དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ནོར་སྲིད་ཐིང་གི་ཐིང་ཀྲང་ཨའེ་ཅུན་ཐའོ་ཡིས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་ངེས་རྩིས་དང་2012ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ 》དང་རྩིས་བཤེར་ཐིང་གི་ཐིང་ཀྲང་ལྷག་པས་གནང་བའི 《2011ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་དེ་མིན་ནོར་སྲིད་གཏོང་ཡོང་གནས་ཚུལ་གྱི་རྩིས་བཤེར་ལས་དོན་གྱི་སྙན་ཞུ 》གསན་གནང་བ་རེད། ཚོགས་འདུའི་ཐོག་རྩིས་བཤེར་ལས་དོན་གྱི་སྙན་ཞུར་གྲོས་ཞིབ་བྱེད་པ་དང་ཟུང་འབྲེལ་བྱས་ནས 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་ངེས་རྩིས (འཆར་ཟིན )》དང་ངེས་རྩིས་སྙན་ཞུར་ཞིབ་བཤེར་བྱས་པ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་ནས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་ངེས་རྩིས་ལ་ཞིབ་བཤེར་བྱས་འབྲས་སྙན་ཞུ 》ལ་མོས་མཐུན་གནང་བ་དང 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་ངེས་རྩིས 》ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུས་རེ་བ་བཏོན་དོན་དུ། དཀའ་སྤྱད་འབད་བརྩོན་དང་གྲོན་ཆུང་བསྲི་ཚགས་ཀྱིས་བྱ་གཞག་མཐའ་དག་སྒྲུབ་པའི་བྱེད་ཕྱོགས་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་སྔོན་རྩིས་སྒྲིག་ཁོངས་རིམ་བཞིན་ཞིབ་བཟོ་དང་། སྔོན་རྩིས་གཅུན་འདོམས་ནན་པོ་བྱེད་པ། ནོར་སྲིད་གཏོང་སྒོ་ལེགས་འགྱུར་བྱེད་པ། རྣམ་གྲངས་གཏོང་སྒོའི་ཕན་འབྲས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་མ་དངུལ་ལ་ལྟ་འདོམས་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།