《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས 》དང 《ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》གཞིར་བཟུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་མི་གྲངས་བགོ་བཤའ་དང་འདེམས་བསྐོའི་གནད་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་པའི་ཐོག་གི་གཏན་འབེབས་གཤམ་གསལ།
གཅིག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་མི་གྲངས་445ཡོད་པ་དང་།
གཉིས། ལྷ་ས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་འདེམས་དགོས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་མི་གྲངས་དེ་མི་འབོར་ལྟར་རྩིས་ནས་གཏན་འཁེལ་བྱས་པའི་མི་གྲངས་དང་། ས་ཁུལ་གྱི་གཞི་རྩའི་མི་གྲངས། འདེམས་དགོས་པའི་མི་གྲངས་གཞན་བཅས་ལས་གྲུབ་པ་སྟེ།
(གཅིག ) མི་འབོར་ལྟར་འཐུས་མི་མི་གྲངས་273བགོ་བཤའ་བརྒྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་ཁྲི་1.1ཙམ་ལ་འཐུས་མི་1བགོ་བཤའ་བརྒྱབ་པ།
(གཉིས )ལྷ་ས་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་བགོ་བཤའ་བརྒྱབ་པའི་ས་ཁུལ་གྱི་གཞི་རྩའི་མི་གྲངས་6ཡིན་པ་དང་ཁྱོན་བསྡོམས་མི་གྲངས་42ཡོད་པ།
(གསུམ )འདེམས་དགོས་པའི་མི་གྲངས་གཞན་81ཡོད་པ་དེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་བགོ་བཤའ་བརྒྱབ་པ།
གསུམ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་འདེམས་དགོས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་43ཡོད་པ།
བཞི། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཁྲོད་མི་འབོར་ཅུང་ཉུང་བའི་ལྷོ་པ་རིགས་དང་། མོན་པ་རིགས། འཇང་རིགས། ཧུའེ་རིགས་བཅས་སོ་སོར་ཉུང་མཐར་ཡང་འཐུས་མི་གཅིག་རེ་ཡོད་པ།
ལྔ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་མི་གྲངས་ཁྲོད་ཏེང་པ་བ་དང་ཤར་པ་བ་རེ་བཀོད་སྒྲིག་བྱས་ཡོད་པ།
དྲུག བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིའི་ཁྲོད་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འཐུས་མིའི་བསྡུར་ཚད་དེ་59%ནང་ཚུན་དུ་ཚོད་འཛིན་བྱས་ཡོད་པ་དང་། བཟོ་པ་དང་ཞིང་འབྲོག་པའི་འཐུས་མིའི་བསྡུར་ཚད་དེ་14%ལས་མི་དམའ་བ་བྱས་ཡོད་པ།
ཆེད་ལས་ལག་རྩལ་མི་སྣའི་འཐུས་མིའི་བསྡུར་ཚད་དེ་5%ལས་མི་དམའ་བ་བྱས་ཡོད་པ། བུད་མེད་འཐུས་མིའི་བསྡུར་ཚད་དེ་22%ལས་མཐོ་བ་ཡོད་པ། བསྟུད་མར་ལས་འགན་འཁུར་མཁན་གྱི་འཐུས་མིས 30%བཟུང་བ་བཅས་རེད།
བདུན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་འདེམས་བསྐོའི་ཐད་འདེམས་གྲངས་མཚུངས་པའི་འདེམས་བསྐོ་ལག་བསྟར་བྱས་པ།
བརྒྱད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་འཐུས་མི་2012ལོའི་ཟླ་11ཚེས་10ཉིན་ནས་ཟླ་12ཚེས་10ཉིན་བར་འདེམས་རྒྱུ་ཡིན་པ་བཅས་རེད།