དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཁྲེན་ཁུའེ་ཡོན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་གྱི་ཕྱོགས་སྡོམ་དང་གཟེངས་བསྟོད་ཚོགས་ཆེན་ལ་བཏང་གནང་བའི་རྟེན་འབྲེལ་གློག་འཕྲིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་ལ།

        བོད་རང་སྐྱོང་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་གྱི་ཕྱོགས་སྡོམ་དང་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དགའ་སྤྲོའི་ངང་གོ་ཐོས་བྱུང་བས་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

        2006ལོར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བོད་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་སྤེལ་དགོས་པའི་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཚུན་བོད་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་སྲུང་སྐྱོབ་དང་། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ལས་དོན་དེ་རྒྱལ་ཁབ་རིག་གནས་འཛུགས་སྐྱོང་གི་གཙོ་གནད་འདུ་འགོད་ཅིག་ཏུ་གྱུར་ནས་རྣམ་པ་གསར་རྐྱང་ཞིག་མངོན་ཡོད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིང་གཞུང་གི་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ནུས་ལྡན་འོག་བོད་ཀྱི་ད་ཡོད་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་དང་། དཀར་ཆག་ལེགས་སྒྲིག མ་ཡིག་པར་ལེན། དེ་བཞིན་ཉར་འཇོག་སྲུང་སྐྱོབ་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ལས་དོན་དེའི་ནང་ཞུགས་མཁན་ཚན་ཞིབ་པ་དང་། ལས་བྱེད་པ་དང་མང་ཚོགས། རིག་དངོས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་དེའི་ཕྱིར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དེ་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ངེས་ཡིན། ངས་ཁོང་ཚོར་འཚམས་འདྲི་ཞུ་ལུགས་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་བརྒྱུད་ཞུ་ཡོད་པ་ཞུ།

        ཕྱོགས་སྡོམ་ཚོགས་ཆེན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

        རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོའན་ཀྲང་ཁྲེན་ཁུའེ་ཡོན་གྱིས།

        2012ལོའི་ཟླ་9ཚེས་21ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།