དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་སྐབས་གསུམ་པའི་ཀུན་སྤྱོད་དཔེ་བཟང་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་གྱི་འཐབ་སར་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམིགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ལག་ལེན་བསྟར་རྒྱུ་རྩ་བར་འཛིན་པ། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་གཏོང་ལ་སྐུལ་མ་ཤུགས་ཆེན་གཏོང་བ་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རང་ལྗོངས་ཀྱི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ཡོང་བར་སྐུལ་འདེད་ནུས་ལྡན་བྱུང་བ་དེས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་སྐྲུན་ཆེད་བསམ་པའི་སྒུལ་ཤུགས་དང་ཀུན་སྤྱོད་ཀྱི་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།

        རང་ལྗོངས་ཀྱི་སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་གཏོང་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་གང་ལེགས་མངོན་པ་བྱས་ཏེ་ཀུན་སྤྱོད་དཔེ་བཟང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་ཀུན་སྤྱོད་ལེགས་གཏོང་གི་བྱེད་སྒོར་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྐུལ་སློང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་ཤུགས་ཆེན་བཅས་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་དཔལ་ཡོན་ཞི་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་ཆེད་རང་སྐྱོང་ལྗོངས་དཔལ་ཡོན་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྐབས་གསུམ་པ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། དུས་ཡུན་ཟླ་6ལྷག་ཙམ་ཡིན་པའི་དཔྱད་འདེམས་བྱེད་སྒོ་དེ་རིམ་པ་ལྟར་འོས་སྦྱོར་བྱས་ནས་སྤྱི་དམངས་འཐུས་མི་སྟོང་གིས་འདེམས་ཤོག་འཕེན་པ་དང་། མང་ཚོགས་ཀྱིས་འདེམས་ཤོག་འཕེན་པ། དཔྱད་འདེམས་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པ་བཅས་བརྒྱུད་ཚེ་རིང་ལྷ་མོ་སོགས་བློ་མཐུན་12ལ “སྐབས་གསུམ་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང ”གི་གཟི་བརྗིད་མཚན་སྙན་དང་ཁང་ཪྙིང་པ་སངས་སོགས་བློ་མཐུན་30ལ “སྐབས་གསུམ་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ ”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

        གཟེངས་བསྟོད་ཐོབ་མཁན་བློ་མཐུན་ཚོས་གཟི་བརྗིད་ལ་གཅེས་སྤྲས་བྱས་ཏེ་ཡང་འབད་བསྐྱར་འབད་ཀྱི་སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་གཏོང་ཁྲོད་བྱས་རྗེས་སླར་ཡང་འཇོག་དགོས། ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀུན་སྤྱོད་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀུན་སྤྱོད་དཔེ་བཟང་གི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་ཀུན་སྤྱོད་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཀུན་སྤྱོད་དཔེ་བཟང་ཚོར་སློབ་སྦྱོང་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་དང་འབྲེལ “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། འཕེལ་རྒྱས། ཤེས་དཔལ ”བཅས་བརྗོད་བྱ་གཙོ་བོར་བྱེད་པའི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གཏོད་རྒྱུར་སྐུལ་འདེད་བཏང་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

        བོད་རང་སྐྱོང་ལྗོངས་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ནས།

        2012ལོའི་ཟླ་10ཚེས་26ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།