དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 2012ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ལ་རིན་མེད་གཟུགས་པོ་བརྟག་དཔྱད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ལ་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་ཀ་བྱེད་འགོ་ཚུགས་ཚུན་རིམ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས “སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ཡོངས་ཀྱི་གཟུགས་པོར་བརྟག་དཔྱད་བྱ་རྒྱུ་དེ་ཡོངས་སུ་ཁྱབ་པ་བྱེད་པ་དང་། གྲོང་གསེབ་དང་གྲོང་ཁྱེར་གྱི་ཡུལ་མིར་གཟུགས་པོར་རིན་མེད་བརྟག་དཔྱད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རིན་མེད་གཟུགས་པོ་བརྟག་དཔྱད་ལས་ཀའི་འགན་འཁྲིའི་ལམ་ལུགས་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ ”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ཏང་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་གྱི་ཐོག་ནས་བསམ་བློའི་ངོས་འཛིན་གནས་འཁྱོལ་དང་། སྒྲིག་འཛུགས་དང་འགོ་ཁྲིད་གནས་འཁྱོལ། འགན་འཁྲི་དང་བྱ་ཐབས་གནས་འཁྱོལ་བཅས་ཐུབ་པ་བྱས་ཏེ་ལྷག་བསམ་ཟོལ་མེད་ངང་དམངས་ཀྱི་འདོད་བློ་མཚོན་པ་དང་། དམངས་སེམས་དང་ཉེ་བ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་དོན་དངོས་དང་བྱ་བཟང་དེར་དམ་འཛིན་ནན་པོ་དང་ཡག་པོ་བྱེད་པ་དང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དེ་དངོས་དངོས་རྗེན་རྗེན་ངང་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་ཚོས་ཚོར་ཐུབ་པ་བྱས་པས་རྒྱ་ཆེའི་མང་ཚོགས་དང་གྲྭ་བཙུན་ཚོའི་སྙིང་དབུས་ནས་བརྩི་བཀུར་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་དང་2012ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ལ་རིན་མེད་གཟུགས་པོ་བརྟག་དཔྱད་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་མ་ཟད་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ཁག་གཅིག་ཐོན་པ་རེད།

        སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་། མིག་དཔེ་གཏོད་པ། དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ལ་རིན་མེད་གཟུགས་པོ་བརྟག་དཔྱད་ལས་དོན་དེར་སྔར་བས་སྣེ་ཁྲིད་གཏིང་ཟབ་བྱ་ཕྱིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་སྲིད་གཞུང་སོགས་ཚན་པ་214ལ “2012ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ལ་རིན་མེད་གཟུགས་པོ་བརྟག་དཔྱད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ ”ཀྱི་གཟི་བརྗིད་མཚན་སྙན་དང་ལྷ་རྒོད་སོགས་བློ་མཐུན་604ལ “2012ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ལ་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་གྱི་སྔོན་ཐོན་མི་སྒེར ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འཁེལ་བྱས་ཡོད། རེ་བར་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། གྲུབ་འབྲས་དར་སྤེལ་གཏོང་བ། ཡང་འབད་བསྐྱར་འབད་བཅས་ཀྱི་ཐོག་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་འཕེལ་རིམ་ནང་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སློབ་སྦྱོང་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གིས་མཛུབ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང། བསམ་ཕྱོགས་སྔར་བས་གསར་གཏོད་བྱེད་པ། བྱ་ཐབས་སྔར་བས་ཤུགས་ཆེར་གཏོང་བ། ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་མང་ཚོགས་དང་གྲྭ་བཙུན་དང་འབྲེལ་བ་དམ་ཟབ་བྱེད་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁུངས་ནང་ཡོད་པའི་གྲྭ་བཙུན་ལ་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དམངས་ཡོངས་བདེ་ཐང་བྱུང་ཚད་ཆེ་རུ་གཏོང་བ་དང་འབྱོར་ཕྱུག་བོད་ལྗོངས་དང་། ཞི་མཐུན་བོད་ལྗོངས། བདེ་སྐྱིད་ལྡན་པའི་བོད་ལྗོངས། ཁྲིམས་སྐྱོང་བོད་ལྗོངས། ཤེས་དཔལ་ལྡན་པའི་བོད་ལྗོངས། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་ཕྱིར་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།