2011ལོའི་ཟླ་10པ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གཞི་རྩའི་བྱེད་ཕྱོགས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་དུ་ལངས་པ། དགོན་སྡེའི་གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཟུར་ཚད་དང་བསྟུན་པ་བཅས་བྱས་ནས 《<ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་དཔྱད་འདེམས་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བསམ་འཆར (ཚོད་ལྟའི་ལག་བསྟར )བརྒྱུད་སྤེལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི་བརྡ་ཐོ >》(བོད་ཏང་གཞུང་སྤེལ 〔2011〕ཨང་36པ )བཟོས་ནས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་དཔྱད་འདེམས་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པས་དགོན་པའི་དོ་དམ་ལ་དངོས་བྲེལ་ཤུགས་སྣོན་བརྒྱབ་པ་དང་གསར་གཏོད་བྱས་པ། བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་པ། རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་བ། དགོན་སྡེའི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱས་པ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པ་བྱ་རྒྱུར་ཁྲིད་སྟོན་བྱས་པ་བཅས་རེད།
བྱེད་སྒོ་སྤེལ་ཚུན་ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་པ་དང་། རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་སྤྲོ་སེམས་ཆེན་པོས་དགའ་བསུ་དང་བརྩི་བཀུར་ཞུས་པ། སེམས་ནུས་ཡོད་རྒུས་གསར་གཏོད་བྱེད་སྒོའི་ནང་ཞུགས་པ། “གཏོད་པ་དྲུག ”གི་ལས་དོན་གྱིས་ལྟེ་བ་བྱས་པའི་དགོན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་གཞོགས་འདེགས་བྱེད་པ། དགོན་པའི་ཁྲིམས་ལུགས་དྲིལ་བསྒྲགས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ། མི་རིགས་དང་ཆོས་ལུགས་སྐོར་གྱི་ཏང་གི་སྲིད་ཇུས་དང་དགོན་པ་དང་གྲྭ་བཙུན་ལ་ཕན་པའི་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་རབ་དང་རིམ་པ་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་པ། ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་བཅས་བྱས་པས་རྒྱུན་བསྲིང་ངང་ཞི་མཐུན་བརྟན་ལྷིང་བྱུང་བའི་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཆོས་གཅེས་དང་། བློ་རྩེ་གཅིག་སྒྲིམ་ངང་ཐོས་བསམ་ལ་གཞོལ་བ། སྒྲིག་བཀུར་ཁྲིམས་སྲུང་གི་མཚོན་ཚུལ་མངོན་གསལ་དོད་པ་བཅས་ཀྱི་སྔོན་ཐོན་གྲྭ་བཙུན་འབོར་ཆེན་ཞིག་ཐོན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་མིག་དཔེ་འཛུགས་པ་དང་། སྤྱི་ཚོགས་ཧྲིལ་པོ་དང་རྒྱ་ཆེའི་གྲྭ་བཙུན་ཁྲོད་དུ་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་རྣམ་པ་བཟང་པོ་གཏོད་པ། ཁ་ཕྲལ་ལ་ངོ་རྒོལ་དང་ཞི་མཐུན་སྲུང་སྐྱོང་བྱེད་པའི་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱ་ཆེད་གཏོད་པ་དང་དཔྱད་འདེམས་བྱ་རྒྱུའི་གཏན་འབེབས་ལ་གཞིགས་པ་དང་རྒྱ་ཁྱབ་དང་ནན་ཏན་ངང་དཔྱད་འདེམས་བྱས་པ་དང་འོག་ནས་གོང་ལ་འོས་སྦྱོར་བྱས་པ་བརྒྱུད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱམས་པ་གླིང་དགོན་པ་སོགས་རང་སྐྱོང་ལྗོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་59དང་བློ་བཟང་ཆོས་འཕེལ་སོགས་རང་སྐྱོང་ལྗོངས་ཀྱི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་6773ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། གཟེངས་བསྟོད་ཐོབ་པའི་དགོན་སྡེ་དང་གྲྭ་བཙུན་ཚོས་ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་རྒྱལ་སྐྱོང་འགྲོ་ཕན་དང་། སྒྲིག་བཀུར་ཁྲིམས་སྲུང་། ཁ་ཕྲལ་ལ་ངོ་རྒོལ། མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་མཐུན་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་འདོན་རྒྱུ་ཡིན།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབོད་སྐུལ་བྱས་དོན། ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་དང་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་མུ་མཐུད་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། གཏོད་པ་དང་དཔྱད་འདེམས་བྱེད་པའི་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་སྐུལ་འདེད་གཏོང་བ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི་ཚ་རླབས་སྔར་བས་འཕྱུར་བ་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་ཡར་གཏོད། ཞི་བདེ་ཡོང་བའི་སྨོན་ལམ་འདེབས་པ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། རྗེ་ཙོང་ཁ་པ་སོགས་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་སྐྱེས་ཆེན་རིམ་བྱོན་མིག་དཔེར་བཟུང་བ། དད་མོས་རྩ་བར་བཟུང་བ་དང་། འདུལ་ཁྲིམས་ཚུལ་བཞིན་སྲུང་བ། བློ་རྩེ་གཅིག་ཏུ་སྒྲིམ་ནས་ཐོས་བསམ་ལ་གཞོལ་བ། སྙིང་རུས་ཆེན་པོས་མཁྱེན་རྒྱ་ཡང་དུ་གཏོང་བ། ཉམས་ལེན་འབད་སྒྲུབ་བྱེད་པ། སྡོམ་པ་ཚུལ་བཞིན་སྲུང་བ་བཅས་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་འདུལ་ཁྲིམས་དང་ཆོས་ཀྱི་སྙིང་པོའི་ནང་གི་སྤྱི་ཚོགས་ཡར་ཐོན་དང་མི་དམངས་བདེ་སྐྱིད་ཡོང་རྒྱུར་ཕན་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྔོག་འདོན་དང་དར་སྤེལ་ཧུར་ཐག་གཏོང་བ། འདུལ་ཁྲིམས་དང་ཆོས་ཀྱི་སྙིང་པོར་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་འཚམས་པའི་འཆད་འགྲེལ་བྱེད་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་དཔྱད་འདེམས་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱེད་པ་དང་། ཆོས་ལུགས་སྐོར་གྱི་ཏང་གི་སྲིད་ཇུས་རང་རྟོགས་ངང་ལག་བསྟར་བྱེད་པ། ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་སྲུང་བ། བློ་ཐག་ཆོད་པོས་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ། དགོན་པའི་དོ་དམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་བདེ་དང་ཞི་མཐུན་གྱི་དགོན་སྡེ་གཏོད་པ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། དགོན་སྡེ་ཁག་གི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་པ་དང་དཔྱད་འདེམས་བྱེད་པའི་བྱེད་སྒོའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པ། རྒྱལ་གཅེས་ཁྲིམས་སྲུང་དང་། ཁ་ཕྲལ་ལ་ངོ་རྒོལ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་བའི་ཁྲིད་སྟོན་བཟང་པོ་སྔར་བས་འཛུགས་པ་བཅས་བྱེད་དགོས། དགོན་སྡེ་ཁག་གི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་བསྟུན་པ་དང་། དགོན་སྡེའི “གཏོད་པ་དྲུག ”གི་ལས་དོན་མུ་མཐུད་བརྟན་པོའི་ངང་སྤེལ་བ། “གཅིག་དྲུག ”གི་བྱེད་སྒོ་རྒྱུན་མཐུད་ངང་གཏིང་ཟབ་སྤེལ་བ། “ཡོད་པ་དགུའི ”འདུ་འགོད་དོན་འཁྱོལ་ཡག་པོ་བྱེད་པ། “འགན་བཅོལ་གཉིས་དང་མ་མཐའི་འཚོ་བ་འགན་ལེན ”སོགས་དགོན་སྡེ་དང་གྲྭ་བཙུན་ལ་ཕན་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ལ་སློབ་གསོ་དང་། ཁྲིད་སྟོན། དོ་དམ། ཞབས་ཞུ་བཅས་ཡག་པོ་བྱེད་པ། ལྗོངས་ཡོངས་ཀྱི་དགོན་སྡེ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས།