དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི《ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད(2011ལོ་ནས་2020ལོ་བར)》དོན་འཁྱོལ་བྱེད་པའི་ལག་བསྟར་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ། 《ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད (2011ལོ་ནས་2020ལོ་བར )》དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རང་ལྗོངས་ཀྱི་རེས་སྐོར་གསར་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ལག་བསྟར་བྱ་ཐབས་འདི་གཏན་འབེབས་བྱས་པ་ཡིན།

        གཅིག དབུལ་སྐྱོར་གསར་སྤེལ་ལ་ཐོབ་པའི་གྲུབ་འབྲས་དང་འཕྲད་པའི་ལས་འགན་དང་དེ་བཞིན་དོན་སྙིང་གལ་ཆེན།

           (གཅིག )དབུལ་སྐྱོར་གསར་སྤེལ་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་རང་ལྗོངས་ཀྱི་དབུལ་སྐྱོར་ལས་དོན་ལ་དམིགས་བསལ་གྱི་རྒྱབ་སྐྱོར་གནང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་རང་ལྗོངས་ལ་ལམ་ལུགས་ལ་བཅོས་བསྒྱུར་གཏོང་བ་དང་། ངལ་ཐེབས་འཚོ་གནས། རྨང་གཞིའི་འཛུགས་སྐྲུན། སྤྱི་ཚོགས་འཕེལ་རྒྱས། དབུལ་སྐྱོར་གསར་སྤེལ་སོགས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་བྱེད་ཐབས་མང་པོ་ལག་བསྟར་བྱེད་རོགས་བྱས་པས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན 《རྒྱལ་ཁབ་ཀྱི་ལོ་བདུན་ཚན་བརྒྱད་པའི་དབུལ་སྐྱོར་འགག་སྒྲོལ་འཆར་གཞི (1994ལོ་ནས་2000ལོ་བར )》དང 《ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད (2001ལོ་ནས་2010ལོ་བར )》སྔ་རྗེས་སུ་ལག་བསྟར་བྱས་ཡོད། ཀྲུང་དབྱང་གིས “བོད་འདི་ཉིད་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དབུལ་པོའི་ས་ཁོངས་སུ་བརྩིས་ནས་རོགས་སྐྱོར་བྱས་པ ”དང་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་གཞག་ཆེད་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་དབུལ་སྐྱོར་ཁོངས་གཏོགས་སྒྲིག་འཛུགས་བྱས་ཏེ་དབུལ་སྐྱོར་གསར་སྤེལ་བྱ་རྒྱུ་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བའི་རྩ་བའི་བྱེད་ཐབས་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་རྣམ་པ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུའི་ཐོག་རགས་ཙམ་བསྐྱོད་ཡོད།

        ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་འབད་འཐབ་བྱས་པས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2011ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4904ཟིན་པ་དེ་2001ལོ་ལས་ལྡབ་2.5འཕར་བ་དང་ལོ་རེར་ཆ་སྙོམས་13.3%འཕར་བ་དང་། 2006ལོར་གཏན་འཁེལ་བྱས་པའི་སྒོར་1700ཡི་དབུལ་སྐྱོར་ཚད་གཞིར་གཞིགས་ན་ལྗོངས་ཡོངས་ཀྱི་མི་ཁྲི་56དབུལ་སྒྲོལ་བྱུང་བ་དང་དབུལ་པོའི་མི་འབོར་52.8%ཉུང་དུ་ཕྱིན་པ། ཞིང་འབྲོག་པ་ཁྲི་174བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་དེས་ཞིང་འབྲོག་པའི་བསྡོམས་འབོར་གྱི་75%བཟུང་བ། ཤང (གྲོང་རྡལ )682དང་སྲིད་འཛིན་གྲོང་ཚོ་4547ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཆ་རྐྱེན་མི་འཛོམས་པའི་ཤང (གྲོང་རྡལ )གཉིས་ཕུད་ལྗོངས་ཡོངས་ཀྱི་ཤང (གྲོང་རྡལ )ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་86%ཟིན་པ། རིམ་རྩིས་བྱས་ན་ཞིང་འབྲོག་པ་ཁྲི་188.8ཀྱི་གློག་སྤྱོད་ཀྱི་གནད་དོན་དང་ཞིང་འབྲོག་པ་ཁྲི་180.9ཡི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ། ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱ་རྒྱུས་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ། དབུལ་པོའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་པ་དང་། ཐག་རིང་མང་ཚོགས་ཚོས་འབྲེང་ཐག་ཟམ་པར་བརྟེན་ནས་འགྲོ་འོང་བྱེད་པའི་དུས་རབས་གཞི་རྩའི་ཆ་ནས་མཇུག་འགྲིལ་བ། སྤྱི་ཚོགས་ཀྱི་སྤྱི་པའི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་པ། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་རྒན་གསོ་འགན་བཅོལ་སོགས་དམངས་འཚོའི་སྐོར་གྱི་སྲིད་ཇུས་ཀྱིས་མང་ཚོགས་ཀྱི་གཞིའི་རྩའི་འཚོ་བ་འགན་ལེན་བྱུང་བ། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་བྱུང་ནས་ཞིང་འབྲོག་ཁུལ་དུ་ཏང་གིས་སྲིད་སྐྱོང་བའི་གནས་བབ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་པ་བཅས་རེད། དབུལ་སྐྱོར་གསར་སྤེལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ནང་ནུས་པ་གལ་ཆེན་ཐོན་པ་མ་ཟད་མཐའ་མཚམས་སྲ་བརྟན་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡོང་བ་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་དེ་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུས་ལས་འགན་གཙོ་བོ་བྱེད་པའི་དུས་མཚམས་ནས་མགྱོགས་མྱུར་དབུལ་སྒྲོལ་ཕྱུག་འགྱུར་དང་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བའི་དུས་མཚམས་གསར་པར་སླེབས་ཡོད།

         (གཉིས )རེས་སྐོར་གསར་པའི་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་དེ་བས་དཀའ་ཚེགས་ཆེ་བ་ཞིག་ཡོད་པ། གཅིག་ནི་དབུལ་པོའི་ཚད་གཞི་གཏིང་ཟབ་པ། 2011ལོར་སླེབས་སྐབས་རང་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་70%ལྷག་ཙམ་ཡིན་པ་དེ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་རིགས་ཀྱི་དབུལ་པོའི་ས་ཁུལ་འབའ་ཞིག་དེ་ཡིན། གཉིས་ནི་དབུལ་པོའི་གཞི་ཁྱོན་ཆེ་བ། རང་ལྗོངས་སུ་དཀའ་ངལ་ཡོད་པའི་མང་ཚོགས་མང་བ་དང་མང་ཚོགས་ལ་དཀའ་ངལ་མང་པོ་ཡོད་ཅིང་། རྒྱལ་ཁབ་ཀྱིས་གསར་དུ་གཏན་འཁེལ་བྱས་པའི་དབུལ་པོའི་མཚམས་ཚད་ལ་གཞིགས་ནས་ཚད་ལེན་ཞིབ་རྩིས་བྱས་ཚེ་ལྗོངས་ཡོངས་ཀྱི་མི་འབོར་ཁྲི་83ལྷག་ཙམ་དབུལ་པོའི་མཚམས་ཚད་མན་ལ་གནས་པ་དེས་ཞིང་འབྲོག་ཁུལ་གྱི་སྤྱིའི་མི་འབོར་གྱི་34%བཟུང་བ། གསུམ་ནི་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་ཪྙོག་འཛིང་ཆེ་བ། རང་བྱུང་དང་ལོ་རྒྱུས་སོགས་ཀྱི་རྒྱུ་རྐྱེན་དབང་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་འགོ་འཛུགས་ཕྱི་བ་དང་རྨང་གཞི་ཞན་པ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་དང་སྤྱི་པའི་ཞབས་ཞུ་ཧ་ཅང་མི་འདང་བའི་གནད་དོན་མངོན་གསལ་དོད་ཙམ་ཡོད་པ། རང་བྱུང་གནོད་འཚེ་ཡང་ཡང་ཐོན་ནས་གནོད་འཚེའི་དབང་གིས་དབུལ་པོར་འགྱུར་བ་དང་བསྐྱར་དུ་དབུལ་པོར་འགྱུར་བའི་སྣང་ཚུལ་ཚབས་ཆེན་པོ་ཡོད། བཞི་ནི་བཅོས་སྒྲིག་གི་དཀའ་ཚད་ཆེ་བ། རང་ལྗོངས་ཀྱི་ཡུག་ཁུལ་དབུལ་པོ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དབར་གྱི་འགལ་ཟླ་དང་། ལྟོ་གོས་ཀྱི་གནད་དོན་སྲ་བརྟན་དུ་གཏོང་བ་དང་ཐོན་སྐྱེད་རིགས་བསྒྱུར་དབར་གྱི་འགལ་ཟླ། བརྟན་པོའི་ངང་དབུལ་སྒྲོལ་བྱེད་པ་དང་སྒོ་ཀུན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དབར་གྱི་འགལ་ཟླ་ཕན་ཚུན་མཉམ་དུ་གནས་པ་མ་ཟད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་ཀྱི་འགལ་ཟླ་མཉམ་དུ་གནས་པས་དུས་མཚམས་གསར་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་འགྲན་སློང་གསར་པ་འཕྲད་པ་བཅས་རེད།

        (གསུམ )དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ། དུས་མཚམས་གསར་པའི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་ནས་དབུལ་པོའི་ས་ཁུལ་མགྱོགས་མྱུར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་དབུལ་པོ་རྣམས་མགྱོགས་མྱུར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ནི་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་ཐད་ཀར་འབྲེལ་བ་ཡོད། དེ་ནི་དཔལ་འབྱོར་གྱི་གནད་དོན་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་དང་། མི་རྩ་བར་འཛིན་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད། ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་ཀྱི་མཐོ་ཚད། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། མཉམ་དུ་ཕྱུག་པོ་ཆགས་པ་བཅས་ཀྱི་མཐོ་ཚད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བཅས་ཀྱི་མཐོ་ཚད། མི་སེམས་འགུག་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ་བཅས་ཀྱི་མཐོ་ཚད། མཐའ་མཚམས་དང་མཐའ་སྲུང་སྲ་བརྟན་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་མཐོ་ཚད་བཅས་ཀྱི་ཐོག་ནས་དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་ཡག་པོ་སྒྲུབ་པའི་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྙིང་སྟོབས་རབ་འཕེལ་དང་། གོ་སྐབས་དམ་འཛིན། གསར་འབྱེད་གསར་གཏོད། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་དབུལ་སྐྱོར་གསར་སྤེལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

        གཉིས། མཛུབ་ཁྲིད་བསམ་བློ་དང་། ལས་ཀའི་རྩ་དོན། གཞི་རྩའི་དམིགས་ཚད།

        (བཞི )མཛུབ་ཁྲིད་བསམ་བློ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ། ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་དོན་འཁྱོལ་བཅས་བྱས་ནས་དབུལ་སྐྱོར་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ས་ཁོངས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་བཅས་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་གྱི་ལྟོ་གོས་ཀྱི་གནད་དོན་བརྟན་པོའི་ངང་ཐག་གཅོད་བྱེད་པ་དང་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་རིམ་པ་དབྱེ་ནས་འགན་འཁུར་རྒྱུ་མཐའ་འཁྱོངས་དང་། གཙོ་གནད་མངོན་གསལ་དོད་པ་དང་རིགས་དབྱེའི་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་ལ་ཞུགས་ནས་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། དབུལ་སྐྱོར་གསར་སྤེལ་དང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་རྒྱུར་དེ་བས་མཐོང་ཆེན་དང་། དབུལ་སྐྱོར་བྱ་ཡུལ་གྱི་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་འགྲོ་རྒྱུར་དེ་བས་མཐོང་ཆེན། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ཡོང་རྒྱུར་དེ་བས་མཐོང་ཆེན། འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དེ་བས་མཐོང་ཆེན་བཅས་བྱས་ནས་དབུལ་པོའི་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་ཡིན།

         (ལྔ )ལས་ཀའི་རྩ་དོན།

        ——ལྟོ་གོས་ཀྱི་གནད་དོན་སྲ་བརྟན་དང་སྤུས་ཚད་མཐོ་རུ་གཏོང་དགོས། གསར་སྤེལ་རྣམ་པའི་དབུལ་སྐྱོར་དང་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་གཉིས་ཀར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་འགན་སྲུང་དེ་ལྟོ་གོས་ཀྱི་གནད་དོན་སྲ་བརྟན་དུ་གཏོང་བའི་གཞི་རྩའི་བྱེད་ཐབས་ལ་བརྩི་བ་དང་དབུལ་སྐྱོར་གསར་སྤེལ་བྱ་རྒྱུ་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོར་བརྩིས་ནས་སྤྱོད་གོ་ཆོད་ལ་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་དབུལ་སྒྲོལ་མི་འབོར་བསྐྱར་དུ་དབུལ་པོ་མི་ཆགས་པའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་ནུས་ལྡན་ངང་འབྲེལ་མཐུད་ཡག་པོ་བྱེད་པ་དང་གཟིགས་སྐྱོང་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས་ངལ་ནུས་ཡོད་པའི་དབུལ་སྐྱོར་བྱ་ཡུལ་ལ་རང་ཉིད་ཀྱི་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་དབུལ་པོའི་གནས་ལས་སྒྲོལ་རྒྱུར་ལྕག་སྐུལ་དང་རོགས་རམ་བྱེད་དགོས། ཞིང་དར་ཞིང་ཕན་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་ཁག་ཞིང་འབྲོག་ཁུལ་གྱི་གཉོད་ཆུང་ཚོགས་སྤྱིར་གཟིགས་སྐྱོང་བྱས་ནས་ཁོང་ཚོ་དབུལ་པོའི་གནས་ལས་གྲོལ་རྒྱུར་རོགས་རམ་དང་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།

        ——སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། དབུལ་སྐྱོར་གསར་སྤེལ་དེ་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཚད་བརྒལ་སར་བརྩི་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་དེ་བཞིན་སྤྱིའི་འཆར་འགོད་ནང་འཇུག་པ། དབུལ་སྐྱོར་གསར་སྤེལ་བྱེད་རིང་སྲིད་གཞུང་གིས་མ་དངུལ་གཏོང་བའི་གཙོ་གཟུགས་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་དབུལ་སྐྱོར་གསར་སྤེལ་གྱི་མ་དངུལ་བརྟན་པོའི་ངང་འཕར་རྒྱུ་འགན་ལེན་བྱེད་དགོས། དབུལ་པོའི་ས་ཁུལ་གྱི་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་། དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་འགན་སྲུང་། རང་བྱུང་ཐོན་ཁུངས་གསར་སྤེལ་དང་མི་ཤུགས་ཐོན་ཁུངས་གསར་སྤེལ་བཅས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་དབུལ་པོ་ཉུང་དུ་གཏོང་ཚད་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཕན་ཚུན་འབྲེལ་མཐུད་བྱེད་དགོས།

        ——རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་དགོས། རྒྱལ་ཁབ་ཀྱི་རོགས་སྐྱོར་དང་རང་སྟོབས་རང་སྤེལ་ཕན་ཚུན་ཟུང་འབྲེལ་དང “རང་བརྟེན་འཕེལ་རྒྱས ”དང “གཞན་བརྟེན་འཕེལ་རྒྱས ”ཕན་ཚུན་ཟུང་འབྲེལ་བྱས་ནས་དབུལ་པོའི་ས་ཁུལ་དང་དབུལ་སྐྱོར་བྱ་ཡུལ་གྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། ཞུགས་པའི་རྣམ་པའི་དབུལ་སྐྱོར་དང་གཞི་རིམ་ལ་དབང་ཆ་སྤྲོད་པའི་ཉམས་མྱོང་ཁྱབ་གདལ་བཏང་ནས་གཞི་རིམ་གྱི་རྩ་འཛུགས་ཀྱིས་དབུལ་སྐྱོར་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་དགོས། དབུལ་སྐྱོར་བྱ་ཡུལ་གྱི་གནས་བབ་གཙོ་བོར་བརྩི་འཇོག་བྱེད་པ་དང་། རྣམ་གྲངས་འདེམས་པ་དང་། འཛུགས་སྐྲུན། དོ་དམ། ལྟ་སྐུལ་བཅས་ཀྱི་ལྷུ་ཚིགས་ཁག་ནང་དབུལ་སྐྱོར་བྱ་ཡུལ་ཞུགས་སུ་འཇུག་པ། དབུལ་སྐྱོར་བྱ་ཡུལ་གྱིས་རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་སྒུལ་ཤུགས་འཕེལ་བ་བྱེད་པ་བཅས་བྱས་ནས་རོགས་སྐྱོར་གྱི་བྱེད་ཐབས་དེ་དབུལ་སྐྱོར་བྱ་ཡུལ་གྱི་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས།

        (དྲུག )གཞི་རྩའི་དམིགས་ཚད། 2015ལོར་སླེབས་སྐབས་དབུལ་སྐྱོར་བྱ་ཡུལ་གྱི་ལྟོ་གོས་དང་སྡོད་ཁང་ཐད་སེམས་ཁྲལ་མེད་པ་དང་དབུལ་པོའི་ས་ཁུལ་གྱི་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྤྱི་ཚོགས་འགན་ལེན་བཅས་ལ་འགན་ལེན་ཡོང་རྒྱུ་བརྟན་པོའི་ངང་མངོན་འགྱུར་ཡོང་བ་བྱེད་དགོས། ཞིང་འབྲོག་པའི་ཡོང་འབབ་མངོན་གསལ་དོད་པོས་འཕར་བ་དང་། གཙོ་གནད་ཁུལ་ས་ཁོངས་ཀྱི་ཁྱད་ལྡན་དང་ལེགས་ལྡན་ཐོན་ལས་ཀྱི་མ་ལག་རགས་ཙམ་ཆགས་པ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོར་ཆ་སྙོམས་15%འཕར་བ་བཅས་བྱེད་པ་དང་། ཡོང་འབབ་དམའ་བའི་མི་འབོར་གྱིས་ཞིང་འབྲོག་ཁུལ་གྱི་མི་འབོར་བསྡོམས་གྲངས་ཀྱི་བཟུང་ཚད་12%མན་དུ་དམའ་རུ་གཏོང་དགོས། འཚོ་བ་དང་ཐོན་སྐྱེད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་དང་། གཙོ་གནད་ས་ཁོངས་ཀྱི་ཆུ་དང་། གློག ལམ། རྫབ་རླངས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་རྩ་བའི་ཆར་ཐག་གཅོད་བྱེད་པ་དང་། གློག་སྤྱོད་མི་གྲངས་རྦད་དེ་ཁྱབ་རྒྱུ་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པ། ཆ་རྐྱེན་ལྡན་པའི་སྲིད་འཛིན་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་པ། རྫབ་རླངས་སྤྱོད་མཁན་དུད་ཚང་ཁྲི་20གསར་སྣོན་བྱེད་པ། ཁ་པར་དུད་ཚང་དུ་ཁྱབ་ཚད་93%ཡན་ལོན་པ་བྱེད་པ། སྲིད་འཛིན་གྲོང་ཚོར་སྦྲག་སྲིད་ཤར་གཏོང་ཐུབ་ཚད་90%ཡན་ལོན་པ་བཅས་བྱེད་དགོས། སྤྱི་ཚོགས་བྱ་གཞག་ལ་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། གཙོ་གནད་ས་ཁོངས་ཀྱི་ཤང (གྲོང་རྡལ )ཚང་མར་སྨན་ཁང་དང་སྲིད་འཛིན་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་བྱེད་པ་དང་། སློབ་ཞུགས་གོང་གི “སྐད་གཉིས ”སློབ་གསོ་ཁྱབ་གདལ་གཏོང་བ་དང་། སློབ་ཆུང་གི་སློབ་གྲྭར་ཞུགས་ཚད་99.5%དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཞུགས་ཚད་99% མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཞུགས་ཚད་80%བཅས་ལོན་པ་བྱེད་པ། འོས་འགན་སློབ་གསོའི་སློབ་ཡོན་མི་དགོས་པའི “འགན་ལེན་གསུམ ”གྱི་སྲིད་ཇུས་ལོ 15བར (སློབ་ཞུགས་གོང་གི་ལོ 3དང་། སློབ་ཆུང་གི་ལོ 6 དམའ་རིམ་སློབ་འབྲིང་གི་ལོ་3 མཐོ་རིམ་སློབ་འབྲིང་གི་ལོ་3ལས་རིགས་སློབ་འབྲིང་ཚུད )རིང་དུ་གཏོང་བ། རླུང་འཕྲིན་བཪྙན་འཕྲིན་་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་95%ཡན་ལོན་པ་བྱེད་པ་དང་། ཚན་རྩལ་ཁྱབ་གདལ་དང་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྤྱིར་ན་འཐུས་སྒོ་ཚང་པོ་ཡོང་བ་བཅས་བྱེད་དགོས་པ། སྤྱི་ཚོགས་འགན་ལེན་མངོན་གསལ་དོད་པོས་མཐོ་རུ་གཏོང་དགོས་ཤིང་། གཙོ་གནད་ས་ཁོངས་དང་དབུལ་སྐྱོར་བྱ་ཡུལ་ལ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དང་། མ་མཐའི་འཚོ་བ་འགན་ལེན་ལམ་ལུགས། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས། འགན་ལེན་ལྔའི་བསྙེན་བཀུར་སོགས་སྤྱི་ཚོགས་འགན་ལེན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་པ་བྱེད་དགོས་པ་མ་ཟད་ཚད་གཞི་མཐོ་རུ་གཏོང་དགོས།

        2020ལོར་སླེབས་སྐབས་དབུལ་པོའི་ས་ཁུལ་གྱི་འོས་འགན་སློབ་གསོ་དང་། སྤྱི་པའི་སྨན་བཅོས། སྡོད་ཁང་བཅས་ཀྱི་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་ཚད་གཞི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པ་བྱེད་པ། འཕེལ་རྒྱས་ཀྱི་ཧེ་བག་ཆེ་རུ་འགྲོ་བའི་རྣམ་པར་འགྱུར་ལྡོག་གཏོང་བ། དམིགས་བསལ་དཀའ་ངལ་ཡོད་པ་ཡུག་འབྲེལ་བའི་སྣང་ཚུལ་སྤྱིར་ན་མེད་པ་བཟོ་བ་བཅས་བྱེད་དགོས། འབད་བརྩོན་ཆེན་པོས་དབུལ་སྐྱོར་བྱ་ཡུལ་10%མན་ཆག་པ་བྱས་ནས་2020ལོར་སླེབས་སྐབས་ལྗོངས་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗོད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

          གསུམ། དབུལ་སྐྱོར་བྱ་ཡུལ་ཁྱབ་ཁོངས་དང་། ལས་ཀའི་རྣམ་པ། ལས་འགན་གཙོ་བོ་བཅས།

        (བདུན )དབུལ་སྐྱོར་བྱ་ཡུལ་ལ་དམིགས་པ། ཡོང་འབབ་དེ་གྲོང་གསེབ་ཀྱི་དབུལ་སྐྱོར་ཚད་གཞི་ལས་དམའ་བ་དང་ངལ་རྩོལ་ནུས་ཤུགས་ལྡན་པའི་གྲོང་གསེབ་ཀྱི་ཡུལ་མིར་སྟོབས་ཤུགས་གཅིག་སྡུད་ཀྱིས་དམིགས་ཏེ “འཚོ་གནས་ཐད་མ་མཐའི་འཚོ་བའི་འགན་ལེན་ལ་བརྟེན་པ་དང་འཕེལ་རྒྱས་ཐད་དབུལ་སྐྱོར་ལ་བརྟེན་པའི ”ལས་ཀའི་ལམ་སྲོལ་དང་ལས་བགོས་ཀྱི་བཀོད་པ་ཞིག་ཆགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། དེའང་གཅིག་ནས་ངལ་རྩོལ་ནུས་ཤུགས་མེད་ལ་ཡོང་འབབ་ཀྱང་མེད་པའི་འགན་ལེན་ལྔའི་ཁོངས་སུ་གཏོགས་རིགས་སྤྱི་ཚོགས་དང་དམངས་སྲིད་སྡེ་ཚན་གྱི་བསྙེན་བཀུར་བྱེད་པ་དང་། གཉིས་ནས་ངལ་རྩོལ་ནུས་ཤུགས་མེད་པ་དང་ལོའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ལས་དམའ་བའི་མང་ཚོགས་ཏེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁོངས་སུ་གཏོགས་རིགས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་སྲིད་ཇུས་གཞིར་བཟུང་ལྟ་སྟངས་འཛིན་པ། གསུམ་ནས་ཁྱིམ་ཚང་ནང་ངལ་རྩོལ་ནུས་ཤུགས་ཡོད་རུང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དེ་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ལས་དམའ་བའི་མང་ཚོགས་ཏེ་དབུལ་སྐྱོར་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་གྱི་ཁོངས་སུ་གཏོགས་རིགས་ཀྱིས་མ་མཐའི་འཚོ་བའི་འགན་ལེན་དང་དབུལ་སྐྱོར་གྱི་རྣམ་གྲངས་ཁག་གཉིས་ལོངས་སྤྱོད་བྱེད་པ་དང་། སྲིད་ཇུས་ཀྱི་མཐུད་སྦྲེལ་དང་ལག་བསྟར་གྱི་ལས་དོན་ཡག་པོ་སྒྲུབ་པ། བཞི་ནས་ཁྱིམ་ཚང་གི་ལོའི་ཆ་སྙོམས་མི་རེའི་ཡོང་འབབ་ཁེ་གཙང་དེ་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་ལས་མཐོ་བ་ཡོད་རུང་སྒོར་2300ལས་དམའ་བའི་མང་ཚོགས་ཏེ་ཆེད་དོན་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རོགས་སྐྱོར་བྱ་ཡུལ་གྱི་ཁོངས་སུ་གཏོགས་རིགས་ཀྱིས་ཆེད་དོན་དབུལ་སྐྱོར་རྣམ་གྲངས་ཀྱི་འབྲེལ་ཡོད་སྲིད་ཇུས་ལོངས་སུ་སྤྱོད་པ་བཅས་བྱེད་དགོས། རིགས་དབྱེ་ལྟར་གསར་འཕར་བྱུང་བའི་ཡོང་འབབ་དམའ་བའི་མི་འབོར་གྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ནས “འགན་ལེན་བྱེད་དགོས་རིགས་འགན་ལེན་བྱེད་པ་དང་། དབུལ་སྐྱོར་བྱེད་དགོས་རིགས་དབུལ་སྐྱོར་བྱེད་པ། བསྣོན་འཐེན་ཡོད་པ། སྐབས་བསྟུན་ངང་དོ་དམ་བྱེད་པ ”བཅས་ཀྱི་རྩ་དོན་ལྟར་རང་འགན་རང་སྒྲུབ་ཀྱིས་མི་སྣ་སྣ་ཚོགས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཡག་པོ་སྒྲུབ་དགོས།

        (བརྒྱད )དབུལ་སྐྱོར་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་དམ་འཛིན་ནན་པོ་བྱེད་པ། མཐའ་མཚམས་དང་མི་འབོར་ཅུང་ཉུང་བའི་མི་རིགས་རུབ་འདུས་ཁུལ་དང་། ཡུལ་ནད་ཐོན་ཚད་ཆེ་བའི་ཁུལ། མཐོ་གྲང་འབྲོག་ཁུལ། བོད་ཤར་རྒྱུད་ཀྱི་གྲོག་རོང་ཁུལ། བོད་དབུས་རྒྱུད་ཀྱི་ཞིང་འབྲོག་མཐུད་སྦྲེལ་ཁུལ་བཅས་དམིགས་བསལ་གྱི་དབུལ་པོའི་ས་ཁོངས་ཆེན་པོ་ལྔ་པོ་དེ་དག་རེས་འཁོར་གསར་པའི་དབུལ་སྐྱོར་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་བརྩི་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་དམིགས་གཏན་འཁེལ་བའི་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་། ཆ་རྐྱེན་བསྐྲུན་ནས་ཡུག་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་འཆར་འགོད་བཟོ་བ། གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་དང་གཏན་འཁེལ་བྱེད་པ་བཅས་བྱས་ནས་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

        (དགུ )“གནས་གསུམ་གཞི་གཅིག ”གི་དབུལ་སྐྱོར་ལས་དོན་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། ལས་རིགས་ཁག་དང་སྡེ་ཚན་ཁག་གིས་རང་སོ་སོའི་འགན་ནུས་དང་ཟུང་འབྲེལ་གྱིས་དབུལ་སྐྱོར་གསར་སྤེལ་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་ལས་རིགས་དེ་ག་དང་སྡེ་ཚན་དེ་གའི་དབུལ་སྐྱོར་ལས་དོན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས “གནས་གསུམ་གཞི་གཅིག ”མཐའ་འཁྱོངས་ཀྱིས་དམངས་ཡོངས་ཞུགས་པ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པའི་དབུལ་སྐྱོར་ཆེན་པོའི་རྣམ་པ་ཞིག་ཆགས་པར་བྱས་ཏེ་དབུལ་པོའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

        (བཅུ )ཆེད་དོན་དབུལ་སྐྱོར་དམ་འཛིན་ཏན་ཏིག་བྱེད་དགོས།

        ——ཤང་ཧྲིལ་པོར་སྐུལ་འདེད་གཏོང་བ། ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་དེ་དབུལ་སྐྱོར་འགག་སྒྲོལ་གྱི་བྱེད་ཐབས་གཙོ་བོར་བརྩིས་ནས་2015ལོར་སླེབས་སྐབས་ཤང (གྲོང་རྡལ )200ཡི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་དང་མཐའ་མཚམས་དབུལ་པོའི་ཤང (གྲོང་རྡལ )59ཡི་དབུལ་སྐྱོར་ལས་འགན་ལེགས་སྒྲུབ་བྱེད་དགོས། 2020ལོར་སླེབས་སྐབས་དབུལ་སྐྱོར་བྱ་ཡུལ་བལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པའི་ཤང (གྲོང་རྡལ )300ཡན་གྱི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་ལས་འགན་ལེགས་སྒྲུབ་བྱེད་དགོས། ཤང་གྲོང་གི་ཆེད་དོན་དབུལ་སྐྱོར་དངུལ་སྤྱོད་པའི་འགན་འཁྲི་ཆེ་རུ་གཏོང་བ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྐྱོར་བྱ་ཡུལ་ལ་སྣེ་ཁྲིད་བྱེད་པ་དང་། ལས་རིགས་དང་སྤྱི་ཚོགས་ཀྱི་མ་དངུལ་འདུ་སྒྲིལ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་འགྲོ་མགྱོགས་སུ་གཏོང་བ། གཞི་རིམ་རྩ་འཛུགས་ལ་བརྟེན་ནས་རྗེས་མཐུད་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཕུགས་ཕན་གྱི་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས།

        ——དུད་ཚང་སོ་སོར་དབུལ་སྐྱོར་བྱེད་པ། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་ནང་མ་ཚུད་པའི་ས་གནས་ཀྱིས་དུད་ཚང་སོ་སོར་དབུལ་སྐྱོར་བྱེད་པའི་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་ལ་སྐབས་བསྟུན་ངང་དམིགས་ནས་དབུལ་སྐྱོར་དུད་ཚང་གི་བདེ་སྡོད་ཁང་པ་བསྐྲུན་པ་དང་། དབྱིབས་ཆུང་གི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ། གཞི་རྩའི་ཐོན་སྐྱེད་ཡོ་ཆས་ཁ་གསབ་བྱེད་པ། ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་པ་བཅས་བྱེད་དགོས། 2015ལོར་སླེབས་སྐབས་དབུལ་སྐྱོར་བྱ་ཡུལ་ཁྲི་83.3ལ་དུད་ཚང་སོ་སོར་རོགས་སྐྱོར་བྱེད་པའི་ལས་འགན་ལེགས་སྒྲུབ་བྱེད་དགོས། 2020ལོར་སླེབས་སྐབས་དབུལ་སྐྱོར་བྱ་ཡུལ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་པོ་ཞིག་ཆགས་པ་བྱེད་དགོས།

        ——སྣོད་བཅུད་གནས་སྤོ། མང་ཚོགས་ཀྱི་རང་མོས་ལ་བརྩི་འཇོག་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཆ་རྐྱེན་ཧུར་ཐག་བསྐྲུན་ཏེ་སྣོད་བཅུད་སྲུང་སྐྱོང་སྲོག་ཤིང་ཁུལ་དང་རང་བྱུང་གནོད་འཚེ་ཡང་ཡང་ཐོན་ཁུལ་གྱི་དབུལ་སྐྱོར་བྱ་ཡུལ་ལ་ས་ཆ་གཞན་དུ་གནས་སྤོ་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་པ་དང་གཙོ་གནད་རྣམ་གྲངས་ལ་ས་ཞིང་བསྡུ་ལེན་བྱས་པའི་དབུལ་སྐྱོར་བྱ་ཡུལ་བཀོད་སྒྲིག་འོས་འཚམས་བྱས་ནས་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུའི་འགན་ལེན་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་དང་། བདེ་སྡོད་ལས་གྲྭ གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་གྱིས་འགྲིམ་འགྲུལ་ལམ་རྒྱུད་དང་གྲོང་ཁྱེར་དང་གྲོང་རྡལ་མཐའ་འཁོར་སོགས་གཙོ་གནད་གནས་སྤོའི་ས་ཁོངས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྣོད་བཅུད་གནས་སྤོར་སྐུལ་འདེད་ཏན་ཏིག་གཏོང་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་གོ་སྐབས་གཏོད་པ། ལས་ཞུགས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གནས་སྤོའི་མང་ཚོགས་ཚོའི་ཐེམ་ཐོ་དང་། སློབ་གསོ། འཕྲོད་བསྟེན། སྤྱི་ཚོགས་འགན་ལེན་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། 2015ལོར་སླེབས་སྐབས་དུད་ཚང་10000གནས་སྤོ་ཐུབ་པའི་འབད་བརྩོན་བྱས་ནས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། 2020ལོར་སླེབས་སྐབས་མི་དང་རང་བྱུང་ཁམས་ཞི་མཐུན་ཡིན་པའི་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཤིག་བཙུགས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་ཅུང་མཐོ་ཙམ་འཕར་ཐུབ་པ་བྱེད་དགོས།

        ——གུན་གསབ་ལས་སྤྲོད། དབུལ་པོའི་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་བྱས་ཏེ་གུད་གསབ་ལས་སྤྲོད་རྣམ་གྲངས་ལག་བསྟར་བྱེད་པའི་ནང་ཞུགས་དགོས་ཤིང་། 2015ལོར་སླེབས་སྐབས་དབུལ་པོའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་བྱེད་དགོས་པ་དང་། 2020ལོར་སླེབས་སྐབས་གུན་གསབ་ལས་སྤྲོད་རྣམ་གྲངས་དང་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་ཕྱོགས་ཡོངས་ནས་ཟུང་འབྲེལ་བྱེད་དགོས།

        ——མཐའ་མཚམས་དང་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་འཕེལ་རྒྱས། མཐའ་དར་དམངས་ཕྱུག་བྱ་སྤྱོད་དང་ཟུང་འབྲེལ་གྱིས་མཐའ་མཚམས་དང་མི་འབོར་ཅུང་ཉུང་བའི་མི་རིགས་རུབ་འདུས་ཁུལ་གྱི་ཁྱད་ལྡན་ཐོན་ལས་དང་། མཐའ་མཚམས་ཚོང་དོན། རྨང་གཞིའི་སྒྲིག་བཀོད་ཆུང་རིགས་བཅས་ཀྱི་རྣམ་གྲངས་ཐད་རོགས་སྐྱོར་བྱེད་དགོས། 2015ལོར་སླེབས་སྐབས་མཐའ་མཚམས་དང་མི་འབོར་ཅུང་ཉུང་བའི་མི་རིགས་རུབ་འདུས་ཁུལ་གྱི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་དུད་ཚང་སོ་སོར་རོགས་སྐྱོར་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་དགོས། 2020ལོར་སླེབས་སྐབས་མཐའ་མཚམས་དང་མི་འབོར་ཅུང་ཉུང་བའི་མི་རིགས་རུབ་འདུས་ཁུལ་གྱི་དབུལ་སྐྱོར་བྱ་ཡུལ་གྱི་ཡོང་འབབ་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་པ་བྱེད་དགོས།

        ——ཐོན་ལས་དབུལ་སྐྱོར། དུད་ཚང་ངམ་ཡང་ན་དུད་ཚང་མཉམ་འབྲེལ་གྱི་ཞིང་ནང་ཆུ་བེད་སྒྲིག་ཆས་ཆུང་གྲས་བསྐྲུན་པ་དང་། ཐོན་དམའི་ཞིང་ཁར་སྒྱུར་བཀོད་བྱས་ཏེ་མི་རེར་ཆ་སྙོམས་གཞི་རྩའི་བཟའ་འབྲུའི་དམིགས་ཞིང་མུའུ་རེ་ཡོང་བ་བྱེད་པ་དང་། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་ནས་འབྲོག་ཁུལ་གྱི་མི་རེར་ཆ་སྙོམས་ཕྱུགས་རིགས་ལྡན་ཚད་ལུག་རྩིས་གཞིར་བྱས་པའི་ཕྱུགས་རིགས་མགོ་གྲངས་30ལས་མི་ཉུང་བ་བྱེད་དགོས། དབུལ་སྐྱོར་བྱ་ཡུལ་གྱི་ཁེ་ཕན་དང་སྦྲེལ་བའི་ཁྱད་ལྡན་འདེབས་གསོ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན། ཡུལ་སྐོར་ཞབས་ཞུ། ཚོང་དོན་སྐྱེལ་འདྲེན། ཨར་ལས་དང་ཨར་ལས་རྒྱུ་ཆ། ཁྱད་ལྡན་རིག་གནས། མི་རིགས་ལག་ཤེས་བཟོ་རྩལ་སོགས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་ཏེ་ཕྱུག་འགྱུར་གྱི་ལམ་བུ་ཡངས་པོར་འབྱེད་པ་དང་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། དབུལ་པོའི་ས་ཁུལ་གྱི་ཐོན་ཁུངས་ལ་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་ཏེ་གཞུང་ཁོངས་དང་གཞུང་ཁོངས་རྐང་དངུལ་ཚོད་འཛིན་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་དབུལ་པོའི་ས་ཁུལ་དུ་ལས་གཏོད་འཕེལ་རྒྱས་གཏོང་བར་བསྐྱོད་དེ་ཞིང་འབྲོག་པའི་དབུལ་པོའི་དུད་ཚང་ཁྲོམ་རར་ཞུགས་རྒྱུར་ཁྲིད་སྟོན་བྱེད་པར་ལྕག་སྐུལ་བྱེད་དགོས། མཐོ་གྲང་འབྲོག་ཁུལ་གྱི་གནོད་འཚེ་ཉུང་གཏོང་དང་གནོད་འཚེ་ལས་གཡོལ་བའི་ཐོན་ལས་འཕེལ་རྒྱས་བཏང་ནས་འབྲོག་པའི་གཞིས་སྡོད་དང་ལྷས་ར་བསྐྲུན་པ། གནོད་འཚེ་འགོག་སེལ་མ་ལག་འཛུགས་སྐྲུན་སོགས་གཙོ་གནད་གསར་སྤེལ་བྱེད་སྒོ་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའ་དང་ཟུང་འབྲེལ་གྱིས་འབྲོག་ཁུལ་གྱི་དབུལ་པོའི་དུད་ཚང་གི་གཞི་རྩའི་འཚོ་བརྟེན་བརྟན་པོ་ཡོང་བ་བྱེད་དགོས། 2015ལོར་སླེབས་སྐབས་དུད་ཚང་ཚང་མར་ཐབས་ལམ་ཡོད་པ་དང་། མི་ཚང་མར་ལས་ཀ་ཡོད་པ། རྟག་ཏུ་ཡོང་འབབ་ཡོད་པ་བཅས་བྱེད་ཐུབ་པ་བྱེད་པ་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་30དང་རིཌ་མི་འདྲ་བའི་ཆེད་ལས་མཉམ་ལས་རྩ་འཛུགས་300འཕེལ་རྒྱས་གཏོང་དགོས། 2020ལོར་སླེབས་སྐབས་དབུལ་པོའི་ས་ཁུལ་གྱི་ཤང་ཚང་མར་ཕྱུག་འགྱུར་གྱི་ཁེ་ལས་ཡོད་པ་དང་། གྲོང་ཚོ་ཚང་མར་མཉམ་ལས་རྩ་འཛུགས་ཡོད་པ་བྱས་ཏེ་ཞིང་འབྲོག་ལས་ཐོན་སྐྱེད་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས།

        ——ལས་ཞུགས་ཀྱི་སྐུལ་འདེད། དབུལ་པོའི་དུད་ཚང་གི་མུ་མཐུད་སློབ་རིམ་འཕར་ཐུབ་མེད་པའི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་ནང་ཞུགས་པར་འཚོ་བའི་ཁ་གསབ་སྤྲོད་པ་དང་། དབུལ་པོའི་ཁྱིམ་ཚང་བུ་ཕྲུག་གིས་མཐོ་རིམ་སློབ་གསོ་དང་ལེན་བྱས་པར་འཚོ་བའི་འགྲོ་གྲོན་དང་འགྲིམ་འགྲུལ་གྱི་གྲོན་དངུལ་ཁ་གསབ་སྤྲོད་དགོས། “སྦྲང་ཆར་འཆར་གཞི ”མུ་མཐུད་ལག་ལེན་བསྟར་ནས་དབུལ་པོའི་ཁྱིམ་ཚང་བུ་ཕྲུག་གི་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་གཞུང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་དབུལ་སྐྱོར་བྱ་ཡུལ་གྱི་ལས་ཞུགས་ཐད་སྔོན་ལ་བཀོད་སྒྲིག་བྱ་རྒྱུ། དབུལ་པོའི་ཁྱིམ་ཚང་བུ་ཕྲུག་ལས་ཞུགས་ནང་བསྡུ་བའི་སྤྱི་ཚོགས་ཞབས་ཞུ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་མང་དུ་གཏོང་རྒྱུ་དང་། སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་ཁྱིམ་ཚང་གི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། དབུལ་སྐྱོར་བྱ་ཡུལ་ཕྱི་ལ་ལས་ཀ་བྱེད་པར་བསྐྱོད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་བྱས་ནས་དབུལ་སྐྱོར་བྱ་ཡུལ་གྱིས་རྩལ་ནུས་གཅིག་ཁོང་དུ་ཆུད་པ་དང་ལག་ཤེས་གཅིག་ཤེས་ཐུབ་པའི་རོགས་རམ་བྱེད་དགོས། 2015ལོར་སླེབས་སྐབས་སློབ་ཆེན་བ་དབུལ་པོའི་ལས་ཞུགས་འགན་ལེན་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་སྐྱོར་བྱ་ཡུལ་ཚང་མར་རེས་འཁོར་སྦྱོང་བརྡར་ཐེངས་རེ་བྱས་ཏེ་ཁྱིམ་ཚང་དབུལ་པོ་ཚང་མར་མ་མཐར་ཡང་མི་གཅིག་གིས་ཕྱུག་འགྱུར་གྱི་འཇོན་ཐང་རེ་ཁོང་དུ་ཆུད་པ་བྱེད་དགོས། 2020ལོར་སླེབས་སྐབས་དབུལ་སྐྱོར་མང་ཚོགས་ཀྱི་གསོ་སྦྱོང་མ་ལག་ཅུང་འཐུས་སྒོ་ཚང་པོ་ཞིག་ཆགས་པ་བྱེད་དགོས།

        ——དབུལ་སྐྱོར་ཚོད་ལྟ། དབུལ་སྐྱོར་གསར་སྤེལ་གྱི་ལམ་སྲོལ་བཏོད་དེ་མཐའ་མཚམས་ས་ཁུལ་གྱི་དབུལ་སྐྱོར་དང་། ཡུལ་ནད་ཁུལ་གྱི་དབུལ་སྐྱོར། གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་དགོས། རོགས་རེས་ཀྱི་མ་དངུལ་དང་། ཡུག་འབྲེལ་གསར་སྤེལ། ཚན་རྩལ་དབུལ་སྐྱོར་སོགས་ཀྱི་ཚོད་ལྟ་བྱེད་ཁྱོན་ཆེ་རུ་གཏོང་དགོས། མེ་ཏོག་རྫོང་གི་མཐའ་མཚམས་དབུལ་སྐྱོར་ཚོད་ལྟའི་འཆར་གཞི་ལག་ལེན་ཡག་པོ་བསྟར་དགོས། དབུལ་པོའི་ཁྱིམ་ཚང་གི་བུད་མེད “གཉིས་སློབ་གཉིས་བསྡུར ”གྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས། 《གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་གསར་སྤེལ་རྩ་གནད (2011_2020ལོ )》ལག་བསྟར་ནན་ཏན་བྱེད་པ་དང་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་པའི་དབུལ་སྐྱོར་བྱ་ཡུལ་གྱི་རོགས་སྐྱོར་བྱེད་པའི་ཚད་གཞི་འོས་འཚམས་ཀྱིས་མཐོ་རུ་གཏོང་དགོས།

        (བཅུ་གཅིག ) ལས་རིགས་ཀྱི་དབུལ་སྐྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

        ——ཞིང་ནང་ཆུ་བེད་དང་འཐུང་ཆུའི་བདེ་འཇགས། གཙང་ཆུའི་ཆུ་རྩ་སྲུང་སྐྱོང་དང་ཆུ་རྒྱུན་འབབ་ཡུལ་གསར་སྤེལ། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་གཏོང་དང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ཆུ་བེད་སྒྲིག་ཆས་འབྲིང་ཆུང་བསྐྲུན་ནས་ཞིང་འབྲོག་ཁུལ་གྱི་ཆུ་བེད་ཆ་རྐྱེན་ལེགས་སུ་གཏོང་དགོས། 2015ལོར་སླེབས་སྐབས་གཙོ་གནད་ས་ཁོངས་ཀྱི་ཆུ་བེད་ལས་གྲྭ་ཆུང་གྲས་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས། ཐོན་འབབ་དམའ་འབྲིང་གི་ཞིང་ཁ་མུའུ་ཁྲི་65ཡན་ལ་སྒྱུར་བཀོད་བྱེད་པ་དང་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་40ཡན་སྐྲུན་དགོས། 2020ལོར་སླེབས་སྐབས་གཙོ་གནད་ས་ཁོངས་ཀྱི་ཆུ་བེད་ལས་གྲྭ་ཆུང་གྲས་སྤྱིར་ན་ལེགས་སྒྲུབ་བྱས་ཏེ་འཐུང་ཆུའི་བདེ་འཇགས་འགན་ལེན་གྱི་ཚད་གཞི་དང་ཆུ་ཀ་ལ་ཁྱབ་གདལ་བྱུང་ཚད་སྔར་བས་མཐོ་རུ་གཏོང་དགོས།

        ——ཁྱད་ལྡན་ལེགས་ལྡན་ཐོན་ལས། ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་སྣ་ཚོགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀ་རྟེན་ཐོན་ལས་དང་གཙོ་ཁྲིད་ཐོན་ཟོག་ལ་དམིགས་ཏེ་དེའི་ནང་ཞུགས་པའི་དབུལ་སྐྱོར་བྱ་ཡུལ་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་ཀྱི་ནུས་ཁུལ་གཙོ་བོའི་འཆར་གཞི་ལྟར་ཐོན་འབབ་དམའ་འབྲིང་གི་ས་ཞིང་ལ་སྒྱུར་བཀོད་གཏོང་བ་དང་། གཟན་ཆག་རྟེན་གཞི་དང་ལྷས་ར་སྐྲུན་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་ལུགས་མཐུན་གསར་སྤེལ་བྱེད་པ། ས་ཁུལ་དབུལ་པོའི་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། 2015ལོར་ས་ཁུལ་དབུལ་པོར་ཤང་གཅིག་ལ་ཐོན་ལས་གཅིག་དང་། གྲོང་ཚོ་གཅིག་ལ་ཚོང་ཟོག་གཅིག དུད་ཚང་གཅིག་ལ་ཕྱུག་འགྱུར་ལམ་བུ་གཅིག་བཅས་ལྡན་པ་བྱས་ཏེ་ས་ཁུལ་དབུལ་པོ་འཕེལ་རྒྱས་གཏོང་བར་འཚམས་པའི་ཁྱད་ལྡན་ཐོན་ལས་རྣམ་གྲངས་ཁག་ཅིག་རགས་ཙམ་གྲུབ་པ་བྱེད་དགོས་པ་དང་2020 ལོར་ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་དགོས།

        ——ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད། ཆུ་གློག་དང་དེ་བཞིན་ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས་སོགས་བསྐྱར་སྐྱེས་ཐོན་ཁུངས་གསར་སྤེལ་ཤུགས་ཆེན་བྱས་ཏེ་གློག་མེད་ས་ཁུལ་དུ་གློག་ཁང་བསྐྲུན་ནས་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་སྒྱུར་བཀོད་ལས་གྲྭ་གཉེར་དགོས། 2015ལོར་ས་ཁུལ་དབུལ་པོའི་གློག་མེད་གྲོང་ཚོར་གློག་གཏོང་གི་གནད་དོན་སྤྱིར་ན་ཐག་གཅོད་བྱས་ནས་ཐག་རིང་ས་ཁུལ་གྱི་གློག་གཏོང་ཐུབ་མེད་པའི་མི་འབོར་ཉུང་དུ་གཏོང་དགོས། 2020 ལོར་གློག་གཏོང་ཐུབ་མེད་པའི་མི་འབོར་གྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱས་ཏེ་གློག་གཏོང་སྤུས་ཚད་མཐོར་གཏོང་དང་བློས་འགེལ་རང་བཞིན་ཆེ་རུ་བཏང་ནས་ཆ་རྐྱེན་འཛོམས་པའི་རྫོང་དང་ཤང་གློག་ཤུགས་ཅན་དུ་སྒྱུར་ཐུབ་པ་བྱེད་དགོས།

        ——འགྲིམ་འགྲུལ་སྐྱེལ་འདྲེན། “རྨང་གཞི་བརྟན་གཏོང་དང་དམངས་ལ་ཕན་འདོགས་པ་བྱས་ནས་གཞུང་ལམ་ཤར་བགྲོད་ཐུབ་པའི་བྱ་སྤྱོད ”སྤེལ་དགོས་ཤིང་། 2015ལོར་གྲོང་ཚོ་714ལ་གཞུང་ལམ་ཤར་བགྲོད་མི་ཐུབ་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞུང་ལམ་གྱི་གནོད་འཚེ་འགོག་ནུས་ཆེར་གཏོང་དང་ཤར་བགྲོད་ཐུབ་ཚད་མཐོ་རུ་བཏང་སྟེ་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་སྣུམ་ནག་ལམ་སྐྲུན་ཚད་དང་སྒྲིག་གཞི་ཚང་བའི་གྲོང་ཚོའི་འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་ཚད་སྔར་བས་མཐོ་རུ་གཏོང་དགོས། 2020ལོར་ཆ་རྐྱེན་འཛོམས་པའི་ཤང (གྲོང་རྡལ )དུ་སྣུམ་ནག་ལམ་སྐྲུན་རྒྱུ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་བགྲོད་ཐུབ་པ་བྱ་རྒྱུ། གྲོང་ཚོའི་གཞུང་ལམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་བྱས་ཏེ་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཞབས་ཞུའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས།

        ——ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭར་གསབ་དངུལ་སྤྲོད་ཚད་དེ་དངུལ་སྒོར་12000 ནས་དངུལ་སྒོར་25000 བར་མཐོ་རུ་གཏོང་དགོས་པ་དང་2013ལོར་དུད་ཚང་དབུལ་པོའི་བདེ་སྡོད་ལས་གྲྭ་སྐྲུན་འགན་སྒོ་ཀུན་ནས་ལེགས་འགྲུབ་ཡོང་བ་བྱེད་དགོས། ཆུ་དང་། གློག སོལ་རླངས། འཕྲིན་གཏོང་། སྦྲག་ལས། རླུང་འཕྲིན་བཪྙན་འཕྲིན། ཁོར་ཡུག་མཛེས་བཟོ་སོགས “བརྒྱད་འཛོམས་ཞིང་དུད ”ལས་གྲྭ་ལག་ལེན་བསྟར་དགོས། གེགས་བར་བྱུང་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལས་དོན་ཡག་པོ་སྒྲུབ་དགོས། 2015ལོར་ཞིང་འབྲོག་པ་ཚང་མ་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྤོ་རྒྱུ་དང་འབྲོག་པ་སྤྱིར་ན་གཞིས་ཆགས་དང་ཕྱེད་གཞིས་ཆགས་ཐོབ་པ་བྱེད་དགོས། 2020ལོར་དབུལ་སྐྱོར་བྱ་ཡུལ་གྱི་སྡོད་ཁང་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་དགོས།

        ——ཁྲོམ་རའི་མ་ལག་བསྐྲུན་རྒྱུ་ཡིན་པ། ས་ཁུལ་དབུལ་པོའི་ཞིང་འབྲོག་ཐོན་ཟོག་ཉོ་ཚོང་ཁྲོམ་ར་བསྐྲུན་ནས་ཁྲོམ་རའི་ནང་ཞུགས་པའི་དབུལ་སྐྱོར་བྱ་ཡུལ་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། ཁྱིམ་སྤྱོད་གློག་ཆས་གཤམ་སྐྱེལ་བྱེད་པ་དང་། “གྲོང་ཁྲི་ཤང་སྟོང ”གི་ཞིང་པའི་ཚོང་ཁང་བསྐྲུན་རྒྱུ་སོགས་འདུ་འགོད་ལག་ལེན་བསྟར་རྒྱུར་སྐུལ་འདེད་མུ་མཐུད་གཏོང་དགོས། 2015ལོར་ས་ཁུལ་དབུལ་པོའི་ཁྲོམ་རའི་མ་ལག་སྤྱིར་ན་བསྐྲུན་རྒྱུ་དང་མཐའ་མཚམས་ཉོ་ཚོང་དང་མཐའ་ཁུལ་མང་ཚོགས་ཀྱི་ཉོ་ཚོང་ཁྲོམ་ར་དེ་བས་འཁྲུག་ཏུ་གཏོང་རྒྱུ་དང་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་གདལ་གཏོང་ཚད་100% ཟིན་པ་བྱེད་དགོས། 2020 ལོར་ཞིང་འབྲོག་ཁུལ་ཁྲོམ་རའི་མ་ལག་དེ་བས་འཐུས་ཚང་དུ་བཏང་ནས་མཐའ་མཚམས་ཉོ་ཚོང་དེ་དབུལ་སྐྱོར་བྱ་ཡུལ་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས།

        ——སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བ་བྱེད་པ། སློབ་གསོ་འཕེལ་རྒྱས་བཏང་ནས་དོ་སྙོམས་ཡོང་བ་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་ཁུལ་དབུལ་པོའི་ཞག་སྡོད་ལམ་ལུགས་སློབ་གྲྭ་སྐྲུན་མགྱོགས་སུ་གཏོང་བ། ས་ཁུལ་དབུལ་པོར་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དང་ལེན་བྱེད་མཁན་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་སྔོན་དུ་ལག་ལེན་བསྟར་བ། ཞིང་འབྲོག་པ་དབུལ་པོའི་བུ་ཕྲུག་གི་འོས་འགན་སློབ་གསོའི “འགན་ལེན་གསུམ ”དང་སློབ་རོགས་ཁ་གསབ་ཚད་གཞི་རིམ་གྱིས་མཐོ་རུ་གཏོང་བ་བཅས་བྱེད་དགོས། འོས་འགན་སློབ་གསོའི་དུས་མཚམས་མིན་པའི་སློབ་བསྡུ་དང་སློབ་རོགས་སྲིད་ཇུས་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཟིགས་སྐྱོང་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་དམིགས་བསལ་སློབ་གསོ་དང་དབང་པོ་སྐྱོན་ཅན་སློབ་མར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྐད་གཉིས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། 2015 ལོར་ས་ཁུལ་དབུལ་པོར་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་སློབ་མ་དབུལ་པོའི་རོགས་རམ་ལམ་ལུགས་དང་དེ་བཞིན་ས་ཁུལ་དབུལ་པོའི་ལས་རིགས་སློབ་གསོའི་མ་ལག་བཙུཌ་ནས་འཐུས་ཚང་དུ་གཏོང་དགོས། 2020 ལོར་ཞིང་འབྲོག་ཁུལ་གྱི་གསར་འཕར་མི་འབོར་གྱི་ལས་རིགས་སློབ་གསོ་སྒོ་ཀུན་ནས་ཁྱབ་པ་བྱེད་པ་དང་གཞི་རྩའི་སློབ་གསོའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བ་བྱེད་དགོས།

        ——སྤྱི་པའི་འཕྲོད་བསྟེན་དང་མི་འབོར་ཞབས་ཞུ། “ཞིང་འབྲོག་པའི་ལུས་པོ་བདེ་ཐང་ཡོང་རྒྱུར་སྐུལ་བའི་བྱ་སྤྱོད ”གཏིང་ཟབ་སྤེལ་ནས་ས་ཁུལ་དབུལ་པོའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ། ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ས་ཁུལ་དེ་རང་དང་བོད་སྐྱོར་སྨན་བཅོས་སྟོབས་ཤུགས་སྐུལ་སློང་གིས་གྲོང་གསེབ་ཏུ་སྨན་བསྟེར་བ་དང་སྨན་བཅོས་བྱེད་པའི་ལས་དོན་བསྒྲུབ་རྒྱུ་དང་ལོ་ལྟར་དབུལ་སྐྱོར་བྱ་ཡུལ་ལ་སྨན་རིན་མི་དགོས་པའི་ལུས་པོར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས། 2015 ལོར་ས་ཁུལ་དབུལ་པོའི་རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུ་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་། ཤང (གྲོང་རྡལ )འཕྲོད་བསྟེན་ཁང་དུ་མཁོ་ཆོད་སྨན་པ་བཀོད་སྒྲིག་བྱ་རྒྱུ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་སྨན་བཅོས་སྒྲིག་ཆས་དང་གཞི་རྩའི་སྨན་རིགས་མ་ལུས་བཀོད་སྒྲིག་བྱེད་པ། སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་རྒྱུན་ཆད་མེད་པར་ཆག་པ་བྱེད་པ། འགོ་ནད་དང་ཡུལ་ནད་ཚབས་ཆེན་འགོག་བཅོས་ཐུབ་པ་བྱེད་པ་དང་དབུལ་སྐྱོར་བྱ་ཡུལ་གྱི་ནད་གཞི་བཅོས་ཐུབ་པ་དང་ནད་གཞི་ཆེ་གྲས་སྨན་བཅོས་འགན་ལེན་ནང་ཞུགས་ནས་སྨན་རིན་རྩིས་ཞུ་བྱེད་པ་བཅས་བྱེད་དགོས། 2020 ལོར་ནད་གཞིས་རྐྱེན་པས་དབུལ་པོར་བསྐྱར་ལོག་བྱེད་པའི་སྣང་ཚུལ་མེད་པ་བཟོ་རྒྱུ་དང་ལྗོངས་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་དོ་སྙོམས་ཡོང་བ་བྱེད་དགོས།

        ——ཚན་རྩལ་གྱི་ཞབས་ཞུ། དབུལ་སྐྱོར་གསར་སྤེལ་བྱ་རྒྱུར་དམིགས་ནས་སྤྱོད་གོ་ཆོད་པའི་སྔོན་ཐོན་ལག་རྩལ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་ཞབས་ཞུ་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་བྱ་ཡུལ་ལ་གཉེར་སྐྱོང་བྱེད་སྟངས་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་རོགས་བྱེད་པ་བཅས་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས། ཚན་རྩལ་གྱི་རྫོང་དཔོན་གཞོན་པ་དང་། ཚན་རྩལ་གྱི་ཤང (གྲོང་རྡལ )ཀྲང་གཞོན་པ། ཚན་རྩལ་གྱི་ཆེད་ལས་པ་བཅས་ས་ཁུལ་དབུལ་པོར་མུ་མཐུད་ལས་དོན་བསྒྲུབ་རྒྱུར་མངགས་དགོས། 2015 ལོར་ཚན་རྩལ་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་དཔེ་སྟོན་གྲོང་ཚོ་དང་དཔེ་སྟོན་དུད་ཚང་ཁག་གཅིག་གཏོད་དགོས།

        ——སྤྱི་པའི་རིག་གནས་དང་ཆ་འཕྲིན་གྱི་ཞབས་ཞུ། ས་ཁུལ་དབུལ་པོའི་རྫོང (གྲོང་ཁྱེར་དང་ཆུས )དང་གྲོང་ཚོའི་རིམ་གསུམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་ལོ་གཉིས་ནས་གསུམ་བར་འབད་བརྩོན་བྱས་པ་བརྒྱུད་རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་། གློག་བཪྙན་ཁང་། ཤིན་ཧྭ་དཔེ་ཚོང་ཁང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པ། ཤང (གྲོང་རྡལ་དང་ཞིང་ར་སོགས )དུ་ཕྱོགས་བསྡུས་རིག་གནས་ས་ཚིགས། ཞིང་པའི་དཔེ་དེབ་ཁང་སོགས་ཡོད་པ་བྱེད་དགོས། ས་ཁུལ་དབུལ་པོར་རླུང་འཕྲིན་དང་བཪྙན་འཕྲིན་དུད་ཚང་ཀུན་ཁྱབ་དང་རིག་གནས་ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་རིག་གནས་དམངས་ཕན་གྱི་འདུ་འགོད་སྔོན་ལ་ལག་ལེན་བསྟར་དགོས། དམངས་ཁྲོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་ལ་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཁྲིད་སྟོན་གྱིས་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་དགོས། 2015ལོར་གློག་གཏོང་ཐུབ་པའི་རང་བྱུང་གྲོང་ཚོར་རླུང་འཕྲིན་བཪྙན་འཕྲིན་དང་དེ་བཞིན་དྲ་ཆེན་ཁྱབ་པ་བྱས་ནས་སྒྲིག་གཞི་ཚང་བའི་གྲོང་ཚོ་དང་ལམ་རྒྱུད་ཀྱི་འཕྲིན་གཏོང་བརྡ་རྟགས་ཁྱབ་པ་བྱེད་དགོས། 2020ལོར་རླུང་འཕྲིན་བཪྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་སྟེ་དུད་ཚང་ལ་རླུང་འཕྲིན་བཪྙན་འཕྲིན་ཀུན་ཁྱབ་དང་རྫོང་དང་ཤང་གི་ཕྱོགས་བསྡུས་རིག་གནས་སྒྲིག་ཆས་སྐྲུན་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

        ——སྤྱི་ཚོགས་འགན་ལེན། དབུལ་སྐྱོར་གསར་སྤེལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ལམ་ལུགས་གཉིས་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མ་མཐའི་འཚོ་བའི་འགན་ལེན་གྱི་ཆུ་ཚད་རྒྱལ་ཡོངས་དང་མཉམ་དུ་འཕར་བའི་ལམ་སྲོལ་ལག་བསྟར་བྱས་ནས་འགན་ལེན་བྱེད་དགོས་པ་ཐ་དག་ལ་འགན་ལེན་ཐུབ་པ་བྱེད་དགོས། ངལ་ནུས་ཤོར་བ་དང་ནམ་རྒྱུན་འཚོ་བར་དཀའ་ངལ་འཕྲད་པའི་དབུལ་སྐྱོར་བྱ་ཡུལ་གྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་པ་དང་། དབུལ་པོའི་དུད་ཚང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་གསར་པའི་ནང་ཞུགས་རྒྱུར་སྔོན་ལ་རོགས་པ་བྱེད་པ། ས་ཞིང་སྤྱོད་པའི་དབུལ་སྐྱོར་བྱ་ཡུལ་དང་འབྲོག་བསྐྱུར་འབྲོག་པའི་སྤྱི་ཚོགས་འགན་བཅོལ་ཁྱབ་གདལ་གཏོང་བ། དབུལ་སྐྱོར་བྱ་ཡུལ་གྱི་རྒན་གསོ་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཚད་གཞི་དམའ་ཤོས་འོས་འཚམས་ཀྱིས་མཐོ་རུ་གཏོང་བ་དང་གྲོང་གསེབ་ཀྱི་རྒན་གསོའི་སྒྲིག་གཞི་དང་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གེགས་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་ལེགས་སུ་བཏང་ནས་གནོད་འཚེས་རྐྱེན་པས་དབུལ་ཕོངས་ཆགས་པ་དང་དབུལ་ཕོངས་བསྐྱར་ལོག་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་ཚོས་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། ན་དུས་སྐྱོབ་རོགས་ཡོད་པ། རྒན་གསོ་འགན་ལེན་ཡོད་པ། གནོད་འཚེ་ཕོག་ན་ཁ་གསབ་ཡོད་པ་བཅས་འགན་ལེན་ཐུབ་པ་བྱེད་དགོས། 2015ལོར་དུད་ཚང་དབུལ་པོ་གཞི་རྩའི་ཆ་ནས་གྲོང་གསེབ་སྤྱི་ཚོགས་འགན་བཅོལ་ལམ་ལུགས་གསར་པའི་ནང་ཞུགས་ཐུབ་པ་དང་འགན་ལེན་ལྔའི་ཁྱིམ་དུད་གཅིག་སྡུད་བསྙེན་བཀུར་བྱེད་ཚད་50%ཡན་ཟིན་པ་བྱེད་དགོས། 2020ལོར་ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་འགན་ལེན་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།

        ——སྣོད་བཅུད་སྲུང་སྐྱོང་། ས་ཁུལ་དབུལ་པོའི་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས། ནགས་ཚལ་དང་། རྩྭ་རའི་སྔོ་ཁེབས། སྣོད་བཅུད་ཀྱི་ནུས་པ་བཅས་སླར་གསོ་བྱས་ཏེ་སྐྱེ་དངོས་སྣ་མང་གི་རང་བཞིན་སྲུང་སྐྱོང་བྱེད་དགོས། ནགས་ཚལ་དང་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་དང་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་ཁུལ་སྤོ་སྒྱུར་གྱི་གཏོང་སྒོ་སོགས་ཁ་གསབ་ཀྱི་རྣམ་གྲངས་དབུལ་སྐྱོར་བྱ་ཡུལ་ལ་ཕྱོགས་ནས་བྱ་དགའི་ཁ་གསབ་ཀྱི་གུན་གསབ་མ་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུའི་འགན་ལེན་བྱེད་དགོས། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་གནོད་འཚེའི་ཐད་ཀྱི་འགན་བཅོལ་རིགས་མང་དུ་གཏོང་དགོས། 2015ལོར་ས་ཁུལ་དབུལ་པོའི་ནགས་ཚལ་དང་རྩྭ་ཐང་གི་སྣོད་བཅུད་སྡུག་ཏུ་འགྲོ་ཚུལ་འགོག་ཐུབ་པ་བྱེད་དགོས་པ་དང་2020ལོར་ལྗོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་སྣོད་བཅུད་བསྐྱར་གསོ་ཐུབ་པ་བྱས་ནས་མི་དང་རང་བྱུང་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བའི་ལམ་སྲོལ་རགས་ཙམ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

        (བཅུ་གཉིས )སྤྱི་ཚོགས་ཀྱི་རོགས་སྐྱོར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

        ——སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དེ་དབུལ་སྐྱོར་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་མངོན་གསལ་དོད་པོས་དམ་འཛིན་བྱེད་དགོས། “རུ་མིས་འཐུས་མི་བྱེད་པ་དང་། ཚན་པས་རྒྱབ་རྟེན་བྱེད་པ། འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བ ”བཅས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ལམ་སྲོལ་ཡག་པོ་སྤྱོད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་རྩ་འཛུགས་སྟོབས་ལྡན་ཞིག་འཛུགས་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱུག་འགྱུར་གྱི་ལམ་བུ་གཏོད་པ། ཏང་གི་དྲིན་ཚོར་བའི་སློབ་གསོ་གཏོང་བ། དོན་དངོས་དང་བྱ་བ་བཟང་པོ་སྒྲུབ་པ་བཅས་ཀྱི “ལས་འགན་ཁག་ལྔ ”ལེགས་པོ་བསྒྲུབས་ཐོག་དབུལ་སྐྱོར་གསར་སྤེལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།

        ——ལྗོངས་དང་། ས་ཁུལ། རྫོང་བཅས་གསུམ་གྱི་དབུལ་སྐྱོར་འབྲེལ་ལམ་བརྟན་དུ་གཏོང་དགོས། རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་གསུམ་ལས་ཁུངས་དང་། བྱ་གཞག་ཚན་པ། ལྗོངས་(ཀྲུང་དབྱང )ཐད་གཏོགས་ཁེ་ལས་བཅས་ཀྱིས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་འགན་ཁུར་དགོས། གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པས་འབྲེལ་གཏུག་གི་ཤང་(གྲོང་རྡལ )གི་དབུལ་སྐྱོར་ལས་དོན་གྱི་གཙོ་འགན་ཁུར་ཐོག་གྲོང་ཚོར་བཅའ་སྡོད་ཀྱིས་ས་ཚིགས་དམ་འཛིན་བྱེད་པ་དང་། དབུལ་སྐྱོར་ཚན་པས་ཤང་དོ་དམ་བྱེད་པ། དབུལ་སྒྲོལ་མ་ཐུབ་བར་འབྲེལ་ཐག་མི་གཅོད་པ་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་འབྲེལ་གཏུག་གི་ཤང (གྲོང་རྡལ )གི་སྤྱི་ཡོངས་ཀྱི་དབུལ་སྒྲོལ་ལས་འགན་བསྒྲུབ་རྒྱུར་སྣེ་ཁྲིད་བྱས་ནས་ལས་ཞུགས་རྣམ་པའི་དབུལ་སྐྱོར་འཆར་འགོད་བཟོ་བ་དང་། ཁྱིམ་དུད་ལ་ཐད་ཀར་རོགས་སྐྱོར་བྱེད་པ། ཐོན་ལས་ཀྱི་རྣམ་གྲངས་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ་མ་དངུལ་འདུ་འགྲིལ་བྱ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། གནས་གཏན་འཁེལ་བྱས་པའི་དབུལ་སྐྱོར་གནས་སྦྱར་ལས་བྱེད་པར་ཐུགས་ཁུར་དང་བྱམས་སྐྱོང་བྱས་ནས་ཁོང་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རང་སྐྱོང་ལྗོངས་ཏང་སྲིད་འགོ་ཁྲིད་ཀྱི་དབུལ་སྐྱོར་ཏང་འཛུགས་སྐྱོང་འབྲེལ་གཏུག་ས་ཚིགས་ཀྱི་དཔེ་སྟོན་ཕན་ནུས་འདོན་སྤེལ་བྱས་ཐོག་གཞི་རིམ་ཏང་འཛུགས་སྐྱོང་གིས་དབུལ་སྐྱོར་གསར་སྤེལ་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་དང་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་དང་འབྲེལ་གཏུག་གི་ཤང་(གྲོང་རྡལ )གི་གཞི་རིམ་རྩ་འཛུགས་ཀྱི་མཉམ་ཤུགས་བཏོན་ནས་དབུལ་སྐྱོར་གྱི་སྔོན་གཏོད་ལེགས་བརྩོན་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

        ——བོད་སྐྱོར་གྱི་ཧུར་བརྩོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁ་གཏད་བོད་སྐྱོར་གྱིས་སྔོན་ལ་དབུལ་སྐྱོར་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བོད་སྐྱོར་ཞིང་ཆེན (གྲོང་ཁྱེར )དང་ཀྲུང་དབྱང་གི་གཙོ་གནད་རྐང་འཛིན་ཁེ་ལས་ལ་འཆར་འགོད་དང་། མ་རྩ་བཀོད་སྒྲིག ལས་བྱེད་པ་གསོ་སྦྱོང་། འཕྲོད་བསྟེན་བོད་སྐྱོར། ངལ་ནུས་གཞན་སྒྱུར་ལས་ཞུགས་སོགས་ཀྱི་ཐད་ནས་ས་ཁུལ་དབུལ་པོར་ཕྱོགས་ཏེ་གཞི་རིམ་རྩ་འཛུགས་ལ་འདུ་ཤེས་གསར་བརྗེ་དང་། ཁྲོམ་ར་སྒོ་འབྱེད། ཚོང་འགུགས་མ་འདྲེན། བློ་རིག་ནང་འདྲེན། ངལ་ནུས་ཕྱིར་གཏོང་བཅས་བྱེད་རོགས་བྱས་ཏེ་བོད་ཀྱི་ཐོན་ཁུངས་དང་ནང་སའི་མ་དངུལ་དང་ལག་རྩལ་གྱི་དགེ་མཚན་འདོན་སྤེལ་བྱས་ནས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་གཉིས་ཕན་གཉིས་ཁེ་ཡོང་རྒྱུར་སྐུལ་ལྕག་གཏོང་དགོས།

        ——བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་དབུལ་སྐྱོར་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་དགོས། ས་གནས་དེ་ག་དང་ཉེ་འཁོར་དང་། རང་ནུས་གང་ལྕོག བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་ས་གནས་ཀྱི་དབུལ་སྐྱོར་ལ་མཁོ་བ་དང་དཔུང་སྡེས་ལྕོག་ཚོད་གཉིས་ཟུང་འབྲེལ་བྱས་ནས་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་དབུལ་སྐྱོར་གསར་སྤེལ་ནང་ཞུགས་རྒྱུར་སྐུལ་མ་བཏང་སྟེ་དམག་དཔུང་དང་ས་གནས་ཀྱི་དགེ་མཚན་གསབ་རེས་ཐུབ་པ་བྱེད་དགོས།

        ——ཁེ་ལས་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་དབུལ་སྐྱོར་ནང་ཞུགས་རྒྱུར་སྐུལ་སློང་གཏོང་དགོས། སྤྱི་ཚོགས་ཀྱི་ཐོན་ཁུངས་དེ་དབུལ་སྐྱོར་གསར་སྤེལ་གྱི་བྱ་གཞག་ཐོག་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། བཟོ་ཚོང་མཉམ་ལྷན་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དམངས་གཉེར་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། མི་སྒེར་སོགས་ས་ཁུལ་དབུལ་པོར་ལས་གཏོད་འཕེལ་རྒྱས་དང་། དབུལ་སྐྱོར་གསར་སྤེལ། སྤྱི་ཕན་དགེ་སྒྲུབ་བཅས་ཀྱི་བྱ་གཞག་ནང་ཞུགས་རྒྱུར་སྐུལ་སློང་དང་སྒྲིག་འཛུགས་བྱེད་དགོས། དབུལ་སྐྱོར་དང་བླངས་པའི་བྱ་འགུལ་དར་སྤེལ་ཧུར་ཐག་བཏང་ནས་དབུལ་སྐྱོར་དང་བླངས་པའི་དྲ་བ་འཛུགས་དགོས།

        བཞི། སྲིད་ཇུས་དང་བྱ་ཐབས་འགན་ལེན་བྱེད་དགོས།

        (བཅུ་གསུམ )ནོར་ཁྲལ་གྱི་རྒྱབ་སྐྱོར་ཡིན་པ། རྒྱལ་ཁབ་ནས་མ་འཇོག་ཐོབ་རྒྱུའི་བརྩོན་ལེན་ཧུར་ཐག་བྱེད་པ་དང་། ས་གནས་ནོར་སྲིད་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། རང་སྐྱོང་ལྗོངས་ནོར་སྲིད་ཀྱི་དབུལ་སྐྱོར་གསར་སྤེལ་ཐད་ཀྱི་གཏོང་སྒོ་སྔོན་རྩིས་བྱས་ན་ལོ་ལྟར་30%སྤར་རྒྱུ། ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )གིས་ལོ་གོང་མའི་ས་གནས་ནོར་སྲིད་ཡོང་འབབ་ཀྱི་2%ཀྱི་བསྡུར་གྲངས་ལས་མི་དམའ་བ་དབུལ་སྐྱོར་གསར་སྤེལ་གྱི་མ་འཇོག་ནང་བཀོད་སྒྲིག་བཅས་བྱེད་དགོས། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ས་ཁུལ་དབུལ་པོར་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་གཞན་སྒྱུར་བྱེད་ཚད་མང་དུ་གཏོང་དགོས། དབུལ་སྐྱོར་ཁེ་ལས་དང་མི་སྒེར་གྱི་ཁྲལ་འབབ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཡིན་ཕྱིན་ཚང་མ་ཆད་ལུས་མེད་པར་དམིགས་སར་འབྱོར་བ་བྱེད་དགོས། དབུལ་སྐྱོར་བྱ་གཞག་ལ་སྤྱོད་པའི་ཁེ་ལས་ཀྱི་ཞལ་འདེབས་དེ་ཁྲལ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ཚེ་གཏན་འབེབས་ལྟར་འབབ་ཁྲལ་མ་འཇལ་འཐེན་འཕྲི་བྱེད་ཆོག

          (བཅུ་བཞི )དངུལ་རྩས་ཞབས་འདེགས་ཞུ་བ། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ཡིད་རྟོན་དངུལ་བུན་ལ་བརྟེན་པའི་དབུལ་སྐྱོར་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ་དང་། བེད་སྤྱོད་འདང་ངེས་བྱེད་པ། བེད་སྤྱོད་གནད་ལ་འཁེལ་བ་བྱེད་པ་བཅས་ཀྱི་ཐོག་ནས་དབུལ་སྐྱོར་བྱ་ཡུལ་ལ་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་ས་ཁུལ་དབུལ་པོར་དངུལ་རྩས་ཞབས་འདེགས་ཞུ་བའི་དྲ་ཚིགས་ཕྱོགས་ཡོངས་སུ་གང་མགྱོགས་ཁྱབ་པ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཐོན་ཟོག་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱ་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ནས་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དབུལ་སྐྱོར་བྱ་ཡུལ་ལས་ཞུགས་ཐུབ་པ་བྱས་པའི་ཁེ་ལས་ཀྱིས་དབུལ་སྐྱོར་གྱི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་དགོས། དབུལ་སྐྱོར་རོགས་རེས་མ་དངུལ་སོགས་ཞིང་འབྲོག་ཁུལ་གྱི་ཚོང་ལས་མིན་པའི་རོགས་རེས་དངུལ་རྩའི་རྣམ་པ་འཚོལ་ཞིབ་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཀྱི་ལས་དོན་མི་སྣས་ཞིང་འབྲོག་པ་དབུལ་པོར་གྲངས་ཉུང་དངུལ་བུན་གྱི་ཁག་ཐེག་བྱ་རྒྱུར་སྐུལ་མ་ཧུར་ཐག་གཏོང་དགོས། ཞིང་འབྲོག་ཁུལ་གྱི་འགན་བཅོལ་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་ནས་ས་ཁུལ་དབུལ་པོར་འགན་བཅོལ་སྒྲིག་གཞིས་ཞིང་འབྲེལ་ཚོང་ལས་ཀྱི་འགན་བཅོལ་ལས་སྒོ་རྒྱ་བསྐྱེད་གཏོང་རྒྱུར་སྐུལ་མ་གཏོང་དགོས།

           (བཅོ་ལྔ )ས་ཆ་གསར་སྤེལ་བེད་སྤྱོད་བྱེད་པ། ས་ཆ་བཅོས་སྒྲིག་གི་རྣམ་གྲངས་ཆེ་གྲས་ལ་དབུལ་སྐྱོར་དང་སྣོད་བཅུད་གནས་སྤོའི་ས་སྤྱོད་དགོས་མཁོ་སྔོན་ལ་སྐོང་དགོས། གསར་སྣོན་བྱས་པའི་ས་ཆ་དང་། ས་སྟོང་། ཐང་རྒོད། ལ་རྒོད་བཅས་གསར་སྤེལ་དང་དེ་བཞིན་མཉམ་སྡེབ་ཀྱི་ནགས་དབང་སྒྱུར་བཅོས་སྲིད་ཇུས་དེ་དབུལ་སྐྱོར་བྱ་ཡུལ་ལ་ཕྱོགས་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་ཁུལ་དབུལ་པོར་གོ་རིམ་ལྡན་པའི་ངང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

         (བཅུ་དྲུག )ཤེས་ལྡན་པ་འགན་ལེན་བྱེད་པ། སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་པའི་དཔུང་ཁག་དང་ཞིང་འབྲོག་ཁུལ་གྱི་ཉེར་སྤྱོད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དབུལ་པོར་ཤེས་ལྡན་པའི་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ཡག་པོ་བཟོས་ཏེ་སློབ་གསོ་དང་། ཚན་རྩལ། ཚན་ཞིབ་ཁང་དང་སུའོ། སྨན་བཅོས་སྒྲིག་གཞི་བཅས་ཀྱིས་ས་ཁུལ་དབུལ་པོར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་སྐུལ་མ་བཏང་སྟེ་གཙོ་གནད་ས་ཁོངས་ནས་མཐོ་སློབ་ཏུ་གནས་གཏན་འཁེལ་གྱི་སློབ་མ་བསྡུ་བའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། “གསུམ་རོགས་གཅིག་སྐྱོར ”མི་སྣ་འདེམས་གཏོང་ལས་དོན་ཡག་པོ་སྒྲུབ་དགོས། དུས་ཡུན་རིང་པོར་མཐོ་གྲང་དང་ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོར་ལས་ཀ་བྱེད་པའི་ཏང་སྲིད་ལས་བྱེད་པར་ལྕག་སྐུལ་གཏོང་བའི་སྲིད་ཇུས་བཟོ་དགོས། ས་ཁུལ་དབུལ་པོའི་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣར་གོ་གནས་དང་གོ་མིང་སོགས་ཀྱི་ཐད་དམིགས་བཀར་སྲིད་ཇུས་ལག་བསྟར་བྱེད་དགོས། ས་ཁུལ་དབུལ་པོའི་རིམ་པ་ཁག་དང་རིགས་ཁག་གི་ལས་བྱེད་པ་དང་། སློབ་ཆེན་ཐོན་པའི་གྲོང་དཔོན། “གསུམ་རོགས་གཅིག་སྐྱོར ”མི་སྣ། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་བཅས་ཀྱིས་དབུལ་སྐྱོར་གསར་སྤེལ་ཁྲོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ས་ཁུལ་དབུལ་པོའི་ལས་བྱེད་པ་དང་ཉེར་སྤྱོད་མི་སྣར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

         ལྔ། རྩ་འཛུགས་ཀྱི་འགོ་ཁྲིད།

        (བཅུ་བདུན )འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རང་སྐྱོང་ལྗོངས་ཀྱིས་ཁྱོན་ཡོངས་ཀྱི་འགན་འཁུར་བ་དང་། ས་ཁུལ (གྲོང་ཁྱེར )གྱིས་ཐད་ཀར་དམ་འཛིན་བྱེད་པ། རྫོང (གྲོང་ཁྱེར་དང་ཆུས )གིས་དོན་འཁྱོལ་ཞིབ་ཕྲ་བྱེད་པ་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་དོ་དམ་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྫོང་གཙོ་གནད་དུ་བྱེད་པ་དང་། གྲོང་ཚོར་ལས་དོན་སྒྲུབ་པ། དུད་ཚང་དུ་དབུལ་སྐྱོར་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ། སྲིད་ཇུས་དོན་འཁྱོལ་དང་། བྱ་ཐབས་གྲོང་ཚོར་ལག་བསྟར། མ་དངུལ་དུད་ཚང་ལ་དོན་འཁྱོལ། འགན་འཁྲི་མི་ལ་དོན་འཁྱོལ་བཅས་ཀྱི་འགན་ལེན་བྱེད་དགོས། རིམ་ཁག་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ནི་འགན་འཁུར་བ་ཨང་དང་པོ་ཡིན་པས་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་ནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་། ལས་ཀའི་སྡེ་ཚན། གཙོ་གནད་རྫོང་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་དཔྱད་ཞིབ་ལྕག་སྐུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དབུལ་པོ་ཉུང་གཏོང་བྱས་ཚུལ་དེ་ཕྱོགས་བསྡུས་དཔྱད་ཞིབ་མ་ལག་ཁྲོད་བཅུག་སྟེ་རིམ་པ་བཞིན་འགན་འཁྲིའི་ཡི་གེ་འཇོག་དགོས། དུས་བཀག་ཐོག་ཆེད་དམིགས་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་དཔྱད་ཞིབ་གཟེངས་བསྟོད་བྱེད་དགོས།

         (བཅོ་བརྒྱད )གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་དང་དབུལ་སྐྱོར་ལ་སྐུལ་མ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་གསར་སྤེལ་དེ་ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ “ལེགས་ལྡན་ལྔ ”ཚད་གཞིར་བྱས་ཏེ་ཏང་ཀྲི་པུའི་ཧྲུའུ་ཅི་སྲོག་ཤིང་དུ་བྱེད་པའི “ཨུ་ལྷན་གཉིས ”ཀྱི་ཚན་ཁག་འདེམས་བསྐོ་ཡག་པོ་བྱེད་དགོས། “གསོ་སྐྱོང་གསུམ ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྲིད་འཛིན་གྲོང་ཚོ་ཀུན་གྱིས་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་ལོ་ལྟར་ཏང་ཡོན་གསར་པ་གཉིས་ནས་ལྔ་བར་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་པའི་ཏང་ཡོན་གྱི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དབུལ་སྐྱོར་གྱི་འགན་འཁྲིའི་མ་ལག་འཛུགས་པ་དང་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་ཧུར་ཐག་བཏང་ནས་གཞི་རིམ་རྩ་འཛུགས་ཀྱིས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་སྟེ་དབུལ་སྐྱོར་བྱ་ཡུལ་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས། གཞི་རིམ་རྩ་འཛུགས་ཀྱིས་དབུལ་སྒྲོལ་སྣེ་ཁྲིད་བྱས་པའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་དགོས། བསམ་བློ་ཡག་པ་དང་། སྤྱོད་ཚུལ་ལེགས་པ། འཇོན་ཐང་ཆེ་བ། མང་ཚོགས་ལ་ཞབས་འདེགས་ཞུ་འདོད་པ་བཅས་ཀྱི་ཕུལ་བྱུང་གི་གཞོན་སྐྱེས་ལས་བྱེད་པ་དང་། དམག་ལོག་དམག་མི། སློབ་ཆེན་ཐོན་པའི་སློབ་མ་བཅས་ས་ཁུལ་དང་ཤང་གྲོང་དབུལ་པོར་ལས་ཀ་བྱེད་པར་བསྐྱོད་རྒྱུའི་སྐུལ་མ་གཏོང་བ་དང་འདེམས་གཏོང་བྱས་ནས་དབུལ་སྐྱོར་བྱ་ཡུལ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐད་སྣེ་འཁྲིད་ཀྱིས་གྲུབ་འབྲས་མངོན་གསལ་དོད་པའི་གྲོང་ཚོའི་ལས་བྱེད་པར་གཏན་འབེབས་དང་ཆ་རྐྱེན་ལ་གཞིགས་ཏེ་རྒྱལ་ཁབ་ཀྱི་གཞུང་ཞབས་པར་སྔོན་ལ་རྒྱུགས་བསྡུ་བྱེད་དགོས།

        (བཅུ་དགུ )དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྫོང་རིམ་པའི་དབུལ་སྐྱོར་ལས་དོན་གྱི་ཆེད་དམིགས་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས། བྱང་ཚད་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བྱང་ཚད་མཐོ་བ་དང་། སྤྱོད་ཚུལ་ལེགས་པ། ལེགས་སྐྱེས་འབུལ་རྒྱུར་དོ་སྣང་བྱེད་པ་བཅས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་པ་དང་ཡུན་རིང་ས་ཁུལ་དབུལ་པོ་དང་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། དཀའ་ངལ་ལ་མི་སྐྲག་པ། ལེགས་སྐྱེལ་འབུལ་ཕོད་པ། གྲུབ་འབྲས་མངོན་གསལ་དོད་པ། མང་ཚོགས་ཀྱིས་ཁས་བླངས་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པར་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྤྲོད་པ་མ་ཟད་དུས་ཐོག་ཏུ་ལས་གནས་གལ་ཆེ་སར་གོ་གནས་སྤོར་དགོས། རིམ་ཁག་དབུལ་སྐྱོར་སྡེ་ཚན་གྱིས་གོ་སྐབས་དམ་འཛིན་དང་ལས་དོན་ཏན་ཏིག་བསྒྲུབས་ནས་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་བསམ་གཞིག་བྱེད་པ་དང་། ཟོལ་མེད་བརྩེ་སེམས་འཆང་བ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱེད་དགོས།

         (ཉི་ཤུ )མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཀྲུང་དབྱང་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་དང་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དབུལ་སྐྱོར་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་ཆེ་གྲས་ལྔ་ལ་གཙོ་གནད་དུ་ཕྱོགས་ཏེ་ཐད་ཀར་དུད་ཚང་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལ་མ་འཇོག་བྱེད་པའི་བསྡུར་གྲངས་རིམ་པས་མང་དུ་གཏོང་དགོས། དབུལ་སྐྱོར་མ་དངུལ་དུད་ཚང་དུ་དོན་འཁྱོལ་གྱིས་རོགས་སྐྱོར་བྱེད་པའི་ལམ་སྲོལ་གསར་གཏོད་བྱེད་པ་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་དབུལ་སྐྱོར་བྱ་ཡུལ་ལ་ཐད་ཀར་རོགས་སྐྱོར་ནུས་ལྡན་ཐུབ་པ་བྱས་ནས་ས་ཁུལ་དབུལ་པོ་དང་རོགས་སྐྱོར་བྱ་ཡུལ་ལ་རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་དགོས། དབུལ་སྐྱོར་མ་དངུལ་སྤྱད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཀྱིས་དབུལ་སྐྱོར་བྱ་ཡུལ་ལ་སྔོན་དུ་ཕན་པ་ཐོབ་རྒྱུའི་འགན་ལེན་བྱེད་པ་དང་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱིས་དབུལ་སྐྱོར་བྱ་ཡུལ་ལ་སྣེ་འཁྲིད་པའི་ཁེ་ཕན་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་དགོས། རང་སྐྱོང་ལྗོངས་ཀྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་རྣམ་གྲངས་ཀྱི་དོ་དམ་བྱ་ཐབས་བཟོས་ནས་རྣམ་གྲངས་ཀྱི་ལས་རྗེས་ལ་དཔྱད་བསྡུར་ནན་ཏན་བྱེད་དགོས། དབུལ་སྐྱོར་མ་དངུལ་རྣམ་གྲངས་ཀྱི་ཡོངས་བསྒྲགས་སྤྱི་བསྒྲགས་ལམ་ལུགས་སྒོ་ཀུན་ནས་ཁྱབ་གདལ་གཏོང་བ་དང་། དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་ཐབས་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་དབུལ་སྐྱོར་མ་དངུལ་ཧམ་བཟུང་གཞན་སྤྱོད་དང་བཀག་ཉར་ལྐོག་ཟ་བྱེད་པའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་དབུལ་སྐྱོར་མ་དངུལ་ཚད་ལྡན་དང་། བདེ་འཇགས། ནུས་ཆེ་བཅས་ཀྱི་སྒོ་ནས་སྤྱོད་རྒྱུའི་འགན་ལེན་བྱེད་དགོས།

        (ཉེར་གཅིག )སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། དབུལ་སྐྱོར་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དབུལ་སྐྱོར་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ཕྱོགས་སྡོམ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་ལམ་བུ་ཞིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གོང་འཕེལ་ཡོང་བ་བྱས་ནས་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ཇུས་ཆུ་ཚད་དང་ལག་བསྟར་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

        (ཉེར་གཉིས )དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། དབུལ་སྐྱོར་གསར་སྤེལ་གྱི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་སྲིད་ཇུས་དང་བྱེད་ཐབས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དབུལ་སྐྱོར་གསར་སྤེལ་ལས་དོན་ཁྲོད་ཐོན་པའི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་མི་ཀུན་གྱིས་བསམ་ཤེས་དང་། རྒྱབ་སྐྱོར། མཉམ་ཞུགས་བཅས་བྱེད་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ངོས་འཛིན་གཅིག་མཐུན་དང་བྱ་སྤྱོད་ཆགས་པར་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་དེ་གཞི་རྩའི་རང་ལྗོངས་ཀྱི་གནས་ཚུལ་དང་མཐུན་པའི་སློབ་གསོའི་ཁྱབ་ཁོངས་སུ་འཇུག་པ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་གཞུང་ལས་པའི་སློབ་གསོ་གསོ་སྦྱོང་གི་ནང་དོན་གལ་ཆེན་དང་སློབ་གྲྭའི་སློབ་གསོའི་ཟུར་ལྟའི་དཔྱད་ཡིག་ཏུ་བརྩི་དགོས།

        (ཉེར་གསུམ )ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། དབུལ་སྐྱོར་གསར་སྤེལ་གྱི་སྡོམ་རྩིས་དང་དབུལ་པོའི་ལྟ་ཞིབ་ཚད་ལེན་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་སྐྱོར་གསར་སྤེལ་གྱི་ཆ་འཕྲིན་མ་ལག་དང་དཔྱད་ཞིབ་གདེང་འཇོག་བྱེད་ཐབས་བཟོ་བ། དབུལ་སྐྱོར་གསར་སྤེལ་ཐད་ཀྱི་མཛུབ་ཁྲིད་དང་། ལྟ་སྐུལ། ཞིབ་བཤེར་བཅས་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་བཤེར། དབུལ་སྐྱོར་གསར་སྤེལ་གྱི་རྣམ་གྲངས་སྐུལ་སྤེལ་ལ་ལྟ་བཤེར། དབུལ་སྐྱོར་གསར་སྤེལ་གྱི་མ་དངུལ་བེད་སྤྱོད་གཏོང་ཚུལ་ལ་ལྟ་བཤེར། དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་ལྟ་བཤེར། དབུལ་སྐྱོར་གསར་སྤེལ་གྱི་འགན་འཁྲི་གནད་འབྱོར་བྱུང་མིན་ལ་ལྟ་བཤེར་བཅས་བྱེད་པ། ཚད་གཞི་ནན་པོ་དང་བྱ་དགའ་དང་ཆད་གཅོད་ཁ་གསལ་བྱས་ནས་སྔོན་ཐོན་ལ་སྐུལ་ལྕག་དང་རྗེས་སྐྱོད་པར་སྐུལ་གཏོང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་སྐུལ་ལྕག་གཅུན་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རིམ་ཁག་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་སྐྱོར་ལས་འགན་དོན་འཁྱོལ་ཡོང་བར་མཐུན་སྦྱོར་དང་སྐུལ་སྤེལ་བྱེད་དགོས། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ལོ་ལྟར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ལས་དོན་སྙན་སེང་ཞུ་བ་དང་། ས་ཁུལ (གྲོང་ཁྱེར )ཁག་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ལོ་ལྟར་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་ལ་ལས་དོན་སྙན་སེང་ཞུ་དགོས།

        (ཉེར་བཞི )ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་ལྗོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་པོའི་ས་ཁུལ་གྱི་གནས་ཚུལ་ལ་གཞི་བཙུགས་ཏེ་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་སྲོལ་ཡིག་མགྱོགས་པོ་བཟོས་ཏེ་དབུལ་སྐྱོར་ལས་དོན་དེ་ཁྲིམས་ལུགས་ཅན་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱེད་དགོས།

        (ཉེར་ལྔ )སྒྲིག་འཛུགས་དང་ལག་བསྟར་བྱེད་པ། བྱེད་ཐབས་འདི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་སྒྲིག་གཞིས་མཐུན་སྦྱོར་དང་སྒྲིག་འཛུགས་ལག་བསྟར་གྱི་འགན་འཁུར་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།