དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ལྗོངས་ཀྱི་ཡིག་འབུལ་ངོ་བཅར་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། འབྲེལ་ཡོད་སྡེ་ཚན། རྒྱ་ཆེའི་ཡིག་འབུལ་ངོ་བཅར་ལས་དོན་པ་བཅས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། ཡིག་འབུལ་ངོ་བཅར་ལས་དོན་ཡག་པོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་མཐར་ཕྱིན་བསྟར་བ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱ་རྒྱུར་དམ་པོར་དམིགས་པ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་མཐུན་གྱི་རྒྱུ་རྐྱེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་དུ་དང་ཞི་མཐུན་མིན་པའི་རྒྱུ་རྐྱེན་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉུང་དུ་བཏང་ཡོད། ཡིག་འབུལ་ངོ་བཅར་ལས་དོན་གྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡིག་འབུལ་ངོ་བཅར་ཐབས་ལམ་སྔར་བས་ཡངས་སུ་བཏང་བ་དང་འབྲེལ་འགོ་ཁྲིད་ལས་བྱེད་པས་ཡིག་འབུལ་ངོ་བཅར་ཞུ་བར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུ་བ་དང་གཞི་རིམ་དུ་བཅའ་འདྲི་བྱེད་པར་སྐྱོད་པའི་བྱེད་སྒོ་སྤེལ་ཏེ་ཡིག་འབུལ་ངོ་བཅར་གྱི་གནད་དོན་ཁྲིམས་ལུགས་དང་སྲིད་ཇུས་ལྟར་ཐག་གཅོད་བྱས་ནས་ཡིག་འབུལ་ངོ་བཅར་ཞུ་མཁན་མང་ཚོགས་ཀྱི་ལུགས་དང་མཐུན་པའི་རེ་བ་རྣམས་འགྲུབ་ཐུབ་པའི་བརྩོན་ལེན་བྱས་ཡོད། ལྷག་པར་དུ་ཡིག་འབུལ་ངོ་བཅར་ཐད་ཀྱི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་དང་ཡིག་འབུལ་ངོ་བཅར་ཐད་ཀྱི་གསོག་ཐེབས་པའི་གྱོད་གཞི་ཐག་གཅོད་བྱེད་རིང་ཐབས་མང་མཉམ་སྤྱོད་དང་། ཕྱོགས་བསྡུས་བཅོས་སྐྱོང་། མི་རྒྱུ་དངུལ་གསུམ་གཅིག་སྡུད་བཅས་བྱས་ནས་འགག་སྒྲོལ་དཀའ་སེལ་བྱས་པ་དང་། འགལ་བ་དང་རྩོད་གཞི་འབོར་ཆེན་ཞིག་བསལ་བ། ཏང་དང་སྲིད་གཞུང་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་ཕྱིར་ལེཌ་སྐྱེས་ཧུར་ཐག་ཕུལ་བ་དང་དེའི་རིང་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་མང་དག་ཅིག་འབུར་དུ་ཐོན་ཡོད།  

        སྔོན་ཐོན་ལ་གཟེངས་བསྟོད་དང་། སྙིང་སྟོབས་རབ་འཕེལ། དཔའ་ངར་ཆེར་སྐྱེད། དཔེ་མཚོན་འཛུགས་གཏོད། སེམས་ཤུགས་ལྡབ་འཕེལ་བཅས་ཀྱི་ཐོག་ནས་ཡིག་འབུལ་ངོ་བཅར་ལས་དོན་ཡག་པོ་སྤེལ་ནས་ས་ཁུལ་ཁག་དང་། སྡེ་ཚན་ཁག རྒྱ་ཆེའི་ཡིག་འབུལ་ངོ་བཅར་ལས་དོན་པ་བཅས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་ཡིག་འབུལ་ངོ་བཅར་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་གནང་བ་བརྒྱུད་ལྗོངས་ལྟ་ཞིབ་ཐིང་སོགས་ལས་ཁུངས་25ལ “ལྗོངས་ཡོངས་ཀྱི་ཡིག་འབུལ་ངོ་བཅར་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་ཀན་ཕིང་སོགས་བློ་མཐུན་33ལ “ལྗོངས་ཡོངས་ཀྱི་ཡིག་འབུལ་ངོ་བཅར་ལས་དོན་གྱི་ཕུལ་བྱུང་མི་སྒེར ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་གནང་ཡོད།

        གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་ཚོས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་གྱིས་ཡང་འབད་བསྐྱར་འབད་བྱེད་པ་དང་། ཡིག་འབུལ་ངོ་བཅར་ལས་དོན་སྤེལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཡིག་འབུལ་ངོ་བཅར་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཡིག་འབུལ་ངོ་བཅར་ལས་དོན་གྱི་ཁྱོན་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། ཡིག་འབུལ་ངོ་བཅར་ལམ་བུ་ཤར་གཏོང་ཡོང་བ་བྱ་རྒྱུ་དང་ཞི་མཐུན་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་འགལ་བ་བར་འདུམ་ལས་དོན་བྱེད་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་རྒྱུ་དང་འགལ་བ་མངོན་གསལ་དོད་རིགས་སེལ་རྒྱུར་ཤུགས་རྒྱག་རྒྱུ་དམིགས་ཚད་དུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཡིད་ཆེས་སྔར་བས་ཆེན་པོ་དང་། སྤྲོ་སེམས་སྔར་བས་ཆེན་པོ། སྤྱོད་ཚུལ་སྔར་བས་ལེགས་པོ། བྱེད་ཐབས་སྔར་བས་ནུས་ལྡན་བཅས་ཀྱི་སྒོ་ནས་ལྗོངས་ཡོངས་ཀྱི་ཡིག་འབུལ་ངོ་བཅར་ལས་དོན་སྔར་བས་ལེགས་པར་སྒྲུབ་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཡིག་འབུལ་ངོ་བཅར་སྡེ་ཚན་དང་ཡིག་འབུལ་ངོ་བཅར་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཚང་མས་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ལ་སློབ་སྦྱོང་བྱེད་དགོས་ཤིང་། སེམས་པ་མང་ཚོགས་ལ་འཆང་བ་དང་འགན་ནན་ཏན་ངང་ཁུར་བའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་དང་། དཀའ་ངལ་ལ་མི་སྐྲག་པ་དང་འགན་ཁུར་ཕོད་པའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་། ཞི་དུལ་ངག་འཇམ་དང་འགལ་བ་སེལ་མཁས་པའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་། གཞི་རིམ་དུ་སྐྱོད་པ་དང་དམིགས་ཡུལ་ལག་ལེན་བྱེད་པའི་ཁོང་ཚོའི་སྙིང་སྟོབས་ལ་སློབ་སྦྱོང་བཅས་བྱས་ཏེ་ཡིག་འབུལ་ངོ་བཅར་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཕྱིར་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་བ་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།