དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་མཁན་གྲོང་ཚོར(ཡུལ་མི་ཨུ་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག་དང་། གྲོང་ཚོར(ཡུལ་མི་ཨུ་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི། ཕུལ་བྱུང་རྩ་འཛུགས་ཚན་པ་བཅས་ཁག་དང་པོར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ནས་ལོ་གཅིག་ལྷག་ཙམ་སོང་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་དོན་འཁྱོལ་དམ་འཛིན་བྱས་ནས་གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོར་བཅའ་སྡོད་ཀྱིས་དུད་ཚང་ཁག་ཏུ་བསྐྱོད་པ་དང་དམངས་ལ་བློ་གཅིག་སེམས་གཅིག་བྱས་པ་དང་། གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་རྒྱ་ཆེའི་ལས་དོན་རུ་མིས་ལས་གནས་བརྟན་སྲུང་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ནས་མང་ཚོགས་ཚོ་བློ་ཡིད་ཚིམས་པ་དང་སྤྱི་ཚོགས་ཀྱིས་ཁས་བླངས་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད་ཅིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་ལྕག་སྐུལ་བྱེད་ཆེད་དང་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་བྱས་རྗེས་འཇོག་ཕྱིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་རྔ་ཆེན་བྱང་ལམ་སྡེ་ཁུལ་དུ་བཅའ་སྡོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་ལས་དོན་རུ་ཁག་སོགས་ལས་དོན་རུ་ཁག་680ལ “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག ”དང་། དབྱི་ཞའོ་མིང་སོགས་ལས་དོན་རུ་མི་2733ལ “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི ” རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་སོགས་ཚན་པ་260ལ “སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕུལ་བྱུང་རྩ་འཛུགས་ཚན་པ ”བཅས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་། གཟེངས་བསྟོད་ཐོབ་པའི་གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག་དང་། གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི། ཕུལ་བྱུང་རྩ་འཛུགས་ཚན་པ་བཅས་ཀྱིས་ཁེངས་སྐྱུང་གཟབ་ནན་དང་ཡང་འབད་བསྐྱར་འབད་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་ཕྱིར་སླར་ཡང་བྱས་རྗེས་གསར་པ་འཇོག་རེ་བཏོན་ཡོད་པ་རེད།

        ད་ཐེངས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ནི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕུལ་བྱུང་འཐུས་མི་ཡིན་པ་དང་ཁོང་ཚོའི་སྔོན་ཐོན་བྱས་རྗེས་དང་ལས་ཀའི་གྲུབ་འབྲས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕུན་སུམ་ཚོགས་པའི་གྲུབ་འབྲས་གང་ལེགས་མངོན་པ་དང་ཏང་དང་སྲིད་གཞུང་གི་གཟུགས་བཪྙན་བཟང་པོ་དང་ཏང་ཡོན་ལས་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་ཡོད། བཅའ་སྡོད་བྱེད་པར་གཏོང་མཁན་ཚན་པ་ཁག་གིས་ཕུལ་བྱུང་རྩ་འཛུགས་ཚན་པར་སློབ་སྦྱོང་བྱས་ནས་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུ་ཡག་པོ་བྱེད་པ། རྒྱབ་རྟེན་ཡག་པོ་བྱེད་པ། སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་ཡག་པོ་སྤེལ་བ་དང་། གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་ལས་དོན་རུ་ཁག་ཚང་མས་གྲོང་ཚོར ( ཡུལ་མི་ཨུ་ལྷན )བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག་ལ་སློབ་སྦྱོང་བྱས་ནས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་ཡུལ་བབ་དང་བསྟུན་ནས་གཞི་རིམ་རྩ་འཛུགས་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐོང་འཐེན་གང་ལེགས་ཀྱིས་གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བ། གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་རྒྱ་ཆེའི་ལས་དོན་རུ་མིས་གྲོང་ཚོར (ཡུལ་མི་ཨུ་ལྷན )བཅའ་སྡོད་སྔོན་ཐོན་ལས་དོན་རུ་མིར་སློབ་སྦྱོང་བྱས་ནས་གཞི་རིམ་དུ་གཞིས་ཚུགས་པ་དང་། སེམས་རྣལ་ལ་ཕབ་པ། རྩ་བ་ཚུགས་པ་བཅས་བྱས་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་བཏང་སྟེ་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་སྦྱོང་བརྡར་བྱེད་པ་དང་། མང་ཚོགས་ཁྲོད་སློབ་གསོ་དང་ལེན་བྱེད་པ། གཞི་རིམ་དུ་ཞབས་ཞུ་བྱེད་པའི་ཁྲོད་འཇོན་ཐང་ཆེ་རུ་བཅས་བཏང་ནས་གྲོང་ཚོའི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་རྟོགས་མཁན་ཞིག་དང་། མང་ཚོགས་ཀྱིས་ཡིད་ཆེས་བྱེད་པའི་གྲོགས་པོ་བློས་ཐུབ་ཞིག དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་མཁན་ཆགས་པ་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་ཐོན་མིག་དཔེར་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་མཛུབ་ཁྲིད་དུ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་གཙོ་སྣེ་དམ་པོར་འཛིན་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱས་ནས “གཞི་རིམ་རྩ་འཛུགས་བརྟན་པོར་འཛུགས་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ། ཕྱུག་འགྱུར་ལམ་བུ་འཚོལ་བ། དྲིན་ཚོར་སློབ་གསོ་གཏོང་བ། བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ ”བཅས་ཀྱི་ལས་འགན་ཁག་ལྔ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་གསར་འབྱེད་གསར་གཏོད་དང་དཀའ་སེལ་འགག་སྒྲོལ་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོར་དེ་བས་ཆེ་བའི་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཕྱིར་འབད་བརྩོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།