དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་བོད་ཀྱི་ཕྱི་དོན་ལས་ཁུངས་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་བཏང་བའི་རྟེན་འབྲེལ་འཕྲིན་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

       བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་དོན་ཁང་དང་ལྗོངས་ཡོངས་ཀྱི་ཕྱི་དོན་ཁོངས་གཏོགས་ཀྱི་བློ་མཐུན་ཡོངས་ལ།

        བོད་ཀྱི་ཕྱི་དོན་ལས་ཁུངས་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་སྐབས་དེར་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལོ་དྲུག་ཅུའི་རིང་བོད་ཀྱི་ཕྱི་དོན་བྱ་གཞག་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ། ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་། ཕྱི་འབྲེལ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་། ཤང་ཀང་དང་ཨའོ་མོན་གཞུང་ལས་ཁང་། རྒྱལ་ཡོངས་མཛའ་གྲོགས་མཐུན་ཚོགས། བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ཕྱི་དོན་བྱ་གཞག་ལ་ཐུགས་ཁུར་རྒྱབ་སྐྱོར་དང་མཛུབ་ཁྲིད་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་ཕྱི་དོན་བྱ་གཞག་ཐད་ལེགས་སྐྱེས་མངོན་གསལ་འབུལ་མཁན་བོད་སྐྱོར་གྱི་བློ་མཐུན་རྒན་གྲས་དང་ལྗོངས་ཡོངས་ཀྱི་ཕྱི་དོན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

        ལོ་དྲུག་ཅུའི་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་འགོ་ཁྲིད་དང་། ཕྱི་འབྲེལ་པུའུ་དང་འབྲེལ་ཡོད་པུའུ་ཨུད་ཀྱི་རྒྱབ་སྐྱོར་དང་མཛུབ་ཁྲིད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཐོང་ཆེན་སྐུལ་འདེད་བཅས་ཀྱི་འོག་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་དོན་སྡེ་ཚན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཕྱི་དོན་གྱི་བྱེད་ཕྱོགས་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་ཕྱི་དོན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་བོད་འབྲེལ་གྱི་ཕྱི་ཕྱོགས་ལས་དོན་ཐག་གཅོད་འོས་འཚམ་བྱ་ཆེད་ཕྱི་ཕྱོགས་མཛའ་གྲོགས་འགྲོ་འོང་གི་ལས་དོན་ཧུར་ཐག་སྤེལ་བ་དང་། ཁྱིམ་མཚེས་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ། ཕྱི་ཕྱོགས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅངས་བྱས་ནས་དངོས་འབྲེལ་དང་། ཞི་མཐུན། འཕེལ་རྒྱས། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་ལ་ངོ་སྤྲོད་བྱས་པར་བརྟེན་ཏཱ་ལའི་རུ་ཚོགས་དང་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་ཀྱི་སྐྱོན་འཛུགས་དང་དམའ་འབེབས་ལ་དགག་པ་ཚ་ནན་རྒྱག་ཐུབ་པ་བྱུང་བ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་འཛིན་པའི་ཕྱོགས་རིས་ཀྱི་ལྟ་ཚུལ་དང་གོ་ནོར་ཡང་གསལ་བཟོ་ཐུབ་པ་བྱུང་ཁར་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་དུས་བབ་བཟང་པོ་མངོན་འགྱུར་བྱུང་སྟེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ཕྱིའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཐུབ་པ་བྱུང་ཡོད།

        འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་སྒོ་ཀུན་ནས་ལག་བསྟར་བྱེད་པའི་གལ་འགངས་ཆེ་བའི་ལོ་ཞིག་ཡིན་ལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཕྱི་དོན་ལས་དོན་ཡག་པོ་སྒྲུབ་རྒྱུར་གལ་འགངས་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ཡང་ལྡན་ཡོད། ལྗོངས་ཡོངས་ཀྱི་ཕྱི་དོན་ཁོངས་གཏོགས་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་བོད་ཀྱི་ཕྱི་དོན་སྒྲིག་གཞི་བཙུགས་ནས་ལོ་དྲུག་ཅུ་འཁོར་བ་དེ་གོ་སྐབས་སུ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་མཐུན་སྦྱོར་ཚོགས་ཆུང་དང་ཀྲུང་དབྱང་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་བསྟུན་པ། སྒྲིག་ཁྲིམས་སྲུང་བ་བཅས་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་རྣམ་པར་བསྟུན་པ་དང་ཞབས་འདེགས་ཞུ་བ་དང་། རང་ཉིད་གཙོ་བོར་བཟུང་བ་དང་རང་ཉིད་ཆེད་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། མི་རྩ་བར་འཛིན་པ་དང་ཕྱི་དོན་དམངས་ཆེད་མཐའ་འཁྱོངས་བྱས་ཏེ་ཕྱི་དོན་ལས་དོན་གྱི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གཅིག་གྱུར་མཐུན་སྦྱོར་དང་གོང་བུ་གཅིག་ཏུ་འགྲིལ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱི་དོན་ལས་དོན་གྱི་འགོ་ཁྲིད་དང་རྩ་འཛུགས་ཀྱི་ནུས་པར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཏེ་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

        བོད་ཀྱི་ཕྱི་དོན་ལས་ཁུངས་བཙུགས་ནས་ལོ་དྲུག་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།

        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།