད་གཟུགས་པོ་བརྟག་དཔྱད་བྱེད་རྒྱུ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ། དགོན་སྡེའི་གྲྭ་བཙུན་སོགས་ཚང་མ་རྩ་བའི་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་བཅུག་ཡོད་པ། ཐེམ་ཁུངས་བོད་ནས་ཡིན་པའི་ལོ་འདི་གའི་སློབ་ཆེན་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་ཡོད་པ་བཅས་ཡིན།

        (གཅིག )མ་འཇོག་དང་། འཛད་སྤྱོད། ཕྱིར་གཏོང་ནང་འདྲེན་བཅས་བརྟན་པོའི་སྒོ་ནས་འཕར་སྣོན་བྱུང་ཡོད།

        ——རྒྱལ་ཁབ་ཀྱི་མ་འཇོག་དོན་འཁྱོལ་བྱེད་རྒྱུ་ལོ་རྒྱུས་ཀྱི་ཟིན་ཐོ་སླར་ཡང་གསར་པ་བཏོད་ཡོད་པ། རང་སྐྱོང་ལྗོངས་ཀྱིས་རྣམ་གྲངས་ཀྱི་ལས་དོན་ལ་མཐོང་ཆེན་བྱས་པ་དང་འགོ་ཁྲིད་གཙོ་བོ་སྐུ་ངོ་མས་དེར་དོ་ཁུར་བྱས་ནས་པེ་ཅིང་དུ་སྙན་སེང་མཐུན་སྦྱོར་བྱེད་པར་ཐེངས་མང་ཕེབས་ཡོད། ས་གནས་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་དོན་འཁྱོལ་བྱེད་རྒྱུའི་ཇུས་གཞིར་དམིགས་ཏེ་མ་འཇོག་བརྩོན་ལེན་དང་རྣམ་གྲངས་འཛུགས་སྐྲུན་མཉམ་འགུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག་གོང་འོག་སེམས་པ་གཅིག་མཐུན་གྱིས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་མ་འཇོག་དོན་འཁྱོལ་དང་རྣམ་གྲངས་འཛུགས་སྐྲུན་ལམ་ལྷོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱས་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་300ཡི་དམིགས་ཚད་ལས་འགན་ལས་བརྒལ་ཡོད་པས་2011ལོ་དང་བསྡུར་ན་26.4%འཕར་ཡོད།

        ——ཐབས་བརྒྱ་ཇུས་སྟོང་གིས་འཛད་སྤྱོད་རྒྱ་ཆེར་བཏང་ཡོད་པ། “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་ལས་གཞི ”ཁྱབ་སྤེལ་བཏང་བ་དང་། “དུས་ཆེན་གསུམ ”གྱི་འཚམས་འདྲིའི་དངུལ་དང་དངོས་ཟོག་ཉོ་སྒྲུབ་ཀྱི་གཱ་སྤྲད་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ། སླར་ཡང་ལས་བྱེད་ལས་བཟོའི་སྡོད་ཁང་ལ་ཟླ་རེ་གཞིར་བཟུང་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པ། ཕབ་སྒྱུར་བྱས་རྗེས་ཀྱི་ལས་ལོའི་གླ་ཕོགས་སྲིད་ཇུས་དོན་འཁྱོལ་བྱས་པ། སྡོད་ཁང་མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ། ཞིང་དུད་ཚོང་ཁང་དང་། ཚོང་ཟོག་མངགས་སྐྱེལ་ལྟེ་གནས། ཁྱིམ་ལས་ཞབས་ཞུའི་མ་ལག་སོགས་འཁོར་རྒྱུག་གི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་མ་ཟད། ཞིང་དུད་ཚོང་ཁང་དེ་རྫོང་ཡོངས་རྫོགས་དང་། ཤང (གྲོང་རྡལ )85%དང་སྲིད་འཛིན་གྲོང་ཚོ་60%ཡན་ལ་ཁེབས་ཡོད་པ། ལོ་འཁོར་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་སྒོར་དུང་ཕྱུར་258ལེགས་གྲུབ་བྱུང་ནས་18%འཕར་ཡོད།

        —— ཕྱི་ཕྱོགས་ཚོང་དོན་འཕར་སྣོན་ཤུགས་ཆེ་བྱུང་ཡོད་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་བྱུང་བ་དང་ཚོང་དོན་སྟབས་བདེ་ཅན་གྱི་སྲིད་ཇུས་སྐུལ་སྤེལ་ནུས་ལྡན་བྱུང་བར་བརྟེན། ཕྱི་ཕྱོགས་ཚོང་དོན་འཕར་སྣོན་ཤུགས་ཆེ་སོང་བ་དང་། ལོ་ཧྲིལ་པོར་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ཨ་སྒོར་དུང་ཕྱུར་30ལས་བརྒལ་ཏེ་ལྡབ་འགྱུར་བྱུང་ནས་འཕར་ཚད་དེ་རྒྱལ་ཡོངས་ཞིང་ཆེན (རང་སྐྱོང་ལྗོངས་དང་གྲོང་ཁྱེར )བཅས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཕྱི་ཕྱོགས་མ་དངུལ་བེད་སྤྱོད་གཏོང་རྒྱུའི་ཐད་འགག་སྒྲོལ་གསར་པ་བྱུང་ཞིང་། གན་འཇོག་ཕྱི་དངུལ་ཨ་སྒོར་དུང་ཕྱུར་3.94བེད་སྤྱོད་བྱས་ཡོད་པ་དང་དོན་དངོས་ཐོག་ཕྱི་དངུལ་ཨ་སྒོར་དུང་ཕྱུར་1.74བེད་སྤྱོད་བཏང་ཡོད།

        (གཉིས )མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཤུགས་ཆེ་སོང་ཡོད།

        —— གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་ཤུགས་ཆེ་བྱུང་ཡོད་པ། སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་ས་ཁུལ་ཞན་ས་དང་གཞི་རིམ་དུ་འཕར་གཟིགས་རྒྱུན་འཁྱོངས་བྱས་པ་དང་། ལས་ཞུགས་རྒྱ་ཆེར་ཧུར་ཐག་བཏང་བ། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་བསྟུད་མར་གོང་མཐོར་བཏང་བ། གཉེར་སྐྱོང་བརྒྱུད་བཤུག་སྲིད་ཇུས་ལྷུག་ཏུ་བཏང་བ་བཅས་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་གྲོང་མིའི་ཡོང་འབབ་མུ་མཐུད་འཕར་མགྱོགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད་པ་དང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་5645ཟིན་པས་15.1 %འཕར་ཡོད། ལོ་བཅུ་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་18056ཟིན་པས་11.5%འཕར་ཡོད།

        —— ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་ཆ་ལག་ཚང་དུ་སོང་ཡོད་པ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་དང་པོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་5451དང་། ལས་བྱེད་པ་ཁྲི་2ལྷག་ཙམ་གྱིས་ཤང་དང་གྲོང་ཚོར་ཟབ་འཇུག་བྱས་ཏེ “ལས་འགན་ཁག་ལྔ ”ལ་དམིགས་ནས་ཞིང་འབྲོག་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་ཁྲི་10ལྷག་ཙམ་བསྒྲུབས་ཡོད་པ་དང་། མ་འཇོག་སྒོར་དུང་ཕྱུར་12ཙམ་བྱས་པ། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་60ལྷག་ཙམ་ལ་འཚམས་འདྲི་བྱས་ཤིང་། འཚམས་འདྲིའི་མ་དངུལ་སྒོར་དུང་ཕྱུར་1.244སྤྲད་ཡོད་པ། ཐུང་དཀྱུས་མགྱོགས་གསུམ་གྱི་རྣམ་གྲངས་ཁག་གཅིག་སྤེལ་ཡོད་པས་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་ཏུ་སོང་བ་དང་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་སོང་ཡོད། ཆབས་ཅིག་སྒོ་ཀུན་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཆེད་དོན་བྱ་སྤྱོད་ཀྱི་འཆར་གཞིའི་ལས་གྲྭ་རབ་དང་རིམ་པ་སྤེལ་ནས་དེའི་ཐད་མ་འཇོག་སྒོར་དུང་ཕྱུར་360བཏང་ཡོད། བདེ་སྡོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེ་བཏང་སྟེ་སྡོད་ཁང་གི་ཆ་རྐྱེན་ཅུང་ཞན་པའི་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་6.9ལྷག་ཙམ་གྱི་བདེ་སྡོད་གནད་དོན་ཐག་གཅོད་བྱས་ཡོད། “ཞིང་དུད་ལ་རིགས་བརྒྱད་བཟོ་འཁྲིད ”ཀྱི་ལས་གཞི་བརྟན་པོའི་སྒོ་ནས་ཁྱབ་སྤེལ་བཏང་བ་དང་། མི་ཁྲི་30ཡི་འཐུང་ཆུ་གནོད་མེད་གནད་དོན་ཐག་གཅོད་ཐུབ་ཡོད་པ་དང་། གློག་བེད་སྤྱོད་གཏོང་མཁན་མི་ཁྲི་16.5མང་དུ་སོང་བ། གྲོང་གསེབ་ཀྱི་དུད་ཚང་ཁྲི་2.5ཡིས་རྫབ་རླངས་བེད་སྤྱོད་གཏོང་རྒྱུ་གསར་སྐྲུན་བྱས་པ། སྒྲིག་ཚུད་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་ཤང་གྲོང་དུ་འོད་སྐུད་ཁྲིད་ཚད་ཁག་སོ་སོར་94.43%དང་96.7%ཟིན་ཡོད་པ། རླུང་འཕྲིན་དང་བཪྙན་འཕྲིན་གྱི་མི་འབོར་ཕྱོགས་བསྡུས་ཁེབས་ཚད་93.38%དང་94.51%ཟིན་ཡོད་པ། སྲིད་འཛིན་གྲོང་ཚོ་1000གི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལེགས་གྲུབ་བྱུང་ཡོད་པ། རྣམ་གྲངས་སྤེལ་ཡུལ་གྱི་རྒྱ་ལམ་དང་ལུས་སྦྱོང་བྱེད་ས་སོགས་ཁག་གཅིག་རྩ་བའི་ཆ་ནས་བསྐྲུན་ཟིན་པ་བཅས་ཡིན།

        ——སློབ་ཞུགས་ཐད་སྔར་བས་འགན་སྲུང་ཡོད་པ། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སློབ་གསོའི་འགྲོ་གྲོན་འགན་སྲུང་གི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་སོང་ཡོད། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལེགས་བཅོས་ཤུགས་ཆེ་བྱས་པ་དང་། གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཁག་654བསྒྱུར་བཅོས་རྒྱས་བསྐྲུན་ཟིན་པ། གསར་སྐྲུན་བྱས་པའི་དགེ་རྒན་གྱི་སྡོད་ཤག་རྨིད་ངོས་གྲུ་ཁྲི་11བསྐྲུན་ཟིན་པ་བཅས་ཡིན། ཕྱོགས་ཡོངས་ནས་གྲོང་ཁྱེར་གྲོང་རྡལ་དུ་ལོ་གསུམ་དང་ཞིང་འབྲོག་ཁུལ་དུ་ལོ་གཉིས་ཀྱི་སློབ་གྲྭར་མ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་སྤེལ་འགོ་བཙུགས་ཡོད་ཅིང་། 2012ལོའི་སྟོན་དུས་སུ་བུ་བཅོལ་ཁང་དུ་བྱིས་པ་ཁྲི་1.97གསར་ཞུགས་ཐུབ་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་གཞུང་བཙུགས་བུ་བཅོལ་ཁང་དུ་སློབ་ཡོན་མི་དགོས་པའི་སློབ་གསོ་དང་། དམངས་བཙུགས་བུ་བཅོལ་ཁང་དུ་དཔྱད་གྲངས་ཁ་གསབ་རོགས་དངུལ་ལམ་ལུགས་བཙུགས་ཡོད་པས་ལོ་15ཡི་སློབ་ཡོན་མི་དགོས་པའི་དོན་ངོ་མའི་སློབ་གསོ་སྤེལ་རྒྱུ་དེ་རྒྱལ་ཡོངས་ཀྱི་སྔོན་ལ་མངོན་གྱུར་བྱུང་ཡོད། “འགན་ལེན་གསུམ ”གྱི་སྲིད་ཇུས་རྒྱ་ཆེར་བཏང་ཡོད་པ་དང་། སློབ་མ་རེར་ཆ་སྙོམས་སྒོར་2500ཟིན་གྱི་ཡོད། ཞིང་འབྲོག་ཁུལ་གྱི་འགན་བབས་སློབ་གསོའི་སློབ་མར་འཚོ་བཅུད་ལེགས་བཅོས་བྱེད་རྒྱུའི་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། སྲིད་ཇུས་དང་མ་དངུལ་གྱི་ཁེབས་ཚད་ཆ་སྙོམས་བྱས་ན་100%ཟིན་གྱི་ཡོད།

        ——སྨན་བཅོས་ཐད་སྔར་བས་སྟབས་བདེ་བྱུང་ཡོད་པ། སྨན་རིན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་མུ་མཐུད་ཞིང་འབྲོག་ཁུལ་གྱི་མི་འབོར་ཡོངས་ལ་ཁེབས་ཐུབ་པ་བྱུང་ཡོད་པ་དང་། ཞིང་འབྲོག་ཁུལ་དུ་ནད་གཞི་ཆེ་རིགས་ཀྱི་ཁ་གསབ་སྨན་བཅོས་འགན་བཅོལ་དང་སྦྲུམ་མ་སྨན་ཁང་དུ་བསྡད་ནས་སྨན་བཅོས་འགན་ལེན་བྱེད་རྒྱུའི་ལམ་སྲོལ་བཙུགས་ཡོད། སྨན་བཅོས་རོགས་སྐྱོབ་ཀྱི་ཐོག་མར་སྤྲོད་དགོས་རིགས་མེད་པ་བཟོས་ཡོད་པ་དང་། རྒྱལ་ཡོངས་ཀྱི་སྔོན་ལ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་གྱུར་བ་དང་སྤྱི་ཚོགས་ཡོངས་ལ་ཁེབས་ཐུབ་པ་བྱུང་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གཤམ་སྤེལ་བྱས་པའི་འཕྲོད་བསྟེན་རྣམ་གྲངས་འཛུགས་སྐྲུན་ཐད་མ་འཇོག་སྒོར་དུང་ཕྱུར་3.2ལྷག་ཙམ་བཏང་ཡོད་པས་རིམ་ཁག་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་སོང་ཡོད། གྲོང་གསེབ་ཀྱི་དོད་དྲག་མྱུར་སྐྱོབ་དང་། གྲོང་གསེབ་ཀྱི་སྐོར་གཡེང་། མཁོ་ཆོད་སྨན་པའི་ནད་ཐོག་བརྟག་དཔྱད་གསོ་སྐྱོང་རྟེན་གཞི། བཟའ་བཅའ་གནོད་མེད་ཀྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན། དེ་བཞིན་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཆ་འཕྲིན་ཅན་དུ་འགྱུར་རྒྱུའི་རྣམ་གྲངས་བཅས་སྤེལ་འགོ་བཙུགས་ཡོད། ལྗོངས་རིམ་པའི་སྨན་བཅོས་སྒྲིག་གཞི་ཁག་3དང་ས་གནས་རིམ་པའི་སྨན་བཅོས་སྒྲིག་གཞི་ཁག་2རྒྱས་སྐྲུན་ལེགས་གྲུབ་བྱུང་བ། རྫོང་རིམ་པའི་འཕྲོད་བསྟེན་ཁང་4དང་ཤང་གྲོང་གི་འཕྲོད་བསྟེན་ཁང་42ཚད་ལྡན་ཅན་དུ་འགྱུར་རྒྱུའི་འཛུགས་སྐྲུན་ལེགས་གྲུབ་བྱུང་བ། དེ་མིན་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུར་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་བཞིན་ཡོད་པ། ཆ་སྙོམས་ཤང (གྲོང་རྡལ )དང་སྲིད་འཛིན་གྲོང་ཚོ་རེར་ཁག་སོ་སོར་འཕྲོད་བསྟེན་མི་སྣ་4.63དང་1.8བཅས་ཟིན་གྱི་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་ཡིག་ཚགས་བཟོ་ཚད་96.44%ཟིན་པ། རྫོང་ཁག་12ལ་རྒྱལ་ཁབ་ནས་སྨན་རིན་མི་དགོས་པར་ཕྲུ་གུ་མ་འཁོར་གོང་གི་སྦྲུམ་མ་མི་གྲངས་12000ལ་ལེགས་བཙའ་བརྟག་དཔྱད་བྱས་པ། སྒྲིག་ཁོངས་སུ་ཚུད་པའི་གྲྭ་བཙུན་ལ་གཟུགས་པོའི་བརྟག་དཔྱད་བྱེད་ཚད་97.75%ཟིན་ཡོད། གཞན་ཡང་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་1032ལ་སྨན་རིན་མི་དགོས་པའི་སྨན་བཅོས་དང་ནད་པ་མི་གྲངས་2191ལ་སྐྱ་གྲིབ་འོད་སྣང་གི་གཤགས་བཅོས་བྱས་པ། དོན་སྙིང་ལྡན་པའི་གཞུང་བཙུགས་སྨན་ཁང་འཛུགས་སྐྲུན་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བ་བཅས་བྱས་ཡོད།

        ——ལས་ཞུགས་སྔར་བས་གང་ལེགས་བྱུང་ཡོད་པ། ལས་ཞུགས་ཀྱི་དུས་བབ་བརྟན་དུ་སོང་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་ཚད་མི་ཁྲི་2.5གསར་འཕར་བྱུང་ནས་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དེ་2.6%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། སློབ་ཆེན་སློབ་ཐོན་སློབ་མར་གཞུང་གི་ལས་གནས་ཁག་ཁྲི་1.47མཁོ་འདོན་བྱས་པ་དང་། བོད་སྐྱོར་ཁེ་ལས་ཀྱིས་ལས་ཞུགས་ལས་གནས་ཁག་12420མཁོ་འདོན་བྱས་ཡོད་པ། སློབ་ཆེན་སློབ་ཐོན་སློབ་མ་མི་གྲངས་1300ལྗོངས་ཕྱི་རོལ་དུ་ལས་ཞུགས་ཐུབ་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ཁྱོན་བསྡོམས “རིགས་དགུའི ”ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་19867བཀོད་སྒྲིག་བྱས་ཡོད་པ་དང་། ལས་ཞུགས་གཅིག་ཀྱང་བྱས་མེད་པའི་དུད་ཚང་2233ལ་འགུལ་ལྡན་གྱི་བྱ་ཐབས་སྤྱད་ནས་ལས་ཞུགས་ཐུབ་པ་བཟོས་ཡོད། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་གྲངས་ཁྲི་90ལས་ཞུགས་སྒྱུར་སྤྲོད་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་18.8བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་བརྟན་པོ་དང་ཡོང་འབབ་ཟམ་མི་ཆད་པར་མཐོ་རུ་སོང་ཡོད།

        —— སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཀྱི་ཕན་པ་སྔར་བས་རྒྱ་ཆེར་སོང་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཚང་མར་ཁེབས་ཐུབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཡོད་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་འཐུས་ཚང་དུ་བཏང་ཡོད་པ། རིན་མེད་ཀྱི་བྱུར་རྐྱེན་འགན་བཅོལ་ལག་བསྟར་བྱས་ཡོད་པ། དགོན་སྡེའི་གྲྭ་བཙུན་གྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་བཙུགས་ཡོད་པ་བཅས་ཡིན། སྤྱི་ཚོགས་འགན་བཅོལ་རིགས་ཁག་ནང་ཞུགས་མཁན་མི་ཐེངས་ཁྲི་239.72ཟིན་ཡོད་པ་དང་། རིགས་འདྲ་མིན་གྱི་འགན་བཅོལ་ཚང་མ་རང་སྐྱོང་ལྗོངས་རིམ་པ་ནས་གཅིག་གྱུར་གྲབས་གསོག་བྱས་ཡོད་ཅིང་། ཁྱོན་བསྡོམས་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཆ་སྒོར་དུང་ཕྱུར་23.8སྤྲད་ཡོད། ལོ་8བསྟུད་མར་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་གཞི་རྩའི་རྒན་གསོའི་མ་དངུལ་ལེགས་སྒྲིག་བྱས་ཡོད་པ་དང་། ལེགས་སྒྲིག་བྱས་རྗེས་ཟླ་རེ་མི་རེར་ཆ་སྙོམས་སྒོར་2704ཟིན་གི་ཡོད་པས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མཐོ་རུ་བཏང་ནས་གྲོང་ཁྱེར་གྱི་གྲོང་མིར་དེ་སྔ་མི་རེར་ཟླ་རེར་སྒོར་360ཡིན་པ་ནས་སྒོར་400བར་མཐོ་རུ་བཏང་ཡོད་པ་དང་། གྲོང་གསེབ་ཀྱི་ཡུལ་མིར་དེ་སྔ་མི་རེར་ཟླ་རེར་སྒོར་1450ཡིན་པ་ནས་སྒོར་1600བར་མཐོ་རུ་བཏང་ཡོད། ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔའི་དུད་ཚང་གི་འཚོ་རྟེན་ཚད་གཞི་དེ་སྔ་མི་རེར་ལོ་རེར་སྒོར་2200ཡིན་པ་ནས་སྒོར་2400བར་མཐོ་རུ་བཏང་ཡོད། གཞན་ཡང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིའི་དངུལ་ཡང་དུས་ཐོག་ཏུ་སྤྲད་ཡོད་ཅིང་། གནས་སྐབས་རིན་གོང་ཁ་གསབ་ཀྱི་མ་དངུལ་སྒོར་ཁྲི་4000དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི་3552དོན་འཁྱོལ་བཅས་བྱས་ཡོད་པ། འགན་སྲུང་སྡོད་ཁང་ཁྲི་2.8རྗེས་མཐུད་གསར་རྒྱག་བྱས་ཡོད་པ་བཅས་ཡིན།

        (གསུམ )རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད།

        —— རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད་པ། གཅིག་འགྱུར་འཆར་འགོད་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀའི་འཆར་གཞི་དང་། མ་འཇོག་འཆར་གཞི། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཆར་གཞི་བཅས་དུས་ཐོག་ཏུ་གཤམ་སྤེལ་བྱས་ཡོད་པ་དང་། རང་སྐྱོང་ལྗོངས་ཀྱིས་ཆེད་མངགས “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་འཆར་འགོད་དོན་འཁྱོལ་བྱེད་པའི་པེ་ཅིང་ལས་དོན་ཚོགས་ཆུང་བཙུགས་ཏེ་འབྲེལ་ཡོད་སྡེ་ཚན་གྱི་ཐིང་རིམ་པའི་འགོ་ཁྲིད་ཀྱི་སྒྲིག་གྲངས་མང་དུ་བཏང་ཡོད་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་བྱས་ཚུལ་ཟླ་རེ་བཞིན་བསྡོམས་རྩིས་བརྒྱབ་ནས་སྙན་སེང་ཞུས་ཡོད་ཅིང་། སྔ་རྗེས་སུ་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལས་དོན་ཚོགས་འདུ་ཐེངས་གསུམ་སྐོང་ཚོགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ཁྲོད་གནས་པའི་དུས་མཚམས་རང་བཞིན་གྱི་དཀའ་གནད་ཐག་གཅོད་བྱས་ཡོད་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་ནང་གི་གཙོ་གནད་དང་དཀའ་གནད་ལས་དོན་བཀོད་སྒྲིག་བྱས་ཡོད་པས། རྣམ་གྲངས་འཛུགས་སྐྲུན་གྱི་འཆར་གཞི་སྤེལ་རྒྱུར་འགན་སྲུང་ནུས་ལྡན་བྱུང་བ་དང་། ལོ་འདི་གའི་ནང་རྣམ་གྲངས་འཛུགས་སྐྲུན་ཁག་180འགན་ལེན་ཐུབ་ནས་ལོ་འཁོར་གྱི་དམིགས་ཚད་རྣམས་ལེགས་གྲུབ་གང་ལེགས་བྱུང་ཡོད།

        —— གལ་ཆེའི་རྣམ་གྲངས་ལ་འཕེལ་རིམ་གསར་པ་བྱུང་ཡོད་པ། ཕུ་མདོ་ཆུ་བེད་ལྟེ་གནས་དང་། རྫམ་གློག་ཁང་། ལྷ་གཞིས་ལྕགས་ལམ་བཅས་ལ་ཁག་སོ་སོར་མ་འཇོག་སྒོར་དུང་ཕྱུར་12.5དང་། སྒོར་དུང་ཕྱུར་7.93 སྒོར་དུང་ཕྱུར་25.02བཅས་བཏང་ཟིན་པས་རྣམ་གྲངས་མ་འཇོག་བསྡོམས་འབོར་གྱི་29%དང་། 13.17% 20.17%བཅས་བཟུང་ཡོད། ཕུ་མདོ་ཆུ་བེད་ལྟེ་བའི་ཆུ་བདེ་བླག་ངང་བཀག་ཐུབ་པ། རྫམ་གློག་ཁང་གི་ཆུ་རགས་ལ་ཨར་འདམ་བླུགས་པའི་དུས་མཚམས་སུ་སླེབས་ཡོད་པ། ལྷ་གཞིས་ལྕགས་ལམ་གྱི་སྤྱི་ལེ་69.4ལ་ལམ་ལྕགས་བཏིང་ཚར་བ། རྒྱལ་ལམ་317རྒྱུད་ཀྱི་ཤག་ཆུ་ཁ་ནས་ནག་ཆུ་བར་གྱི་དུམ་བུ་དང་། ཞིང་ཆེན་ལམ་301རྒྱུད་ཀྱི་ནག་ཆུ་ནས་དཔལ་མགོན་བར་གྱི་གཞུང་ལམ་ལ་སྣུམ་ནག་བཏིང་ཚར་ནས་མོ་ཊ་དངོས་སུ་ཤར་གཏོང་ཐུབ་པ། སྤྱི་བདེའི་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ས་ཚུགས་དང་། ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་གླིང་། བོད་ཀྱི་རིག་གནས་ཐོན་ལས་བློ་གསར་ལྡུམ་རྭ་སོགས་འཆར་འགོད་ནང་ཚུད་མེད་པའི་རྣམ་གྲངས་རིགས་ཀྱང་སྔ་རྗེས་སུ་སྐྲུན་འགོ་ཚུགས་ཡོད། ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པའི “སཱ་ལ ”གཞུང་ལམ་བསྐྲུན་ཟིན་པ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཁབ་འབྲེལ་ཡོད་ཀྱི་པུའུ་ཨུད་དང་ལྷན་དུ་གཏན་འཁེལ་བྱས་པའི་འབྲེལ་ཡོད་དོན་གནད་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་བ་དང་། ཉིང་ཁྲིའི་གནམ་ཐང་ས་ཚུགས་རྒྱས་སྐྲུན་ལས་གྲྭའང་ལེགས་གྲུབ་བྱུང་བ། བོད་ཀྱི་མཁའ་གྲུའི་མཁོ་སྣུམ་མངགས་སྐྱེལ་ལྟེ་གནས་ལས་གཞི་བསྐྲུན་འགོ་ཚུགས་པ། ནག་ཆུའི་གནམ་ཐང་གི་སྔོན་གྲབས་ལས་དོན་ཡང་རིགས་པས་ཁུངས་སྐྱེལ་བྱེད་བཞིན་ཡོད། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་རྣམ་གྲངས་འཛུགས་སྐྲུན་གྱི་གྲོས་འཆར་སྙན་ཞུར་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་ནས་ཆོག་མཆན་ལན་འདེབས་བྱུང་ཡོད་པ། དེ་མིན་གློག་མེད་པའི་ས་ཁུལ་གྱི་གློག་གི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད་ཅིང་། ཁྱིམ་སྤྱོད་འོད་གློག་ཆ་སྒྲིག་ཁྲི་15.3གྱི་གློག་འདོན་མ་ལག་དང་འོད་ཤུགས་གཅིག་འདུས་ཀྱི་གློག་ཁང་54ལ་མ་འཇོག་བེད་སྤྱོད་གཏོང་རྒྱུ་ཡིན་པ། སྲིད་འཛིན་གྲོང་ཚོར་གློག་གཏོང་ཚད་100%ཟིན་པའི་དམིགས་ཚད་མངོན་གྱུར་བྱུང་བ། གྲོང་ཚོ་ཀུན་ཁྱབ་ཀྱི་རླུང་འཕྲིན་བཪྙན་འཕྲིན་ལས་གྲྭའང་ཇེ་མགྱོགས་སུ་སྤེལ་བཞིན་ཡོད་པ། “9·18”ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་ཁྱིམ་གཞིས་བསྐྱར་སྐྲུན་ལག་བསྟར་ལམ་ལྷོངས་བྱུང་ཡོད་པ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་སྤེལ་ཤུགས་ཆེ་རུ་བཏང་ཡོད་པས་སྒྲིག་ཚུད་གྲོང་ཚོ་411གི་གཞུང་ལམ་དང་ཤང་15ཡི་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ། ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་ཚོད་ལྟའི་ལས་གཞི་སྤེལ་སྒང་ཡིན་གཤིས། དྲོད་གཏོང་དམིགས་ཚད་40%མངོན་འགྱུར་ཐུབ་རྒྱུ་ཡིན་པ། ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ལྷན་ཁག་580ཡི་ནང་ནས་85%ཡན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཕྱོགས་བསྡུས་ལས་སྒོའི་ཁང་པ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། དམངས་བདེའི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ལ་སྒོར་དུང་ཕྱུར་1.12མ་འཇོག་བྱས་པ་ཚང་མ་དོན་སྨིན་བྱུང་ཡོད་པ་མ་ཟད། ཚང་མ་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་བཞིན་ཡོད། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་ལྟེ་བའི་ཚོགས་ཁང་ཡང་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱིས་ཀྲུང་ཙི་ཀུང་སིར་ཚོད་སྐོར་བྱེད་རྒྱུར་མངགས་བཅོལ་བྱས་ཡོད་པ་དང་། ཁྲེང་ཏུར་བཅའ་སྡོད་དོན་གཅོད་ཁང་གི་ལུས་གསོ་ལྟེ་གནས་རྒྱས་སྐྲུན་ལས་འགོ་ཡང་ཚུགས་ཡོད།

        —— ཆབ་མདོ་ས་གནས་དང་མཐའ་མཚམས་ས་ཁུལ་ལ་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ། ཆབ་མདོ་ས་གནས་ཀྱི་མིག་སྔའི་དཀའ་ངལ་དང་གནད་དོན་མངོན་གསལ་དོད་ཤོས་དང་། ཁ་ཚ་དགོས་གཏུག་གི་གནས་ཚུལ་ལ་དམིགས་ཏེ་ཆབ་མདོའི་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས་ནས་ཆབ་མདོ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་སྤྱིའི་བསམ་གཞི་དང་ལས་འགན་གཙོ་བོ་ཕྱོགས་ཡོངས་ནས་གོ་སྒྲིག་བྱས་ཡོད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་གོང་འཕེལ། དམངས་འཚོ་ལེགས་བཅོས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ། གཞི་རིམ་སྲིད་དབང་དང་སྤྱི་ཚོགས་ཀྱི་དོ་དམ་ནུས་པ་འཛུགས་སྐྲུན་བྱེད་རྒྱུ་སོགས་ཀྱི་ཐད་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ་བོད་ཤར་རྒྱུད་ཀྱི་དཔལ་འབྱོར་སྟོབས་ཆེའི་ཁུལ་འཛུགས་རྒྱུར་རྨང་གཞི་བཏིང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི ”མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ལག་བསྟར་ཇེ་མགྱོཌ་སུ་བཏང་ཐོག་མ་དངུལ་སྒྲིལ་སྤྱོད་སྔར་ལས་ལྷག་པ་བྱས་ཏེ་མ་དངུལ་འཇོག་ཤུཌ་ཆེ་རུ་བཏང་བ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རིམ་པས་ལེཌ་བཅོས་བྱས་པ། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་འགོ་བཙུགས་པ་བཅས་ལ་བརྟེན་དམངས་འཚོ་དང་འབྱུང་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

        —— རྣམ་གྲངས་དོ་དམ་གྱི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་ཡོད་པ། གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལ་དོ་དམ་བྱེད་པའི་ལམ་ལུགས་ལག་ལེན་ནན་པོ་བསྟར་བ་དང་ཆབས་ཅིག་རྣམ་གྲངས་འགོ་བཙུགས་པའི་དུས་རིམ་གྱི་མཛད་ཇུས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཐོག་སྒོ་ཀུན་ནས 《སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་མངགས་བཅོལ་བློ་འདྲིའི་ཚོད་སྐོར་དང་། གྲོས་ཞིབ་ཞིབ་མཆན་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་བསམ་འཆར (གནས་སྐབས་ལག་བསྟར )》ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྣམ་གྲངས་ལས་གྲྭའི་བློ་འདྲི་ཚོད་སྐོར་གྱི་གོ་རིམ་དང་། ཞིབ་དཔྱད་ཀྱི་བླང་བྱ་ཚད་ལྡན་བཟོས་ཡོད་པ་དང་། 《གལ་ཆེའི་རྣམ་གྲངས་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་ཚོད་སྐོར་ལག་བསྟར་བྱ་ཐབས 》ཞིབ་འཇུག་གིས་གཏན་འཁེལ་བཟོ་རྒྱུ་ཇེ་མགྱོགས་སུ་བཏང་ཡོད་པས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྣམ་གྲངས་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཐོན་སྲིད་པའི་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཁ་སྔོན་འགོག་དང་། ཉུང་དུ་གཏོང་བ། སེལ་བ་བཅས་བྱས་ཡོད་པ། 《རང་ལྗོངས་ཀྱི་མིག་སྔའི་སྲིད་གཞུང་གི་མ་འཇོག་ལས་གྲྭའི་འཛུགས་སྐྲུན་ནང་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་བསམ་འཆར 》དང 《བོད་རང་སྐྱོང་ལྗོངས་ཀྱི་འོས་སྐུལ་འོས་དཔོད་དོ་དམ་བྱ་ཐབས 》པར་འགྲེམས་བྱས་ཡོད་པ་དང་། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱི་གལ་ཆེའི་རྣམ་གྲངས་ཞིབ་བཤེར་དོན་གཅོད་ཁང་ལ་གཞོགས་འདེགས་བྱས་ཏེ་རང་ལྗོངས་ཀྱི་རྣམ་གྲངས་ཁག་130ལ་ཞིབ་བཤེར་བྱས་པས་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ཡོད།

        (བཞི )དཔལ་འབྱོར་གྱི་གྲུབ་ཆ་སྔར་བས་ལེགས་འགྱུར་བྱུང་ཡོད།

        ——ཐོན་ལས་གསུམ་གྱི་གྲུབ་ཆ་ཟམ་མི་ཆད་པར་གོང་མཐོར་སོང་ཡོད་པ། ཐོན་ལས་དང་པོའི་ཐོན་སྐྱེད་ཀྱི་ཕན་ཕྱོད་ཟམ་མི་ཆད་པར་གོང་མཐོར་སོང་བ་དང་། གསོག་འབོར་སྔར་བས་ལེགས་སུ་སོང་ཡོད། སྔོན་དཔག་ལྟར་ན་ལོ་ཧྲིལ་པོའི་འབྲུ་རིགས་ཀྱི་ཐོན་འབོར་དེ་ཀྲོན་ཁྲི་95ཟིན་རྒྱུ་ཡིན་པས་ལོ་13བསྟུད་མར་ཀྲོན་ཁྲི་90ཡན་རྒྱུན་འཁྱོངས་ཐུབ་ཡོད་པ། འབྲོག་ལས་ཀྱིས་ཞིང་འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི་50%ཡན་ཟིན་པ་དང་ཕྱུགས་རིགས་བཤས་གཏོང་ཚད་32%ཟིན་ཡོད། ཐོན་ལས་གཉིས་པའི་བསྡུར་ཚད་དེ་བརྒྱ་ཆའི་གནས་1འཕར་ཡོད་པ་དང་། བཟོ་ལས་གོང་འཕེལ་མྱུར་པོ་འགྲོ་བའི་བརྟན་ལྷིང་རང་བཞིན་རྒྱུན་ཆད་མེད་པར་ཤུགས་ཆེར་སོང་ཡོད་པས་དུས་ཚིགས་རྗེས་མ་གསུམ་གྱི་འཕར་ཚད་དེ་དཔལ་འབྱོར་གྱི་འཕར་ཚད་ལས་མཐོ་བ་བྱུང་ཡོད་ཅིང་། སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་དེ་སྒོར་དུང་ཕྱུར་48ཟིན་རྒྱུ་ཡིན་པས་29.2%འཕར་རྒྱུ་རེད། ཡུལ་སྐོར་ལས་རིགས་ཀྱི་སྣེ་འདྲེན་བྱས་པའི་ཐོན་ལས་གསུམ་པ་གོང་འཕེལ་ཇེ་མགྱོགས་སུ་སོང་ནས་བསྡུར་ཚད་དེ་མུ་མཐུད་53%གྱི་མཚམས་སུ་བརྟན་པོ་བྱུང་ཡོད། སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1100ལ་སྣེ་ལེན་ཞུ་རྒྱུ་ཡིན་པ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་132ཟིན་རྒྱུ་ཡིན་པས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་འཕར་ཚད་དེ་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་འཕར་ཚད་ལས་མཐོ་བ་བྱུང་ཐེངས་དང་པོ་ཡིན།

        —— དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་ཡོད་པ། སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་སོང་བའི་དུས་མཚམས་སུ་སླེབས་ཡོད། བོད་ལུགས་གསོ་རིག་གི་སྨན་རྫས་ལས་རིགས་དང་། ནུས་ཁུངས་ལས་རིགས། ཁྱད་ལྡན་གཏེར་ལས། ཨར་སྐྲུན་ལས་རིགས། ས་མཐོའི་ཁྱད་ལྡན་བཟའ་བཅའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཁེ་ལས་ཁག་1982ཟིན་ཡོད་ཅིང་། དེའི་ནང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་ཡན་ཟིན་པའི་ཁེ་ལས་ཁག་254ཡོད། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། སྟག་རྩེའི་བཟོ་ལས་གླིང་། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་ནག་ཆུའི་ཟོག་འགྲེམས་ལྟེ་གནས་བཅས་སུ་འཛུལ་ཞུགས་བྱས་པའི་ཁེ་ལས་ཁག་639དང་། 64 57བཅས་སོ་སོར་ཟིན་ཡོད་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁྲལ་བསྡུའི་སྤྱི་འབོར་སྒོར་དུང་ཕྱུར་143ཟིན་ཡོད་པས་ཁྲལ་བསྡུ་སྤྱི་ཡོངས་ཀྱི་བསྡུར་ཚད་དེ་93%བར་མཐོ་རུ་ཕྱིན་ནས། སྤྱི་དབང་མིན་པའི་དཔལ་འབྱོར་དེ་རང་ལྗོངས་ཀྱི་སྤྱི་ཚོགས་ལས་ཞུགས་ཀྱི་ཐབས་ལམ་གཙོ་བོ་དང་། ས་གནས་ནོར་སྲིད་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་གྲ་རྒྱས་སུ་འགྲོ་བའི་གཙོ་ཁྲིད་ཀྱི་སྟོབས་ཤུགས། ཚོང་འགུགས་མ་འདྲེན་གྱི་ཁྱབ་ཁོངས་གཙོ་བོ་བཅས་སུ་རིམ་པས་གྱུར་བཞིན་ཡོད། གཞུང་ཁོངས་ཁེ་ལས་ཀྱི་འཕེལ་ངོ་ཟམ་མི་ཆད་པར་བཟང་དུ་སོང་བ། ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཁག་297གྱི་རྒྱུ་ནོར་སྤྱི་འབོར་སྒོར་དུང་ཕྱུར་265.32ཡོད་པས་9.31%འཕར་ཡོད་པ་དང་། ལས་གཉེར་གྱི་ཡོང་འབབ་སྒོར་དུང་ཕྱུར་90.32བྱུང་ཡོད་པས་18.84%འཕར་ཡོད་པ། ཁེ་སྤོགས་སྤྱི་འབོར་སྒོར་དུང་ཕྱུར་9.2ཟིན་ཡོད་པས་31.43%འཕར་ཡོད་པ། གོང་འབུལ་ཁྲལ་དངུལ་སྒོར་དུང་ཕྱུར་8.06ཟིན་ཡོད་པས་15.14%འཕར་ཡོད།

        —— རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་སོང་ཡོད་པ། རིག་གནས་སྒྲིག་བཀོད་ཐད “འགོག་རྐྱེན་མེད་པ་དང་ཐེམ་སྐས་མེད་པ ”ཁྱོན་ཡོངས་ནས་མངོན་གྱུར་བྱུང་བས། ཤང (གྲོང་རྡལ )གི་གཞི་རིམ་ས་ཚུགས་103དང་གྲོང་ཚོའི་གཞི་རིམ་ས་ཚུགས་500ཙམ་གསར་བཙུགས་བྱས་ཡོད་པ་དང་། རིག་གནས་ཀྱི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི 《གེ་སར 》གྱི་ཁྱད་ལྡན་གྲངས་གཞིའི་ཐོན་ཁུངས་གསོག་མཛོད་དང 《བོད་ལུགས་གསོ་རིག་སྨན་རྫས 》ཀྱི་ཁྱད་ལྡན་ཐོན་ཁུངས་བཟོ་རྒྱུའི་ལས་ཀའང་སྤེལ་འགོ་ཚུགས་ཡོད། ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་བློ་གསར་ཐོན་ལས་ར་བ་དང་། ལྷོ་ཁའི་ཡར་ཀླུང་རིག་གནས་སྤྲོ་གཟིགས་སྡེ་གླིང་སོགས་རྣམ་གྲངས་ཀྱང་སྔ་རྗེས་སུ་ལས་འགོ་བཙུགས་ཡོད། ལྗོངས་ཡོངས་སུ་ཐོ་འགོད་བྱས་པའི་རིག་གནས་ཁེ་ལས་ཁག་455ཡོད། རིག་གནས་ཐོན་ལས་གཙོ་གནད་རྣམ་གྲངས 《རྒྱ་བཟའ་ཀོང་ཇོ 》རྒྱལ་ཁབ་གླུ་གར་ཚོགས་ཁང་ཆེ་མོར་འཁྲབ་སྟོན་ལེགས་གྲུབ་བྱུང་བ་དང་། རྒྱབ་ལྗོངས་དངོས་ལྡན་གྱི་འཁྲབ་སྟོན་རྣམ་གྲངས་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། གླུ་གར་ཆེ་གྲས 《ཡིད་དབང་འཕྲོག་པའི་བོད་ལྗོངས 》ཞེས་པ་དེ “2012ལོའི་པོ་ལན་ཀྲུང་གོའི་བོད་ལྗོངས་རིག་གནས་འགྲེམས་སྤེལ་གྱི་གཟའ་འཁོར ”ནང་བཞུགས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དཔེ་ཪྙིང་ཁག་123ཡོད་པ་དེ་ཁག་བཞི་པའི 《རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་ཪྙིང་མིང་ཐོའི 》འོས་སྦྱོར་མིང་ཐོའི་ནང་ཚུད་ཡོད། 《བོད་རང་སྐྱོང་ལྗོངས་ཀྱིས་གཅེས་ཉར་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་དཀར་ཆག 》དང 《བོད་རང་སྐྱོང་ལྗོངས་ཀྱིས་གཅེས་ཉར་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆའི་བཪྙན་པར་ཆ་ཚང 》ལེགས་བསྒྲིགས་འཚོལ་བསྡུ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

        —— ཚན་རིག་གི་འདེགས་སྐྱོར་ནུས་པ་སྔར་བས་ཤུགས་ཆེར་སོང་ཡོད་པ། ཁྱད་ལྡན་དགེ་སྟོབས་ལྡན་པའི་ཐོན་ལས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་ནས་ཀྱི་ཐོན་ལས་དང་། གཟན་རྩྭའི་ཐོན་ལས། གསེར་གཡག་ལས་གཞི། གསེར་ཉིའི་ལས་གཞི། བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་སོགས་གལ་ཆེའི་ཚན་རྩལ་ཆེད་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ཞིང་འབྲོག་ལས་ཀྱི་ཚན་རྩལ་འབྲས་བུ་དངོས་འགྱུར་བྱེད་རྒྱུའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་དང་རྫོང་སྟོབས་ཆེར་གཏོང་བ་དང་། མེ་སྟག་འཆར་གཞི། ཞིང་འབྲོག་ལས་ཀྱི་ཚན་རྩལ་འབྲས་བུ་གཞན་སྒྱུར། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན། ཚན་རྩལ་གཤམ་སྤེལ་སོགས་ཆེད་དོན་བྱེད་སྒོ་དེ་དག་ལྗོངས་ཡོངས་ཀྱི་རྫོང (གྲོང་ཁྱེར་དང་ཆུས )80%ལ་ཁེབས་ཐུབ་ཡོད། ཚན་རྩལ་གྱི་རྨང་གཞིའི་ལས་སྟེགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད་པ་དང་། གཞིས་རྩེའི་ཞིང་ལས་ཚན་རྩལ་ལྡུམ་ར་དེ་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་ལྡུམ་རར་དངོས་སུ་ཆོག་མཆན་གནང་ཡོད་པ་དང་། ལྷ་སའི་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་དཔེ་སྟོན་ལྡུམ་རར་འདེབས་འཛུགས་གསོ་སྤེལ་ཆ་འཕྲིན་ཅན་གྱི་ལས་སྟེགས་རྩ་བའི་ཆ་ནས་བཙུགས་ཟིན་པ། ནག་ཆུའི་མཐོ་གསར་ལག་རྩལ་ཐོན་ལས་ར་བ་དེ་རང་སྐྱོང་ལྗོངས་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་ར་བར་དངོས་སུ་ཆོག་མཆན་གནང་ཡོད་པ། ཚན་རྩལ་ཁེ་ལས་ཀྱི་སྒོང་བསྙལ་འཕྲུལ་ཆས་ལྷ་སར་བེད་སྤྱོད་གཏོང་འགོ་ཚུགས་ཡོད། ཚན་རྩལ་མངགས་གཏོང་པའི་ལག་རྩལ་ཞབས་ཞུའི་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱས་ཡོད་པ་དང་། ལྗོངས་ཡོངས་སུ་ཚན་རྩལ་མངགས་གཏོང་པ་མི་གྲངས་5540གདན་ཞུ་བྱས་ཡོད་པའི་ནང་དུ་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་མངགས་གཏོང་པ་མི་གྲངས་4564ཡོད། ཆ་འཕྲིན་དྲ་རྒྱ་གོང་འཕེལ་ཇེ་མགྱོགས་སོང་ཡོད་ཅིང་། དྲ་ཆེན་ཁྱབ་གདལ་གཏོང་ཚད་དང་མྱུར་ཚད་མཐོར་གཏོང་ལས་གཞི་ལག་བསྟར་བྱས་ཡོད་པ། “དྲ་གསུམ་མཉམ་འདུས ”ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད་པ། གློག་རྡུལ་ཚོང་དོན་སྤེལ་འགོ་བཙུགས་པ་དང་། འགུལ་འཁྱེར་ཁ་པར་བོད་ཡིག་ཕབ་བཅུག་དང་། བོད་ཡིག་གཞུང་ལས་མཉེན་ཆས། ས་ཆ་གཞན་དུ་ཐོན་པའི་གནོད་འཚེ་ལྟ་དཔྱད་རྐང་འཚབ་སོགས་ཀྱི་འབྲས་བུ་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུའི་ཐད་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་འདོན་སྤེལ་ཐུབ་ཡོད། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཁྲིད་སྟོན་བྱེད་རྒྱུའི་ཐད་ལ་ཚན་རྩལ་ཆ་འཕྲིན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཇེ་ཆེར་སོང་ཡོད།

        (ལྔ )འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་སོང་ཡོད།

        —— འབྱུང་ཁམས་སྲུང་བཅད་སྐྲུན་རྒྱུ་ཇེ་མགྱོགས་སུ་སོང་ཡོད་པ། 《བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད (2008ལོ་ནས་2030ལོ་བར )》ལས་གཞི་ཆེ་རིགས་ཁག་བཅུ་ཡོད་པ་དེར་མིག་སྔར་མ་འཇོག་སྒོར་དུང་ཕྱུར་40དོན་སྨིན་བྱུང་ཡོད། དེའི་ནང་ཨ་བྲ་དང་། གནོད་འབུ། དུག་རྩྭ་བཅས་ཀྱི་གནོད་འཚེ་འགོག་བཅོས་བྱེད་ཁྱོན་མུའུ་ཁྲི་3284ཟིན་ནས་རང་བྱུང་རྩྭ་རྭ་མུའུ་ཁྲི་5050ལ་སྲུང་སྐྱོབ་དང་སླར་གསོ་ཐུབ་ཡོད། ཆབ་མདོ་དང་། ལྷོ་ཁ། གཞིས་རྩེ། ཉིང་ཁྲི་བཅས་ས་ཁུལ་བཞིའི་ནགས་ཚལ་གཙོ་གནད་ཁུལ་གྱི་མེ་སྐྱོན་འགོག་ཟོན་ཁུལ་སྤྱི་ཆིང་ཁྲི་733.16བཅོས་སྒྲིག་ལེགས་གྲུབ་བྱུང་ཡོད། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ཁུལ་6ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱས་ཡོད། གཤེར་སའི་སྲུང་སྐྱོབ་ལས་གཞི་ཁག་6ལས་འགོ་བཙུགས་ཡོད་པ། ལྗོངས་ཡོངས་ཀྱི་རྫོང་ཁག་47དུ་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་120བཟོས་ཡོད་པ། བྱེ་གྱུར་ས་ཆ་མུའུ་ཁྲི་102.4དང་ས་ཆུ་ཤོར་བའི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་མ་150བཅོས་སྒྲིག་བྱས་ཡོད་པ། རྩྭ་རྭ་འགན་གཙང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་ཡོད་པ་དང་། འགན་གཙང་ལེན་པའི་རྩྭ་རྭའི་རྒྱ་ཁྱོན་གྱིས་རྩྭ་རྭ་སྤྱིའི་རྒྱ་ཁྱོན་གྱི་80%ཡན་ཟིན་ཡོད་པས་རྩྭ་རྭ་བེད་སྤྱོད་གཏོང་བའི་རྒྱ་ཁྱོན་གྱི་98%ཟིན་ཡོད། ལྗོངས་ཡོངས་སུ་ཤིང་འཛུགས་ནགས་གསོ་དང་རི་རྒྱ་ནགས་གསོ་མུའུ་ཁྲི་108.6ལེགས་གྲུབ་བྱུང་བའི་ནང་ཤིང་འཛུགས་ནགས་གསོ་མུའུ་ཁྲི་56.8དང་རི་རྒྱ་ནགས་གསོ་མུའུ་ཁྲི་51.8བཅས་ཟིན་ཡོད་པ། འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་པ་དང་། གནམ་མཚོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་གྲངས་ལ་མ་འཇོག་སྒོར་དུང་ཕྱུར་0.9དོན་འཁྱོལ་བྱས་ཡོད་པས་འབྱུང་ཁམས་ཀྱི་བྱེད་ནུས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པའི་ལས་ཀ་དེ་རྒྱལ་ཡོངས་ཀྱི་སྔོན་ལ་སྤེལ་ཡོད།

        —— འབྱུང་ཁམས་ཁུལ་ནང་འཛུལ་འཐུས་ལམ་ལུགས་ལག་བསྟར་ནན་པོ་བྱས་ཡོད་པ། “མཐོ་བ་གཉིས་དང་ཐོན་ཁུངས་ལ་བརྟེན་པ་གཅིག ”གི་ཁྲོམ་རར་འཛུལ་འཐུས་ལམ་ལུགས་ཚོད་འཛིན་ནན་པོ་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་སྲིད་ཇུས་དང་། འབྲེལ་ཡོད་འཆར་འགོད། ཁོར་ཡུག་བྱེད་ནུས་དབྱེ་ཁུལ། བཙོག་དངོས་བཤངས་གཏོང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་བླང་བྱ་དང་མི་མཐུན་པའི་རྣམ་གྲངས་རིགས་ཚང་མ་བཀག་ཡོད། འབྱུང་ཁམས་ལ་གནོད་འཚེ་ཇེ་ཆུང་གི་ཚོད་སྐོར་ལས་དོན་ཤུགས་ཆེར་བཏང་ཡོད་པ་དང་། རིམ་རྩིས་ལྟར་ན་རིགས་འདྲ་མིན་གྱི་རྣམ་གྲངས་ཀྱི་ཚོད་སྐོར་ཡི་གེ (རེའུ་མིག )450ལྷག་ཙམ་ལ་ཞིབ་མཆན་བཀོད་ཡོད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ཐད་ནུས་རྒྱུ་བསྲི་ཚགས་ཀྱི་ཚོད་སྐོར་དང་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་པོ་བསྟར་ནས་ལོ་ཧྲིལ་པོར་རྣམ་གྲངས་445ལ་ནུས་རྒྱུ་བསྲི་ཚགས་ཀྱི་ཞིབ་མཆན་བཀོད་ཡོད་པས་ཁོར་ཡུག་ལ་གནོད་འཚེ་དང་བཙོག་སྐྱོན་བཤངས་གཏོང་གསར་པ་བྱུང་སྲིད་པའི་གསར་སྤེལ་འཛུགས་སྐྲུན་བྱེད་སྒོ་སྣ་ཚོགས་ནུས་ལྡན་གྱིས་ཚོད་འཛིན་བྱས་ཡོད། ཁོར་ཡུག་ལ་ཚོད་སྐོར་ཞིབ་མཆན་འགོད་པའི་ནུས་ཕྱོད་ཆེ་རུ་གཏོང་ཕྱིར་རྣམ་གྲངས་ལ་ཞིབ་མཆན་དང་། ཆོག་མཆན། ཡིག་ཐོག་སྙན་དཔོད་སོགས་སྔོན་གྲབས་ཀྱི་ཞིབ་མཆན་འགོད་རིམ་ཚད་ལྡན་སྔར་ལས་ལྷག་པ་བཟོས་ཡོད་པ་མ་ཟད། ཞིབ་མཆན་གྱི་དབང་ཚད་ཁག་གཅིག་གཤམ་སྤྲོད་བྱས་ཡོད་པས་གལ་ཆེའི་རྣམ་གྲངས་ཁག་དུས་ཐོག་ཏུ་ལས་འགོ་འཛུགས་རྒྱུ་འགན་ལེན་བྱེད་པ་དང་དུས་མཚུངས་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱང་བྱས་ཡོད།

        —— ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུར་མཐོང་ཆེན་སྔར་ལས་ལྷག་པ་བྱས་ཡོད་པ། རང་སྐྱོང་ལྗོངས་དང་ས་གནས (གྲོང་ཁྱེར )ཁག་དབར 《“ལོ་ལྔ་ཚན་བཅུ་གཉིས་པའི ”གཙོ་བོའི་བཙོག་སྐྱོན་གྱི་སྤྱི་འབོར་ཉུང་དུ་གཏོང་རྒྱུའི་དམིགས་ཚད་འགན་འཁྲིའི་ཡི་གེ 》ལ་མིང་རྟགས་བཀོད་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་ཁག་8“རྒྱལ་ཁབ་ཀྱི་ཁེ་ལས་ཁྲི་ཚོའི་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་བྱེད་སྒོའི ”མིང་ཐོར་བཅུག་ཟིན་པ་དང་ནུས་རྒྱུ་ཟད་གྲོན་རྗེས་འདེད་བསྡོམས་རྩིས་ཀྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་ཡང་བཙུགས་ཡོད། གཙོ་གནད་ལྟ་སྐུལ་ཚོད་འཛིན་བྱ་ཡུལ་གྱི་ཁེ་ལས་ཁག་48དང་ལྟ་སྐུལ་བྱ་ཡུལ་ཁེ་ལས་ཁག་90ལ་རྒྱུན་གཏན་གྱི་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཏེར་འཚོལ་ཁེ་ལས་ཁག་28སྒོ་རྒྱག་ཏུ་བཅུག་པའམ་དུས་བཀག་ནང་བཅོས་སྒྲིག་བྱེད་དུ་བཅུག་ཡོད། ནུས་རྒྱུ་བསྲི་ཚགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ཁག་11ལག་བསྟར་བྱས་པ་དང་ནུས་ཆེའི་ཤེལ་ཏོག་ཐོན་རྫས་ཁྲི་100ཁྱབ་སྤེལ་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱི་PM2.5སོགས་མཁའ་རླུང་སྤུས་ཚད་སྟོན་གྲངས་གསར་པའི་རང་འགུལ་ཚད་ལེན་བྱེད་ནུས་འཛུགས་སྐྲུན་བྱས་པས་ལྷ་ས་གྲོང་ཁྱེར་དང་རྒྱལ་ཡོངས་གོམ་པ་མཉམ་བགྲོད་ཀྱིས་PM2.5ཡི་མཁའ་རླུང་སྤུས་ཚད་སྟོན་གྲངས་གསར་པ་ཉིན་རེ་ཁྱབ་བསྒྲགས་བྱེད་རྒྱུ་བཟོས་ཡོད་གཤིས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་ཁ་རླུང་སྤུས་ཚད་བཟང་པོ་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་བཙོག་སྐྱོན་ཉུང་གཏོང་གི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཐོག ཉིང་ཁྲི་ས་ཁུལ་གྱི་མེ་ཏོག་རྫོང་དང་། གཞིས་རྩེ་ས་ཁུལ་གྱི་པ་སྣམ་རྫོང་སོགས་རྫོང་གྲོང་13དུ་གད་སྙིགས་སྦས་ས་བཟོ་འགོ་བཙུགས་ཡོད་པས་གཙོ་བོའི་བཙོག་དངོས་བཤངས་གཏོང་བྱས་པས་ལོ་འཁོར་གྱི་ལས་འགན་དམིགས་ཚད་ལེགས་གྲུབ་བྱུང་ཡོད།

        (དྲུག )སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད།

        —— བརྟན་པོའི་སྒོ་ནས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད་པ། ཕྱོགས་ཡོངས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་གི་དབང་ཆ་འགན་ལེན་བྱེད་པའི་ཐོ་འགོད་འཛིན་སྤྲོད་ཀྱི་ལམ་ལུགས་སྤེལ་འགོ་ཚུགས་པ་དང་། མཉམ་སྡེབ་ཀྱི་ནགས་ཚལ་དབང་ཆ་སྒྱུར་བཅོས་ཚོད་ལྟའི་གཙོ་རྐང་ལས་དོན་ཡང་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་ཡོད། ཆུ་ཤུར་རྫོང་གི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་ལག་ལེན་བསྟར་འགོ་བཙུགས་པ། ཤང་ནོར་རྫོང་འདོམས་བྱེད་པ་དང་། སྡེ་ཚན་གྱི་སྔོན་རྩིས་དང་སྲིད་གཞུང་གི་ཉོ་སྒྲུབ་བཅས་ཀྱི་སྒྱུར་བཅོས་གོམ་པ་བརྟན་པོའི་སྒོ་ནས་སྤོས་ཤིང་རྒྱལ་མཛོད་ནས་གཅིག་སྡུད་ཐོག་སྒྱུར་སྤྲོད་བྱེད་རྒྱ་རྫོང་ཚང་མར་ཁེབས་ཡོད། མི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གནས་ཐང་འཕར་ཁྲལ་དང་། ཚོང་གཉེར་དཔྱ་ཁྲལ་གྱི་ཁྲལ་བསྡུའི་འགོ་འཛུགས་ས་མཐོ་རུ་བཏང་ནས་གནས་ཐང་འཕར་ཁྲལ་གཞི་ཁྱོན་ཆུང་བའི་དཔྱ་ཁྲལ་འཇལ་མཁན་གྱི་ཁྲལ་བསྡུའི་ཚད་གཞིར་ལེགས་སྒྲིག་བྱས་ཡོད། སྲིད་འཛིན་བྱ་གཞག་གི་གླ་རིན་བསྡུ་བའི་རྣམ་གྲངས་ཁག་127གཙང་སེལ་བྱས་ཡོད། སྒྱུར་བཅོས་བྱེད་རྒྱུའི་འཆར་གཞིའི་ནང་བཅུག་པའི་ཁེ་ལས་223གྱི་སྒྱུར་བཅོས་བྱེད་རྒྱ་100%ཟིན་པ། གཞུང་ཁོངས་ཚོང་དོན་འཁོར་རྒྱུག་ཁེ་ལས་ཁག་11ཚང་མ་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་ལ་རྩིས་སྤྲོད་ཀྱིས་མ་རྩ་གཏོང་མཁན་ནས་འགན་འཁུར་རྒྱུར་སྤྲད་པ། བོད་ལྗོངས་ཧྲེང་ཡོན་དང་། བོད་ལྗོངས་ནེང་ཐོའོ། ཤིན་མའོ་ཀུང་སི་སོགས་བཙུགས་ཡོད། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་བཙུགས་པ་དང་། བོད་ལྗོངས་དངུལ་ཁང་ཡང་ལས་གཉེར་དངོས་སུ་བྱེད་འགོ་ཚུགས་པ། གཞུང་ཁོངས་འབྲུ་རིགས་ཁེ་ལས་སྒྱུར་བཅོས་ལག་བསྟར་བྱེད་འགོ་བཙུགས་པ། འབྲུ་རིགས་ཁེ་ལས་ཚོགས་པའི་ཀུང་སི་འཛུགས་རྒྱུ་ཇེ་མགྱོགས་སུ་བཏང་ཡོད། འཛད་སྤྲོད་མཉམ་ལས་ཁང་གི་ལས་དོན་ཁག་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། སྨན་བཅོས་སྨན་རྫས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཨང་གཉིས་པར་བྱ་གཞག་ཚན་པའི་ལས་གནས་དོ་དམ་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་པ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ཚང་མར་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་ཏེ་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་སྐུལ་འདེད་རིམ་པས་བཏང་ཡོད་པས། སྨན་བཅོས་འགན་ལེན་གྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ཡོད། གླ་ཕོགས་མཉམ་སྡེབ་ཀྱི་ཐོག་ནས་གྲོས་མོལ་བྱེད་པའི་ཁེབས་རྒྱ་དེ་དགེ་མཚན་ལྡན་ལ་བརྟན་པོའི་སྒོ་ནས་རྒྱ་ཆེར་གཏོང་བཞིན་ཡོད། རང་སྐྱོང་ལྗོངས་ཀྱི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་ཐེངས་14པ་བྱས་ནས་ཁེ་ལས་ཀྱི་རྒན་ཡོལ་མི་སྣའི་གཞི་རྩའི་རྒན་གསོའི་མ་དངུལ་བསྟུད་མར་ཐེངས་8མཐོ་རུ་བཏང་ཡོད། ཚན་རྩལ་དང་། སློབ་གསོ། རིག་གནས་བཅས་ཀྱི་ལམ་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་། 12.9%ཡི་བྱ་གཞག་ཚན་པ་དང་། 30%ཡི་མི་སྣར་གདན་ཞུའི་ལམ་ལུགས་ལག་བསྟར་བྱས་ཡོད། ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་རིན་གོང་སྒྱུར་བཅོས་དགེ་མཚན་ལྡན་ལ་བརྟན་པོའི་སྒོ་ནས་སྤེལ་ཡོད་ཅིང་། ལོ་འདིའི་ནང་ཚུན་དུ་རིན་གོང་སྙོམས་སྒྲིག་གི་ཐེབས་རྩའི་ལམ་ལུགས་འཛུགས་རྒྱུ་ཡིན་པ་བཅས་རེད།

        —— མཉམ་ལས་དང་སྒོ་མོ་ཕྱོགས་ཡོངས་ནས་འབྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་གྱིས་པེ་ཅིང་དུ་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་ཞིང་། རང་སྐྱོང་ལྗོངས་དང 《མཉམ་ལས་དྲན་ཐོའི་དཀར་ཆག 》ལ་མིང་རྟགས་བཀོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད་ཁག་12ཀྱིས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་སྐོང་འཚོགས་བྱས་ཡོད། ཁུལ་ཁོངས་ཀྱི་དཔལ་འབྱོར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བོད་སྐྱོར་ཞིང་ཆེན (གྲོང་ཁྱེར )དང་ཀྲུང་དབྱང་རྐང་འཛིན་ཁེ་ལས་ཁག་དབར་འཐབ་ཇུས་ཀྱི་མཉམ་ལས་གྲོས་དོན་ཁག་17ལ་མིང་རྟགས་བཀོད་ཡོད། རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་གྱི་སྤྱིའི་འཆར་འགོད་བཟོ་སྒྲིག་བྱས་ཟིན་པ་དང་། ལོ་འཁོར་ནང་བོད་སྐྱོར་གྱི་མ་དངུལ་དང་རྣམ་གྲངས་དོན་འཁྱོལ་ཧུར་ཐག་བྱས་ཐོག་བོད་སྐྱོར་མ་དངུལ་ལ་གཅིག་གྱུར་ཐོག་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་སྒྱུར་སྤྲོད་དང་དོ་དམ་སོགས་ཀྱི་ལས་ཀའི་གོ་རིམ་ཁ་གསལ་བཟོས་ཡོད། ལོ་ཧྲིལ་པོར་བོད་སྐྱོར་མ་འཇོག་སྒོར་དུང་ཕྱུར་39.53དང་རྣམ་གྲངས་ཁག་1095དོན་འཁྱོལ་བྱུང་ཡོད། ཚོང་འགུག་མ་རྩ་ནང་འདྲེན་གྱི་རྣམ་གྲངས་502དོན་འཁྱོལ་ཐུབ་ཅིང་། མ་དངུལ་སྒོར་དུང་ཕྱུར་125.71དངོས་སུ་གནས་སྨིན་བྱུང་ཡོད།

        —— གོང་འཕེལ་གྱི་སྤྱི་ཚོགས་ཁོར་ཡུག་ཟམ་མི་ཆད་པར་ལེགས་འགྱུར་བྱུང་ཡོད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་དོ་དམ་གྱི་ཞབས་ཞུར་ཤུགས་སྣོན་དང་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་ཞི་མཐུན་བརྟན་ལྷིང་གི་གོང་འཕེལ་ཁོར་ཡུག་ཤུགས་ཆེ་བཏོད་པ། དགོན་སྡེའི “སྐྲུན་རྒྱུ་དྲུག ”དང “ཡོད་པ་དགུའི ”ལས་གཞི་ཇེ་མགྱོགས་སུ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གསར་གཏོད་དཔྱད་འདེམས་ཀྱི་གཟེངས་བསྟོད་བྱེད་སྒོ་གཏིང་ཟབ་སྤེལ་བས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་རྒྱུན་ལྡན་ཅན་དང་དོ་དམ་ཚན་རིག་ཅན་མངོན་གྱུར་བྱུང་ཡོད། གལ་ཆེའི་ཇུས་ཐག་གཅོད་པའི་སྤྱི་ཚོགས་བརྟན་ལྷིང་གི་ཉེན་འགོག་ཚོད་སྐོར་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དྲ་མིག་ཅན་གྱི་དོ་དམ་ཕྱོགས་ཡོངས་ནས་སྤེལ་བ་དང་། རྩ་བའི་ཆ་ནས་ལྟེ་གནས་གྲོང་ཁྱེར་གྲོང་རྡལ་དུ་དམངས་བདེའི་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཙུགས་ཟིན་ཞིང་། གྲོང་ཁྱེར་གྲོང་གསེབ་གོང་འཕེལ་བརྟན་ལྷིང་གཏོང་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཙུགས་ཡོད་པས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དམངས་འཚོ་ལེགས་བཅོས་འགན་སྲུང་བྱེད་རྒྱུ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཟིན་ཡོད་པས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད། ནན་ཏན་གྱིས་གེགས་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་སྟབས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་གྲངས་དང་མི་ཤི་ཚད “གཉིས་ཀ་ཆག་པ ”འགན་ལེན་བྱས་ཡོད།

        (བདུན )དཔལ་འབྱོར་སྙོམས་སྒྲིག་ཚོད་འཛིན་བྱེད་ནུས་སྔར་བས་གོང་མཐོར་སོང་ཡོད།

        —— དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ། དུས་མཚམས་རང་བཞིན་གྱི་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་དང་གཞི་ཆེའི་ཁོར་ཡུག་ཐད་འཕྲད་པའི་དུས་བབ་ལ་གཞིགས་ཏེ་ཕྱོགས་ཡོངས་ནས་ལྗོངས་ཡོངས་ཀྱི་ལས་རིགས་ཁག་གི་དུས་ཚིགས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་བྱས་ཏེ་དུས་ཚིགས་རེའི་དུས་མཇུག་ཏུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཐད་དུས་ཐོག་ཏུ་གྲོས་འཆར་བཏོན་པ་དང་ཕྱོགས་བསྡོམས་ཀྱང་བྱས་ཡོད། ལྷག་པར་དུ་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དུས་བབ་ཀྱི་བརྡ་ཁྱབ་བཪྙན་འཕྲིན་ཁ་པར་ཚོགས་འདུ་སྐོང་འཚོགས་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ཐད་འཕྲད་པའི་དུས་བབ་ལ་དམིགས་ཏེ་ཁ་གཏད་གཅོག་ཐབས་ནུས་ལྡན་བཏོན་ཡོད་པས་ལོ་སྟོད་དུ་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་བྱེད་རྒྱུར་བསམ་བློ་གཅིག་གྱུར་དང་ཆོད་སེམས་བརྟན་དུ་སོང་བ་བཅས་བྱུང་ཡོད།

        —— མཐུན་རྐྱེན་འགན་སྲུང་ཡོང་རྒྱུར་འགན་ལེན་བྱས་ཡོད་པ། གློག་དང་། སྣུམ། རླངས། དབོར་འདྲེན། དངོས་ཟོག་བཅས་སྙོམས་སྒྲིག་བྱེད་རྒྱུ་ནས་འགོ་བརྩམས་ཏེ་གཅུར་འགག་ལས་སྒྲོལ་ཐུབ་རྒྱུར་ཤུགས་བརྒྱབ་ཡོད། མཚོ་བོད་ཐད་རྒྱུག་དྲ་འབྲེལ་ལས་གྲྭ་བརྟན་པོའི་སྒོ་ནས་འཁོར་སྐྱོད་བྱུང་བས་བོད་དཀྱིལ་རྒྱུད་ཀྱི་གློག་དྲའི་གློག་མཁོ་འདོན་གྱི་དཀའ་ངལ་ནུས་ལྡན་གྱི་སྒོ་ནས་ཆུང་དུ་གཏོང་ཐུབ་པ་བྱུང་ཡོད། མངའ་རིས་དང་ཆབ་མདོའི་གློག་ཤུགས་མཁོ་འདོན་ཛ་དྲག་གི་དུས་བབ་ལ་དམིགས་ཏེ་ཆབ་མདོའི་སྐབས་འཕྲལ་མཁོ་འདོན་གློག་ཁང་མཐུན་སྦྱོར་གྱིས་རྒྱག་རོགས་བྱས་པ་དང་། འཁོར་ཁང་ཚང་མ་ནས་གློག་མཁོ་འདོན་བྱེད་ཐུབ་པ། གཞན་ཡང་མངའ་རིས་ཀྱི་དྲ་འབྲེལ་འོད་ཤུགས་གློག་ཁང་ལ་ཞིབ་མཆན་འགོད་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཆན་ཝ་5000འདོན་ཐུབ་པའི་འཆར་གཞི་ཡོད། དངོས་ཟོག་གྲབས་གསོག་དང་། སྣུམ་གྲུབ་མ། གཤེར་རླངས། འབྲུ་རིགས་བཅས་མཁོ་སྤྲོད་དོ་སྙོམས་ཡོང་བར་ཤུགས་སྣོན་བརྒྱབ་ཡོད། ཀྲུང་གོ་མཁའ་འགྲུལ་སྤྱོད་སྣུམ་ཚོགས་པ་དང་འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་གྱིས་མཁའ་འགྲུལ་སྣུམ་ནང་འདྲེན་དང་བྲིན་འཚོང་གི་རིན་གོང་ཧེ་བག་དེ་ཀྲོན་རེར་སྒོར་3800ཡིན་པ་ནས་ཀྲོན་རེར་སྒོར་800བཅག་ཐུབ་པ་བྱས་ཏེ་བོད་ཀྱི་མཁའ་ལམ་དུ་འཕུར་མཁན་གནམ་གྲུའི་སྣུམ་གྱི་དགོས་མཁོ་སྐོང་ཐུབ་པ་བྱེད་རྒྱུ། བོད་ཀྱི་མཁའ་ལམ་དུ་འཕུར་མཁན་གྱི་མཁའ་འགྲུལ་ཀུང་སི་ཁག་7མང་དུ་བཏང་བ་དང་། མཁའ་ལམ་གསར་པ་ཁག་37བཏོད་ཡོད་པ་མ་ཟད། གྲོང་ཁྱེར་ཁག་22ལ་ཤར་གཏོང་ཐུབ་ཀྱི་ཡོད། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་མི་ཐེངས་ཁྲི་221.7དབོར་འདྲེན་དང་། དངོས་ཟོག་ཀྲོན་ཁྲི་1.65དབོར་འདྲེན་ཐུབ་ཡོད། ལྷ་ས་ནས་ཟི་ལིང་བར་གྱི་མེ་འཁོར་0.5འགྲུལ་སྐྱེལ་ཆ་སྒྲིག་འཕར་མ་གཏོང་བ། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་སྔོན་དཔག་ལྟར་ན་བོད་ནས་ཐོན་མཁན་དང་བོད་དུ་ཡོང་མཁན་འགྲུལ་པ་མི་ཐེངས་ཁྲི་200དང་། དངོས་ཟོག་ཀྲོན་ཁྲི་350དབོར་འདྲེན་ཐུབ་རྒྱུ་ཡིན་པས་ཁག་སོ་སོར་3%དང་29%འཕར་རྒྱུ་རེད། གཞུང་ལམ་ཐད་སྔོན་དཔག་ལྟར་ན་འགྲུལ་པ་དབོར་འདྲེན་བྱེད་ཚད་མི་ཐེངས་ཁྲི་3711དང་། དངོས་ཟོག་ཀྲོན་ཁྲི་1025དབོར་འདྲེན་ཐུབ་ནས་ཁག་སོ་སོར་1.4%དང་4.5%འཕར་རྒྱུ་རེད།

        —— སྙོམས་སྒྲིག་སྟངས་འཛིན་གྱི་བྱ་ཐབས་དུས་ཐོག་ཏུ་བཏོན་པ་དང་སྦྲགས་དོན་འཁྱོལ་ཀྱང་བྱས་ཡོད་པ། དུས་ཚིགས་བཞི་པར་སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་མང་དུ་བཏང་ཡོད་པ་དང་ཡུལ་མིའི་འཛད་སྤྱོད་རྒྱ་ཆེར་བཏང་ཡོད་པ། གཙོ་གནད་རྣམ་གྲངས་ཀྱི་དགུན་དུས་ཨར་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་དངོས་རིགས་ཀྱི་ལས་ཀ་དེ་བས་མང་བ་ཞིག་ཆགས་ཐུབ་རྒྱུར་འགན་ལེན་བྱས་ཡོད། ནུས་ཤུགས་ཡོད་རྒུས་རིན་གོང་བརྟན་གནས་ཡོང་བ་ཚོད་འཛིན་བྱས་ཏེ་རིན་གོང་སྙོམས་སྒྲིག་གི་ཐེབས་རྩ་སོགས་རིན་གོང་སྙོམས་སྒྲིག་གི་ལམ་སྲོལ་ཁག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། དགུན་དུས་ཀྱི་ཡུལ་སྐོར་ལ་སྐུལ་སྤེལ་ཤུགས་ཆེ་བཏང་ཡོད་པ་དང་། བཟོ་ལས་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་ཐོག་བཟོ་ལས་ཐད་མཁོ་བའི་གློག་འགན་སྲུང་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་གཏོང་འཐེན་མ་དངུལ་གྱི་ནུས་པ་སོགས་སྙོམས་སྒྲིག་གི་བྱ་ཐབས་འདོན་སྤེལ་གང་ལེགས་བྱས་ཡོད་པ་དང་ཆབས་ཅིག་བཟོ་ཚོང་དང་། སྤུས་ཚད་ལག་རྩལ་ལྟ་སྐུལ། བཟའ་བཅའ་དང་སྨན་རྫས་གནོད་མེད་སོགས་ཀྱི་ཁྲོམ་ར་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པར་བརྟེན་དཔལ་འབྱོར་སྐྱོན་བྲལ་དང་། རྒྱུན་མཐུད། བརྟན་པོ་བཅས་ཀྱི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་འགན་ལེན་བྱས་ཡོད།

        གཉིས། 2013ལོའི་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་བའི་ཁྲོད་ཀྱི་དུས་བབ་ལ་དབྱེ་ཞིབ་བྱས་པ།

        2012ལོའི་སྤྱི་ཡོངས་ཀྱི་གནས་ཚུལ་ལ་བལྟས་ཚེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བའི་གཞི་རྩ་ནི་བཟང་པོ་ཡོད་ཅིང་། 2013ལོར་ང་ཚོའི་མདུན་དུ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་གོ་སྐབས་བཟང་པོའང་འཕྲད་སྲིད། གཅིག་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་ང་ཚོར་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རྒྱལ་ཁ་ལེན་རྒྱུ་དང་། ཁ་གསལ་བའི་ཆབ་སྲིད་ཀྱི་རྩ་འཛིན་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་དབྱང་ནས་གསར་བརྗེའི་རྟེན་གཞི་ཪྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་པོའི་ས་ཁུལ་བཅས་ལ་དམིགས་བསལ་གྱི་ཐུགས་ཁུར་སྔར་ལས་ལྷག་པ་གནང་གི་ཡོད་པས་ང་ཚོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་བརྗིད་ཆེའི་དམིགས་ཚད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ་འདེགས་སྐྱོར་ཡང་མཁོ་འདོན་བྱས་ཡོད། གཉིས་ནི་རང་སྐྱོང་ལྗོངས་ཀྱིས་དུས་ཐོག་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་ཏེ་འབྱོར་ཕྱུག་གི་བོད་ལྗོངས་དང་། ཞི་མཐུན་གྱི་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་གི་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་སྐྲུན་རྒྱུའི་དཔེ་རིས་སྔོན་པོ་བཀོད་ཡོད་པས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་སོང་ནས་ང་ཚོས་བོད་ལྗོངས་འདི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་བསམ་གཞི་གསལ་པོ་སྟོན་ཡོད། གསུམ་ནི་དཔལ་འབྱོར་ལོ་20བསྟུད་མར་གྲངས་གཞི་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་། གོང་འཕེལ་གྱི་ཁོར་ཡུག་ཟམ་མི་ཆད་པར་ཡག་ཏུ་སོང་བ། འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འགན་སྲུང་མ་ལག་ཐོག་མའི་ཆར་བསྐྲུན་ཟིན་ནས་ཁྱད་ལྡན་དགེ་སྟོབས་ཐོན་ལས་གོང་འཕེལ་འགྲོ་འགོ་ཚུགས་པ་དང་། ཁུལ་ཁོངས་མཉམ་ལས་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་སོང་ཡོད་གཤིས། ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་འགྲོ་ལམ་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད། བཞི་ནི་རེས་འཁོར་གསར་པའི་རོགས་སྐྱོར་ལས་དོན་དེ་གཏིང་ཟབ་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་བ་དང་། རོགས་སྐྱོར་བྱ་ཐབས་ཀྱང་རྒྱུན་ཆད་མེད་པར་ལེགས་གྱུར་བྱུང་ནས་གཞི་རིམ་ལ་འཕར་གཟིགས་དང་། རང་སྟོབས་འཕེལ་ནུས་ལ་དོ་སྣང་བྱས་པ། ཕན་ཚུན་གཉིས་ཀར་ཁེ་ཕན་ཐོབ་པའི་བྱེད་སྟངས་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་གཏིང་ཟབ་སོང་བ། དཔལ་འབྱོར་ཐད་ཀྱི་བོད་སྐྱོར་དང་། ལས་བྱེད་པའི་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར། རིག་གནས་ཀྱི་བོད་སྐྱོར། ལས་ཞུགས་ཀྱི་བོད་སྐྱོར་བཅས་ཀྱི་རྣམ་པ་ཞིག་རྩ་བའི་ཆ་ནས་ཆགས་ཟིན་པ་དང་། རོགས་སྐྱོར་བྱེད་ཤུགས་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས་ང་ཚོར་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་རྒྱུར་མ་འཇོག་གི་ཁ་གསབ་དང་། ཐོན་ལས་ཀྱི་སྣེ་ཁྲིད། དམངས་འཚོ་ལེགས་བཅོས། ཤེས་ལྡན་པ་གསོ་སྐྱོང་། མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་གལ་ཆེའི་འབྲེལ་ཟམ་ཞིག་མཁོ་འདོན་བྱས་ཡོད། ལྔ་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ཐད་བྱ་ཐབས་ནུས་ལྡན་དང་ཕན་ནུས་ལྡན་པ་སྤེལ་ཡོད་པས་དེ་ནི་དམངས་སེམས་དང་དམངས་ཕན་གྱི་བྱ་ཐབས་ཤིག་ཡིན་ཞིང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་བྱ་སྤྱོད་ཅིག་ཀྱང་ཡིན་སྟབས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

        གསུམ། 2013ལོའི་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་རྒྱུའི་སྤྱིའི་བླང་བྱ་དང་སྔོན་དཔག་གི་དམིགས་ཚད།

        ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་2013ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱིའི་བླང་བྱ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་མཛད་ཕྱོགས་དང་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་སོགས་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ཀྲུང་དབྱང་གི་གཞི་ཆེའི་དཔལ་འབྱོར་གྱི་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བཟུང་བ་དང་། དཔལ་འབྱོར་གོང་འཕེལ་གཏོང་ཕྱོགས་ལ་གང་མགྱོགས་འགྱུར་བ་གཏོང་དགོས་པ་དེ་གཙོ་རྐང་དུ་བྱས་ཐོག་བརྟན་ཐོག་མྱུར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་ཡོང་རྒྱུར་དམ་འཛིན་ཡག་པོ་བྱས་ཐོག་སྤུས་ཚད་དང་ཕན་འབྲས་ལྡན་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་དགོས་པ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་སྤེལ་རྒྱུར་ཤུགས་བརྒྱབ་སྟེ་གོང་འཕེལ་གྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་འཕེལ་ངོ་བཟང་པོ་ཡོང་གང་ཐུབ་བྱེད་དགོས།

        2013ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཙོ་བོའི་སྔོན་དཔག་དམིགས་ཚད་ནི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་དེ་12%ཡན་ཟིན་པ་བྱེད་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་18%ཡན་ཟིན་པ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་བྱེད་ཚད་སྤྱི་འབོར་དེ་18%ཡན་ཟིན་པ་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་དེ་12%ཟིན་པ་བྱེད་རྒྱུ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་འཕར་ཚད་དེ་15%ཡན་ཟིན་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དེ་2.5%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དེ་3.5%ཡས་མས་སུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོགས་ཡོང་འབབ་དེ་8%ཡན་ཟིན་པ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་དེ་13%ཡན་འཕར་བ་བྱེད་རྒྱུ་བཅས་ཡིན།

        བཞི། 2013ལོའི་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་རྒྱུའི་ལས་འགན་དང་བྱ་ཐབས་གཙོ་བོ།

        2013ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་བཙུགས་པའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་སྔར་སོང་རྗེས་མཐུད་ཀྱི་འགག་རྩའི་ལོ་ཞིག་ཀྱང་ཡིན་པ་མ་ཟད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་རྨང་གཞི་བརྟན་པོ་ཞིག་འདིང་པའི་གལ་ཆེའི་ལོ་ཞིག་ཀྱང་ཡིན་པས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་བརྗོད་བྱ་གཙོ་བོ་དང་གཙོ་རྐང་ལ་དམ་པོར་དམིགས་ཏེ་ད་རེས་ཀྱི་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་བྱ་ཐབས་ཤུགས་ཆེར་བཏང་སྟེ་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་གྱིས་ལམ་བཤངས་གསར་གཏོད་བྱས་ནས་སྤུས་ཚད་དང་ཕན་འབྲས་གཉིས་ལྡན་གྱི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ “དྲུག་ལྡན་གྱི་བོད་ལྗོངས ”སྐྲུན་རྒྱུར་ཤུགས་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་བའི་འཕེལ་ངོ་བཟང་པོ་དེ་མི་ཉམས་པ་འགན་ལེན་བྱེད་དགོས།

        (གཅིག )ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།

        མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་བསམ་གཞི་སྔར་བས་འཐུས་ཚང་དུ་གཏོང་དགོས་པ། ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་གནང་བའི་2020ལོར་སླེབས་དུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུའི་བརྗིད་ཆེའི་དམིགས་ཚད་ལ་དམིགས་ཏེ་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ཀྱི་དམིགས་ཚད་ལས་འགན་དང་དཔྱད་བསྡུར་བྱས་ཐོག་ཞིབ་འཇུག་གཏིང་ཟབ་ཀྱིས་གོང་འཕེལ་གྱི་འཐབ་ཇུས་སྔར་བས་ལེགས་གྱུར་བྱས་ཏེ་འཆར་འགོད་རྩ་གནད་ནང་བཏོན་པའི “བརྗོད་བྱ་གཙོ་བོ་དང་གཙོ་རྐང ”དང “རྒྱུན་འཁྱོངས་དྲུག ”གི་གཞི་རྩའི་བླང་བྱ་དོན་འཁྱོལ་བྱེད་རྒྱུར་ཤུགས་རྒྱག་རྒྱུ་དང་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་གནང་བའི “ངེས་པར་དུ་བཞི ”དང “རྒྱུན་འཁྱོངས་བརྒྱད ”ཀྱི་གཞི་རྩའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། གཙོ་གནད་དུ་འཆར་འགོད་རྩ་གནད་ཀྱི་དུས་འབྲིང་ཚོད་སྐོར་བྱས་ཐོག་ནན་ཏན་གྱིས་ལག་བསྟར་གྱི་གྲུབ་འབྲས་ལ་དབྱེ་ཞིབ་བྱེད་དགོས་པ་དང་། ད་ལྟའི་བསམ་གཞིར་ལེགས་བཅོས་གཏིང་ཟབ་བྱས་ཏེ་རང་ལྗོངས་ཀྱི་གྲོང་ཁྱེར་གྲོང་རྡལ་ཅན་དུ་གོང་འཕེལ་གཏོང་རྒྱུའི་གཞི་རྩའི་བསམ་གཞི་དང་། གོང་འཕེལ་གྱི་གཙོ་གནད། གཅིག་གྱུར་ཐོག་གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་གཏོང་རྒྱུའི་སྲིད་ཇུས་ཐད་ཀྱི་གྲོས་འཆར། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་གྱི་ཚད་གཞི། ཁྱད་ལྡན་ཐོན་ལས་ཆེན་པོ་ཁུལ་འཛུགས་རྒྱུའི་སྲིད་ཇུས་ཀྱི་ཁ་ཕྱོགས། ཁུལ་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཏུ་གྱུར་བ་བྱེད་རྒྱུ་བཅས་ཀྱི་བྱ་ཐབས་འདོན་དགོས་པ་དང་། ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་བཏོན་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། དམིགས་ཚད་གསར་པ། བྱ་ཐབས་གསར་པ་བཅས་འཆར་འགོད་རྩ་གནད་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་དོན་འཁྱོལ་ཧུར་ཐག་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས།

        གོང་འཕེལ་ཁྲོད་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བླང་བྱ་མཚོན་གང་ཐུབ་བྱེད་དགོས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྣམས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཕྱོགས་གང་ཐད་ཀྱི་ནང་དུ་དོན་འཁྱོལ་ཐུབ་པ་བྱས་ཏེ་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་ཞིབ་ཕྲ་བཟོས་ཐོག་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་བོད་ཀྱི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག ཤེས་ལྡན་མི་སྣ། བོད་སྐྱོར་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཅིག་གྱུར་སྲིད་ཇུས་ལག་བསྟར་དང་གདིང་ཤུགས་གཏིང་ཟབ་བསྔོག་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་རྒྱུ་འགན་ལེན་བྱེད་དགོས།

        སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ། གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་གཞི་རྟེན་དུ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི “ལས་བྱེད་པ་ཁྲི་ཕྲག་ཞིང་ཁྱིམ་དུ་བསྐྱོད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱེད་རྒྱུའི ”བྱེད་སྒོའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་རྣམས་དུད་ཚང་ཀུན་གྱིས་གསལ་རྟོགས་ཐུབ་པ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་རྣམས་གཞི་རིམ་དུ་དྲིལ་བསྒྲགས་དང་། གཞི་རིམ་དུ་ལག་བསྟར། གཞི་རིམ་དུ་དོན་འཁྱོལ་བཅས་ཏན་ཏིག་ཐུབ་པ་བྱས་ནས་དུད་ཚང་དང་མི་ཚང་མས་ཤེས་ཐུབ་པ་བཟོ་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཁག་གཉིས་པའི་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ “ལས་འགན་ཁག་ལྔ ”ཏན་ཏན་ཏིག་ཏིག་གི་སྒོ་ནས་ལེགས་གྲུབ་ཡག་པོ་བྱས་ནས་རྒྱུན་ཆད་མེད་པར་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོའི་རྣམ་པ་གསར་པ་ཞིག་གཏོད་དགོས།

        (གཉིས )དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་དགོས།

        རྣམ་གྲངས་བརྩོན་ལེན་དང་མ་འཇོག་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ལྷོད་མེད་བྱེད་དགོས་པ། ལྗོངས་ཕྱི་ནང་གི་འཐབ་ཕྱོགས་གཉིས་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་རིམ་ཁག་སྡེ་ཚན་དང་ལྷག་པར་དུ་ཞིབ་ཕྲའི་རྣམ་གྲངས་འགན་འཁུར་བྱེད་མཁན་ཚན་པ་དང་། སྔོན་གྲབས་ཞིབ་མཆན་འགོད་མཁན་སྡེ་ཚན་གྱིས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་སྤེལ་མགྱོགས་སུ་གཏོང་དགོས་པ་དང་། པེ་ཅིང་ལས་དོན་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་སྟོབས་ཤུགས་ཁ་སྐོང་གང་ལེགས་བྱས་ནས་མ་དངུལ་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ལྷོད་མེད་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཏེ་ལྷ་ཉིང་ལྕགས་ལམ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས། སོལ་བ་ལུང་ཆུ་ཤུགས་གློག་ཁང་སོགས་གཙོ་གནད་རྣམ་གྲངས་ལས་འགོ་སྔ་ཙམ་འཛུགས་རྒྱུར་བརྩོན་ལེན་བྱས་ཏེ་རྣམ་གྲངས་ཁག་226ནང་གི་འཕྲོས་ལྷག་རྣམ་གྲངས་ཚང་མ་ལས་འགོ་བཙུགས་ནས་འཛུགས་སྐྲུན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། མདོ་ཕུག་དང་། རྫམ། མགོན་མདོ་བཅས་ཀྱི་ཆུ་ཤུགས་གློག་ཁང་དང་། མངའ་རིས་ཀྱི་དྲ་འབྲེལ་འོད་ཤུགས་གློག་ཁང་། ནག་ཆུའི་རླུང་ནུས་གློག་ཁང་འཛུགས་སྐྲུན་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གསར་སྤེལ་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་གློག་དྲ་འཛུགས་སྐྲུན་དང་སྒྱུར་བཅོས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱིས་གཏན་འཁེལ་བྱས་པའི་འབྲེལ་ཡོད་དོན་གནད་དོན་འཁྱོལ་བྱེད་རིམ་ཇེ་མགྱོགས་སུ་གཏོང་དགོས། རྣམ་གྲངས་ཁག་འདེམས་སྒྲུག་གྲབས་གསོག་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་འཆར་འགོད་ཀྱི་ཇུས་གཞིའི་དུས་འབྲིང་ལ་ལེགས་སྒྲིག་བྱེད་རྒྱུར་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། ལོ་འཁོར་གྱི་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་380དོན་འཁྱོལ་ཐུབ་པ་འགན་ལེན་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རྣམ་གྲངས་ནང་རྒྱལ་ཁབ་ཀྱི་མ་འཇོག་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་1000ཟིན་པ་དོན་འཁྱོལ་བརྩོན་ལེན་བྱེད་དགོས། ཆོག་མཆན་བཀོད་ཟིན་པ་དང་། འཛུགས་སྐྲུན་བྱེད་སྒང་ཡིན་པའི་རྣམ་གྲངས་རིགས་ལ་ཁྲིམས་ཚན་ལྟ་སྐུལ་བྱེད་མཁན་ཚན་པ་དང་། གཙོ་འགན་འཁུར་མཁན་ཚན་པ། ལྟ་སྡོམ་སྡེ་ཚན་བཅས་ལ་ལྟ་སྐུལ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་ཐེ་ཇུས་དོ་དམ་བྱེད་དགོས་པ་དང་། གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་དོན་འཁྱོལ་ནན་པོ་བྱས་ཏེ་གནད་དོན་ཐོན་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་རྣམ་གྲངས་ཀྱི་འཕེལ་རིམ་དང་། སྤུས་ཚད། མ་འཇོག་གི་ཕན་འབྲས་བཅས་འགན་ལེན་བྱེད་དགོས།

        འཛད་སྤྱོད་རྒྱ་ཆེར་གཏོང་རྒྱུའི་གདིང་ཤུགས་མུ་མཐུད་སྔོག་འདོན་གཏིང་ཟབ་བྱེད་དགོས་པ། གྲོང་ཁྱེར་གྱི་འཛད་སྤྱོད་བརྟན་པོ་དང་གོང་འཕེལ་ཡག་པོ་བཏང་ནས་སྣ་མང་ཅན་དང་། དེང་དུས་ཅན་གྱི་དར་སོ་ཆེ་བའི་འཛད་སྤྱོད་རིགས་གསོ་སྤེལ་ཧུར་ཐག་གིས་ཁྲོམ་རའི་གཙོ་རྐང་སྣེ་ཁྲིད་ཧུར་ཐག་བྱས་ཏེ་གྲོང་ཁྱེར་གྱི་བར་སྟོང་གྲུབ་ཚུལ་ལ་གཞིགས་ནས་ས་ཁང་ཐོན་ལས་དང་། མོ་ཊ། རིག་གནས། ལུས་སྦྱོང་། རོལ་རྩེད། ཟོག་ཉོ། བཟའ་བཏུང་སོགས་ཀྱི་འཛད་སྤྱོད་བྱ་ཡུལ་གསར་པར་སྐུལ་མ་བཏང་སྟེ་བར་སྟོང་མི་འདྲ་བ་དང་ཁྱད་ཆོས་མི་འདྲ་བའི་འཛད་སྤྱོད་ཀྱི་རྣམ་པ་ཞིག་ཆགས་རྒྱུར་བརྩོན་ལེན་བྱས་ནས་གྲོང་ཁྱེར་གྱི་འཛད་སྤྱོད་འཕར་ཚད་དེ་20%ཡན་ཟིན་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཡུལ་སྐོར་གྱི་འཛད་སྤྱོད་ཁོར་ཡུག་ལེགས་འགྱུར་ཡོང་བར་བྱེད་རྒྱུར་ཤུགས་བརྒྱབ་སྟེ་ཁྱད་ཆོས་ལྡན་པ་དང་། བློ་རིག་གསར་པ། དགེ་མཚན་ལྡན་པ་བཅས་ཀྱི་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་གནས་གསོ་སྤེལ་བྱས་ཏེ་ཡུལ་སྐོར་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་སྒྲིག་བཀོད་ལེགས་བཅོས་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་འཛད་སྤྱོད་ལ་ངར་སྐུལ་བྱེད་པའི་སྲིད་ཇུས་དོན་འཁྱོལ་གྱིས་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས “གྲོང་ཁྲི་ཤང་སྟོང ”གི་ཁྲོམ་རའི་ལས་གཞི་དམ་འཛིན་བྱས་ཏེ་གྲོང་གསེབ་ཀྱི་འཛད་སྤྱོད་དགོས་མཁོ་འགན་སྲུང་བྱེད་པ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་དུས་ཚིགས་རང་བཞིན་གྱི་དངོས་ཟོག་མཁོ་སྤྲོད་ལྟར་ཁུལ་གནས་དང་། བང་རིམ་མི་འདྲ་བར་གཞིགས་ཏེ་བྲིན་ཚོང་གི་ལས་སྟེགས་ཡག་པོ་སྐྲུན་དགོས་པ་དང་། བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏོད་དེ་འཛད་སྤྱོད་ཀྱི་གདིང་ཤུགས་རྒྱ་ཆེར་བཏང་ནས་གྲོང་གསེབ་ཀྱི་འཛད་སྤྱོད་མགྱོགས་མྱུར་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཛད་སྤྱོད་ཁྱབ་ཁོངས་ནང་གི་ཁྲིམས་འགལ་བྱ་སྤྱོད་རིགས་ལ་རྡུང་རྡེག་ནན་པོ་བཏང་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

        ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བ་བྱེད་དགོས་པ། དགེ་མཚན་ལྡན་པའི་སྒོ་དབྱེའི་འཐབ་ཇུས་རང་འགུལ་གྱི་སྒོ་ནས་ལག་བསྟར་སྔར་བས་ཡག་པ་བྱས་ཐོག ཕན་ཚུན་གཉིས་ཀར་ཁེ་བཟང་དང་། སྣེ་མང་དོ་སྙོམས། སྐྱོན་བྲལ་ཕན་ནུས་ཆེ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མ་ལག་འཐུས་ཚང་དུ་བཏང་ནས་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་དེ་12%ཡན་ཟིན་པ་འགན་ལེན་བྱེད་རྒྱུ། སྐྱིད་རོང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ནས་འགག་སྒོ་དེའི་ཕྱི་ཕྱོགས་སུ་སྐྱོད་པའི་དཔལ་འབྱོར་མཉམ་ལས་ཁུལ་གྱི་སྔོན་གྲབས་ལས་དོན་སྤེལ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། གཞན་ཡང་འགྲམ་འགག་སྒོའི་གདང་རིམ་མཐོ་རུ་ཧུར་ཐག་གཏོང་རྒྱུ་དང་གྲོ་མོ་འགག་སྒོ་སྒོ་དབྱེ་སླར་གསོ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྤུ་ཧྲེང་དང་། རི་བོ་འགག་སྒོ་གཉིས་ཀྱི་འཛུགས་སྐྲུན་འཆར་འགོད་ཕྱོགས་ཡོངས་ནས་སྤེལ་འགོ་འཛུགས་རྒྱུ། མུ་མཐུད་མཐའ་མཚམས་ཉོ་ཚོང་ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉོ་འཚོང་ལྟེ་གནས་དང་། དངོས་ཟོག་འགྲེམས་གཏོང་ལྟེ་གནས། ཕྱིར་གཏོང་རྟེན་གཞི་བཅས་ཀྱི་བྱེད་ནུས་འཐུས་སྒོ་ཚང་དུ་བཏང་ནས་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་འགྲོ་བ་བྱེད་དགོས།

        (གསུམ )མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་གོང་མཐོར་གཏོང་དགོས།

        ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་གྲོང་མིའི་ཡོང་འབབ་མཐོ་རུ་གཏོང་དགོས་པ། ངལ་རྩོལ་པའི་བྱང་ཚད་གོང་མཐོར་གཏོང་རྒྱུ་དེ་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུའི་གལ་ཆེའི་བྱ་ཐབས་ཤིག་ཏུ་བརྩིས་ནས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཡོང་འབབ་བགོ་འགྲེམས་ཀྱི་ལམ་སྲོལ་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གང་མགྱོགས་བཏང་སྟེ་ཡོང་འབབ་བགོ་འགྲེམས་ཀྱི་གོ་རིམ་ཚད་ལྡན་བཟོ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིའི་གླ་ཕོགས་ཡོང་འབབ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ལས་གཉེར་ཡོང་འབབ་མུ་མཐུད་སྲ་བརྟན་དུ་བཏང་ནས་གྲོང་མིའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་དང་སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་ཐབས་ལམ་སྣ་མང་ལ་བརྟེན་ནས་རྒྱ་ཆེར་གཏོང་དགོས་པ་དང་། ཐོག་མའི་བགོས་འགྲེམས་ནང་དུ་ངལ་རྩོལ་པའི་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་དགོས་ཤིང་གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུ་གོམ་པ་མཉམ་མཚུངས་ཡོང་བ་བྱེད་རྒྱུ། ངལ་རྩོལ་གྱི་ཐོབ་ཆ་འཕར་སྣོན་དང་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་འགྲོ་བ་དང་གོམ་པ་མཉམ་མཚུངས་ཡོང་རྒྱུར་བརྩོན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་ཡོང་འབབ་དེ་8%ཡན་འཕར་ཐུབ་པ་བྱེད་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་དེ་13%ཡན་འཕར་སྣོན་ཡོང་བ་འགན་ལེན་བྱེད་རྒྱུ། དབུལ་སྐྱོར་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ཀྱི་དབུལ་སྐྱོར་དང་། རྣམ་གྲངས་ཀྱི་དབུལ་སྐྱོར། ཐོན་ལས་ཀྱི་དབུལ་སྐྱོར། སྤྱི་ཚོགས་ཀྱི་དབུལ་སྐྱོར་བཅས་བྱ་ཐབས་སྣ་མང་མཉམ་འཛིན་རྒྱུན་འཁྱོངས་བྱས་ནས་དབུལ་པོའི་མི་འབོར་ཁྲི་12.8ཉུང་དུ་འགྲོ་བ་བརྩོན་ལེན་བྱེད་དགོས།

        བདེ་འཁོད་ལས་གཞི་དང་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལག་བསྟར་ཇེ་མགྱོགས་སུ་གཏོང་དགོས་པ། སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཚགས་ཚུད་ཀྱིས་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཐོག བདེ་འཁོད་ལས་གཞི་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལོར་རྒྱལ་ཁ་ལེན་ཐུབ་པ་བརྩོན་ལེན་བྱས་ཏེ་ལོ་གསུམ་གྱི་ནང་དུ་དུད་ཚང་ཁྲི་18.55ཡི་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞིའི་འཛུགས་སྐྲུན་དམིགས་ཚད་མངོན་གྱུར་ཡོང་བ་འགན་ལེན་བྱེད་རྒྱུ། འཐུང་ཆུ་དང་། གློག ལམ། རླངས། འཕྲིན་གཏོང། སྦྲག་ལས། རླུང་འཕྲིན་བཪྙན་འཕྲིན། དེ་བཞིན་མཛེས་སྡུག་ལྡན་པའི་ཁོར་ཡུག “ཞིང་དུད་ལ་རིགས་བརྒྱད་བཟོ་འཁྲིད་”ལས་གཞི་ལག་བསྟར་ཇེ་མགྱོགས་སུ་བཏང་ནས་ལེགས་གྲུབ་བྱུང་མེད་པའི་ལས་འགན་རིགས་གཅིག་སྡུད་ཀྱིས་འགག་གནད་ལས་སྒྲོལ་བ་བྱས་ཐོག ལོ་མཇུག་ཏུ་རྩ་བའི་ཆ་ནས་བརྒྱད་ཤར་གཏོང་ཐུབ་པ་བརྩོན་ལེན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ་འཆར་གཞི་སྔ་ཙམ་གཏན་འཁེལ་བཟོས་ནས་སྔོན་གྲབས་ལས་དོན་ཁག་གང་མགྱོགས་སྤེལ་དགོས་པ་དང་། ལས་སྒོ་སྒྲིག་འཛུགས་བྱེད་རྒྱུར་དམ་འཛིན་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི་4.3བསྐྲུན་པ་དང་ས་ཁུལ (གྲོང་ཁྱེར )དང་རྫོང་རིམ་པའི་ལས་བྱེད་པ་དང་ལས་བཟོའི་ལས་ཤག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཡོང་འབབ་དམའ་འབྲིང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་དགོས་མཁོ་སྐོང་རྒྱུ། ལྷ་ས་གྲོང་ཁྱེར་གྱི་དྲོད་གཏོང་ལས་གཞིར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ་དང་འབྲེལ་ས་ཁུལ་དང་རྫོང་གི་དྲོད་གཏོང་ལས་གྲྭ་རིམ་གྱིས་ལག་བསྟར་བྱེད་རྒྱུ།

        དམངས་ཕན་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ། སློབ་གསོ་དང་། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་བྱ་གཞག་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་བྱ་གཞག་ལ་ཤུགས་སྣོན་གྱིས་སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་དགོས་པ། རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་ཟིན་པའི་སློབ་གསོའི་ཁྱབ་གདལ་ཕན་སྦྱར་སྲིད་ཇུས་དང་། སྨན་རིན་སྤྲོད་མི་དགོས་པའི་སྨན་བཅོས་སྲིད་ཇུས། སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་བཅས་ཆད་ལུས་མེད་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ་སྔར་བས་རང་འགུལ་གྱི་སྒོ་ནས་སྲིད་ཇུས་དེ་རྣམས་རྒྱ་སྐྱེད་དུ་གཏོང་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། སྔར་བས་རང་འགུལ་གྱི་སྒོ་ནས་རྒྱལ་ཁབ་པུའུ་ཨུད་ཁག་ནས་རྒྱབ་སྐྱོར་ཐོབ་རྒྱུར་བརྩོན་ལེན་བྱས་ནས་མི་དམངས་མང་ཚོགས་རྣམས་ལ་སྔར་བས་ལེགས་པའི་སློབ་གསོ་དང་། སྔར་བས་བརྟན་པའི་ལས་ཀ སྔར་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་ཀྱི་འགན་སྲུང་བཅས་ཡོང་རྒྱུར་འགན་ལེན་ཧུར་ཐག་བྱས་ཏེ་སློབ་གསོའི་སྤུས་ཚད་སྔར་ལས་ལྷག་པའི་སྒོ་ནས་གོང་མཐོར་གཏོང་དགོས་པ། ལྷན་སྐྱེས་ཀྱི་སྙིང་ནད་ཡོད་པའི་བྱིས་པར་སྨན་ཡོན་སྤྲོད་མི་དགོས་པའི་སྨན་བཅོས་ལེགས་གྲུབ་ཡོང་བ་བྱེད་རྒྱུ། འགན་བཅོལ་རིགས་སྣ་ཚོགས་ཀྱི་ནང་ཞུགས་ཚད་93%ཡན་ཟིན་པ་འགན་ལེན་བྱེད་རྒྱུ། གྲོང་གསེབ་གྱི་འགན་ལེན་ལྔའི་དུད་ཚང་ལ་གཅིག་སྡུད་འཚོ་སྐྱོང་བྱེད་ཚད་40%ཡན་ཟིན་པ་བྱེད་རྒྱུ་མ་ཟད་ཁ་ཐོར་དུ་གནས་པའི་དྭ་ཕྲུག་4500ལྷག་ཙམ་ལ་འཚོ་སྐྱོང་རོགས་སྐྱོབ་ནུས་ལྡན་ཐུབ་པ་བྱེད་རྒྱུ་བཅས་ཡིན། ལས་ཞུགས་དང་ལས་ཞུགས་བསྐྱར་མའི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་བྱས་པའི་མིའི་ལས་ཤོར་གྱི་ཚད་གཞི་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་ཆབ་མདོའི་ལས་དོན་སྐོར་གྱི་ཚོགས་འདུ་དང་མཐའ་མཚམས་ལས་དོན་སྐོར་གྱི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ “9·18”ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་ཁྱིམ་གཞིས་བསྐྱར་སྐྲུན་གྱི་ལེ་ལག་ཚང་སྒྲིག་བྱ་ཐབས་ཁག་ཡག་པོ་བསྒྲུབས་ནས་ཁུལ་ཁོངས་གོང་འཕེལ་འགྲོ་བའི་ཧེ་བག་ཆུང་དུ་གཏོང་དགོས།

        (བཞི )ཐོན་ལས་ཀྱི་གྲུབ་ཆ་དང་ཁྱབ་ཚུལ་ལེགས་གྱུར་ཡོང་བ་བྱེད་དགོས།

        གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་གོང་འཕེལ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། མུ་མཐུད་ཞིང་ལས་སྟོབས་ཆེར་གཏོང་རྒྱུ་དང་། ཞིང་པར་ཕན་པ་སྦྱར་བ། ཞིང་པ་ཕྱུག་པོ་ཡོང་བ་བྱེད་རྒྱུ་བཅས་ཀྱི་སྲིད་ཇུས་ཤུགས་ཆེར་བཏང་ཐོག་ཞིང་འབྲོག་ལས་དེང་རབས་ཅན་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཤུགས་ཆེར་བཏང་སྟེ་ནས་སོགས་གཙོ་བོའི་འབྲུ་རིགས་འགན་ལེན་དང་གལ་ཆེའི་ཞིང་ལས་ཐོན་རྫས་མཁོ་འདོན་འགན་སྲུང་ནུས་ལྡན་བྱས་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་དེ་ཀྲོན་ཁྲི་95ཡན་ཟིན་པ་འགན་ལེན་ཐོག་ཀྲོན་ཁྲི་100ཟིན་པ་བརྩོན་ལེན་བྱེད་རྒྱུ་མ་ཟད། ཕྱུགས་རིགས་བཤས་གཏོང་ཚད་དེ་30%ཡན་ཟིན་པ་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ། གཅིག་གྱུར་ཐོག་གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་གོང་འཕེལ་གཏོང་རྒྱུའི་ལམ་སྲོལ་འཐུས་ཚང་དུ་ཇེ་མགྱོགས་གཏོང་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ས་ཞིང་བསྡུ་སྤྱོད་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས་པ། བརྟན་པོའི་སྒོ་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་བྱེད་པའི་ལེ་ལག་ཚང་སྒྲིག་གི་སྲིད་ཇུས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་ཞིང་འབྲོག་ལས་མིའི་ལས་ཞུགས་ལས་སྟེགས་དང་ཁོ་ཚོའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་དུ་སྐྱོད་མཁན་ལས་མིར་འདྲ་མཉམ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་25%ཟིན་པ་བརྩོན་ལེན་བྱེད་དགོས།

        ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་དགོས་པ། རྗེས་ཐོན་ཁྱད་ཡོན་འདོན་སྤེལ་བྱས་ཏེ་ནུས་ཁུངས་ཀྱི་ཐོན་ལས་དང་། དགེ་སྟོབས་ལྡན་པའི་གཏེར་ཐོན་ལས་རིགས། བོད་ལུགས་གསོ་རིག་སྨན་རྫས་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་གཙོ་རྟེན་ཐོན་ལས་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གྱི་གལ་ཆེའི་ཆེད་དོན་རྣམ་གྲངས་ལག་བསྟར་ཇེ་མགྱོགས་སུ་བཏང་སྟེ་གསར་གཏོད་ཀྱི་སྐུལ་སྤེལ་དང་། གཞི་ཁྱོན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག་ཁྱད་ཆོས་ལྡན་པ་དང་། གཞི་ཁྱོན་ལྡན་པ། ཟུར་བསྣན་གྱི་རིན་ཐང་མཐོ་བ། འགྲན་རྩོད་ཀྱི་སྟོབས་ཤུགས་ཆེ་བ་བཅས་གྲགས་ཅན་གྱི་རྟགས་ལེགས་ཁག་གཅིག་བཏོད་དེ་ཁྲོམ་རའི་གོ་སྐབས་དང་གཞི་རྒྱ་བཟུང་ཐུབ་པ་བྱེད་དགོས་པ། མཚོ་བོད་ཀྱི་གཅིག་སྡུད་གཏེར་ཁུལ་དུ་ཆེད་དོན་རྩད་ཞིབ་བྱེད་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་གཡུ་ལུང་ཟངས་གཏེར་དང་། གཞུང་གྲོང་ཚོའི་ཟངས་གཏེར། རྒྱ་མའི་ཟངས་མང་ལྕགས་གཏེར། གྲོང་ཀྱང་ཟངས་གཏེར། གྲབ་ཡེར་གྱི་དུས་ཁག་གཉིས་པའི་ལས་གྲྭ་བཅས་དང་དེ་བཞིན་ཆབ་མདོ་དང་། ལྷ་ས། གཞིས་རྩེ་བཅས་ཀྱི་སྦེ་ལཱ་ས་སྐམ་བསྲེགས་ཀྱི་ཐོན་སྐྱེད་བྱེད་སྟངས་གསར་པ་སོགས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ། རྒྱ་མ་ལུང་ཤུར་སོགས་མདོག་ཅན་ལྕགས་རིགས་རྟེན་གཞི་འཆར་འགོད་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་འགྲིམ་འགྲུལ་དང་གློག་ཤུགས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་བསྲིང་བྱེད་དགོས་པ། དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་དེ་བས་ཕན་ཐོགས་ཆེན་པོ་ཡོད་པའི་སྲིད་ཇུས་བྱ་ཐབས་ལག་བསྟར་བྱེད་དགོས། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་Bཁུལ་དང་། བོད་མཚོའི་བཟོ་ལས་སྡེ་གླིང་། སྟག་རྩེའི་བཟོ་ལས་རྭ་བ་སོགས་ཀྱི་ཐོན་ལས་རྭ་བ་འཛུགས་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་དགོས་པ། ཆབ་མདོར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། ལྗོངས་ནང་ཁུལ་གྱི་ཁེ་ལས་ཚོགས་པ་ཆེ་གྲས་དང་། ཚན་རྩལ་གྱི་རྣམ་པ་ལྡན་པའི་ཁེ་ལས་འབྲིང་ཆུང་གོང་འཕེལ་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་ཁུར་པོ་ཡང་དུ་གཏོང་བ་དང་ལས་གཞི་གྲུབ་རྒྱུར་ཤུགས་ཆེན་པོ་བརྒྱབ་སྟེ་ཐོན་ལས་གཉིས་པའི་བསྡུར་ཚད་དེ་བརྒྱ་ཆའི་གྲངས 1མཐོ་རུ་འགྲོ་བ་འགན་ལེན་བྱེད་དགོས།

        ཡུལ་སྐོར་ལས་རིགས་ཀྱིས་སྣེ་འདྲེན་བྱས་པའི་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ། ཡུལ་སྐོར་གྱི་ཁོར་ཡུག་ལེགས་བཅོས་གཏོང་རྒྱུ་དང་། ཡུལ་སྐོར་ཁྲོམ་རའི་བྱེད་ནུས་འཐུས་ཚང་དུ་གཏོང་རྒྱུ། ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོ་ཆེ་རུ་གཏོང་བ་དང་ཆབས་ཅིག་ལྗོངས་གཟིགས་ཀྱི་ཡུལ་སྐོར་དང་། སྤྲོ་གསེང་གི་ཡུལ་སྐོར། དུས་ཆེན་གྱི་ཡུལ་སྐོར། རི་འཛེགས་སོགས་དམིགས་བསལ་ཡུལ་སྐོར་ཐད་ཤུགས་བརྒྱབ་སྟེ་ཡུལ་སྐོར་གྱི་ཕན་འབྲས་དང་སྤུས་ཚད་ཤུགས་ཆེར་འགྲོ་བ་བྱས་ཐོག སྒོ་ཀུན་ནས་འཛམ་གླིང་ཡུལ་སྐོར་བྱེད་དམིགས་ཀྱི་གཟུགས་བཪྙན་དང་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་གྱི་ཡོང་འབབ་དེ་25%ཡན་འཕར་སྣོན་ཡོང་བ་འགན་ལེན་བྱེད་དགོས་པ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་བཏང་སྟེ་ཞབས་ཞུའི་ལས་རིགས་གསར་པའི་རིགས་གོང་འཕེལ་ཧུར་ཐག་བཏང་ཐོག་ཇུས་བཀོད་ཞིབ་འཇུག་གསར་སྤེལ་དང་། ཞིབ་བཤེར་ཚད་ལེན། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། གློག་རྡུལ་ཚོང་དོན། ཞབས་ཞུ་འཐུམ་སྒྲིལ་བཅས་ཆེད་ལས་ཅན་གྱི་ཞབས་ཞུ་གོང་འཕེལ་གཏོང་དགོས། རང་ལྗོངས་ཀྱི་ཞབས་ཞུའི་ལས་རིགས་བསྡོམས་རྩིས་མ་ལག་ཞིབ་འཇུག་གིས་ཁྱབ་སྤེལ་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་ཞབས་ཞུའི་ལས་རིགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཐོན་ལས་གསུམ་པའི་འཕར་ཐང་12%ཡན་འཕར་སྣོན་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས།

        གསར་གཏོད་སྐུལ་སྤེལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་དགོས་པ། ལས་སྟེགས་སྐྲུན་པ་དང་། ཆེད་དོན་རྣམ་གྲངས་འགག་སྒྲོལ། གཞན་སྒྱུར་ལ་སྐུལ་འདེད། ཁྱབ་གདལ་ཤུགས་ཆེ་གཏོང་རྒྱུ་བཅས་ཀྱི་ཐད་འབད་བརྩོན་བྱེད་རྒྱུར་ཤུགས་བརྒྱབ་སྟེ་ས་མཐོའི་ཁྱད་ཆོས་ལྡན་པའི་ཁྱབ་ཁོངས་ནང་གི་གདོད་མའི་གསར་གཏོད་དང་གཅིག་སྡུད་གསར་གཏོད་བྱེད་ནུས་ཤུགས་ཆེར་གཏོང་དགོས་པ། ཁྱད་ལྡན་ཞིང་འབྲོག་ལས་དང་། ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས། ནུས་ཁུངས་གསར་པ་བེད་སྤྱོད། བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་དང་ཐོན་ལས་ཅན་དུ་འགྱུར་རྒྱུ། གཏེར་ལས་ཐོན་ཁུངས་གསར་སྤེལ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ནང་གི་ཞིབ་འཇུག་གསར་སྤེལ་བྱེད་རྒྱུ་ཤུགས་ཆེར་གཏོང་དགོས་པ། མེ་སྟག་འཆར་གཞི་དང་། ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་དང་རྫོང་སྟོབས་ཆེར་གཏོང་བ། ཚན་རྩལ་མངགས་གཏོང་པ་སོགས་ཆེད་དོན་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རྩལ་སྦྱོང་བརྡར་དང་ཚན་རྩལ་ལས་དོན་ཁྱབ་སྤེལ་བཏང་ནས་ཚན་རྩལ་ཁྱབ་སྤེལ་གཏོང་ཤུགས་དང་རང་བདག་གསར་གཏོད་བྱེད་ནུས་གོང་མཐོར་ཟམ་མི་ཆད་པར་གཏོང་དགོས་པ། རྨང་གཞིའི་གློག་འཕྲིན་དྲ་རྒྱ་དང་། དྲ་ཆེན་འཕྲིན་གཏོང་། དྲ་རྒྱའི་ཆ་འཕྲིན་གཙང་མ་བཅས་ཀྱི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཐོག་འཕྲལ་སྡོམ་གྱི་འཕྲིན་གཏོང་མ་ལག་བཙུགས་ནས་ཏང་སྲིད་ཀྱི་ཆེད་སྤྱོད་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ་བོད་ནས་ཕྱིར་གཏོང་དང་བོད་ལ་ནང་གཏོང་གི་འོད་སྐུད་ཨ་མ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་གྱི་ཞབས་ཞུའི་ཆུ་ཚད་གོང་མཐོར་གཏོང་དགོས།

        རིག་གནས་སྟོབས་ཆེའི་ཁུལ་སྐྲུན་རྒྱུར་སྐུལ་འདེད་ཇེ་མགྱོགས་གཏོང་དགོས་པ། ཤེས་དཔལ་ལྡན་པའི་བོད་ལྗོངས་སྐྲུན་ཕྱིར་ཤུགས་རྒྱག་རྒྱུར་དམིགས་པ་དང་། རྒྱལ་ཁབ་རིམ་པའི་བོད་ལྗོངས་རིག་གནས་དཔལ་འབྱོར་ཚོད་ལྟའི་ཁུལ་སྐྲུན་རྒྱུར་ཇུས་འགོད་འདིང་བ། “བོད་ཤིན་ལས་གཞི ”དང་། ཏང་གི་ཚགས་པར་དང་དུས་དེབ། “གྲོང་ཚོ་ཀུན་ཁྱབ་དང་དགོན་སྡེ་ཀུན་ཁྱབ ”ཀྱི་ལས་གཞི། བཪྙན་འཕྲིན་དང་རླུང་འཕྲིན “དུད་ཚང་ཀུན་ཁྱབ་དང་དགོན་སྡེ་ཀུན་ཁྱབ་”ཀྱི་ལས་གཞི་སོགས་གལ་ཆེའི་སྤྱི་པའི་རིག་གནས་ཀྱི་ལས་གཞི་དང་རིག་གནས་ཀྱི་གཙོ་གནད་རྣམ་གྲངས་བཅས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་6དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་20གང་མགྱོགས་བཙུགས་ཐོག་གྲོང་གསེབ་དང་དར་རྒྱས་ཆེན་པོ་ཕྱིན་མེད་པའི་ས་ཁུལ་གྱི་རིག་གནས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྤྱི་པའི་རིག་གནས་སྒོ་མོ་དབྱེ་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པ། རིག་གནས་བྱ་གཞག་ཁྱོན་ཡོངས་ནས་གྲ་རྒྱས་དང་རིག་གནས་ཐོན་ལས་གང་མགྱོགས་གོང་མཐོར་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་པ། རང་ལྗོངས་འདི་རིག་གནས་ཐོན་ལས་ཁུལ་ཆེན་པོ་ནས་རིག་གནས་གོང་འཕེལ་སྟོབས་ཆེའི་ཁུལ་དུ་འགྱུར་རྒྱུའི་འཐབ་ཇུས་ལ་སྐུལ་འདེད་བཏང་ཐོག་ས་མཐོའི་ས་ཁམས་དང་། ལོ་རྒྱུས། རིག་སྐྲུན་བཅས་གཞི་གཅིག་ཏུ་གྱུར་པའི་ཀྲུང་གོའི་བོད་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་གཏོང་བའི་རྟེན་གཞི་འཛུགས་རྒྱུར་ཤུགས་བརྒྱབ་ནས་རང་ལྗོངས་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ་གལ་ཆེ་ཞིག་ཏུ་སྐྲུན་ཕྱིར་འབད་བརྩོན་བྱེད་དགོས།

        (ལྔ )འབྱུང་ཁམས་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

        འབྱུང་ཁམས་ཤེས་དཔལ་གྱི་ལམ་ལུགས་གང་མགྱོགས་འཛུགས་དགོས་པ། བྱེད་ནུས་གཙོ་བོའི་ཐོན་ཁུལ་གྱི་འཐབ་ཇུས་ལག་བསྟར་གང་མགྱོགས་བྱས་ཏེ་བྱེད་ནུས་གཙོ་བོ་ཐོན་ཁུལ་གྱི་ངེས་གནས་གོང་འཕེལ་བཏང་ནས་ཚན་རིག་དང་མཐུན་པའི་ལུགས་མཐུན་གྱི་གྲོང་ཁྱེར་ཅན་གྱི་རྣམ་པ་དང་། ཞིང་ལས་གོང་འཕེལ་གཏོང་བའི་རྣམ་པ། འབྱུང་ཁམས་བརྟན་གནས་ཀྱི་རྣམ་པ་བཅས་སྐྲུན་ཐུབ་པ་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་གི་ཚད་གཞི་ནན་པོ་བསྲུངས་ནས་ས་ཞིང་བེད་སྤྱོད་གཏོང་ལམ་ལ་ལྟ་སྡོམ་ནན་པོ་བྱེད་དགོས་པ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་བདའ་འདེད་དང་ཁོར་ཡུག་ལ་གནོད་སྐྱོན་གཏོང་བར་གུན་གསབ་ལམ་ལུགས་འཐུས་ཚང་འཛུགས་དགོས་པ། འབྱུང་འཕྲོད་དང་། བཟང་འཁོར། ཐན་ཉུང་བཅས་ཀྱི་གོང་འཕེལ་གཏོང་རྒྱུར་ཤུགས་བརྒྱབ་ཐོག་འབྱུང་ཁམས་ཤེས་དཔལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་གྱིས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་བར་སྟོང་གི་རྣམ་པ་དང་། ཐོན་ལས་ཀྱི་གྲུབ་ཆ། ཐོན་སྐྱེད་བྱེད་སྟངས་བཅས་ཆགས་པ་བྱས་ནས་འབྱུང་རྩ་ནས་འབྱུང་ཁམས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་བ་ཁ་ལོ་སྒྱུར་ཐུབ་པ་བྱེད་དགོས། རྒྱལ་ཁབ་ས་ཁམས་ཀྱི་བར་སྟོང་གསར་སྤེལ་དང་། ཐོན་ཁུངས་གྲོན་ཆུང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཐུས་ཚང་བཙུགས་ནས་མི་དང་རང་བྱུང་ཁམས་གཉིས་གཞི་མཐུན་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། 《བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད (2008ལོ་ནས་2030ལོ་བར )》ཀྱི་ལས་གཞི་ཆེ་ཁག་10མུ་མཐུད་ལག་བསྟར་གང་མགྱོགས་བྱས་ནས་འབྱུང་ཁམས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་ལ་ཕྱོགས་ཡོངས་ནས་ཚོད་སྐོར་བྱེད་དགོས། འབྱུང་ཁམས་སྲུང་སྐྱོབ་བྱེད་པའི་ཁ་གསབ་ནུས་པ་རྒྱུན་ཐོན་ལམ་སྲོལ་ཞིག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་2013ལོའི་རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་བྱེད་པའི་བྱ་དགའི་སྤྲོད་ལམ་བཟོས་པ་དང་འབྲེལ་ལག་བསྟར་བྱས་ཐོག་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས། འབྱུང་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ནུས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། གཏེར་ཐོན་ཐོན་རྫས་རྩད་འཚོལ་དང་། སྲུང་སྐྱོབ། ལུགས་མཐུན་གསར་སྤེལ་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། གནོད་འཚེ་སྔོན་འགོག་དང་ཆུང་དུ་གཏོང་རྒྱུའི་མ་ལག་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེ་འགོག་ནུས་གོང་མཐོར་གཏོང་དགོས།

        ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས་པ། ནུས་རྒྱུ་གྲོན་ཆུང་དང་། ཐན་གཏོང་ཉུང་བའི་ཐོན་ལས་དང་ནུས་ཁུངས་གསར་པ། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་བཅས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ནུས་ཁུངས་བེད་སྤྱོད་དང་། བསྐྱར་སྐྱེས་ནུས་ཁུངས། དེ་བཞིན་ཨར་སྐྲུན་གཞི་གཅིག་ཏུ་གྱུར་བའི་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་སྤེལ་དགོས། “མཐོ་བ་གཉིས་དང་ཐོན་ཁུངས་ལ་བརྟེན་པ་གཅིག ”གི་རྣམ་གྲངས་ཚོད་འཛིན་ནན་པོ་བྱས་ནས་རྗེས་ལུས་ཀྱི་ཐོན་ནུས་གྲལ་ཕུད་གཏོང་དགོས། གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་བྱེད་རྒྱུའི་དོ་དམ་ཤུགས་ཆེར་བཏང་སྟེ་ཟད་གྲོན་ཆུང་ལ་བཙོག་སྐྱོན་ཉུང་བའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་རྒྱུར་སྐུལ་ལྕག་བཏང་སྟེ་ཞབས་ཞུའི་ལས་རིགས་དང་། ལག་རྩལ་མཐོ་བའི་ཐོན་ལས། སྔོན་ཐོན་གྱི་བཟོ་སྣོན་ལས་རིགས་བཅས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་བོའི་བཙོག་སྐྱོན་བཤངས་གཏོང་གི་སྤྱི་འབོར་དེ་རྒྱལ་ཁབ་ནས་གཏན་འཁེལ་བྱས་པའི་ནང་ཚུད་དུ་ཚོད་འཛིན་ཐུབ་པ་འགན་ལེན་བྱེད་དགོས།

        (དྲུག )སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱེད་དགོས།

        དགེ་མཚན་ལྡན་པའི་སྒོ་ནས་སྒྱུར་བཅོས་ཁག་བརྟན་པོའི་ངང་སྤེལ་དགོས་པ། མ་འཇོག་དང་། ནོར་ཁྲལ། དངུལ་རྩ། གཞུང་ཁོངས་ཁེ་ལས། ས་ཆ། ཐེམ་ཐོ། སྤྱི་ཚོགས་འགན་བཅོལ། རིག་གནས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་བྱེད་རྒྱུར་ཤུགས་བརྒྱབ་སྟེ་ཚད་གཞི་མཐོ་ཤོས་དང་ཁྱབ་ཁོངས་ཆེ་ཤོས་ཀྱི་ཁོངས་སུ་ཁྲོམ་རས་བགོ་སྒྲིག་བྱེད་པའི་ཐོན་ཁུངས་ཀྱི་རྨང་གཞིའི་རང་བཞིན་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་ལ་ཁེབས་པ་བྱེད་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས། ཞིང་འབྲེལ་གྱི་འགན་བཅོལ་མཉམ་གཉེར་མཉམ་འགན་བྱེད་ཕྱོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་དགོས། མུ་མཐུད་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་མཉམ་བསྲེས་ཀྱི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་བཏང་ནས་བཟང་རྒྱལ་ཞན་ཕུད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྲིད་འཛིན་ཞིབ་མཆན་འགོད་ལམ་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་འགྲོ་ལུགས་སྟབས་བདེར་བཏང་ནས་དབང་ཆ་གཤམ་སྤྲོད་མུ་མཐུད་བྱས་ཏེ་ཞིབ་མཆན་གྱི་དོན་གནད་རྩ་དོན་ཐོག་50%ཉུང་དུ་གཏོང་རྒྱུ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱས་ཏེ་མངོན་ཡོད་དང་མངོན་མེད་ཀྱི་མཁར་རྫོང་མེད་པ་བཟོས་ནས་ཁྲོམ་རར་ཞུགས་འཐུས་ཀྱི་ཐེམ་སྒོ་དམའ་རུ་བཏང་ནས་ཁྲོམ་ར་དྲང་གཞག་ཡོང་བ་འགན་ལེན་བྱེད་དགོས། རང་ལྗོངས་ཀྱི་འོས་སྐུལ་འོས་དཔོད་ཀྱི་དོ་དམ་ཐད་ཀྱི་ཁྲིམས་བཟོའི་ལས་དོན་སྤེལ་མགྱོགས་སུ་བཏང་ནས་ཚོང་འགུག་མ་རྩ་ནང་འདྲེན་གྱི་སྲིད་ཇུས་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

        མ་འཇོག་དང་། ནོར་སྲིད། དངུལ་རྩ་བཅས་ཀྱི་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། མ་འཇོག་གིས་དཔལ་འབྱོར་འཕར་སྣོན་ཡོང་བར་ནུས་པ་ཐོན་པའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ནོར་སྲིད་དངུལ་རྩའི་སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཀྲུང་དབྱང་གི་གསར་འཕར་རྒྱལ་བུན་སྒོར་དུང་ཕྱུར་4000དང་དངུལ་བུན་སྒོར་དུང་ཕྱུར་ཁྲི་9ལྷག་ཙམ་གྱི་གཞི་ཆེའི་སྙོམས་སྒྲིག་ཚོད་འཛིན་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས་རྒྱལ་ཁབ་ནས་ཞིབ་མཆན་སྤྲོད་སྲིད་པའི་རྣམ་གྲངས་དང་ལྷག་པར་དུ་ཐོན་ལས་དང་ནུས་ཁུངས་རྣམ་གྲངས་ཁག་གཅིག་ཐད་རྒྱལ་བུན་དང་དངུལ་ཁང་གི་དངུལ་བུན་བརྩོན་ལེན་དང་བེད་སྤྱོད་བྱེད་ཐུབ་པའི་སྔོན་གྲབས་རྨང་གཞིའི་ལས་དོན་ཁག་ཡག་པོ་བསྒྲུབས་ཐོག་མ་འཇོག་དང་། ནོར་སྲིད། དངུལ་རྩ་བཅས་ཀྱི་སྲིད་ཇུས་ཀྱིས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཐོན་པའི་འགྱོགས་མདའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ནང་སའི་ཁེ་ལས་ཆེ་གྲས་སོགས་སྤྱི་ཚོགས་ཀྱི་མ་དངུལ་རྣམས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་ནང་དུ་བསྡུ་རུབ་ཐུབ་པ་འགུག་འཐེན་བྱས་ནས་སྣ་མང་ཅན་གྱི་མ་འཇོག་རྣམ་པ་ཞིག་ཆགས་པ་བྱེད་དགོས།

        མཉམ་ལས་སྒོ་དབྱེའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པ། རང་སྐྱོང་ལྗོངས་དང་། ཀྲུང་དབྱང་གི་ཁེ་ལས་ཁག་13 ཞིང་ཆེན (གྲོང་ཁྱེར )3 ཀྲུང་དབྱང་གི་པུའུ་ཨུད་ཁག་10བཅས་དབར་མིང་རྟགས་བཀོད་པའི་འཐབ་ཇུས་མཉམ་ལས་རིགས་ཁག་གི་གྲོས་དོན་དོན་འཁྱོལ་ཡག་པོ་བྱེད་རྒྱུ། རང་འགུལ་ངང་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་ཁེ་ལས་དབར་འབྲེལ་མཐུད་མཐུན་སྦྱོར་ཧུར་ཐག་བྱས་ཏེ་བོད་སྐྱོར་ཞིང་ཆེན (གྲོང་ཁྱེར )དང་ཀྲུང་དབྱང་ཁེ་ལས་ཀྱི་ག་སྦྱར་རོགས་སྐྱོར་གྱི་འཆར་གཞི་དང་ལོ་འཁོར་གྱི་འཆར་གཞི་ལེགས་གྲུབ་འགན་ལེན་བྱེད་པ་དང་ཕྱོགས་མཚུངས། རྣམ་གྲངས་དང་། མ་དངུལ། སྲིད་ཇུས་བཅས་ཀྱི་ཐད་དོན་འཁྱོལ་གསར་པ་ཡོང་བ་བྱེད་དགོས། ཨེ་ཤ་ཡ་ལྷོ་མའི་སྐམ་སའི་ཚོང་འགྲུལ་བགྲོད་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་ཇེ་མགྱོགས་སུ་བཏང་སྟེ་མུ་མཐུད་ཉེ་འཁོར་གྱི་རྒྱལ་ཁབ་དང་ལྷག་དོན་དུ་ཉེ་འཁོར་མཛའ་མཐུན་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཐོག ཚོང་དོན་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་མཐོ་རུ་བཏང་སྟེ་མཐའ་མཚམས་ས་ཁུལ་གོང་འཕེལ་མགྱོགས་སུ་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས།

        (བདུན )དཔལ་འབྱོར་འཁོར་རྒྱུག་སྙོམས་སྒྲིག་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས།

        ལྟ་ཞིབ་ཚད་ལེན་དབྱེ་ཞིབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དཔལ་འབྱོར་འཁོར་རྒྱུག་ལ་དབྱེ་ཞིབ་བྱེད་རྒྱུའི་ལས་ཀར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། ཞིང་ལས་དང་། བཟོ་ལས། ཞབས་ཞུའི་ལས་རིགས། སྤྱི་དབང་མིན་པའི་དཔལ་འབྱོར། གཞུང་ཁོངས་དཔལ་འབྱོར་འཁོར་རྒྱུག་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་དུས་བབ་ཁོང་དུ་ཆུད་པ་བྱས་ཐོག་གནད་དོན་ལ་དབྱེ་ཞིབ་དང་། འགལ་ཟླ་ཞི་ལྷོད་དུ་གཏོང་བ། ཆོད་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་སྣོན་ཡོང་ཚད་དེ་12%ཡན་ཟིན་པ་འགན་ལེན་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་དམིགས་ཚད་མངོན་གྱུར་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

        གཞི་ཆེའི་སྙོམས་སྒྲིག་སྟངས་འཛིན་སྲིད་ཇུས་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱེད་དགོས་པ། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་ལྷག་པར་དུ་རྒྱལ་ཁབ་ཀྱི་གཞི་ཆེའི་སྙོམས་སྒྲིག་སྟངས་འཛིན་སྲིད་ཇུས་ཀྱི་ལེགས་སྒྲིག་ལ་རྗེས་འདེད་བྲལ་མེད་བྱས་ནས་དུས་བབ་ཀྱི་འགྲོ་ཕྱོགས་ལ་ཞིབ་འཇུག་གནད་འཁེལ་བྱས་ཏེ་སྔ་ཙམ་ནས་དེར་ཁ་གཏད་གཅོག་ཐབས་ཀྱི་བྱ་ཐབས་ཞིབ་འཇུག་བྱས་ཐོག་རང་འགུལ་དབང་ཆ་དམ་པོར་བཟུང་ནས་དཔལ་འབྱོར་ལས་དོན་གྱི་སྔོན་ཚོད་རང་བཞིན་ཤུགས་ཆེར་གཏོང་རྒྱུར་ཤུགས་རྒྱག་དགོས།

        དུས་མཚམས་རང་བཞིན་གྱི་སྙོམས་སྒྲིག་སྟངས་འཛིན་བྱ་ཐབས་ཤུགས་ཆེར་གཏོང་དགོས་པ། དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་དུས་ཐོག་ཏུ་བྱ་ཐབས་ནུས་ལྡན་སྤྱད་དེ་གནད་ལ་འཕིགས་པོའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱེད་པའི་གོ་སྐབས་དང་། ཤུགས་ཚད། མྱུར་ཚད། གཙོ་གནད་བཅས་ཁོང་དུ་ཆུད་པ་བྱས་ནས་མངོན་གསལ་དོད་པའི་རིགས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ཏེ་ནུས་ལྡན་གྱི་སྒོ་ནས་དཔལ་འབྱོར་འཕར་ཆག་ཆེན་པོ་མི་ཡོང་བ་གང་ཐུབ་བྱེད་དགོས། ཕྱོགས་མཚུངས་ཐོན་སྐྱེད་ཀྱི་འཁོར་རྒྱུག་ལ་དམ་འཛིན་ནན་པོ་བྱས་ཏེ་ཐོན་སྐྱེད་འཁོར་རྒྱུག་གི་མ་གནས་ཆུང་དུ་བཏང་ཐོག་ཁྲོམ་རའི་མཁོ་སྤྲོད་ཆེ་རུ་བཏང་སྟེ་ཁྲོམ་རའི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རང་ལྗོངས་ཀྱི་རིན་གོང་སྙོམས་སྒྲིག་བྱེད་པའི་ཐེབས་རྩའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས་ཁྲོམ་རའི་ཟོག་གོང་རྩ་བའི་ཆ་ནས་བརྟན་པོ་ཡོང་བ་འགན་ལེན་གྱིས་དཔལ་འབྱོར་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

        ཕྱོགས་མཚུངས་མུ་མཐུད་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ནན་པོ་བྱས་ཐོག་སྤྱི་ཚོགས་དོ་དམ་གྱི་ལམ་སྲོལ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག སྤྱི་ཚོགས་སྒྲིག་འཛུགས་ཀྱི་ལམ་སྲོལ། སྤྱི་ཚོགས་དོ་དམ་གྱི་ལམ་སྲོལ་བཅས་འཐུས་ཚང་དུ་གང་མགྱོགས་བཏང་སྟེ་དགོན་སྡེའི་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་བྱས་ནས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྒོའི་ཁང་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་དང་། མུ་མཐུད་དགོན་སྡེའི “གསར་གཏོད་དྲུག ”ལ་སྐུལ་འདེད་གཏོང་རྒྱུ་དང་ ། “ཡོད་པ་དགུ ”དང་“ཁེབས་པ་གཅིག ” “སློབ་གསོ་གཅིག ”“གཅིག་དྲུག ”སོགས་ཀྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་དགོས། དམངས་བདེའི་ཉེན་རྟོགས་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་འཇགས་འགོག་ཟོན་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཉེན་ཁ་ཇི་བྱུང་གི་གལ་ཆེའི་ཇུས་ཐག་གཅོད་པའི་ཚོད་སྐོར་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འགལ་ཟླ་སྣ་ཚོགས་ཧུར་ཐག་སེལ་ཐུབ་པ་བྱེད་དགོས། སྤྱི་པའི་བདེ་འཇགས་མ་ལག་དང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་ཀྱི་ལས་འཛོལ་ཆེ་རིགས་དང་དམིགས་གསལ་རིགས་བཀག་འགོག་བྱས་ནས་ཞི་མཐུན་དུས་བདེའི་བོད་ལྗོངས་སྐྲུན་པའི་གྲུབ་འབྲས་གསར་པའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

        འཐུས་མི་རྣམ་པ། 2013ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ལག་བསྟར་བྱེད་པའི་སྔར་སོང་རྗེས་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན་པས་རྒྱལ་ཡོངས་དང་གོམ་པ་མཉམ་བགྲོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། ང་ཚོས་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཚོགས་འདུའི་ཇུས་ཐག་བཀོད་སྒྲིག་གཞིར་བཟུང་རིག་སྒྲིམ་ཡར་བརྩོན་དང་གསར་གཏོད་བྱེད་ཕོད་པའི་སྒོ་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་ཐོག་རང་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལོ་འཁོར་གྱི་དམིགས་ཚད་ཁག་མངོན་འགྱུར་ཡག་པོ་ཡོང་བའི་འགན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

        (ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།