དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་དུ་ཉར་ཚགས་བྱས་པའི་ཏ་ལའི་ལོ་མའི་དཔེ་ཆ་ནི་ནང་བསྟན་གྱི་ལོ་རྒྱུས་དང་། ནང་བསྟན་གྱི་ལོ་ཙཱའི་ལོ་རྒྱུས། ཚན་རྩལ་ལོ་རྒྱུས། ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་སྤེལ་རེས་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་འོད་མདངས་བཀྲ་བའི་མུ་ཏིག་ཅིག མིའི་རིགས་ཀྱི་ཐུན་མོང་གི་རིག་གནས་ཤུལ་བཞག་དང་བསམ་པའི་རྒྱུ་ནོར་ཞིག་བཅས་ཡིན་པ་དང་དེར་ཚད་ལྡན་ཡིག་ཆའི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། ད་ཕན་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་མཐོང་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་རིགས་གཅིག་མཁས་ཅན་དང་མཁས་དབང་སྐོང་འཐེན་བྱས་ཏེ་རང་ལྗོངས་ཀྱི་ད་ཡོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དེའི་རིང་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་གི་ལས་ཀ་བྱེད་མཁན་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ལས་དོན་མི་སྣ་ཡོངས་ཀྱིས་དཀའ་སྤྱད་ངལ་རྩོལ་བྱས་ཤིང་། ཁོང་ཚོས་ཡིད་རྣལ་དུ་ཕབ་པ་དང་། གཞི་རིམ་དུ་སྐྱོད་པ། དཀའ་སྡུག་ལ་མི་སྐྲག་པ། ཁེ་གྲགས་མི་གཉེར་བ། ཐོབ་ཤོར་ལ་མི་བལྟོས་པ། ངལ་བ་དང་འཁང་ར་བཟོད་པ། འཁང་ར་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཞིབ་འཇུག་ལས་དོན་ཆེད་མིག་དཔེ་བཏོད་ཡོད་ལ་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་བྱ་ཆེད་སུབ་ཐབས་བྲལ་བའི་ལེགས་སྐྱེས་ཀྱང་ཕུལ་ཡོད། ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དོ་དམ་དང་ཞིབ་འཇུག་བེད་སྤྱོད་ལས་དོན་ལ་ཀྲུང་དབྱང་གི་འགོ་ཁྲིད་དང་། བོད་ཀྱི་ཏ་ལའི་ལོ་མའི་ལཉྫའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་འདུ་འགོད་མཐུན་སྦྱོར་ཚོགས་ཆུང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད།

        སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་། དཔེ་མཚོན་གཏོད་པ། སྟོབས་ཤུགས་གོང་བུ་སྒྲིལ་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དོ་དམ་དང་ཞིབ་འཇུག་བེད་སྤྱོད་ཀྱི་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་སོགས་ཚན་པ་12ལ་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པའི་མཚན་སྙན་སྤྲོད་རྒྱུ་དང་། ལྷ་ས་གྲོང་ཁྱེར་སོགས་ཚན་པ་10ལ་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་ཚན་པའི་མཚན་སྙན་སྤྲོད་རྒྱུ། ཚེ་དབང་འགྱུར་མེད་སོགས་མི་8ལ་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་མི་སྒེར་གྱི་མཚན་སྙན་སྤྲོད་རྒྱུ། བྱམས་པ་སྐལ་བཟང་སོགས་མི་12ལ་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད་པས་རེ་བར་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་མཚན་སྙན་ལ་གཅེས་སྤྲས་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། ཡང་འབད་བསྐྱར་འབད། གྲུབ་འབྲས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དོ་དམ་དང་ཞིབ་འཇུག་བེད་སྤྱོད་ཀྱི་ལས་དོན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་གྲུབ་འབྲས་ལེགས་ཤོས་གཏོད་དགོས།

        རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་གནས་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་རིག་གནས་དང་། རིག་དངོས། སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྡེ་ཚན་བཅས་ལ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་མིག་དཔེར་བྱས་ཏེ་ཁོང་ཚོའི་དཀའ་སྤྱད་འབད་འཐབ་དང་། དམ་པ་དོན་གཉེར། འབད་བརྩོན་ཧུར་ལེན་བཅས་ཀྱི་སྤྱོད་ཚུལ་བཟང་པོར་སློབ་སྦྱོང་དང་། ཁོང་ཚོའི་ཁྲལ་སེལ་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པ་དང་། གཟབ་ནན་ཞིབ་ཚགས། ལེགས་ཐོག་ལེགས་འཚོལ་བཅས་ཀྱི་ལས་ཀའི་རྣམ་འགྱུར་ལ་སློབ་སྦྱོང་། ཁོང་ཚོའི་ཁེ་གྲགས་དོན་གཉེར་མི་བྱེད་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་བཅས་ཀྱི་བླ་ན་མེད་པའི་སྤྱོད་བཟང་བཅས་ལ་སློབ་སྦྱོང་བཅས་བྱས་ཐོག་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་བས་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ཏེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་བཅས་བྱས་ཏེ་ཏ་ལའི་ལོ་མའི་དཔེ་ཆ་སོགས་སྲོལ་རྒྱུན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དོ་དམ་དང་ཞིབ་འཇུག་བེད་སྤྱོད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ནས་བོད་འདི་ཉིད་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་ཞིག་ལ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་རིག་གནས་དང་བོད་ཀྱི་ཁྱད་ལྡན་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།