ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ།
བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐོང་ཚོགས་བྱེད་པའི་དུས་འདིར་གཟེངས་བསྟོད་ཐོབ་པའི་དཔེ་བཟང་དགོན་སྡེ་དང་། སྔོན་ཐོན་གྲྭ་བཙུན་དང་སྔོན་ཐོན་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་། ཕུལ་དུ་བྱུང་བའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ན་ནིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ཐད་བྱེད་ཐབས་གལ་ཆེན་སྣ་ཚོགས་སྤྱད་པས་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁོངས་གཏོགས་སུ་ཞི་མཐུན་བརྟན་ལྷིང་གི་རྣམ་པ་གསར་པ་ཞིག་ཆགས་ཡོད། བྱེད་ཐབས་དེ་དག་ལའང་རྒྱ་ཆེའི་དགོན་སྡེ་དང་གྲྭ་བཙུན་གྱི་ཡིད་མཐུན་ཐོབ་ཡོད།
ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ནང་འབུར་དུ་ཐོན་པའི་དཔེ་བཟང་གི་དགོན་སྡེ་དང་། སྔོན་ཐོན་གྲྭ་བཙུན། དགོན་སྡེར་བཅའ་སྡོད་ཕུལ་བྱུང་ལས་བྱེད་པ་བཅས་ལ་གཟེངས་བསྟོད་གཟབ་རྒྱས་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཡིད་ཆེས་ཀྱི་བསམ་པ་དང་ཆོད་སེམས་མཚོན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་གྲྭ་བཙུན་ལ་དགའ་གཅེས་བྱེད་ལུགས་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་གཅེས་སྐྱོང་བྱེད་ལུགས་མཚོན་གྱི་ཡོད།
ད་རེས་ཀྱི་གཟེངས་བསྟོད་བྱེད་སྒོ་དེ་སྤེལ་བའི་སྐབས་དང་བསྟུན་ནས་ལྗོངས་ཡོངས་ཀྱི་དགོན་སྡེར་རྒྱལ་སྐྱོང་དམངས་ཕན་དང་། རྒྱལ་གཅེས་ཁྲིམས་སྲུང་། ཁ་ཕྲལ་ལ་ངོ་རྒོལ། བརྟན་ལྷིང་སྲུང་སྐྱོང་བཅས་སྔར་ལས་ལྷག་པ་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་དང་འབྲེལ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་གསར་གཏོད་བྱས་པའི་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་ནས་བོད་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་ཞིག་གཏོད་རྒྱུའི་རེ་བ་འདོན་རྒྱུ་ཡིན།
ཀྲུང་དབྱང་འཐབ་ཕྱོཌ་གཅིག་གྱུར་པུའུ་ཡིས།
2012ལོའི་ཟླ་4ཚེས་18ཉིན།