དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྐབས་བརྒྱད་པའི“བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་བཟང་པོ་བཅུ”དང་།“བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་བཟང་པོ་བཅུ”“བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་མཉམ་སྡེབ་ཕུལ་བྱུང”བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ས་ཁུལ (གྲོང་ཁྱེར )ཁག་གི་སྡེ་ཨུད་དང་། སློབ་གསོ (ལུས་རྩལ )ཅུས། ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་བཅས་ལ།

        མིག་དཔེ་གཏོད་པ་དང་སྔོན་ཐོན་ལ་གཟེངས་བསྟོད་བྱས་ནས་བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཕྱིར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་། ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བློ་བཟང་ཚེ་བརྟན་སོགས་སློབ་མ་བཅུར “ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་བཟང་པོ་བཅུ ”ཡི་གཟི་བརྗིད་མཚན་སྙན་དང་། ཧུང་ཤིའུ་ཡན་སོགས་བློ་མཐུན་བཅུར “ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་བཟང་པོ་བཅུ ”ཡི་གཟི་བརྗིད་མཚན་སྙན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཆེན་གྱི་རུ་ཆེན་པུའུ་སོགས་མཉམ་སྡེབ་བརྒྱད་ལ “ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་མཉམ་སྡེབ་ཕུལ་བྱུང ”གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།

        རེ་བར་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མི་སྒེར་དང་སྔོན་ཐོན་མཉམ་སྡེབ་ཀྱིས་ཡང་འབད་བསྐྱར་འབད་དང་གསར་འབྱེད་ཡར་བརྩོན་བྱས་ནས་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་རྒྱུའི་བརྩོན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པ་དང་གདོང་ལེན་རུ་ཁག་གི་རུ་མི་ཚོས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་བཟང་པོ་བཅུར་སློབ་སྦྱོང་བྱས་ཏེ་ཆུང་དུས་ནས་ཏང་དང་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་བབ་ཆགས་ཀྱི་བརྩེ་དུང་འཆང་རྒྱུ་གསོ་སྐྱོང་བྱས་ཐོག་སློབ་སྦྱོང་ཧུར་ཐག་བྱེད་པ་དང་། དགའ་སྤྲོའི་ངང་འཚོ་བ་སྐྱེལ་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཚད་དང་ལོན་པའི་འཛུགས་སྐྲུན་པ་དང་བློས་འཁེལ་བའི་རྒྱུད་འཛིན་པ་ཞིག་ཆགས་པ་བྱེད་དགོས། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པས་ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ་བཟང་པོ་བཅུར་མིག་དཔེ་བལྟས་ནས་འགན་ནུས་གཙོ་བོ་ཡིན་པའི་མི་གསོ་སྐྱོང་བྱ་རྒྱུ་དེ་མཐའ་འཁྱོངས་ཀྱིས་མི་གསོ་སྐྱོང་བྱེད་པར་མོས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དགེ་རྒན་ཡག་པོ་དང་གྲོགས་པོ་ཡག་པོའི་ནུས་པ་འདོན་སྤེལ་བྱས་ནས་རྒྱ་ཆེའི་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས།

        ལྗོངས་ཡོངས་ཀྱི་རིམ་ཁག་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་མཉམ་སྡེབ་ཕུལ་བྱུང་མིག་དཔེར་བྱས་ནས་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་ངོ་བོ་མཐའ་འཁྱོངས་བྱེད་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་གཞི་རྩའི་ལས་འགན་ཁོང་དུ་ཆུད་པ་བྱེད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་གཞི་རྩའི་འགན་ནུས་སྒོ་ཀུན་ནས་ལག་ལེན་བསྟར་བ་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཕྱིར་བློས་འཁེལ་བའི་རྒྱུད་འཛིན་པ་དང་ཚད་ལོན་པའི་གྲ་སྒྲིག་རུ་ཁག་གསོ་སྐྱོང་བྱེད་དགོས། རིམ་ཁག་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས “ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་བཟང་པོ་བཅུ ”དང་། “ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་བཟང་པོ་བཅུ ”“ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་མཉམ་སྡེབ་ཕུལ་བྱུང ”བཅས་ཀྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་རོགས་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་བཅས་ཀྱིས་སྔོན་ཐོན་ལ་སློབ་སྦྱོང་དང་འབད་འབུངས་ཡར་བརྩོན་བྱ་རྒྱུའི་ལྕག་སྐུལ་བྱས་ཐོག་ལྗོངས་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཕྱིར་སྒོ་ཀུན་ནས་གྲ་སྒྲིག་ཡག་པོ་བྱེད་དགོས།

        གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཡུ་ཡོན་ལྷན་ཁང་།

        ལོ་ཆུང་གདོང་ལེན་རུ་ཁག་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ནས།

        2012ལོའི་ཟླ་6ཚེས་1ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།