དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གནང་བ།

        ཨུ་ཡོན་རྣམ་པ།

        ངས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ།

        གཅིག 2011ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།

        2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་འགོ་བཙུགས་པའི་ལོ་ཡང་རེད། ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་གཉིས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ 《མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར 》(གཤམ་ལ “《བསམ་འཆར 》”ཞེས་བསྡུ་རྒྱུ )དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྲིད་གྲོས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་ཟམ་མི་ཆད་པ་བྱས་པ་དང་། འགན་འཁྲི་གཙང་སྒྲུབ་བྱེད་པའི་ཐབས་རྣམ་གསར་གཏོད་བྱས་ནས་རྒྱ་ཆེའི་ཨུ་ཡོན་རྣམས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབས་ཐོག ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་ངང་ལག་བསྟར་བྱས་པ། འབྲེལ་བ་མཐུན་སྦྱོར་དང་། སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་འདོན། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལམ་བཤངས་གསར་གཏོད་དང་། འབད་འབུངས་ཡར་བརྩོན། ལས་དོན་ཏན་ཏིག་བསྒྲུབ་པ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་ལེའུ་གསར་པ་བརྩམས་ཡོད།

        (གཅིག ) དུས་བསྟུན་ཡར་རྒྱས་ཡོང་བའི་ཐོག་ནས་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ་མི་རིགས་ཁག་དང་ལས་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་བ།

        རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་རྣམ་པའི་སྲིད་གྲོས་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་ཁྲིད་རབ་དང་རིམ་པའི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན། ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་སྲིད་གྲོས་སུ་རྟོག་ཞིབ་དང་སྦྲགས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོར་གཟིགས་པར་ཕེབས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་ལས་དོན་གྱི་གཙོ་དོན་གཙོ་རྐང་དང་། འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ། ད་ལྟའི་དུས་སྐབས་ཀྱི་གོང་འཕེལ་གྱི་ཁྱད་ཆོས་བཅས་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ནན་པོ་བྱས་ཡོད། མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་སྐོར་གྱི་ཏང་གི་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་དང་ལས་སྒོའི་ཤེས་བྱ་དང་ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ནས་སྲིད་གྲོས་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་། ཨུ་ཡོན་གྱིས་འགན་འཁྲི་གཙང་སྒྲུབ་བྱེད་པའི་འགན་འཁྲི་འཁུར་སེམས་དང་དུས་ལ་གཏུག་སེམས་སྔར་བས་ཤུགས་ཆེར་བཏང་ནས་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད།

        སློབ་སྦྱོང་བྱེད་པའི་ནང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་མཐོང་ཆེན་བྱས་ནས་རང་འགུལ་ཐོག་གཞི་རིམ་དུ་ཟབ་སྐྱོད་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདུན་སྙན་སེང་ཧུར་ཐག་ཞུས་ཐོག མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་གྱི་ལས་དོན་ཡག་པོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱས་ཡོད། སློབ་སྦྱོང་བྱས་པ་བརྒྱུད་རྒྱ་ཆེའི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་ཇུས་བཀོད་ཐོག་གཅིག་གྱུར་ཐུབ་པ་དང་། བློ་རིག་དང་སྟོབས་ཤུགས་གཉིས་བོད་ལྗོངས་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐོག་གཅིག་སྡུད་ཐུབ་པ་བྱུང་ནས་ཏང་དང་བསམ་བློའི་ཐད་གཅིག་མཐུན་དང་། དམིགས་ཡུལ་ཐད་གཅིག་མཐུན། བྱ་སྤྱོད་ཐད་གཅིག་མཐུན་བཅས་ཡོང་བ་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད།

        (གཉིས ) ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་དོན་འཁྱོལ་བྱས་ནས་གོང་འཕེལ་ལ་སྐུལ་སྤེལ་བཏང་བ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་འགོ་བཙུགས་པར་དམིགས་ནས་སྲིད་གླེང་ཇུས་འདོན་བྱས་པ།

        རྒྱུན་ལས་ཨུ་ལྷན་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་ལེན་གཏིང་ཟབ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་དང་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་ལས་འགོ་ཡག་པོ་འཛུགས་རྒྱུ་དེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་འགག་གནད་སྒྲོལ་ས་ཞིག་ཏུ་བརྩིས་ནས་ཚོགས་འདུ་ཚོགས་པ་དང་། བརྟག་དཔྱད་དང་རྟོག་ཞིབ་བྱེད་པ། གྲོས་གཞི་འདོན་པ་སོགས་འགན་འཁྲི་སྒྲུབ་སྟངས་སྣ་ཚོགས་ཀྱི་ཐོག་ནས་ཏང་ཨུད་དང་སྲིད་གཞུང་ལ་བྱ་ཐབས་དོན་འཁྱོལ་བྱེད་རྒྱུའི་གཞོགས་འདེགས་ཧུར་ཐག་བྱས་ནས་དཔལ་འབྱོར་གོང་འཕེལ་ཡོང་བའི་འགན་ལེན་བྱས་ཡོད།

        ཚང་འཛོམས་ཚོགས་འདུ་ཚོགས་པའི་ཐོག་ནས་ཕྱོགས་ཡོངས་ལ་གྲོས་མོལ་བྱས་པ། ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་རིང་ཨུ་ཡོན་གྱིས་ཚོགས་ཆེན་ཐོག་ཕུལ་བའི་གཏམ་བཤད་ཁག་25དང་། བསམ་འཆར་དང་གྲོས་འཆར་བཏོན་པ་ཁག་269 གྲོས་ཁོངས་སུ་བཞག་པའི་གྲོས་གཞི་ཁག་352བཅས་ཡོད་པ་དེ་དག་གི་ནང་དོན་བོད་ཀྱི་ལས་དོན་གང་ས་ཅི་ཐད་དང་འབྲེལ་བ་ཡོད་ཅིང་། ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་འོག་འཕྲལ་མར་འབྲེལ་ཡོད་ས་གནས (གྲོང་ཁྱེར )དང་འགན་ནུས་སྡེ་ཚན་ལ་གཉེར་སྒྲུབ་དང་དོན་འཁྱོལ་བྱེད་དུ་བཅུག་པ་དང་། བསམ་འཆར་དང་གྲོས་འཆར་ཁག་གཅིག་དེ་མུར་སྲིད་ཇུས་ཀྱི་བྱ་ཐབས་སུ་སྒྱུར་བ་དང་། ཁག་གཅིག “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་ཁ་སྐོང་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད། དེ་བཞིན “ཨུ་ཡོན་གྱི་བསམ་འཆར་དང་གྲོས་འཆར་གཉེར་སྒྲུབ་ལན་འདེབས་ཚོགས་འདུ ”ཐེངས་དང་པོ་སྐོང་འཚོགས་བྱས་ནས་གཉེར་སྒྲུབ་བྱེད་པའི་ཐད་ངོ་འཕྲད་ལན་འདེབས་དང་གསལ་བཤད་བྱས་ཡོད་པས་ཨུ་ཡོན་གྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། སྐད་ཆ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་སྲུང་སྐྱོབ་བྱས་པས། ཨུ་ཡོན་གྱི་འགན་ནུས་སྒྲུབ་པའི་ཧུར་སེམས་རང་བཞིན་ཤུགས་ཆེར་སོང་ཡོད། ཀྲུའུ་ཞི་གཞོན་པས་གཙོ་གནད་གྲོས་གཞིར་སྒྲུབ་སྐུལ་བྱེད་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་པ་དང་། གྲོས་གཞི་ཨུ་ལྷན་དང་། གྲོས་གཞི་གཉེར་སྒྲུབ་བྱེད་མཁན། གྲོས་གཞི་འདོན་མཁན་བཅས་དབར་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས “གྲོས་གཞི་འདོན་མཁན་དང་གྲོས་གཞི་གཉེར་སྒྲུབ་བྱེད་མཁན ”ཕྱོགས་གཉིས་ཀྱི་ཧུར་སེམས་སྐུལ་སློང་བྱས་ཏེ་གཉེར་སྒྲུབ་ཀྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་བ་དང་དཔལ་འབྱོར་གོང་འཕེལ་ལ་སྐུལ་སྤེལ་གཏོང་བའི་ནང་གྲོས་གཞིའི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཚོགས་པའི་ཐོག་ནས་གཙོ་གནད་གྲོས་མོལ་བྱས་པ། རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་ཆེད་ང་ཚོས “ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ ”བརྗོད་བྱ་གཙོ་བོར་བྱས་པའི་སྲིད་གླེང་གི་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་བྱས་ཤིང་། དེའི་ནང་དོན་ཐད་མི་རིགས་ལག་ཤེས་བཟོ་ལས་དང་། གནོད་མེད་བཟའ (བཏུང )བཅའི་ལས་རིགས། ཁྱད་ལྡན་གཏེར་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་སོགས་རིགས་འདྲ་མིན་དང་འབྲེལ་བ་ཡོད་པ་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་དང་། སྲིད་ཇུས་ཀྱི་འགན་སྲུང་། ཤེས་ལྡན་པ་གསོ་སྐྱོང་སོགས་བྱེད་རྒྱུའི་ལྷུ་ཚིགས་དང་འབྲེལ་བ་ཡོད་པ། རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུ་དང་། ཨེ་ཤ་ཡ་ལྷོ་མའི་ཚོང་དོན་སྐམ་ཐོག་བགྲོད་ལམ་ཆེན་པོ་གང་མགྱོགས་འཛུགས་སྐྲུན་བྱེད་རྒྱུ་སོགས་གལ་ཆེའི་གནད་དོན་དང་འབྲེལ་བ་ཡོད་པ་བཅས་ཡིན་པས་རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཡོང་བར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་གཅིག་གྱུར་བསམ་གཞིགས་བྱེད་རྒྱུར་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད།

        ཆེད་དོན་རྟོག་ཞིབ་དང་བརྟག་ཞིབ་བྱེད་པའི་ཐོག་ནས་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་བ། ཀྲུའུ་ཞི་གཞོན་པས་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཐོག གཙོ་ཆེའི་རྣམ་གྲངས་ལ་དམིགས་ནས་དུས་ཚོད་འཚམ་ངེས་སྐབས་སུ་རྟོག་ཞིབ་ཚོགས་པ་དང་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་དང་། ཕོད་མདོའི་ཆུ་བེད་ལྟེ་གནས། ལྷ་ས་ནས་གོང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་ཀྱི་འཛུགས་སྐྲུན་བྱེད་སར་རྟོག་ཞིབ་བྱས་ཏེ་བསམ་འཆར་དང་གྲོས་འཆར་བཏོན་པ་མ་ཟད། དེ་དག་རྒྱ་ཁྱབ་ཏུ་དང་ལེན་བྱུང་ནས་རྣམ་གྲངས་ལེགས་ཤིང་མྱུར་བའི་སྒོ་ནས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད། གཞན་ཡང་ཉི་ནུས་ཐོན་ལས་དང་དེའི་ཐོན་རྫས་ཁྱབ་གདལ་བེད་སྤྱོད་བྱེད་རྒྱུ་དང་། མི་རིགས་ལག་ཤེས་བཟོ་ལས་གོང་འཕེལ་གཏོང་རྒྱུ། གཏེར་ལས་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ། ཞིང་འབྲོག་ཚན་རྩལ་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ་སོགས་ཀྱི་དཔྱོད་དོན་ལ་དམིགས་ནས་མི་སྣ་སྒྲིག་འཛུགས་ཀྱིས་ས་གནས་གྲོང་ཁྱེར་དྲུག་དང་ནང་སའི་ཞིང་ཆེན་བཞི་ལ་བསྐྱོད་ནས་ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་ཞིང་། ལས་ཡུལ་དངོས་སུ་རྟོག་ཞིབ་དང་། ངོ་སྤྲོད་ཉན་པ། བཞུགས་མོལ་སྤེལ་རེས་བྱེད་པ། དཔྱད་ཡིག་ལ་ཞིབ་འཇུག་བྱེད་པ། གྲོས་བསྡུར་གཏིང་ཟབ་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་བརྟག་ཞིབ་སྙན་ཞུ་ཁག་7ཙམ་བཟོས་པ་དང་། བསམ་འཆར་དང་གྲོས་འཆར་ཁག་30ལྷག་ཙམ་བཏོན་ཡོད་པས་འབྲེལ་ཡོད་འགོ་ཁྲིད་དང་སྡེ་ཚན་གྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ལྗོངས་ཡོངས་སུ་དུས་རབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་ཚོགས་འདུ་ཚོགས་རྗེས་འཕྲལ་མར་འབྲེལ་ཡོད་ལས་རིགས་ཁག་གི་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ནས་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་མ་ཟད། བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ལྗོངས་ཐད་གཏོགས་འགན་ནུས་སྡེ་ཚན་དང་མི་དམངས་ཚོགས་པའི་འགན་འཁུར་བ་བཅས་སྒྲིག་འཛུགས་བྱས་ནས་རང་ལྗོངས་ཀྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་བཏང་ཚུལ་ལ་མཉམ་འབྲེལ་གྱི་རྟོག་ཞིབ་བྱས་ནས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་རྒྱུར་སྐུལ་ལྕག་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་བཏང་ཡོད།

        (གསུམ ) མི་རྩ་བར་འཛིན་རྒྱུ་དང་དམངས་འཚོར་དོ་ཁུར་བྱས་ནས་སྤྱི་ཚོཌ་ཡོངས་ཀྱིས་ཐུན་མོང་ཐོག་གོང་འཕེལ་གྱི་འབྲས་བུ་ལོངས་སྤྱོད་བྱེད་རྒྱུར་སྐུལ་སྤེལ་བཏང་བ།

        “མི་རྩ་བར་འཛིན་རྒྱུ ”དང “དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི ”འདུ་ཤེས་བརྟན་པོ་བཙུགས་ནས་དམངས་འཚོའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཐུན་མོང་ཐོག་བསྒྱུར་བཅོས་གོང་འཕེལ་གྱི་འབྲས་བུ་ལོངས་སྤྱོད་ཐུབ་པ་བྱས་ཡོད། དམངས་འཚོའི་ལས་གཞི་ལག་བསྟར་ལམ་ལྷོང་ཡོང་ཆེད། ཨུ་ཡོན་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་རྣམ་གྲངས་ལ་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ནང་ང་ཚོས་ཕྱོགས་གཅིག་ནས་ཨར་ལས་ཚན་པའི་དཀའ་ངལ་དང་གནད་དོན་ཉན་འཇོག་བྱེད་རྒྱུར་དོ་སྣང་བྱས་ནས་ཁོང་ཚོར་ཇུས་དང་ཐབས་ཤེས་འདོན་རོགས་བྱས་པ་དང་། ཕྱོགས་གཅིག་ནས་ས་གནས་དེ་གའི་མང་ཚོགས་ལ་འབྲེལ་ཡོད་སྲིད་ཇུས་གསལ་བཤད་བྱེད་རྒྱུར་ཡང་དོ་སྣང་བྱས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྤེལ་རྒྱུར་གཞོགས་འདེགས་བྱས་པས་ཨར་ལས་བདེ་བླག་ངང་སྤེལ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་པ་མ་ཟད་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཐུབ་སྟེ་འབྲེལ་ཡོད་ཚན་པའི་བསྔགས་བརྗོད་ཐོབ་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་ཡང་ཐོབ་ཡོད། གཞན་ཡང་རྒྱལ་ཡོངས་སྲིད་གྲོས་ལ་གཞོགས་འདེགས་ཀྱིས་རང་ལྗོངས་ཀྱི་ཆུ་བེད་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱས་རྗེས་ཀྱི་སྨན་བཅོས་ཚན་པར་ལུགས་མཐུན་ཁ་གསབ་བྱེད་རྒྱུ་སོགས་ཀྱི་གཙོ་ཆེའི་དམངས་འཚོའི་གནད་དོན་ལ་དམིགས་ནས་རྟོག་ཞིབ་གཏིང་ཟབ་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ལ་ལུགས་དང་མཐུན་པའི་བསམ་འཆར་དང་གྲོས་འཆར་བཏོན་ཡོད། ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་གཞི་རིམ་དུ་རྟོག་ཞིབ་དང་ལས་དོན་ལ་མཛུབ་ཁྲིད་བྱེད་པར་སྐྱོད་སྐབས་མང་ཚོགས་ཀྱི་འབབ་འཕར་ལམ་སྲོལ་འཛུགས་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ། གྲོང་བརྡལ་ཅན་དུ་སྒྱུར་ཆེད་ས་ཞིང་ཤོར་བའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་འགན་སྲུང་དང་ལས་ཀ་བཀོད་སྒྲིག་བྱེད་རྒྱུ་སོགས་ཀྱི་གནད་དོན་ཐད་རྟག་ཏུ་གཞི་རིམ་འགོ་ཁྲིད་དང་རྒྱ་ཁྱབ་གཏིང་ཟབ་ངང་བསམ་འཆར་སྤེལ་རེས་བྱས་པ་དང་། ཞིང་འབྲོག་པ་ལས་མིའི་གླ་ཕོགས་ཆད་འགྱངས་དང་རྒྱལ་དབང་ཁེ་ལས་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱེད་པའི་ནང་ལས་བཟོའི་འཚོ་ལམ་བཀོད་སྒྲིག་སོགས་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་མངོན་གསལ་དོད་པར་དམིགས་ནས་རང་འགུལ་ངང་འབྲེལ་ཡོད་ཚན་པར་གནས་ཚུལ་སྤེལ་རེས་དང་གྲོས་མོལ་བྱས་ཏེ་འབྲེལ་ཡོད་གནད་དོན་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་བཏང་ཐོག་གོང་འཕེལ་གཏོང་བའི་ཁྲོད་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཐུབ་པ་མ་ཟད། གོང་འཕེལ་ལས་བྱུང་བའི་འབྲས་བུ་ལོངས་སྤྱོད་ཐུབ་པའི་འགན་སྲུང་བྱས་ཡོད། ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་པ་རྒྱུན་དུ་དབུལ་སྐྱོར་དང་བྱེད་སྒོའི་འབྲེལ་གཏུག་བྱེད་གནས་སུ་བསྐྱོད་ནས་མང་ཚོགས་ལ་བཅར་འདྲི་བྱེད་པ་དང་། གཞི་རིམ་གྱི་ལས་བྱེད་དང་མང་ཚོགས་དང་ཐུན་མོང་ཐོག་དབུལ་འགྲོལ་ཕྱུག་སྒྱུར་གྱི་བསམ་ཕྱོགས་གྲོས་བསྡུར་བྱས་ཐོག དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་མཐུན་སྦྱོར་བྱས་ཡོད། གཞི་རིམ་འཛུགས་སྐྱོང་ལོར་ཤུགས་སྣོན་རྒྱག་རྒྱུ་དང་། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ཀྱི་འཚོ་བར་ཕན་འདོགས་པའི་བྱེད་སྒོ་བཅས་ཀྱི་ནང་ཧུར་ཐག་ཞུགས་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པའི་ལས་དོན་རུ་ཁག (ཙུའུ )མངགས་གཏོང་གིས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ལས་ཀ་དང་སློབ་སྦྱོང་བྱས་ནས་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་དང་། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་ནན་ཏན་སྤེལ་ཐོག བློ་རིག་འདོན་པ་དང་ནུས་ཤུགས་ཡོད་རྒུས་མང་ཚོགས་དབུལ་སྒྲོལ་ཕྱུག་སྒྱུར་ཡོང་བའི་ལམ་བུ་འཚོལ་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་པ། དཀའ་ངལ་སེལ་རོགས་བཅས་བྱས་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད། “དབུལ་སྐྱོར་གུད་སྐྱོབ ”ཀྱི་སྤྱོད་བཟང་དང “ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་ཚང་མས་རོགས་སྐྱོར་བྱེད་པའི ”སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ལོ་ཧྲིལ་པོར་གཞི་རིམ་དང་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ལ་སྒོར་ཁྲི་10ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། གཞན་ཡང་མི་དམངས་སྲིད་གྲོས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐོང་ཆེན་བྱས་ནས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་དམངས་དོན་ཤེས་རྟོགས་དང་། དམངས་འདུན་སྙན་སེང་ཞུ་བ། མང་ཚོགས་ཀྱི་ཁེ་ཕན་འགན་སྲུང་བཅས་བྱས་ཡོད།

        (བཞི ) མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་བྱས་ཏེ་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་བཏང་བ།

        མི་རིགས་མཐུན་སྒྲིལ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་ཅིང་། དགོས་གལ་ཆེན་པོ་ཞིག་ཡིན། ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་གཙོ་དོན་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་ཨུ་ཡོན་དང་ལས་རིགས་ཁག་གི་མང་ཚོགས་ལ “ཁ་བྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཀྱིས་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་གནས་ལུགས་ཤེས་རྟོགས་ཐུབ་པ་དང་། རང་འགུལ་ཐོག་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་བ་བྱས་ཏེ་རླབས་ཆེན་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བྱས་ཡོད། གཞན་ཡང་ཆེད་མངགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་དུ་བརྟག་ཞིབ་བྱེད་པར་སྐྱོད་དེ་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གང་མགྱོགས་གོང་འཕེལ་གཏོང་རྒྱུའི་བསམ་འཆར་དང་གྲོས་འཆར་བཏོན་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུར་བློ་རིག་དང་སྟོབས་ཤུགས་འདོན་སྤེལ་བྱས་ཡོད།

        (ལྔ ) ནུས་ཤུགས་གང་ཡོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ།

        ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གནད་འགག་འདི་སྔ་བར་ཕྱི་གསུམ་དུ་དམ་སྲུང་བྱས་ཐོག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་དབང་རང་ལག་ཏུ་འཛིན་པ། མི་སེམས་འགུག་པ། རྨང་རྩ་གཉིས་བརྟན་བཅས་ཀྱི་མཛད་ཕྱོགས་དམ་པོར་བཟུང་སྟེ་སྔ་བར་ཕྱི་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་དུས་བབ་ལ་ངོས་འཛིན་གསལ་པོ་ཐུབ་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་ཐུབ་པ་དང་། བདེ་འཇགས་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་ཆེན་པོ་འདིའི་ཐད་ཏང་དང་སེམས་པ་གཅིག་སྒྲིལ་བྱས་ཡོད། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ཐོག ཕྱོགས་གང་ཅིའི་ཐད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་རྒྱ་ཆེའི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་བསམ་བློ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཐུབ་པ་དང་། བྱ་སྤྱོད་དེ་ལས་ཀའི་བྱ་ཐབས་ཐོག་གཅིག་གྱུར་ཏན་ཏིག་ཐུབ་པ་བྱས་ཡོད། སྲིད་གྲོས་ཀྱི་འགོ་ཁྲིད་དང་། ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་དགོན་སྡེའི་དོ་དམ་དང་། མཐའ་མཚམས་བདག་སྡོམ། གཞིས་རྩེ་དང་ཆབ་མདོ་སོགས་ས་གནས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ལས་ཀའི་ནང་ནན་ཏན་ཞུགས་པ་དང་། ལྷག་པར་དུ་འཚུབ་ཆ་ཆེ་བའི་དུས་མཚམས་དང་གལ་ཆེའི་དུས་སྐབས་སུ་ལས་ཀ་དེ་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། དེ་དང་ཕྱོགས་མཚུངས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ལས་ཁུངས་ཀྱི་སྡོད་བྱ་དང་སྒོ་རའི་སྐོར་གཡེང་རུ་ཁག་བཙུགས་ནས་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་འདྲ་མིན་རིགས་རྩད་བཤེར་ནན་ཏན་བྱས་པ་དང་། གློ་བུར་དུ་ཐོན་པའི་དོན་རྐྱེན་འཕྲལ་སྡོམ་བྱེད་པའི་སྔོན་ཇུས་སྔར་བས་ཚགས་ཚུད་དུ་བཏང་ཐོག བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱས་ཡོད།

        ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། འགོ་ཁྲིད་མང་པོ་ཞིག་དགོན་སྡེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བཅས་བྱེད་པའི་ལས་ཀའི་ནང་ཐད་ཀར་ཞུགས་ཏེ་དགོན་སྡེའི་དོ་དམ་ཚད་ལྡན་དང་ཁྲིམས་མཐུན་ཅན་དུ་སྒྱུར་རྒྱུར་སྔར་བས་སྐུལ་སྤེལ་བཏང་ཡོད། ཆོས་ཕྱོགས་ཨུ་ཡོན་ཁྲོད་ཀྱི་སྐྱེས་ཆེན་དམ་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་གྱི་དགོན་སྡེར་བསྐྱོད་དེ་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། རང་སྐྱོང་ལྗོངས་མི་རིགས་ཆོས་དོན་ཨུ་ལྷན་དང་མཉམ་འབྲེལ་ཐོག 《ཆོས་ཕྱོགས་མི་སྣའི་སྤྱི་ཚོགས་འགན་སྲུང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུའི་སྐོར་གྱི་བསམ་འཆར 》(རྒྱལ་ཆོས་དོན་སྤེལ [2010]ལོའི་ཡིག་ཨང་8པ )ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམངས་གཙོའི་ལྟ་སྐུལ་བྱས་ཤིང་། ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་། ལྷག་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་བསམ་ཕྱོགས་དང་ཐབས་ཇུས་བཏོན་ཡོད།

        ཕྱི་ཕྱོགས་ལ་དྲིལ་བསྒྲགས་དང་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕྱི་ཕྱོགས་ཀྱི་ཆ་རྐྱེན་ཡག་པོ་བསྐྲུན་ཡོད། སྲིད་གྲོས་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་འཚམས་འདྲི་ཚོགས་པ་གཉིས་དབྱི་ཊ་ལི་དང་། དབྱིན་ཇི། ལྷོ་ཁོ་རེ་ཡ་བཅས་ལ་འཚམས་འདྲིར་སྐྱོད་ནས་ཕྱི་རྒྱལ་གྱི་འབྲེལ་ཡོད་ཚོགས་པ་དང་ཕྱིར་སྡོད་སྤུན་ཟླར་བོད་ཀྱི་གནས་ཚུལ་དངོས་ངོ་སྤྲོད་བྱས་ཤིང་། བོད་ཀྱི་གོང་འཕེལ་དང་ཡར་ཐོན་དྲིལ་བསྒྲགས་བྱས་པ་དང་། བོད་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ལྷུག་པོར་གླེང་སྟེ “བོད་ལྗོངས་དྲིལ་བསྒྲགས་བྱེད་པ་དང་། ལས་ཀ་མང་ཙམ་སྒྲུབ་པ། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མཛའ་མཐུན་ཟབ་ཏུ་གཏོང་བ ”བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད། གཡོད་ནན་མེས་རྒྱལ་འཐབ་ཕྱོགས་དང་། རོ་མ་ནི་ཡའི་གྲོས་ཁང་གོང་མ་སོགས་ཕྱི་དོན་འཐུས་མི་ཚོགས་པ་བོད་ལ་འཚམས་འདྲི་གནང་བར་ཕེབས་པར་སྣེ་ལེན་གཟབ་རྒྱས་ཞུས་ཤིང་། བོད་ལ་གཟིགས་སྐོར་བྱེད་པའི་ནང་དོན་དང་ཉིན་རེའི་ལས་རིམ་ཁག་བཀོད་སྒྲིག་ཡག་པོ་བྱས་ནས་ཁོང་ཚོས་བོད་ཀྱི་གནས་ཚུལ་ཐད་ཀར་ཤེས་རྟོགས་ཐུབ་པ་བྱུང་བ་དང་། ཁོང་ཚོས་བོད་ལྗོངས་ངོ་མ་དང་། གོང་འཕེལ་འགྲོ་བའི་བོད་ལྗོངས། ཡར་ཐོན་གྱི་བོད་ལྗོངས་ཤིག་བཅས་གསལ་པོ་ཤེས་རྟོགས་ཐུབ་པ་བྱས་ཡོད། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཆེ་མོའི་དཔོན་རིགས་གཙོ་བོ་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་འགོ་ཚུགས་ཚོགས་འདུར་ཟུར་ཉན་བྱེད་པར་གདན་ཞུ་བྱས་ཡོད། ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་སྤེལ་རེས་བྱས་པ་བརྒྱུད་ཏཱ་ལའི་རུ་ཚོགས་ཀྱི་གཏམ་འཆལ་ལ་སུན་འབྱིན་དང་དགག་རྒྱག་མཐའ་གཅིག་ཏུ་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་གི་བྱེད་སྒོ་སྤེལ་ས་གཅུར་བཀག་སྔར་ལས་ལྷག་པ་བཏང་ཡོད། དེ་མིན་ད་དུང་རྒྱལ་ཡོངས་སྲིད་གྲོས་དང་ཀྲུང་དབྱང་ཕྱི་དོན་གཞུང་ལས་ཁང་གིས “བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ལས་དོན ”ཐད་རྟོག་ཞིབ་བྱེད་པའི་ནང་ཧུར་ཐག་ཞུགས་ནས་སྤུས་ཚད་མཐོ་བའི་རྟོག་ཞིབ་སྙན་ཞུ་འབྲི་འབུལ་ཞུས་ཏེ་རྒྱལ་ཁབ་ཀྱིས་བོད་འབྲེལ་ཕྱི་དོན་དང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ལས་ཀ་ཡག་པོ་སྤེལ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་གདེང་འཇོག་ཀྱང་བཟང་པོ་ཐོབ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཞི་མཐུན་དང་བརྟན་ལྷིང་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཏོད་ཡོད། ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་གཙོ་བོས 《བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཚོ་བ་གསར་པ་བྱུང་བའི་ལོ་རྒྱུས་ཀྱི་དཔང་པོ 》ཞེས་པའི་མིང་འཁོད་རྩོམ་ཡིག་སྤེལ་བ་དང་། འབྲེལ་ཡོད་འགོ་ཁྲིད་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཙོ་རྒྱུན་མཚམས་སྦྱོར་ཚན་པའི་བཅར་འདྲི་དང་ལེན་ཞུས་ནས་རང་ཉིད་ངོ་མས་མིག་མཐོང་ལག་ཟིན་བྱུང་བའི་ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད། དེ་བཞིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ་ལས་རིགས་ཁག་གི་འཐུས་མི་སྒྲིག་འཛུགས་བྱས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་གལ་ཆེའི་དོན་སྙིང་ལྷུག་པོར་གླེང་བ་དང་། ལོ་60རིང་གི་འོད་སྟོང་འཕྲོ་བའི་འཕེལ་རིམ་ལ་དྲན་གསོ་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལ་བསྟོད་གླུ་འབུལ་བ། བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རྒྱང་ལྟ་བཅས་བྱས་པར་སྤྱི་ཚོགས་ཐོག་བག་ཆགས་ཆེན་པོ་བཞག་ཡོད་པ་དང་། ལྗོངས་སྲིད་གྲོས་ཀྱིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་སྐུ་ཚབ་ཚོགས་པ་དང་ཡན་ལག་ཚོགས་པར་སྣེ་ལེན་དང་སྐུ་བཅར་ཞབས་ཞུའི་ལས་ཀ་ཡག་པོ་བསྒྲུབས་པ་དང་། སྤྱི་ཡོངས་རང་བཞིན་གྱི་བྱེད་སྒོ་སྒྲིག་འཛུགས་དང་། མཐུན་སྦྱོར། ཞབས་ཞུ། དྲིལ་བསྒྲགས་བཅས་བྱེད་པའི་ནང་ཧུར་ཐག་ཞུགས་ནས་ཞི་མཐུན་དང་བརྟན་ལྷིང་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཏོད་དེ་རྟེན་འབྲེལ་ཆེན་མོའི་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་རྒྱུར་ལེགས་སྐྱེས་ཕུལ་ཡོད།

        (དྲུག ) གསར་གཏོད་བྱེད་ཕོད་པ་དང་གོང་མཐོར་གཏོང་ཐུབ་པ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཡར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ།

        གཞི་རིམ་གྱི་སྲིད་གྲོས་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་འགག་སྒྲོལ་གསར་པ་བྱུང་ཡོད། རྒྱུན་ལས་ཨུ་ལྷན་གྱིས་རང་ལྗོངས་ཀྱི་རྫོང་རིམ་པའི་སྲིད་གྲོས་རྩ་འཛུགས་ཆ་ཚང་པོ་མེད་པའི་དོན་དངོས་གནད་དོན་ལ་དམ་པོར་དམིགས་ནས་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་པ་དང་། བསམ་གྲོས་བཏོན་ཞིང་བརྩོན་ལེན་ཧུར་ཐག་བྱས་པར་བརྟེན། ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གནང་ནས་རྫོང་ཁག་43ལ་སྲིད་གྲོས་ལས་ཁུངས་འཛུགས་རྒྱུའི་གལ་ཆེའི་གཏན་འབེབས་བྱས་པ་རེད། དེར་ལྗོངས་སྲིད་གྲོས་ཀྱིས་དང་ལེན་ཧུར་ཐག་ཞུས་ནས་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་གོང་འཕེལ་གཏོང་བའི་གལ་ཆེའི་ལས་འགན་དང་བྱ་ཐབས་ཤིག་ལ་བརྩིས་ནས་དམ་འཛིན་བྱས་ཐོག སྣེ་ཁྲིད་ནས་འགོ་ཁྲིད་ཚན་ཁག་དང་ལས་དོན་རུ་ཁག་བཙུགས་པ་དང་། ལས་ཀའི་ཇུས་གཞི་དང་ལས་ཀའི་བྱ་ཐབས་ཞིབ་ཚགས་པོ་བཟོས་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་དོན་དེར་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བས་རྫོང་རིམ་པའི་སྲིད་གྲོས་རྩ་འཛུགས་ཚགས་ཚུད་དུ་གཏོང་རྒྱུ་དང་གཞི་རིམ་གྱི་དམངས་གཙོའི་ཆབ་སྲིད་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གོམ་པ་བརྟན་པོ་སྤོ་ཐུབ་ཡོད།

        སྲིད་གྲོས་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་སྐོང་ཚོགས་གཟབ་རྒྱས་བྱས་པ། རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ལས་ཀ་གཙོ་བོ་སྟེ་ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱིས 《བསམ་འཆར 》དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་སྐོང་ཚོགས་བྱས་ཤིང་། དེར་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གནང་སྟེ། འགོ་ཁྲིད་གཙོ་བོས་བཀའ་མཆན་ཐེངས་མང་གནང་བ་དང་། ཧྲུའུ་ཅི་གཞོན་པ་ཧའོ་ཕུང་ཚོགས་འདུར་ཕེབས་ནས་མཛུབ་སྟོན་གནང་བ་དང་སྦྲགས་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ལོ་ལྔའི་རིང 《བསམ་འཆར 》དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་སྐོར་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པར་ཐོབ་པའི་གྲུབ་འབྲས་གཙོ་བོར་ཕྱོགས་བསྡོམས་ནན་ཏན་བྱས་པ་དང་། སྲིད་གྲོས་ལས་ཀའི་ཉམས་མྱོང་གཙོ་བོ་ཁ་གསལ་བཟོས་པ། ལྷག་པའི་གནད་དོན་གཙོ་བོར་དབྱེ་ཞིབ་བྱས་པ། སླད་ཕྱིན་ལས་ཀའི་གོང་འཕེལ་གྱི་བླང་བྱ་དང་ཞིབ་ཕྲའི་བཀོད་སྒྲིག་ཁ་གསལ་བཏོན་པ་བཅས་ཀྱིས་རང་ལྗོངས་ཀྱི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཡག་པོ་ཞིག་ཐོན་ཡོད།

        ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ། ཚོགས་འདུ་འདྲ་མིན་རིགས་དང་། གྲོས་གཞི། རིག་གནས་དང་ལོ་རྒྱུས། རྟོག་ཞིབ་དང་བརྟག་དཔྱད། ཨུ་ཡོན་ལས་དོན་སོགས་ཀྱི་འགན་འཁྲི་གཙང་སྒྲུབ་བྱེད་པའི་ལམ་ལུགས་དང་། དེ་བཞིན་ལས་ཁུངས་ཀྱི་སློབ་སྦྱོང་སློབ་གསོ་དང་། ལས་ཀའི་འཁོར་རྒྱུག ལྟ་སྐུལ་ཞིབ་བཤེར། ནུས་ཕྱོད་ཆེར་སྐྱེད་བྱེད་རྒྱུ་བཅས་ཀྱི་དོ་དམ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ལྷག་པར་དུ 《གྲོས་གཞིའི་ལས་ཀའི་སྲོལ་ཡིག 》དང་《ལས་ཁུངས་ཀྱི་གསང་སྲུང་ལམ་ལུགས 》སོགས་བཟོ་བཅོས་གསར་པ་བརྒྱབ་པས་འགན་ནུས་ལག་བསྟར་བྱེད་རྒྱུ་དང་ལས་ཁུངས་དོ་དམ་བྱེད་རྒྱུར་བརྩི་སྲུང་ཞུ་བའི་སྒྲིག་སྲོལ་ཡོད་པ་དང་། སྒྲིག་སྲོལ་གཞིར་བཟུང་འགན་འཁྲི་སྒྲུབ་པ་དང་། ལམ་ལུགས་ལ་བརྟེན་ནས་ལས་ཀ་བྱེད་པ། ལམ་ལུགས་ཐོག་ནས་མི་ལ་དོ་དམ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། རྒྱུན་ལྡན་རང་བཞིན་གྱི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བ། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ལས་རིགས་ཁག་གི་ཨུ་ཡོན་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨུ་ཡོན་གྱི་བྱེད་སྒོའི་ཉིན་མོ་དང་བཞུགས་མོལ་ཚོགས་འདུ་སོགས་ཀྱི་ཐོག་ནས་བསམ་བློའི་སློབ་གསོ་དང་འགན་སྒྲུབ་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་སྟེ་འགན་སྒྲུབ་བྱེད་སྒོ་དང་མཐུན་འབྲེལ་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། 《སྲིད་གྲོས་ཀྱི་ལོ་རིམ་མེ་ལོང 》རྩོམ་སྒྲིག་དང 《བོད་ལྗོངས་སྲིད་གྲོས 》སྒྲིག་ཞུས་དང་པར་འགྲེམས་ལས་ཀ་སྒྲིག་འཛུགས་ནན་ཏན་བྱས་ཡོད། ལོ་འཁོར་མོར་རིག་གནས་དང་ལོ་རྒྱུས་དཔྱད་ཡིག་ཡིག་འབྲུ་ཁྲི་18ཙམ་འཚོལ་བསྡུ་བྱས་ཤིང་། 《བོད་མིའི་ཡུལ་སྲོལ་གོམས་གཤིས་100》དང 《གངས་ལྗོངས་སྨན་པ 》ཞེས་པ་པར་སྐྲུན་བྱས་པ་དང་། 《1959ལོའི་བོད་ཀྱི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་ཚུལ་གྱི་ཟིན་ཐོ 》བོད་ཡིག་ཏུ་ཕབ་བསྒྱུར་བྱས་ཡོད། བོད་དུ་སྡོད་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་འབྲེལ་གཏུགས་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་ཁོང་ཚོར་འགན་འཁྲི་གཙང་སྒྲུབ་བྱེད་རྒྱུར་ཆ་རྐྱེན་བསྐྲུན་པ་དང་ཞབས་ཞུ་བསྒྲུབས་ཡོད།

        ལས་དོན་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་པ། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི་ལས་སྒོའི་ཚོགས་འདུ་ཁག་ནང་ཧུར་ཐག་ཞུགས་པ་དང་། རང་འགུལ་ངང་ཕྱིར་སྐྱོད་ནས་ནང་སའི་སྲིད་གྲོས་དང་ལས་དོན་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཐོག ནང་སའི་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པར་སྣེ་ལེན་གཟབ་རྒྱས་ཞུས་ཏེ་ཕན་ཚུན་སློབ་སྦྱོང་དང་ཉམས་ལེན་བྱེད་པའི་ཁྲོད་ནུས་པ་དང་ཆུ་ཚད་གོང་མཐོར་བཏང་ཡོད། ནུབ་རྒྱུད་ཞིང་ཆེན (ལྗོངས་དང་གྲོང་ཁྱེར )བཅུ་གཉིས་ཀྱི་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་སྐོར་གྱི་གྲོས་ཞིབ་ཚོགས་འདུ་ཐེངས་བཅུ་བཞི་པ་དང་། གྲོས་གཞིའི་ལས་ཀའི་མཉམ་བཞུགས་གྲོས་ཚོགས་ཐེངས་ཉེར་གཉིས་པ་འཚོགས་རྒྱུའི་འགན་ནན་པོ་འཁུར་ཏེ་ནུབ་རྒྱུད་ས་ཁུལ་གྱི་སྲིད་གྲོས་དབར་ལས་དོན་སྤེལ་རེས་བྱེད་སའི་ཆ་རྐྱེན་ཡག་པོ་ཞིག་བསྐྲུན་ཡོད། དེ་བཞིན་ཉིང་ཁྲི་དང་ལྷོ་ཁ་སོགས་ས་གནས་སུ་བསྐྱོད་ནས་ལྗོངས་ཡོངས་ཀྱི་རིག་གནས་དང་ལོ་རྒྱུས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ཚུལ་དང་ཨུ་ཡོན་ལ་སྦྱོང་བརྡར་སྤྲས་ཚུལ་རྟོག་ཞིབ་བྱས་ཏེ་གཞི་རིམ་སྲིད་གྲོས་དང་ལས་དོན་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྐོང་ཚོགས་བྱས་པའི་གལ་ཆེའི་ཚོགས་འདུ་དང་འགན་ནུས་ཚན་པས་སྒྲིག་འཛུགས་བྱས་པའི་ལས་སྒོའི་ཚོགས་འདུའི་ནང་ཧུར་ཐག་ཞུགས་ནས་གནས་ཚུལ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ་དང་། གཞི་རིམ་དུ་བསྐྱོད་ནས་ས་གནས (གྲོང་ཁྱེར )དང་། རྫོང (གྲོང་ཁྱེར་དང་ཆུད )གི་སྲིད་གྲོས་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལས་ཁུངས་ཀྱི་འགན་སྲུང་ནུས་པ་སྔར་བས་ཆེ་རུ་ཕྱིན་པ། ཕྱོགས་ཡོངས་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་ཀུན་སྤྱོད་དར་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས་གཞི་རིམ་རྩ་འཛུགས་ལེགས་སྒྲིག་བྱས་པ་དང་། ལས་ཁུངས་ཀྱི་མཉེན་ཆས་དང་མཁྲེགས་ཆས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་འགན་སྲུང་བྱེད་ནུས་ཆེ་རུ་ཕྱིན་ཡོད།

        ཨུ་ཡོན་རྣམ་པ། ང་ཚོར་ཐོབ་པའི་གྲུབ་འབྲས་ནི་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛུབ་ཁྲིད་ཞིབ་ཚགས། དེ་བཞིན་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཤུགས་ཆེའི་རྒྱབ་སྐྱོར་བཅས་གནང་བའི་འབྲས་བུ་ཡིན་ལ། སྤྱི་ཚོགས་ལས་རིགས་ཁག་གིས་མཐུན་སྦྱོར་གཞོགས་འདེགས་བྱས་པའི་འབྲས་བུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཐེ་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུའང་ཡིན། འདིར་ངས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་གཅིག་རིང་གི་ལག་ལེན་ལ་ཕྱོགས་བསྡོམས་བྱེད་སྐབས་ང་ཚོར་མྱོང་ཚོར་ཟབ་པོ་ཞིག་བྱུང་བ་ནི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་མུ་མཐུད་གོང་འཕེལ་གཏོང་དགོས་ན་ངེས་པར་དུ་མཐུན་སྒྲིལ་ཧུར་ཐག་བྱེད་པ་དང་ཁྱད་ཡོན་ལྡན་པའི་ཐོན་ཁུངས་སྒྲིལ་བཅོས་བྱས་ཏེ་སྤྱི་ཡོངས་ལ་ཞབས་ཞུ་ཡག་པོ་སྒྲུབ་དགོས་ཤིང་། མི་དམངས་སྲིད་གྲོས་ལ་ཤེས་ལྡན་མི་སྣ་འཛོམས་པ་དང་། རིག་སྟོབས་འདུས་ཆེ་བ། འབྲེལ་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཡོངས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་གནད་དོན་ཞིབ་ཚགས་གདམ་ཁ་ཡག་པོ་བྱེད་པ་དང་། ནུས་ཤུགས་གཅིག་སྡུད་ཀྱིས་རྟོག་ཞིབ་འགག་སྒྲོལ་ལས་ཀ་ཡག་པོ་བསྒྲུབས་ཏེ་ཏང་ཨུད་དང་སྲིད་གཞུང་ལ་རིན་ཐང་ཡོད་པའི་བློ་འདྲིའི་རིགས་སྒྲུབ་ཁུངས་སྐྱེལ་དང་བསམ་གྲོས་མཁོ་འདོན་བྱེད་དགོས། ངེས་པར་དུ་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་དགོས་ཤིང་། མིག་སྔའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཕུགས་ཀྱི་འཆར་འགོད་བཟོ་རྒྱུ་ཟུང་འབྲེལ་བྱས་ནས་སྲིད་གླེང་ཇུས་འདོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་བཏང་སྟེ་ཏང་ཨུད་དང་སྲིད་གཞུང་དང་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། ངེས་པར་དུ་བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་ལས་ཀར་སྐུལ་འདེད་གཏོང་དགོས་ཤིང་། བསྒྱུར་བཅོས་དང་གསར་གཏོད་ཟམ་མི་ཆད་པ་བྱེད་པ་དང་། དུས་རབས་ཀྱི་གོམ་བགྲོད་དང་བསྟུན་ན་གཞི་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གིས་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་ལེགས་ཆ་འདོན་སྤེལ་ཐུབ་པ་དང་ལེགས་སྐྱེས་འབུལ་ཐུབ་རྒྱུ་རེད།

        གྲུབ་འབྲས་ཁས་ལེན་བྱེད་པ་དང་དུས་མཚུངས་ལྷག་པའི་གནད་དོན་དང་མི་འདང་བའི་ཆ་ཡང་མཐོང་དགོས་པ་གཙོ་བོ་ནི། ཨུ་ཡོན་གྱི་གཙོ་རྐང་ནུས་པ་འདོན་རྒྱུའི་ཐད་ཧེ་བག་ཡོད་པ་དང་། ལས་རིགས་ནུས་པ་འདོན་སྤེལ་བྱེད་པར་ནུས་ལྡན་གྱི་ལམ་སྲོལ་མེད་པ། དམངས་གཙོའི་ལྟ་སྐུལ་བྱེད་སྟངས་རྐྱང་པ་ཡིན་པ། སྲིད་གྲོས་ལས་ཀར་མཁོ་བའི་ཆེད་ལས་ཤེས་ལྡན་མི་སྣ་མི་འདེང་བ་བཅས་ཀྱི་གནས་ཚུལ་ཡོད་པས། ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་སླད་ཕྱིན་གྱི་ལས་དོན་ཁྲོད་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན།

        གཉིས། 2012ལོའི་ལས་དོན་བཀོད་སྒྲིག

        2012ལོ་ནི་སྐབས་འདིའི་སྲིད་གྲོས་ཀྱི་ལོ་མཇུག་མ་དེ་ཡིན་ལ་སྐབས་རྗེས་མའི་སྲིད་གྲོས་ལ་ཆ་རྐྱེན་བསྐྲུན་རྒྱུ་དང་རྨང་གཞི་ཡག་པོ་འདིང་རྒྱུའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལོ་གསར་པའི་ནང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱུན་ལས་ཨུ་ལྷན་གྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། འཚོགས་ཉེར་ཡོད་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། དེ་བཞིན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་སྲུང་བཞི ”བཅས་ཀྱི་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་མི་དམངས་སྲིད་གྲོས་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་། དེ་བཞིན་རྩ་དོན་དང་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་རྒྱུ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་རྒྱུའི་ལྟེ་བ་འདི་དང་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་བོད་ཀྱི་ལས་དོན་གྱི་གཙོ་དོན་དང་གཙོ་རྐང་ཁོང་དུ་ཆུད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་ཆེར་བཟུང་ཐོག་གོང་འཕེལ་དང་། བརྟན་ལྷིང་། དམངས་འཚོ། དེ་བཞིན་སྲིད་གྲོས་ལས་དོན་ཚན་རིག་དང་མཐུན་པ་བྱེད་རྒྱུ། འགན་ནུས་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱེད་རྒྱུ་བཅས་ལ་གཙོ་གནད་དུ་དམིགས་ནས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་ཐོག དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་སྐབས་འདིའི་སྲིད་གྲོས་འདི་ཉིད་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་ཐུབ་པ་དང་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

        (གཅིག ) རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་བླ་སྲོག་ལྟ་བུར་བརྩིས་ནས་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ།

        ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་ནི་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་ཡོང་བའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བའི་བླ་སྲོག་ལྟ་བུའི་ལས་གཞི་ཞིག་ཡིན། རང་ལྗོངས་སྲིད་གྲོས་ཀྱིས་མི་རྩ་བར་འཛིན་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་སྔོན་འགྲོ་བྱེད་པའི་སྲོལ་རྒྱུན་བཟང་པོ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པས་བསམ་བློར་དྲག་ཆས་སྤྲས་ནས་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བའི་བསམ་བློ་བརྟན་པོར་འཛུགས་པ་དང་། ཐུན་མོང་གི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱེད་དགོས། “ལྟ་བ་བཞི་དང་སྨྲ་བ་གཉིས ”དང་། བོད་གསར་ཪྙིང་བསྡུར་བ་བྱེད་པའི་སློབ་གསོ་གཏིང་ཟབ་སྤེལ་ནས་རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། དེ་བཞིན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་མོས་སེམས་ཤུགས་ཆེར་འགྲོ་བ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་བའི་ལམ་བུ་མཐའ་འཁྱོངས་བཅས་བྱེད་དགོས། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཏན་ཏིག་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཐོག རིམ་པ་གོང་མའི་གལ་ཆེའི་ཚོགས་འདུ་དང་། ཡིག་ཆ། འགོ་ཁྲིད་ཀྱི་གསུང་བཤད་བཅས་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་དང་། བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཤེས་བྱ་གསར་པ་བཅས་སྦྱོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། མི་དམངས་སྲིད་གྲོས་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས་སྲིད་ཇུས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་ཏང་དང་བློ་སེམས་གཅིག་མཐུན་དང་། ཁ་ཕྱོགས་གཅིག་མཚུངས། གོམ་སྟབས་གཅིག་མཐུན། སྟོབས་ཤུགས་གཅིག་སྒྲིལ་བཅས་ཐུབ་པའི་འགན་སྲུང་བྱེད་དགོས། གཞི་རྟེན་གསར་གཏོད་བྱེད་རྒྱུ་དང་། ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ། ཐབས་ཤེས་གང་དྲག་ཅི་དྲག་འདོན་རྒྱུ་བཅས་ལ་དོ་སྣང་བྱས་ཏེ་རྣམ་པ་སྣ་ཚོགས་དང་ཐུན་མོང་མིན་པའི་སློབ་སྦྱོང་དང་། སྤེལ་རེས། ཞིབ་འཇུག་བཅས་ཀྱི་ལས་སྟེགས་བཏོད་ནས་བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུའི་དངོས་ཕན་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ་དང་། དུས་བསྟུན་ཡར་རྒྱས་ངང་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་དང་ལས་དོན་གསར་གཏོད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་ནུས་དང་ཆུ་ཚད་ཐོག་མཐའ་བར་གསུམ་དུ་ཇེ་མཐོར་གཏོང་ཐུབ་པ་བྱེད་དགོས།

        (གཉིས ) དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་ཞབས་ཞུ་སྒྲུབ་དགོས།

        གོང་འཕེལ་གཏོང་རྒྱུ་ནི་བསྙོན་མེད་དོན་དམ་ཞིག་དང་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཞིག་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་བཀོད་ཁྱབ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་ལམ་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་འགན་ཨང་དང་པོར་བརྩིས་ཐོག རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཕྱི་ནང་གི་ཁོར་ཡུག་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞི་ཆེན་པོ་དང་འཐབ་ཇུས་དམིགས་ཚད་སྟངས་འཛིན་གནད་འཁེལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པས་གཏན་ལ་ཕབ་པའི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་དང་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་རྒྱུར་དམ་པོར་དམིགས་ཐུབ་པ་བཅས་བྱས་ཐོག་གོང་འཕེལ་གྱི་ཇུས་ཆེན་འདིང་བ་དང་གོང་འཕེལ་གྱི་ཐབས་བཟང་འདོན་ཐུབ་པ་བྱེད་དགོས། རང་འགན་གཙང་སྒྲུབ་བྱེད་པའི་འཇུག་སྒོ་གནད་འཁེལ་བཙལ་ནས་གཙོ་དོན་དང་གཙོ་རྐང་དམ་འཛིན་བྱེད་རྒྱུ་གཡོ་འགུལ་མི་གཏོང་བ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཚོད་འཛིན་ཐེབས་པའི་གནད་དོན་གཙོ་བོ་དང་འགག་གནད་ནས་འགོ་བརྩམས་ཐོག་ལྟེ་བར་དམིགས་རྒྱུ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཤུགས་རྒྱག་ས་དེ་རང་ལྗོངས་ཀྱི་བསྒྱུར་བཅོས་དང་གོང་འཕེལ་ལ་ཤུགས་རྐྱེན་ཐེབས་པའི་གདིང་རྩའི་འགལ་ཟླར་དབྱེ་ཞིབ་བྱེད་རྒྱུའི་ཐོག་འཇོག་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་འབྲེལ་བ་ཡོད་པའི་གཞི་ཆེའི་རང་བཞིན་དང་། འཐབ་ཇུས་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་ཀྱི་གནད་དོན་ཐད་བསམ་བློ་གཏོང་རྒྱུའི་ཐོག་འཇོག་པ། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བ་དང་། དཀའ་གནད་ཆེ་བ། མདོ་གནད་བཅས་ཀྱི་གནད་དོན་འཚོལ་ཞིབ་བྱེད་རྒྱུའི་ཐོག་འཇོག་པ་བཅས་བྱས་ཏེ “དམིགས་བསལ་སྲིད་ཇུས་བེད་སྤྱོད་ཡག་པོ་གཏོང་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེ་བྱེད་རྒྱུ། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ། ཚན་རྩལ་ཡར་ཐོན་ཡོང་བ་བྱེད་རྒྱུ། ས་ཁོངས་གཅིག་གྱུར་གྱི་འཆར་འགོད་ཀྱིས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ། དེ་བཞིན་བོད་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ། བོད་ཀྱི་འབྱུང་ཁམས་སྲུང་བཅད་བསྐྲུན་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ ”བཅས་ལ་གཙོ་བོར་དམིགས་ནས་རྟོག་ཞིབ་དང་བརྟག་ཞིབ། བློ་འདྲི་དང་རིགས་སྒྲུབ་ཁུངས་སྐྱེལ། ཐབས་འདོན་ཇུས་འདོན་བཅས་བྱེད་དགོས། འགན་འཁྲི་གཙང་སྒྲུབ་བྱེད་པའི་རྟེན་གཞི་ནུས་ལྡན་ཞིག་བཟོས་ནས་ཨུ་ཡོན་ཚང་འཛོམས་ཚོགས་འདུ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། ཀྲུའུ་ཞིའི་ཚོགས་འདུ། སྲིད་གླེང་གྲོས་མོལ་ཚོགས་འདུ་སོགས་ཀྱི་ནུས་པ་དངོས་ཐོན་རྒྱུ་རྨང་གཞིར་བྱེད་པ་དང་། གྲོས་གཞི་དང་། ཆེད་དོན་བརྟག་ཞིབ། ཨུ་ཡོན་གྱི་རྟོག་ཞིབ། དམངས་གཙོའི་ལྟ་སྐུལ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བཟུང་ཐོག ཨུ་ཡོན་དང་། ཆེད་དོན་ཨུ་ལྷན། ལས་རིགས་དང་སྲིད་གྲོས་ལས་ཁུངས་བཅས་ཀྱི་ཁྱད་ཡོན་ལྡན་པའི་ཐོན་ཁུངས་སྒྲིལ་སྤྱོད་བྱེད་པ་དང་། ཏང་སྲིད་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཚན་ཞིབ་ཚན་པ་སོགས་ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱ་རྒྱུ་དང་རྟོག་ཞིབ་བརྟག་དཔྱད་བྱེད་རྒྱུ། ཚན་རིག་དང་མཐུན་པའི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུ། གནས་ཚུལ་དང་ཆབ་སྲིད་ཤེས་རྟོགས་བྱེད་རྒྱུ། སྲིད་གླེང་ཐབས་འདོན་བྱེད་རྒྱུ། ཇུས་འདོན་བློ་འདྲི་བྱེད་རྒྱུ། དམངས་གཙོའི་ལྟ་སྐུལ་བྱེད་རྒྱུ་བཅས་ཀྱི་ལས་སྟེགས་བཟོས་ནས་སྲིད་གྲོས་ཀྱི་སྤྱི་ཡོངས་དགེ་མཚན་དང་དམིགས་བསལ་གྱི་རིན་ཐང་གང་ལེགས་མངོན་པར་བྱེད་དགོས། རྒྱ་ཆེའི་ཨུ་ཡོན་ཚོས “ལས་རྗེས་ཡོད་ན་གནས་བབ་ཡོད་པའི ”བསམ་བློ་བརྟན་པོ་བཙུགས་ཏེ་གོ་སྐབས་དམ་འཛིན་དང་། གསོན་ཤུགས་མངོན་པ། ནུས་པ་འདོན་སྤེལ་བཅས་བྱས་ནས་སྤྱི་ཡོངས་ཀྱི་མཐོ་ཚད་དང་། སྔོན་བལྟའི་མིག་རྒྱང་། ཆ་ཚང་བའི་བསམ་ཕྱོགས་བཅས་ཀྱི་ཐོག་ནས་ཏང་སྲིད་ལ་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཐག་གཅོད་རྒྱུར་ཞབས་འདེགས་ཞུ་བ་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་དགོས།

        (གསུམ ) བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་ནི་འགན་ནུས་སྒྲུབ་པའི་ལས་འགན་ཉག་ཅིག་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་མཐའ་འཁྱོངས་ཀྱིས། བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། སྔ་ཙམ་དམ་འཛིན་དང་། ཆུང་ཐོག་ནས་དམ་འཛིན། མྱུར་བའི་སྒོ་ནས་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱེད་རྒྱུར་བརྟེན་ཐོག ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་གཏོང་གི་བྱ་ཐབས་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནང་གལ་ཆེའི་ནུས་པ་འདོན་དགོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་གལ་ཆེའི་སྲིད་ཇུས་དང་གལ་ཆེའི་ལས་དོན་ལ་དམིགས་ནས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་རྟོག་ཞིབ་དང་ཆེད་དོན་བརྟག་ཞིབ་བྱེད་པ་སོགས་ཀྱི་ཐོག་ནས་གཞི་རིམ་དུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱེད་རྒྱུ་དང་། བསམ་འཆར་དང་གྲོས་འགོ་བཏོན་ནས་གལ་ཆེའི་སྲིད་ཇུས་དང་གལ་ཆེའི་ལས་དོན་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཐོག་མཐའ་བར་གསུམ་དུ “སྲུང་སྐྱོང་ལྔའི ”དར་ཆ་མཐོན་པོར་བསྒྲེང་བ་དང་“ཡིག་འབྲུ་ཉི་ཤུའི ”འཐབ་རྩོད་ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རྒྱུན་བསྲིངས་ལྷོད་མེད་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུའི་སློབ་གསོ་གཏིང་ཟབ་སྤེལ་ཐོག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། རྣོ་ངར་རང་བཞིན་བཅས་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱེད་དགོས་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུན་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་གསལ་པོ། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དམངས་གཙོ་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ། འབྲེལ་བ་མཐུན་འགྲིག་བྱེད་པ། འགལ་ཟླ་སེལ་དཀྲོལ་བྱེད་པ་བཅས་བྱེད་རྒྱུ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་གལ་ཆེའི་ཤུགས་རྒྱག་ས་གཙོ་བོར་བརྩིས་ཏེ་འགལ་ཟླ་སེལ་དཀྲོལ་བྱེད་པ་དང་། བསམ་གཞི་ཁ་གསལ་བཟོ་བ། མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་ནུས་ཤུགས་ཡོད་རྒུས་མི་རིགས་ཁག་དང་། ཆོས་ལུགས། རིམ་གྲས། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་བཅས་ཀྱི་འབྲེལ་བ་ཞི་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས “ཁ་བྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུའི་བྱེད་སྒོ་གཏིང་ཟབ་སྤེལ་ཐོག མི་འབོར་ཅུང་ཉུང་བའི་མི་རིགས་དང་། དབུལ་ཕོངས། མཐའ་མཚམས། ཐག་རིང་ལུང་ཁུག་བཅས་ཀྱི་ས་ཁུལ་གོང་འཕེལ་གཏོང་རྒྱུར་དོ་ཁུར་ཆེན་པོ་བྱས་ཏེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་རྒྱུར་ཇུས་ཤུགས་མཉམ་འདོན་བྱེད་དགོས། སྲིད་གྲོས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་བྱས་ནས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་དགོན་སྡེ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། དགོན་སྡེ་དང་གྲྭ་བཙུན་ལ་སེམས་ཁུར་བྱས་ཏེ་དགོན་སྡེར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་གཏོད་རྒྱུ། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་རྒྱུ་བཅས་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་ནས “དྲུག་བྱས་པ་གཅིག ”དང “ཡོད་པ་དགུ ”དོན་འཁྱོལ་བྱེད་རྒྱུ་སོགས་ཀྱི་ལས་དོན་ཁྱབ་སྤེལ་ཧུར་ཐག་གཏོང་བ། རང་ལྗོངས་ཀྱིས “དགོན་སྡེར་ཁྲིམས་བཞིན་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ། དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ ”སོགས་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་རྟོག་ཞིབ་སྐུལ་ཁྲིད་བྱེད་དགོས་པ་མ་ཟད། རྟོག་ཞིབ་དང་བརྟག་དཔྱད་བྱས་འབྲས་དངོས་སྒྱུར་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་མཚོན་པ་བྱེད་རྒྱུ་སོགས་ཀྱི་ལས་དོན་ཡག་པོ་སྤེལ་དགོས། སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ཀྱིས་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་བྱེད་སྒོ་འཆར་འགོད་དང་སྒྲིག་འཛུགས་ཡག་པོ་བྱེད་དགོས་པ་དང་། རང་འགུལ་ཐོག་ཕྱི་ཕྱོགས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། གོ་ནོར་གཙང་སེལ་བྱེད་པ། འཁྱོགས་བཤད་གསལ་དྲོངས་བཅས་བྱས་ནས་ཕྱི་དོན་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་རྒྱུར་གཞོགས་འདེགས་ཀྱིས་བོད་འབྲེལ་ཕྱི་དོན་ལས་ཀ་ཡག་པོ་བསྒྲུབས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཏཱ་ལའི་རུ་ཚོགས་ཀྱི་བྱེད་སྒོ་སྤེལ་ས་གཅུར་བཀག་གཏོང་དགོས།

        (བཞི ) དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ཏེ་སྤྱི་ཚོགས་བྱ་གཞག་ཁག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

        མི་དམངས་སྲིད་གྲོས་འདི་ཉིད་མི་དམངས་ཁྲོད་ནས་བྱུང་ཞིང་། མི་དམངས་ལ་ཞབས་འདེགས་ཞུ་དགོས་ཀྱི་ཡོད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་འགན་འཁྲི་གཙང་སྒྲུབ་བྱེད་པའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་སྲུང་སྐྱོང་བྱེད་རྒྱུར་དམིགས་ནས་བློ་རིག་དང་ནུས་ཤུགས་གང་ཡོད་བཏོན་ཏེ་དམངས་འདུན་མཚོན་པ་དང་། དམངས་ཀྱི་བློ་རིག་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་རྒྱུའི་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་དགོས། ཨུ་ཡོན་སྒྲིག་འཛུགས་ཀྱིས་ཏང་གི་དམངས་ཕན་མཛད་ཕྱོགས་སྲིད་ཇུས་དང་བྱ་ཐབས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ནས་ཀྲུང་དབྱང་གི་ཇུས་གཞིའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་བྱེད་ཕྱོགས་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པ་བྱེད་དགོས། མི་རྩ་བར་འཛིན་རྒྱུ་དང་དམངས་འཚོར་དོ་ཁུར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་སྲུང་དང་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཤུགས་རྒྱག་ས་གཙོ་བོ་གནད་འཕིགས་འཚོལ་ཞིབ་ཏན་ཏིག་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱིས་བསྒྱུར་བཅོས་དང་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་རྒྱུའི་ཐད་བློ་རིག་དང་ནུས་ཤུགས་གང་ཡོད་འདོན་ཐུབ་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་བ་དང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ལ་ཕན་འདོགས་པ་བཅས་ཀྱི་བྱེད་སྒོར་དམ་པོར་བསྟུན་ནས་དམངས་ཕྱུག་བོད་དར་གྱི་འཐབ་ཇུས་སྤེལ་བའི་ནང་ཧུར་ཐག་ཞུགས་པ་དང་། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི “བྱ་བ་དངོས་བཅུ ”ཡག་པོ་བསྒྲུབ་རྒྱུའི་སྲིད་ཇུས་དང་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། རང་འགུལ་ངང་ཐེ་ཞུགས་བྱེད་པ། ལྟ་སྐུལ་ཏན་ཏིག་བཅས་བྱས་ཏེ་ལས་ཞུགས་དང་། སྨན་བཅོས། སློབ་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། བདེ་འཁོད་ལས་གཞི། ཡོང་འབབ་འཕར་སྣོན་སོགས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐད་ཇུས་ཤུགས་མཉམ་འདོན་བྱེད་དགོས། དོན་དངོས་ལ་ཟབ་འཇུག་དང་། གཞི་རིམ་ལ་ཟབ་འཇུག མང་ཚོགས་ཁྲོད་ཟབ་འཇུག་བཅས་བྱས་ཏེ་གནས་ཚུལ་དངོས་དང་ས་ཡུལ་དངོས་ལ་བལྟས་ནས་སྤྱི་ཚོགས་ལ་རྟོག་ཞིབ་བྱེད་པ་དང་། སྙིང་གཏམ་དྲང་གཏམ་ཉན་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ། རང་ལྗོངས་ཀྱི་བསྒྱུར་བཅོས་དང་གོང་འཕེལ་གཏོང་བའི་བརྒྱུད་རིམ་ནང་ཁེ་ཕན་གྱི་རེ་ཞུ་དང་། འགལ་ཟླ་དང་རྩོད་ཪྙོག་སྣ་ཚོགས་མཚོན་ཚུལ་དང་གོང་འཕེལ་འགྲོ་ཚུལ་ལ་ཞིབ་འཇུག་ནན་ཏན་བྱས་ཐོག མི་དམངས་མང་ཚོགས་ཀྱི་འདུན་པ་དང་། རེ་བ། གྲོས་འཆར་བཅས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་རེ་ཞུ་མཚོན་པར་བྱེད་པའི་ཐབས་ལམ་དང་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་མི་དམངས་མང་ཚོགས་ཀྱིས་སྒྲིག་ལྡན་ངང་ཆབ་སྲིད་ལ་ཐེ་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས། འགན་འཁྲི་སྒྲུབ་པའི་ལག་ལེན་དངོས་ནང་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་དང་ཡོང་འབབ་བགོ་འགྲེམས། སྤྱི་ཚོགས་འགན་སྲུང་། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ཁྱབ་ཁོངས་ཐད་ལ་གཙོ་གནད་དུ་དམངས་གཙོའི་ལྟ་སྐུལ་བྱས་ནས་དེ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས།

        (ལྔ ) འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་ལྟེ་བར་བཟུང་སྟེ་རང་ངོས་ཀྱི་ལས་དོན་ཚན་རིག་དང་མཐུན་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་སྔར་བས་བསྟུན་པ་དང་ཞབས་ཞུ་སྒྲུབ་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན་ལ། རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་གཏོད་རྒྱུའི་དགོས་ངེས་ཀྱི་བླང་བྱ་ཡང་ཡིན། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུའི་ལྟེ་བའི་ནང་དོན་དང་ངོ་བོའི་བླང་བྱ་འདི་དམ་པོར་བཟུང་སྟེ 《བསམ་འཆར 》དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག བརྒྱུད་རིམ་ལྡན་པའི་སྒོ་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་བྱེད་པ་དང་། ཐབས་ལམ་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྣམ་པ་དང་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་ཨུ་ཡོན་དང་། ལས་རིགས། ཆེད་དོན་ཨུ་ལྷན། དེ་བཞིན་སྲིད་གྲོས་ལས་ཁུངས་བཅས་ཀྱི་ཚན་རིག་དང་མཐུན་པའི་འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཚན་རིག་དང་མཐུན་པའི་ལམ་ལུགས་ཐོག་ནས་རང་ལྗོངས་ཀྱི་སྲིད་གྲོས་ཀྱི་ལས་དོན་ཚད་ལྡན་བཟོ་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དང་། སྲིད་གྲོས་ཀྱི་འགན་འཁྲི་དང་ལས་འགན་སྒྲུབ་པའི་བླང་བྱ་གསར་པ་དང་རང་འགུལ་ངང་འཚམ་མཐུན་ཐུབ་པ་བྱས་ཏེ་དུས་བབ་གསར་པའི་འོག་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་བྱེད་རྒྱུ་དང་། ལས་རིགས་ཀྱི་ནུས་པ་འདོན་ཤུགས་ཆེ་རུ་གཏོང་རྒྱུ། དེ་བཞིན་ཨུ་ཡོན་གྱི་སེམས་ཤུགས་འཕེལ་ཐུབ་པ་བྱེད་རྒྱུ་བཅས་ཀྱི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་ཕན་འབྲས་དངོས་དང་ཆུ་ཚད་གོང་མཐོར་གཏོང་དགོས། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལམ་ལུགས་དང་། ལས་ཀའི་ལམ་ལུགས། ལས་ཁུངས་ཀྱི་དོ་དམ་ལམ་ལུགས་བཅས་ལག་བསྟར་ནན་ཏན་བྱེད་པ་དང་། ལམ་ལུགས་ལག་བསྟར་བྱེད་པའི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་རང་ལྗོངས་ཀྱི་སྲིད་གྲོས་ཀྱི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། རང་ལྗོངས་ཀྱི་སྲིད་གྲོས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ནས་ལྟ་རྟོག་བྱེད་རྒྱུའི་ཐོག་མཐུན་སྦྱོར་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་ནུས་པ་ཆེ་རུ་གཏོང་དགོས། ལྟེ་བ་དང་སྤྱི་ཡོངས་དབར་དང་། གཙོ་གནད་དང་ཆེད་དོན་དབར། མིག་སྔ་དང་ཕུགས་ཡུན་དབར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་གཙོ་གནད་མངོན་ཆེར་བཟུང་བ་དང་སྤྱིར་བཏང་ལ་ལྟ་རྟོག་གང་ཐུབ་བྱས་ཏེ་སྲིད་གྲོས་ཀྱི་ལས་དོན་ཁག་ལ་མཐུན་སྦྱོར་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཀྲུའུ་ཞི་གཞོན་པས་གཙོ་གནད་གྲོས་གཞིར་སྒྲུབ་སྐུལ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གྲོས་གཞི་ཞིབ་བཤེར་དང་། གྲོས་ཁོངས་སུ་འཇུག་པ། གཉེར་སྒྲུབ་རྩིས་སྤྲོད། སྒྲུབ་སྐུལ་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་བརྒྱུད་རིམ་ནང་གྲོས་གཞིའི་གལ་ཆེའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱི་རིག་གནས་དང་ལོ་རྒྱུས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ནས “ ངོ་ཐོག་གསུམ ”གྱི་ལོ་རྒྱུས་དཔྱད་ཡིག་རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་ཏེ་སྐབས་འདིའི་སྲིད་གྲོས་ཀྱི་རིག་གནས་དང་ལོ་རྒྱུས་དཔྱད་ཡིག་གི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཐོག དེའི་ལོ་རྒྱུས་དཔྱད་ཡིག་ཉར་ཚགས་དང་། སྲིད་དོན་སྐྱོང་རོགས་བྱེད་པ། མཐུན་སྒྲིལ་ཐུབ་པ། མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་ཡོངས་སྲིད་གྲོས་དང་། ཞིང་ཆེན (རང་སྐྱོང་ལྗོངས་དང་གྲོང་ཁྱེར )ཁག་གི་སྲིད་གྲོས། དེ་བཞིན་རང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་བཅས་དང་མཉམ་ལས་སྤེལ་རེས་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་འགན་ནུས་སྒྲུབ་པའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། ཕན་ཚུན་འབྲེལ་གཏུག་དང་སྤེལ་རེས་དམ་ཟབ་བྱེད་པ། སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་བཅས་བྱས་ཏེ་འགན་འཁྲི་སྒྲུབ་ནུས་གོང་མཐོར་གཏོང་དགོས། སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་འགན་ནུས་དང་ཞབས་ཞུ་སྒྲུབ་པའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་དང་ཞབས་ཞུ་འགན་སྲུང་བྱེད་ནུས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱས་ཏེ་གནད་དོན་དང་གནད་འགག་ཐུག་ས་དམ་པོར་བཟུང་ནས་མི་འདེང་བའི་ཆ་རྣམས་ཁ་གསབ་བྱས་ཐོག མིག་སྔའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས་ལ། ཕུགས་ཡུན་གྱི་གོང་འཕེལ་ཐད་ལའང་ལྟ་རྟོག་ཐུབ་པ་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་ཤེས་ལྡན་མི་སྣའི་འགན་སྲུང་ཤུགས་ཆེ་བྱེད་དགོས། གཞི་རིམ་སྲིད་གྲོས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་དང “ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱིས 《བསམ་འཆར 》ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི ”དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག རང་ལྗོངས་སུ་སྲིད་གྲོས་རྩ་འཛུགས་བཙུགས་མེད་པའི་རྫོང་ཁག་43ལ་སྲིད་གྲོས་ལས་ཁུངས་འཛུགས་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བརྟག་དཔྱད་ཞིབ་འཇུག་དང་། ཇུས་གཞི་བཟོ་སྒྲིག སྒྲིག་འཛུགས་ལག་བསྟར་སོགས་བྱེད་པའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་ལས་དོན་དེར་ཕན་འབྲས་དངོས་ཐོན་ཐུབ་པའི་སྐུལ་འདེད་གཏོང་དགོས། མིག་སྔའི་སྲིད་གྲོས་ཀྱི་ལས་དོན་གསར་གཏོད་ལ་སྐུལ་སྤེལ་གཏོང་དགོས། གསར་གཏོད་ཀྱི་སྙིང་སྟོབས་དང་གསར་སྐྲུན་གྱི་སེམས་ཤུགས་སྔར་ལས་ལྷག་པ་འཕེལ་བ་བྱས་ཏེ་ནན་ཏན་ངང་ཉམས་མྱོང་ཕྱོགས་བསྡོམས་དང་། གནད་དོན་ཞིབ་འཇུག་གཏིང་ཟབ་བྱེད་པ། ལམ་བཤངས་གསར་གཏོད་བྱེད་རྒྱུར་འབད་བརྩོན་བཅས་བྱས་ཏེ་མིག་སྔའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེ་བཏང་ནས་སྲིད་གྲོས་ཀྱི་ལས་དོན་དེ་རྒྱུན་འཛིན་བྱེད་པའི་ནང་གསར་གཏོད་ཐུབ་པ་དང་། གསར་གཏོད་བྱེད་པའི་ནང་གོང་འཕེལ་ཐུབ་པ། གོང་འཕེལ་གཏོང་བའི་ནང་ཡར་རྒྱས་ཡོང་བ་བཅས་ཀྱི་འགན་ལེན་བྱེད་དགོས།

        ཨུ་ཡོན་རྣམ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུས་མི་དམངས་སྲིད་གྲོས་ཀྱི་འགན་ནུས་བསྒྲུབ་རྒྱུར་ཁོར་ཡུག་རྒྱ་ཆེན་པོ་བསྐྲུན་ཡོད། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཚོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་སེམས་ཤུགས་གཅིག་སྒྲིལ་དང་། གསར་གཏོད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་བཏང་ཐོག་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས། (ལྗོངས་སྲིད་གྲོས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།