དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་རྟེན་འབྲེལ་ཞུ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ།

        བོད་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྐབས་དང་པོ་དེ་ལྷ་སར་གཟབ་རྒྱས་ངང་འཚོགས་པར་ཧ་ཅང་དགའ་པོ་བྱུང་བས་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་ཡིན།

        ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ནས་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་ལེགས་སུ་བཏང་བ་དང་ཐུགས་ཁུར་གང་ཟབ་གནང་ཡོད། ན་ནིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུའི་གཏན་འབེབས་བྱས་ཏེ “འཛུགས་སྐྱོང་དྲུག ”གི་རྨང་གཞིའི་ཐོག “གཅིག་དྲུག ”དང་དགོན་སྡེར “ཡོད་པ་དགུ ”དང་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པ་སོགས་ལ་སྐུལ་མ་བཏང་ཚུན་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། རྒྱ་ཆེའི་དགོན་སྡེ་དང་གྲྭ་བཙུན་ཚོས་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པ་ཐོབ་པ་བྱེད་པའི་སྲིད་ཇུས་ལ་དགའ་བསུ་དང་བརྩི་བཀུར་ཞུས་པ་དང་སྐུལ་མ་གཏིང་ཟབ་ཐེབས་པ་མ་ཟད་ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཡོད་པ་རེད། བོད་ཀྱི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ཚོས་ད་རེས་ཀྱི་གཟེངས་བསྟོད་ཚོགས་ཆེན་དེ་གོ་སྐབས་གལ་ཆེན་དང་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་ཐུགས་རེ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རྒྱལ་གཅེས་རིང་ལུགས་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཁ་ཕྲལ་རིང་ལུགས་ཀྱི་སིམ་འཛུལ་རང་རྟོགས་ངང་བཀག་འགོག་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་ཡར་གཏོད་བཅས་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་བརྩི་ཞུ་བ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་སྲུང་བརྩི་ཞུ་བ། ནང་བསྟན་གྱི་སྡོམ་ཁྲིམས་ལ་རིག་པ་སྒྲིམ་ནས་ཞིབ་འཇུག་བྱས་ཏེ་ཆོས་དད་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོ་རུ་ཧུར་ཐག་བཏང་སྟེ་གྲྭ་བཙུན་དཔུང་ཁག་གི་སྤྱོད་བཟང་ཡར་ཐོན་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་བརྟེན་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད། བོད་དར་རྒྱས་གོང་འཕེལ་དང་གྲོགས་པོ་ལྷན་རྒྱས་སྐུ་གཟུགས་གསལ་ཐང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།

                                         འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས།

                                                    2012ལོའི་ཟླ་4ཚེས་19ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།