དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་10ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱམས་པ་ཕུན་ཚོགས་ཀྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།

        འཐུས་མི་རྣམ་པ།

        ངས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ།

        2011ལོའི་ལས་དོན་གཙོ་བོ།

        2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་གཉིས ”པའི་འཆར་འགོད་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི “བདུན་གཅིག ”གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག ཏང་གིས་འགོ་ཁྲིད་བྱེད་རྒྱུ་དང་། མི་དམངས་རང་ཁྱིམ་རང་བདག་བྱེད་རྒྱུ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཏོན་པའི “ཏན་ཏན་ཏིག་ཏིག་བྱེད་དགོས་པ་བཞིའི ”བླང་བྱ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་བཀོད་སྒྲིག་གཞིར་བཟུང་། ལས་དོན་ཁག་ཏན་ཏིག་ནུས་ལྡན་ངང་སྤེལ་ཡོད། ལོ་གཅིག་རིང་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གཏན་འབེབས་ཁྱོན་བསྡོམས་ཁག་17ལ་གྲོས་ཞིབ་གྲོས་འཆམ་བྱས་ཤིང་། དེའི་ནང་བཟོ་འབེབས་བྱས་པ་ཁག་3དང་། བཟོ་བཅོས་བརྒྱབ་པ་ཁག་12 ཆོག་མཆན་སྤྲད་པ་ཁག་2བཅས་ཚུད་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཁག་21ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་8ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་བརྟག་ཞིབ་ཐེངས་13དང་ཆེད་དོན་འདྲི་རྩད་ཐེངས་3སྤེལ་བ། འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ཁག་337གཉེར་སྒྲུབ་བྱས་པ། ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་མི་ཐེངས་326གི་གོ་གནས་བསྐོ་འཐེན་བཅས་བྱས་ཏེ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རང་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        གཅིག       ཁྲིམས་ལུགས་ཀྱི་འགན་སྲུང་བྱེད་རྒྱུར་དམིགས་ནས་ས་གནས་ཀྱི་ཁྲིམས་བཟོ་དམ་འཛིན་ཏན་ཏིག་བྱས་པ།

        རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དུས་བབ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་བ་གསར་པ་དང་འཚམ་པ་བྱེད་ཆེད། ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་ཀྱི་མཇུག་མའི་ལོ་གཉིས་ཀྱི་ཁྲིམས་བཟོའི་རྣམ་གྲངས་བཟོ་སྐྱོར་བྱས་ཏེ། ཁག་12མང་དུ་བཏང་བ་དང་ཁག་7གནས་སྐབས་ནར་འགྱངས་བྱས་ཡོད། ཆ་ལག་ཚང་སྒྲིག་གི་ཁྲིམས་སྲོལ་བཟོ་འབེབས་དང་བཟོ་བཅོས་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་གི་འབྲེལ་ཡོད་སྲིད་འཛིན་བཙན་སྡོམ་གྱི་གཏན་འབེབས་རིགས་གཙང་བཤེར་བྱེད་པའི་ལས་དོན་ལེགས་གྲུབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་ཁྲིམས་ལུགས་ཀྱི་འགན་སྲུང་བྱས་ཡོད།

        (གཅིག ) སྔ་རྗེས་སུ་ཁྲིམས་སྲོལ་ཁག་གཅིག་བཟོས་པ། གཅིག་ནི་དཔལ་འབྱོར་ཁྱབ་ཁོངས་ནང་གི་ཁྲིམས་བཟོ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ཚན་རིག་དང་མཐུན་པའི་ལག་རྩལ་ཡར་ཐོན་གྱི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཚན་རིག་ལག་རྩལ་ཐོན་ཁུངས་ལེགས་སྒྱུར་སྒྲིལ་བཅོས་དང་ཕྱོད་ཆེ་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་ཀྱི་སྲོལ་ཡིག་དང་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག་ལ་ཞིབ་བཤེར་ཆོག་མཆན་སྤྲད་དེ་ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། གཉིས་ནི་སྤྱི་ཚོགས་ཁྱབ་ཁོངས་ནང་གི་ཁྲིམས་བཟོ་བྱེད་རྒྱུ་གཏིང་ཟབ་ཏུ་བཏང་བ། ཁ་པར་དང་མཉམ་འབྲེལ་དྲ་རྒྱ་སྤྱོད་མཁན་གྱི་མིང་བབ་ངོ་མ་ཐོ་འགོད་བྱེད་རྒྱུའི་གཏན་འབེབས་ལག་བསྟར་བྱེད་ཕྱོགས་སྐོར་ལ་གྲོས་ཞིབ་གྲོས་འཆམ་བྱས་ཏེ། དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་གློག་འཕྲིན་ལས་རིགས་དང་མཉམ་འབྲེལ་དྲ་རྒྱའི་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། གསུམ་ནི་དམངས་གཙོའི་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུའི་ཐད་ཀྱི་ཁྲིམས་བཟོ་བྱེད་རྒྱུར་སྐུལ་སྤེལ་བཏང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་སྲུང་བྱར་བཟོ་བཅོས་བརྒྱབ་སྟེ་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་འགན་ནུས་ལག་བསྟར་བྱེད་སྟངས་ཐད། དེ་བས་ཁ་གསལ་བའི་གཏན་འབེབས་བཟོས་ནས་རྒྱུན་ལས་ཨུ་ལྷན་གྱི་འགན་ནུས་སྔར་བས་འདོན་སྤེལ་གང་ལེགས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། འདེམས་བསྐོ་བྱ་ཐབས་ཀྱི་ལག་བསྟར་ཞིབ་སྲོལ་ལ་གྲོས་ཞིབ་གྲོས་འཆམ་བྱས་ཏེ་གྲོང་ཁྱེར་གྲོང་གསེབ་ཀྱི་མི་འབོར་བསྡུར་གཞི་གཅིག་མཚུངས་བྱས་ནས་འཐུས་མི་འདེམས་བསྐོ་བྱེད་རྒྱུ་དང་། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི། འདེམས་ཁུལ་ཁག་དབྱེའི་རྩ་དོན་སོགས་ཀྱི་ཐད་བོད་ཀྱི་དོན་དངོས་དང་མཐུན་པའི་གཏན་འབེབས་བཟོས་ཡོད། འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ལ་གྲོས་ཞིབ་གྲོས་འཆམ་བྱས་ནས། འཐུས་མིའི་གྲོས་གཞི་དང་། གྲོས་འཆར། སྐྱོན་བརྗོད། བསམ་འཆར་བཅས་གཉེར་སྒྲུབ་དོན་འཁྱོལ་བྱེད་རྒྱུའི་ལས་དོན་དང་། ཚོགས་འདུ་གྲོལ་བའི་རིང་འཐུས་མིས་བྱེད་སྒོ་སྤེལ་རྒྱུ། འཐུས་མི་དང་འབྲེལ་གཏུགས་བྱེད་ལམ་འཛུགས་རྒྱུ་སོགས་ཀྱི་ནང་དོན་ཁ་གསབ་དང་འཐུས་སྒོ་ཚང་དུ་བཏང་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། བཞི་ནི་ཁྲིམས་འཛིན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ཁྲིམས་བཟོ་བྱེད་རྒྱུར་མཐོང་ཆེན་བྱས་པ། གྱོད་འབྲེལ་རྒྱུ་ནོར་གྱི་གོང་ཚད་དཔྱད་དཔང་བྱེད་རྒྱུའི་སྲོལ་ཡིག་ལ་གྲོས་ཞིབ་གྲོས་འཆམ་བྱས་ཏེ། གྱོད་འབྲེལ་རྒྱུ་ནོར་གྱི་གོང་ཚད་དཔྱད་དཔང་བྱེད་པའི་ཐད་གཏན་འབེབས་ཁ་གསལ་བཟོས་ནས་ཁྲིམས་འཛིན་དང་། སྲིད་འཛིན་ཁྲིམས་སྒྱུར། འདུམ་གཅོད་བཅས་ཀྱི་བྱེད་སྒོ་ལུགས་མཐུན་དྲང་གཞག་ཡོང་བའི་འགན་སྲུང་སྔར་ལས་ཡག་པ་བྱས་ཡོད། མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་གཏན་འབེབས་ལ་གྲོས་ཞིབ་གྲོས་འཆམ་བྱས་ཏེ། དམངས་དོན་ལག་བསྟར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལག་བསྟར་མཉམ་འགུལ་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལག་བསྟར་འགན་སྲུང་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བཟོས་ནས་སྤྱི་ཚོགས་ཀྱི་འགལ་བ་ཞི་སེལ་དང་། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད། གཞུང་དྲང་སྤྱོད་གཙང་གི་ཁྲིམས་སྒྱུར་བཅས་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད།

        (གཉིས )སྲིད་འཛིན་བཙན་སྡོམ་གྱི་གཏན་འབེབས་རིགས་གཙང་བཤེར་བྱེད་པའི་ལས་དོན་དམ་འཛིན་ཏན་ཏིག་བྱས་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། སྲིད་འཛིན་བཙན་སྡོམ་བཅའ་ཁྲིམས་ནང་འཁོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འབེབས་བྱེད་རྒྱུའི་སྐོར་གྱི་སྲིད་འཛིན་བཙན་སྡོམ་གྱི་དབང་ཚད་དང་། སྲིད་འཛིན་བཙན་སྡོམ་ཀྱི་བྱ་ཐབས་གཙོ་བོ། སྲིད་འཛིན་བཙན་སྡོམ་གྱི་བྱ་རིམ་སོགས་ཀྱི་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱིས་ལག་ལེན་བསྟར་བཞིན་པའི་གོ་ཆོད་ཁྲིམས་སྲོལ་ཁྱོན་བསྡོམས་ཁག་86གཙང་བཤེར་བྱས་ཡོད། 《<བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གཞིའི་དོ་དམ་སྲོལ་ཡིག >སོགས་ཁྲིམས་སྲོལ་ཁག་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》ལ་གྲོས་ཞིབ་གྲོས་འཆམ་བྱས་ཏེ། སྲིད་འཛིན་བཙན་སྡོམ་བཅའ་ཁྲིམས་དང་གཅིག་མཐུན་མེད་པའི་གཏན་འབེབས་ཁག་9སྡེབ་ལ་བཟོ་བཅོས་བརྒྱབ་ནས་སྲིད་འཛིན་བཙན་སྡོམ་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཆ་རྐྱེན་སྐྲུན་ཡོད།

        (གསུམ )ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་དམངས་གཙོའི་ཁྲིམས་བཟོ་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་བ། གཅིག་ནི་བརྟག་ཞིབ་བྱས་ནས་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། རིགས་གཅིག་མཁས་དབང་20ལས་གྲུབ་པའི་བློ་འདོན་ཚོགས་པ་བཙུགས་ནས་མི་ཐེངས་90ལྗོངས་ཕྱི་ནང་དུ་ཁྲིམས་བཟོའི་བརྟག་ཞིབ་བྱེད་པར་བཏང་བ་དང་། རིགས་གཅིག་མཁས་དབང་གི་རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ་ཐེངས་15སྐོང་འཚོགས་བྱས་ཏེ་གཙོ་གནད་དང་དཀའ་གནད་ཆེ་བའི་ཁྲིམས་བཟོའི་གནད་དོན་ལ་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གཉིས་ནི་སྤྱི་དམངས་ཐེ་ཞུགས་བྱེད་རྒྱ་ཆེ་རུ་བཏང་བ། བཞུགས་མོལ་ཚོགས་འདུ་དང་བསམ་འཆར་བསྡུ་ལེན་ཚོགས་འདུ། དེ་བཞིན་གཙོ་གནད་དུ་བཅར་འདྲི་བྱེད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞི་རིམ་ཚན་པ། མི་དམངས་མང་ཚོགས་བཅས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་ཡོད། བསྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའམ་ཡང་ན་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གལ་ཆེའི་ཁྲིམས་སྲོལ་འཆར་ཟིན་རིགས་ལ་ཕྱོགས་གང་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ། སྡེ་ཚན་གྱི་ཁེ་ཕན་ལ་ཕྱོགས་ལྷུང་མི་ཡོང་བ་དང་ཁྱད་བསད་བྱས་ཡོད། གསུམ་ནི་ཁྲིམས་བཟོའི་གོ་རིམ་ནན་པོ་སྲུང་བ། འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆེད་དོན་ཨུ་ལྷན་དང་ལས་དོན་ཨུ་ལྷན་གྱིས་སྔོན་ཚུད་ནས་ཁྲིམས་སྲོལ་འཆར་ཟིན་བཟོ་འགོད་ཀྱི་ལས་ཀའི་ནང་ཞུགས་པ་དང་། ཀྲུའུ་རེན་ཚོགས་འདུས་ཁྲིམས་བཟོའི་ལས་དོན་ལ་མཐུན་སྦྱོར་བྱེད་པ་མ་ཟད་ཁྲིམས་སྲོལ་འཆར་ཟིན་ལ་ཞིབ་འཇུག་བྱེད་པ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུས་གྲོས་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྲོལ་མང་པོ་ཞིག་ཀྲུའུ་རེན་ཚོགས་འདུ་ཐེངས་3ཐོག་ཞིབ་འཇུག་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་2ཐོག་གྲོས་ཞིབ་བྱས་ནས་ཁྲིམས་སྲོལ་གྱི་སྤུས་ཚད་འགན་ལེན་བྱས་ཡོད།

        གཉིས།      ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུར་དམིགས་ནས་ལྟ་སྐུལ་ལས་དོན་ཏན་ཏིག་སྤེལ་བ།

        རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་གོང་འཕེལ། དམངས་འཚོ་ལེགས་བཅོས། དེ་བཞིན་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་སོགས་བྱེད་རྒྱུའི་ཐད་ཀྱི་མངོན་ཆེའི་གནད་དོན་དམ་འཛིན་བྱས་ཐོག ཁྲིམས་ལུགས་གཞིར་བཟུང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་བྱེད་སྟངས་ལེགས་བཅོས་ཟམ་མི་ཆད་པ་བྱས་པས་ལྟ་སྐུལ་གྱི་ཕན་འབྲས་དངོས་ཐོན་ཤུགས་སྔར་བས་ཆེ་རུ་སོང་ཡོད། (གཅིག )དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། སྔར་རྒྱུན་བཞིན་འཆར་གཞི་དང་། སྔོན་རྩིས། ངེས་རྩིས། དེ་བཞིན་རྩིས་བཤེར་བཅས་ཀྱི་ལས་དོན་སྙན་སྒྲོན་ཉན་ནས་གྲོས་ཞིབ་བྱས་པ་དང་། སྔོན་རྩིས་བཟོ་སྐྱོར་དང་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུར་ཞིབ་བཤེར་བྱེད་པ་ཕུད། ད་དུང་ཚན་རྩལ་ཡར་ཐོན་གྱི་ལས་ཀའི་སྙན་ཞུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་གྱི་ལས་དོན་སྙན་ཞུ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་བཅས་ཉན་ནས་གྲོས་ཞིབ་བྱས་པ་དང་། དེ་བཞིན་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་རྒྱུའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ལོ་སྟོད་དང་ལོ་འཁོར་གྱི་དཔལ་འབྱོར་གཉེར་སྐྱོང་བྱས་ཚུལ་ལ་བརྟག་དཔྱད་དབྱེ་ཞིབ་བྱས་པ། ལྗོངས་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གོང་འཕེལ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ལས་དོན། མི་འབོར་ཅུང་ཉུང་བའི་མི་རིགས་དང་དབྱེ་འབྱེད་མ་ཐུབ་པའི་མི་རིགས་འདུས་སྡོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བཏང་ཚུལ་བཅས་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད། གྲོས་ཞིབ་བྱེད་པའི་ནང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ནན་བཤད་བྱས་དོན། གཅིག་ནི་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུ་གཙོ་གནད་དུ་བཟུང་དགོས། ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་རྒྱུགས་བྱེད་ཁག་པའི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་དགོས་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་། ལེགས་སྒྱུར་རིམ་སྤོར། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་རྒྱུ་བཅས་ལ་སྐུལ་སྤེལ་གཏོང་རྒྱུར་ཤུགས་རྒྱག་དགོས། ཞིང་འབྲོག་ལས་ཐོན་ལས་ཅན་དུ་གོང་འཕེལ་གཏིང་ཟབ་བཏང་ནས་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་གཞི་ཁྱོན་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་ཐད་འགག་སྒྲོལ་ཐུབ་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྣེ་མང་མ་འཇོག་ལམ་སྲོལ་འཐུས་ཚང་གཏོང་རྒྱུའི་ཐད་འགག་སྒྲོལ་ཐུབ་པ། རྣམ་གྲངས་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་རྒྱུན་མཐུད་གོང་འཕེལ་ཡོང་བའི་ཐད་འགག་སྒྲོལ་ཐུབ་པ། སྣེ་འདྲེན་ཁེ་ལས་ལ་གཞོགས་སྐྱོར་དང་སྣེ་ཁྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་ཐད་འགག་སྒྲོལ་ཐུབ་པ་བཅས་བྱེད་དགོས། གཉིས་ནི་རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་རྨང་གཞིར་བརྩི་དགོས། སྔོན་ཐོན་གོ་ཆོད་ལག་རྩལ་ནང་འདྲེན་དང་། ཉམས་ལེན། བསྡུ་འགུགས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་བྱེད་རྒྱུར་མཐོང་ཆེན་དང་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ནས་ཚན་རྩལ་འབྲས་བུ་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་དང་། འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་སྐྱོང་སྤེལ་བྱས་ཏེ། བཟོ་ལས་དང་ཆ་འཕྲིན་ཅན་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་ས་ཞིང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་གང་ཆེ་རྒྱག་དགོས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པ་དང་ས་ཞིང་བརྒྱུད་བཤུག་གཏོང་བའི་ལས་དོན་ཁྲིམས་ལུགས་ལྟར་ཚད་ལྡན་བཟོ་བ་དང་གྲོང་གསེབ་ཀྱི་ས་ཞིང་ཐད་ཀྱི་རྩོད་ཪྙོག་འདུམ་འགྲིག་ཁྲུན་གཅོད་ལས་དོན་ཡག་པོ་སྒྲུབ་པ། ས་ཞིང་ཤོར་བའི་ཞིང་པ་ལས་ཞུགས་དང་། སྦྱོང་བརྡར། བཀོད་སྒྲིག་བྱེད་རྒྱུ་བཅས་དམ་འཛིན་ཡག་པོ་བྱེད་པ། འབྲུ་རིགས་གཙོ་ཐོན་ཁུལ་ལ་རྒྱབ་སྐྱོར་དང་ནགས་ཚལ་དང་ས་ཞིང་གི་ཁེ་དབང་འགན་སྲུང་བྱེད་རྒྱུར་མཐོང་ཆེན་བཅས་བྱེད་དགོས།

        (གཉིས )སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་སྤྱི་ཚོགས་དོ་དམ་ལས་ཀར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ཕྱོགས་མིར་ཞབས་ཞུ་སྒྲུབ་རྒྱུ་དང་དོ་དམ་བྱེད་རྒྱུའི་སྲོལ་ཡིག་དང་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་ཤིང་། གྲོས་ཞིབ་བྱེད་པའི་ནང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་གྲོས་འཆར་བཏོན་པར། གཅིག་ནི་ཕྱོགས་མིར་ཞབས་ཞུ་སྒྲུབ་རྒྱུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་གསར་གཏོད་བྱས་ནས་མི་གཤིས་ཅན་གྱི་ཁྲིམས་སྒྱུར་བྱེད་རྒྱུར་བསྟུན་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་རྩ་བར་བྱེད་པ། ཆ་འཕྲིན་ཅན་གྱི་དོ་དམ་བྱེད་རྒྱུ་དེ་ཤུགས་རྒྱག་ས་བྱེད་པ། ཁྲིམས་ལུགས་ཅན་དུ་འཛུགས་སྐྲུན་བྱེད་རྒྱུ་དེ་འདེགས་སྐྱོར་དུ་བྱེད་པ་བཅས་བྱས་ནས་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་རྒྱུར་མཐོང་ཆེན་དང་། ལེ་ལག་སྲིད་ཇུས་འཐུས་ཚང་དུ་གཏོང་བ། འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོ་དང་བརྟན་པོའི་ངང་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་མིར་ཞབས་ཞུ་སྒྲུབ་པ་དང་དོ་དམ་བྱེད་པའི་ལས་དོན་དེ་ཁྲིམས་སྐྱོང་ལམ་བུའི་ཐོག་འཇུག་ཐུབ་པ་བྱེད་དགོས། གཉིས་ནི་རྒྱལ་སྲུང་སློབ་གསོའི་ལས་ཀ་ཡག་པོ་སྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཤུགས་ཆེར་བཏང་ཐོག རྒྱལ་སྲུང་སློབ་གསོ་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ངང་སྤེལ་ཐུབ་པ་བྱེད་དགོས།

        (གསུམ )དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་གཙོ་གནད་དུ་བཟུང་ནས་གལ་ཆེའི་དམངས་འཚོའི་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་མ་དངུལ་དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་པའི་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། རྒན་རྒོན་གྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས་དང་། འགན་བབས་སློབ་གསོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ། དེ་བཞིན་བྱིས་པའི་སློབ་གསོ་སྤེལ་ཚུལ་བཅས་ལ་ཞིབ་བཤེར་བྱས་ཡོད། གྲོས་ཞིབ་བྱེད་པའི་ནང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་བཏོན་པར། གཅིག་ནི་ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་པའི་སྲིད་ཇུས་དྲིལ་བསྒྲགས་དང་། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་པའི་སྲིད་ཇུས་ཀྱི་མ་དངུལ་ལྟ་འདོམས་བྱེད་པ་སོགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་རྒྱུའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། གཉིས་ནི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་སྨན་བཅོས་དཔུང་ཁག་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་འཕྲོད་བསྟེན་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། གསུམ་ནི་རྒན་རྒོན་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་གལ་ཆེའི་ནང་དོན་ལ་བརྩིས་ནས་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཟིགས་སྐྱོང་སྲིད་ཇུས་ཚགས་ཚུད་དུ་གཏོང་བ། རྒན་གསོའི་སྒྲིག་བཀོད་ལེགས་སུ་གཏོང་བ། བོད་དུ་ཡུན་རིང་གི་ལྟ་སྐྱོང་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི་ཞིབ་འཇུག་བྱས་ཏེ་རྒན་རྒོན་གྱི་སྤྱི་ཚོགས་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བཞི་ནི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་གསོའི་མཁོ་དགོས་སྒྲིལ་སྤྱོད་བྱེད་པ་དང་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་སྟེ་སློབ་ཞུགས་བྱེད་ཚད་སྲ་བརྟན་དུ་གཏོང་བ། གྲོན་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགན་བབས་སློབ་གསོ་དོ་སྙོམས་ངང་གོང་འཕེལ་དང་སློབ་ཞུགས་གོང་གི་སློབ་གསོ་བདེ་བླག་ངང་སྤེལ་ཐུབ་པ་བྱེད་དགོས།

        (བཞི )བོད་ཀྱི་འབྱུང་ཁམས་སྲུང་བཅད་ལེགས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། “འབྱུང་ཁམས་སྲུང་བཅད་ལེགས་སྐྱོང་གིས་འབྱུང་ཁམས་ཁོར་ཡུག་ཡག་ཏུ་འགྲོ་ཐུབ་པའི ”འགན་ལེན་བྱེད་རྒྱུ་གཙོ་དོན་དུ་བྱས་ཏེ། 2011ལོའི “ཀྲུང་ཧྭ་ཡིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ལས་སྒོ་བོད་དུ་སྤེལ་བའི ” དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་གསར་འགྱུར་གྱི་སྐུལ་ལྕག་ལམ་སྲོལ་བཙུགས་ཐོག རང་ལྗོངས་ཀྱིས་བོད་ཀྱི་འབྱུང་ཁམས་སྲུང་བཅད་ལེགས་སྐྱོང་བྱེད་པའི་ཐད་དཀའ་སྤྱད་འབད་འཐབ་དང་ཐོབ་པའི་འབྲས་བུ་རྣམས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཁག་དང་དྲ་རྒྱའི་གླེང་ཕྱོགས་ཀྱི་ཐོག་ནས་དོ་ཁུར་ཆེན་པོ་བྱེད་ཐུབ་པ་དང་། འབྲེལ་ཡོད་གནད་དོན་བཅོས་སྒྲིག་དང་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱི་དྭངས་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་གང་ལེགས་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

        (ལྔ )རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྙན་དཔོད་ཞིབ་བཤེར་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྙན་དཔོད་ཞིབ་བཤེར་བྱེད་པའི་ལས་དོན་སྙན་ཞུ་ཉན་རྗེས་སྙན་དཔོད་ཞིབ་བཤེར་ཚན་པས་བཅའ་ཁྲིམས་དང་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཞིབ་བཤེར་འགན་ནུས་ལག་བསྟར་ཧུར་ཐག་བྱེད་པ། སྙན་དཔོད་ཞིབ་བཤེར་བྱེད་པའི་སྒྲིག་སྲོལ་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་ཞིབ་བཤེར་ལས་དོན་ཏན་ཏིག་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། དེ་བཞིན་ཚད་ལྡན་རང་བཞིན་གྱི་སྙན་དཔོད་ཞིབ་བཤེར་ལས་དོན་སྲོལ་ཡིག་ལག་བསྟར་གཏིང་ཟབ་བྱས་ཏེ་ཚད་ལྡན་ཡིག་ཆ་ཡོད་ཕྱིན་ངེས་པར་དུ་སྙན་དཔོད་ཞུ་རྒྱུ་དང་སྙན་དཔོད་ཞུས་ཕྱིན་ངེས་པར་དུ་ཞིབ་བཤེར་བྱེད་རྒྱུ་དང་། ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་སྙན་དཔོད་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་པ་དང་། མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན་དང་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་དཔོད་ཞིབ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུའི་མཛུབ་ཁྲིད་བྱས་ཡོད།

        (དྲུག )ལྟ་སྐུལ་གྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་ལས་དོན་སྤེལ་སྟངས་ལེགས་བཅོས་ཏན་ཏིག་བྱས་པ། ཆེད་དོན་འདྲི་རྩད་ལས་དོན་ཐེངས་དང་པོ་སྤེལ་བ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པ་དང་ཉེར་བཞི་པ་སྐོང་ཚོགས་བྱེད་རིང་། ཚོགས་ཆུང་མཉམ་འབྲེལ་གྱི་ཚོགས་འདུ་ཚོགས་སྟངས་ཐོག་ནས་ནོར་སྲིད་ལས་དོན་དང་། ཚན་རྩལ་ཡར་ཐོན་ལས་དོན། ཁེ་ལས་འབྲིང་ཆུང་གོང་འཕེལ་བཏང་ཚུལ་བཅས་ལ་ཆེད་དོན་འདྲི་རྩད་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་འབྲེལ་ཡོད་ཆེད་དོན་ཨུ་ལྷན་དང་ལས་དོན་ཨུ་ལྷན་དང་མཉམ་དུ་བརྟག་ཞིབ་ནན་ཏན་དང་གྲ་སྒྲིག་ཞིབ་ཚགས་བྱས་ནས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་གཙོ་འགན་འཁུར་མཁན་བློ་མཐུན་རྣམས་ཚོགས་འདུར་བཞུགས་ནས་བསམ་འཆར་ཉན་པ་དང་འདྲི་བར་ལན་འདེབས་བྱས་ཏེ། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་ལེགས་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། དེ་བཞིན་བཪྙན་འཕྲིན་དང་། ཚགས་པར་དུས་དེབ། དྲ་རྒྱ་སོགས་མཚམས་སྦྱོར་ཐོག་ནས་དྲིལ་བསྒྲགས་གསར་འགོད་བྱས་རྗེས་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ཏུ་དོ་ཁུར་བྱུང་བ་དེ་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་གྱི་བཀྲག་ཆེ་ས་ཞིག་ཏུ་འགྱུར་ཡོད། ཁྲིམས་སྒྱུར་ཞིབ་བཤེར་བྱེད་པའི་ནང་ཤེས་རྟོགས་བྱུང་བའི་གཙོ་གནད་གནད་དོན་ཁག་གཅིག་དམ་འཛིན་བྱས་ནས་འོས་སྐུལ་འོས་དཔོད་ཀྱི་བཅའ་ཁྲིམས་དང་། རྩིས་བཤེར་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་དང་བཅོས་སྒྲིག་བྱས་ཚུལ་ལ་ཞུགས་འདེད་ཞིབ་བཤེར་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་བཅོས་སྒྲིག་བསམ་འཆར་དོན་འཁྱོལ་ནན་ཏན་བྱེད་རྒྱུར་སྐུལ་འདེད་བཏང་ནས་གནད་དོན་མང་ཆེ་བ་ཐག་གཅོད་བྱུང་ཞིང་ལྟ་སྐུལ་གྱི་ཕན་འབྲས་དངོས་ཐོན་ཤུགས་ཆེ་རུ་ནུས་ལྡན་སོང་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་གྲོས་ཞིབ་བསམ་འཆར་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆེད་དོན་ཚོགས་འདུ་སྐོང་ཚོགས་ཀྱིས་ལས་འགན་ཁག་དབྱེ་དང་། བྱ་ཐབས་ལ་ཞིབ་འཇུག འགན་འཁྲི་ཁ་གསལ། སྟོབས་ཤུགས་སྒྲིག་འཛུགས་བཅས་བྱས་ནས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཡོད།

        གསུམ། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུར་དམིགས་ནས་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ།

        གསར་དུ་བཟོ་བཅོས་བརྒྱབ་པའི་འཐུས་མིའི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་གོ་སྐབས་སུ་བཟུང་ནས། འཐུས་མིའི་གཙོ་བོའི་གནས་བབ་ལ་བརྩི་འཇོག་བྱེད་རྒྱུར་སྔར་བས་མཐོང་ཆེན་བྱས་ཐོག འཐུས་མིར་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་བཏང་ནས་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གང་ལེགས་བཏང་ཡོད།

        (གཅིག )འཐུས་མིས་ཁྲིམས་ལུགས་གཞིར་བཟུང་འགན་ནུས་སྒྲུབ་རྒྱུར་ཆ་རྐྱེན་ཧུར་ཐག་སྐྲུན་པ། འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པར་སྦྱོང་བརྡར་སྤྲོས་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དུས་ཁག་3ལ་མི་ཐེངས་12སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཉེར་བའི་སློབ་སྦྱོང་རྟོག་ཞིབ་བྱེད་སྒོར་ཞུགས་པ་དང་། དུས་ཁག་2ལ་མི་ཐེངས་13སྒྲིག་འཛུགས་བྱས་ནས་ལྗོངས་ནང་ཁུལ་དུ་གཅིག་སྡུད་ཐོག་རྟོག་ཞིབ་དང་ཆེད་དོན་བརྟག་ཞིབ་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གཞི་རིམ་འཐུས་མི་41སྒྲིག་འཛུགས་ཀྱིས་ནང་སར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྙན་དཔོད་ཞིབ་བཤེར་དང་། མི་དམངས་འཐུས་ཚོགས་ཀྱི་ནོར་དཔལ། ནང་ལས་ཀྱི་ཁྲིམས་འཛིན། མི་དམངས་འཐུས་ཚོགས་ཀྱི་གསར་འགྱུར་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྐོར་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་སོགས་ཕྱོགས་ཁག་གི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ་སྔ་རྗེས་སུ་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་སྦྱོང་བརྡར་འཛིན་གྲྭ་ཐེངས་4གཉེར་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་མི་གྲངས་243ལ་སྦྱོང་བརྡར་སྤྲས་ཡོད། མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན་གྱིས་ཚོགས་འདུས་སྦྱོང་བརྡར་སྤྲོས་པའི་ཚབ་བྱེད་པ་དང་དུས་ཐུང་གི་སྦྱོང་བརྡར་སྤྲོས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྔ་རྗེས་སུ་འཐུས་མི་མི་ཐེངས་225ལ་སྦྱོང་བརྡར་སྤྲས་ཡོད། འཐུས་མིས་རྒྱུན་ལས་ཨུ་ལྷན་དང་། ཆེད་དོན་ཨུ་ལྷན། ལས་དོན་ཨུ་ལྷན་བཅས་ཀྱི་ལས་ཀར་ཐེ་ཞུགས་བྱེད་རྒྱ་ཆེ་རུ་བཏང་ནས་འཐུས་མི་གདན་ཞུས་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱས་པ་དང་། ཆེད་དོན་ཨུ་ལྷན་དང་། ལས་དོན་ཨུ་ལྷན་གྱི་ཚོགས་འདུ། ཆེད་དོན་ཚོགས་འདུ། བཞུགས་མོལ་ཚོགས་འདུ། རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ། དེ་བཞིན་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་སོགས་བྱེད་པའི་ནང་འཐུས་མི་70ཞུགས་ནས་མི་དམངས་ཀྱི་འདོད་ཚུལ་གང་ལེགས་མཚོན་པར་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཡིག་ཆ་དང་། དུས་དེབ། འབྲེལ་ཡོད་ཆ་འཕྲིན་དཔྱད་ཡིག་འབུལ་སྐྱེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་འཐུས་མིས་གནས་ཚུལ་ཤེས་རྟོགས་དང་ཆབ་སྲིད་ཤེས་རྟོགས་ཐུབ་རྒྱུར་ཞབས་ཞུ་སྒྲུབ་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འཐུས་མིའི་བྱེད་སྒོའི་འགྲོ་གྲོན་ཚད་གཞི་དང་གཏན་འཇགས་ཡོང་འབབ་མེད་པའི་འཐུས་མིའི་ལས་ཐེབས་ཆག་པའི་ཁ་གསབ་རོགས་དངུལ་ཚད་གཞི་བཟོ་སྐྱོར་བྱས་ནས་མཐོ་རུ་བཏང་བས་འཐུས་མིས་ཁྲིམས་ལུགས་གཞིར་བཟུང་འགན་ནུས་སྒྲུབ་རྒྱུར་འགན་སྲུང་དེ་བས་ཡག་པ་བྱས་ཡོད།

        (གཉིས )ཚོགས་འདུ་གྲོལ་བའི་རིང་གི་འཐུས་མིའི་བྱེད་སྒོ་ཁག་ཧུར་ཐག་སྤེལ་བ། འཐུས་མིའི་བཅའ་ཁྲིམས་ནང་འཁོད་འཐུས་མིས་མང་ཚོགས་དང་འབྲེལ་བ་བྱེད་རྒྱུའི་སྐོར་གྱི་ལམ་ལུགས་ཁག་དོན་འཁྱོལ་ནན་ཏན་བྱས་ཤིང་། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་འཐུས་མིའི་མིང་བབ་ཐོག་ནས་དེ་སྔའི་འདེམས་བསྐོའི་ཚན་པར་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་། མང་ཚོགས་ཀྱི་ཞུ་རེ་ཤེས་རྟོགས་གཏིང་ཟབ་བྱེད་པ། ངོ་གཏུག་གདོང་འཕྲད་ཀྱིས་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱས་ཏེ་དེ་སྔའི་འདེམས་བསྐོའི་ཚན་པར་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ནང་གི་དཀའ་ངལ་དང་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་རོགས་བྱས་ནས་འཐུས་མིའི་ནུས་པ་འདོན་རྒྱུར་མིག་དཔེའི་ནུས་པ་བཏོན་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་བཏང་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱེད་རྒྱུའི་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་ལ་བསམ་འཆར་དང་གྲོས་འཆར་བཏོན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་གལ་ཆེའི་གནད་དོན་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ལ་དམིགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མི་ཐེངས་42སྒྲིག་འཛུགས་ཀྱིས་སྔ་རྗེས་སུ་2011ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མ་བསྡུ་འཇུག་དང་། ལྷ་གོང་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན། འཛུགས་སྐྲུན་ལས་གྲྭའི་འོས་སྐུལ་འོས་དཔོད་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས་ཡོད། མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཐུས་མི་སྒྲིག་འཛུགས་ཀྱིས་རྟོག་ཞིབ་དང་བརྟག་དཔྱད་བྱེད་སྒོ་སྤེལ་བས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

        (གསུམ )འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་གཉེར་སྒྲུབ་ནན་ཏན་བྱས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་རིང་འཐུས་མིས་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ལ། རྒྱུན་ལས་ཨུ་ལྷན་གྱིས་གཅིག་གྱུར་མཐུན་སྦྱོར་དང་རིགས་དབྱེ་མཛུབ་ཁྲིད་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་སྒྲུབ་སྐུལ་དང་གཙོ་གནད་ལ་སྒྲུབ་སྐུལ་ཞིབ་བཤེར་བྱེད་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས། དུས་ཐོག་ཏུ་རྩིས་སྤྲོད་གཉེར་སྒྲུབ་ཚོགས་འདུ་སྐོང་འཚོགས་བྱས་ནས་གཉེར་སྒྲུབ་བྱེད་མཁན་སྡེ་ཚན་ལ་ཁྲིམས་བཅད་དུས་ཚད་ནང་གཉེར་སྒྲུབ་དང་ལན་འདེབས་ནན་ཏན་བྱེད་རྒྱུར་ལྟ་སྐུལ་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་དང་། འབྲོག་ལས་གོང་འཕེལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་བྱེད་རྒྱུའི་གནད་དོན་ལ་དམིགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་ཀྱིས་འཐུས་མིའི་གྲོས་འཆར་གཉེར་སྒྲུབ་བྱས་ཚུལ་ལ་གཙོ་གནད་དུ་རྟོག་ཞིབ་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་གཉེར་སྒྲུབ་ཚན་པ་ཁག་གིས་འཐུས་མིའི་གྲོས་འཆར་གཉེར་སྒྲུབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་འགན་ཁག་བགོས་དང་། འགན་འཁྲི་ཁ་གསལ། གོ་རིམ་ཚད་ལྡན། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གཉེར་སྒྲུབ་བྱེད་པའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ཡོད། འཐུས་མིས་བཏོན་པའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་ཚང་མ་གཉེར་སྒྲུབ་ལན་འདེབས་བྱས་ཟིན་ཞིང་། བཏོན་པའི་གནད་དོན་རྣམས་ཐག་གཅོད་བྱས་ཟིན་པའམ་ཡང་ན་བྱེད་བཞིན་པ་ཁག་279ཡོད་པ་དེ་སྤྱིའི་བསྡོམས་འབོར་གྱི་82.9%ཟིན་ཡོད་པ་དང་། འཐུས་མི་མང་ཆེ་བས་གཉེར་སྒྲུབ་དོན་འཁྱོལ་བྱས་ཚུལ་ལ་བློ་མོས་བྱུང་ཡོད།

        (བཞི )གྲོང་ཁྱེར་དང་རྫོང་ཤང་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་མ་བྱས་གོང་གི་ལས་དོན་ཁག་ཏན་ཏིག་སྒྲུབ་པ། ཀྲུང་དབྱང་གིས་བརྒྱུད་སྤེལ་བྱས་པའི 《རྒྱལ་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་བསམ་འཆར 》གཞིར་བཟུང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་བརྟག་ཞིབ་ནན་ཏན་བྱས་པ་དང་། 《ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་དང་འབྲེལ་བའི་ལས་དོན་ཁག་ཡག་པོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་བསམ་འཆར 》ཞིབ་འཇུག་བཟོ་འབེབས་བྱས་པ་མ་ཟད། ལྗོངས་ཏང་ཨུད་ལ་མཆན་འགོད་བརྒྱུད་སྤེལ་བྱེད་རྒྱུར་ཕུལ་ཡོད། འདེམས་བསྐོའི་བཅའ་ཁྲིམས་ལག་བསྟར་ཞིབ་སྲོལ་ལ་གྲོས་ཞིབ་གྲོས་འཆམ་བྱས་ཏེ། རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོ་བྱེད་པའི་དུས་ཚོད་གཏན་འཁེལ་བཟོས་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་རྫོང་ཁག་གི་འཐུས་མིའི་མིང་སྐལ་བགོ་འགྲེམས་བྱེད་རྒྱུ་ཞིབ་འཇུག་གཏན་འཁེལ་བྱས་པ། འདེམས་བསྐོའི་བཅའ་ཁྲིམས་ཀྱི་ཆེད་དོན་འཆད་ཁྲིད་གཉེར་བ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་སྦྱོང་བརྡར་ཚོགས་འདུ་སྐོང་འཚོགས་བྱས་ཏེ། གྲོང་ཁྱེར་དང་རྫོང་ལ་འགོ་ཁྲིད་ཚན་པ་དང་ལས་དོན་ཚན་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་མཛུབ་ཁྲིད་བྱས་ནས། འདེམས་བསྐོའི་བརྟག་ཞིབ་དང་། ཇུས་གཞི་བཟོ་འགོད། བྱ་ཐབས་ཚགས་ཚུད་དུ་གཏོང་རྒྱུ་སོགས་སྔོན་གྲབས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ད་ལོའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

        བཞི། ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་དགེ་མཚན་འདོན་སྤེལ་ཏན་ཏིག་བྱས་པ།

        རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ནན་ཏན་སྒྲུབ་ཐོག བོད་འབྲེལ་གྱི་ཕྱི་དོན་ལས་དོན་ཁག་ཧུར་ཐག་སྤེལ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་ཡོད།

        (གཅིག )བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་སྒྲུབ་པ། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཁག་གཅིག་བརྟན་ལྷིང་སྲུང་སྐྱོང་གི་འབྲེལ་གཏུགས་བྱེད་སའི་ས་ཁུལ་དང་གཙོ་གནད་དགོན་སྡེར་ཡུན་རིང་ལས་ཀ་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་པའི་རྐྱེན་རྩ་ཐོན་བཟོ་ཡོད་རིགས་ཧུར་བརྩོན་ཆེན་པོས་རྩད་བཤེར་དང་མེད་པ་བཟོས་ཏེ་དགོན་སྡེར་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུར་ཤུགས་གང་ཆེ་བརྒྱབ་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་གཞན་དག་གིས་ཀྱང་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ། དམིགས་འཛུགས་དབུལ་སྐྱོར་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་རྒྱུན་འཁྱོངས་བྱེད་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཏཱ་ལ་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཐོན་པའི་ཞི་མཐུན་ལ་གནོད་པའི་རྐྱེན་རྩར་ཚད་མཐོའི་དོ་སྣང་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ཧུར་ཐག་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཡིག་འབུལ་ཁག་69ཡི་མི་ཐེངས་238དང་། ཞུ་བཅར་ཁག་66ཡི་མི་ཐེངས་148བདག་སྤྲོད་བྱས་ནས་དུས་ཐོག་ཏུ་སྒྱུར་སྤྲོད་དང་། རྩིས་སྤྲོད། སྒྲུབ་སྐུལ་བཅས་བྱས་པ་དང་། སློབ་གསོ་དང་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

        (གཉིས )བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་གི་ཁོར་ཡུག་གཏོད་རྒྱུར་ཤུགས་གང་ཆེ་བརྒྱབ་པ། “ལོ་ལྔ་ཚན་ལྔ་པའི ”ཁྲིམས་ལུགས་ཁྱབ་གདལ་སྐོར་གྱི་ཁྲིམས་བཞིན་བཅོས་སྐྱོང་བྱས་ཚུལ་དང་“ལོ་ལྔ་ཚན་དྲུག་པའི ”ཁྲིམས་ལུགས་ཁྱབ་གདལ་གྱི་འཆར་འགོད་སྙན་ཞུ་ཉན་ནས་གྲོས་ཞིབ་བྱས་པ་དང་། “ལོ་ལྔ་ཚན་ལྔ་པའི ”ཁྲིམས་ལུགས་ཁྱབ་གདལ་བཏང་ཚུལ་ལ་བརྟག་ཞིབ་བྱས་ནས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་གྲོས་ཆོད་བཟོས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་དཔུང་ཁག་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་འགྲོ་གྲོན་འགན་སྲུང་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་གྱི་བོད་ཡིག་དཔྱད་ཡིག་འགན་ལེན་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་གྱི་དངོས་ཕན་རང་བཞིན་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ “ལོ་ལྔ་ཚན་དྲུག་པའི ”ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་འཆར་འགོད་ལག་བསྟར་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། བཙོན་ཁང་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་བརྟག་ཞིབ་བྱས་ནས་བཙོན་ཁང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ། བཙོན་ཁང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུའི་ཐད་བསམ་འཆར་དང་གྲོས་འཆར་བཏོན་ཡོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུ་ཉན་ནས “ཁང་གཉིས ”ལ 《མི་དམངས་ཁྲིམས་ཁང་གི་དམངས་དོན་ལག་བསྟར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་གཏན་འབེབས 》དང་《ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཀར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས 》ལག་བསྟར་ནན་ཏན་བྱེད་རྒྱུར་ལྟ་སྐུལ་དང་རྒྱབ་སྐྱོར་བྱས་ནས་ཁྲིམས་འཛིན་ནན་པོ་དང་ཁྲིམས་འཛིན་གཞུང་དྲང་བྱས་ཏེ་བོད་ལྗོངས་ཁྲིམས་བཞིན་སྐྱོང་རྒྱུར་སྐུལ་སྤེལ་བཏང་ཡོད།

        (གསུམ )བོད་འབྲེལ་གྱི་ཕྱི་དོན་ལས་ཀ་ཧུར་ཐག་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་ཞབས་ཞུ་སྒྲུབ་པ་དང་བོད་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་བར་ཞབས་ཞུ་སྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་མཛུབ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག “ཕྱིར་བསྐྱོད་པ ”དང་“ནང་དུ་གདན་འདྲེན་ཞུ་བ ”ཟུང་འབྲེལ་བྱེད་ཐབས་སྤྱད་དེ་བོད་འབྲེལ་གྱི་ཕྱི་དོན་ལས་ཀ་ཧུར་ཐག་སྤེལ་ཡོད། ལོ་གཅིག་རིང་། ཁྱོན་བསྡོམས་ཚོགས་པ་7གྱི་མི་ཐེངས་30སྒྲིག་འཛུགས་བྱས་ནས་ཨ་མེ་རི་ཁ་དང་། ཁ་ན་ཏ། འཇར་མན། ཞི་ལ་སོགས་ཀྱི་རྒྱལ་ཁབ་ཏུ་འཚམས་འདྲིར་བསྐྱོད་པ་དང་། ཨ་མེ་རི་ཁ་དང་། དབྱི་ཐ་ལི། ནེ་པ་ལ་སོགས་རྒྱལ་ཁབ་ནས་ཀྲུང་གོའི་བོད་དུ་འཚམས་འདྲིར་ཡོང་མཁན་ཚོགས་པ་8ཀྱི་མི་ཐེངས་61ལ་སྣེ་ལེན་ཞུས་ཡོད། བོད་འབྲེལ་ཕྱི་དོན་ལས་ཀ་སྤེལ་བའི་ནང་དྲང་ཕྱོགས་ནས་བོད་ལྗོངས་དྲིལ་བསྒྲགས་དང་ཏཱ་ལར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པའི་ལས་འགན་གཙོ་བོ་གཉིས་ལ་དམ་པོར་དམིགས་ནས་ཐུགས་འཕྲད་གྲོས་མོལ་དང་། བཞུགས་མོལ་ཚོགས་འདུ། གསར་འགོད་པའི་སྣེ་ལེན་ཚོགས་འདུ། དེ་བཞིན་མཚམས་སྦྱོར་ཚན་པའི་བཅར་འདྲི་དང་ལེན་ཞུ་བ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ནུབ་ཕྱོགས་གཙོ་གནད་རྒྱལ་ཁབ་ཀྱི་གྲོས་ཁང་འཐུས་མི་དང་། ཆབ་སྲིད་གནད་ཆེའི་མི་སྣ། ཆེད་ལས་མཁས་པ། དེ་བཞིན་ཕྱིར་སྡོད་སྤུན་ཟླའི་སྣེ་ཁྲིད་པ། ཕྱིར་སྡོད་སྤུན་ཟླ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་གྲྭ་བ་བཅས་དང་རྒྱ་ཁྱབ་ངང་ཐུག་འཕྲད་བྱས་ནས་ཕན་ཚུན་བསམ་བློ་བརྗེ་རེས་དང་མྱོང་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་དང་། ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་། སྲོལ་རྒྱུན་རིག་གནས། ཁོར་ཡུག དེ་བཞིན་ཆོས་དད་རང་མོས་སོགས་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེ་བྱས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་རླབས་པོ་ཆེ་དྲིལ་བསྒྲགས་ཤུགས་ཆེ་བྱས་པ་བཅས་ཀྱི་ཐོག་ནས་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལ་རུ་ཚོགས་ཀྱི་དམའ་འབེབས་དང་ཚུར་རྒོལ་བྱེད་རིགས་ལ་རྒོལ་ལན་ཤུགས་ཆེ་བསློགས་ཏེ། ཏཱ་ལ་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་གི་བྱེད་སྒོ་སྤེལ་ས་གཅུར་བཀག་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རྒྱལ་སྤྱིའི་བག་ཆག་འཇོག་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་བར་ཁོར་ཡུག་བཟང་པོ་སྐྲུན་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

        ལྔ། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱེད་རྒྱུར་དམིགས་ཏེ་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ།

        མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་རང་ངོས་ལེགས་སྐྱོང་དང་ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་། གཅིག་གྱུར་འཆར་འགོད་བྱེད་ནུས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་པ། ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ་ཁྲིམས་བཞིན་འགན་འཁྲི་སྒྲུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

        (གཅིག )རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཕྱོད་ཆེར་སྐྱེད་གཏོང་རྒྱུར་མཐོང་ཆེན་བྱས་པ། ཏང་ཙུའི་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་སློབ་སྦྱོང་བྱེད་པ་དང་། ཆེད་ལས་མཁས་པས་གསབ་ཁྲིད་བྱེད་པ། གཅིག་སྡུད་ཐོག་ཞིབ་འཇུག་གྲོས་བསྡུར་བྱེད་པ་སོགས་སྐབས་བསྟུན་བྱེད་ཐབས་སྤྱད་དེ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། མཛད་ཇུས་ཆེ་ཁག ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་བཅས་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་རིགས་པའི་གཞུང་ལུཌ་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། 《རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར 》བཟོ་འབེབས་བྱས་ནས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་བསམ་བློ་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་དར་སྤེལ། ལམ་ལུགས་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་བྱེད་རྒྱུར་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་ཡོད། ལས་སྒོའི་ཐད་ཀྱི་ཤེས་བྱ་འཆད་ཁྲིད་བྱས་ནས་ལས་ཁུངས་ཀྱི་ལས་བྱེད་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་དང་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་སྒྲིག་འཛུགས་བྱས་པ་དང་། ལས་བྱེད་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་བདམས་གཏོང་བྱས་པས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་སོང་ཡོད། གསར་འཛུགས་བྱས་པའི་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་དང་ཁྲུའུ་ཧྲེ་6གི་ལས་བྱ་ཚང་སྒྲིག་ཧྲག་སྒྲུག་བྱས་ནས་འགན་ནུས་གཏན་འཁེལ་ཁ་གསལ་བཟོས་ཏེ་ལས་དོན་ཁག་གང་མགྱོགས་སྤེལ་ཡོད། ལས་ཁུངས་ཀྱི་ནུས་ཕྱོད་ཆེར་སྐྱེད་བྱེད་རྒྱུའི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། སྒྲིག་སྲོལ་ལམ་ལུགས་ཚགས་ཚུད་དུ་གཏོང་བ་དང་། ལས་ཀའི་སེམས་ཤུགས་འཕེལ་བ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།

        (གཉིས )གཅིག་གྱུར་མཐུན་སྦྱོར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་ཤུགས་ཆགས་པ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་འཐུས་ཚོགས་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་མཐོ་ཚད་ཐོག་ནས། གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན་ལ་མི་དམངས་འཐུས་ཚོགས་ཀྱི་ལས་ཀར་བརྟག་ཞིབ་བྱེད་རྒྱུར་མཛུབ་ཁྲིད་བྱས་ཏེ་བརྟག་ཞིབ་སྙན་ཞུ་ཁག་80ལྷག་ཙམ་དང་ཉམས་མྱོང་སྤེལ་རེས་ཀྱི་དཔྱད་ཡིག་ཁག་20ལྷག་ཙམ་བཟོས་ཡོད། རྨང་གཞི་དེའི་ཐོག་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་བྱས་ཏེ། ཚོགས་འདུར་གནང་བའི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་གལ་ཆེའི་བཀའ་མཆན་སློབ་སྦྱོང་དང་ལག་བསྟར་དང་། 2005ལོའི་ཟླ་5པ་ཚུན་གྱི་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་བསྡོམས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གཙོ་བོ་བཀོད་སྒྲིག མི་དམངས་འཐུས་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་པའི་ཉམས་མྱོང་སྤེལ་རེས་བཅས་བྱས་ཏེ་བསམ་བློ་གཅིག་གྱུར་དང་། ལས་འགན་ཁ་གསལ། སྟོབས་ཤུགས་གཅིག་སྒྲིལ། ཡིད་ཆེས་བརྟན་གཏོང་བཅས་ཀྱི་དམིགས་ཡུལ་སྒྲུབ་ཐུབ་པ་བྱུང་བ་དང་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།

        (གསུམ )སྤྱོད་ཚུལ་འགྱུར་ལྡོག་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྨང་བརྟན་རྨང་ཕན་ཡོང་བ་བྱས་པ། ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེ་གཏོང་བ་བཅས་བྱས་ཏེ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ཐད་བརྩེ་སེམས་དངོས་འབྲེལ་འཆང་བ་དང་། ནུས་པ་གང་ཡོད་འདོན་པ། ཕན་འབྲས་དངོས་དོན་གཉེར་བྱེད་པ་བཅས་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་གསར་སྤེལ་གྱི་འབྲེལ་གཏུགས་བྱེད་ས་ཁག་ཏུ་སྐྱོད་ནས་བརྟག་ཞིབ་གཏིང་ཟབ་བྱས་ཏེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བསམ་འདུན་ཤེས་རྟོགས། དམངས་ཀྱི་བློ་རིག་བསྡུ་རུབ། དམངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་གསར་སྤེལ་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་རིགས་ཞིབ་འཇུག་ནན་ཏན་དང་། འབྲེལ་ཡོད་སྡེ་ཚན་ལ་མཐུན་སྦྱོར་བྱས་ནས་ཐག་གཅོད་ནན་ཏན་བྱས་པའི་ཐོག རིན་ཐང་ལྡན་པའི་བརྟག་ཞིབ་སྙན་ཞུ་ཁག་10ལྷག་ཙམ་བཟོས་ཏེ། གཞི་རིམ་སྲིད་དབང་སྲ་བརྟན་དུ་གཏོང་རྒྱུ་དང་། དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུ། དབུལ་སྐྱོར་གསར་སྤེལ་གཏིང་ཟབ་དུ་གཏོང་རྒྱུ་སོགས་ཀྱི་ལས་དོན་ལ་བསམ་འཆར་དང་གྲོས་འཆར་བཏོན་ནས་ཏང་ཨུད་དང་སྲིད་གཞུང་ལ་ཇུས་ཐག་གཅོད་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ཡོད། ལས་དོན་ཚོགས་ཆུང་7ལ་ལས་ཁུངས་ཀྱི་ལས་བྱེད་པ་30ཙམ་མངགས་གཏོང་བྱས་ཏེ་དམིགས་འཛུགས་དབུལ་སྐྱོར་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ཏེ་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་བར་བརྟེན། མང་ཚོགས་ལ་བསྒྱུར་འཕེལ་བརྟན་གསུམ་གྱི་འབྲས་བུ་དངོས་འབྲེལ་སྤྱོད་ཐུབ་པ་བྱུང་ཡོད། འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཐོབ་པའི་གྲུབ་འབྲས་ནི་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི། མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན། དེ་བཞིན་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་པ་དང་། རང་སྐྱོང་ལྗོངས་ཀྱི “གཞུང་གཅིག་ཁང་གཉིས ”དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་བྱས་པའི་འབྲས་བུ་ཞིག་ཡིན། ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        གྲུབ་འབྲས་མཐོང་ཐུབ་པ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པ་ཞིག་ནི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་དུས་བབ་གསར་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་མཐུན་པ་བྱེད་དགོས་ན། ངེས་པར་དུ་ཁྲིམས་བཟོར་ས་གནས་ཀྱི་ཁྱད་ཆོས་སྔར་བས་འབུར་དུ་ཐོན་པ་དང་། ལྟ་སྐུལ་ལས་ཀའི་ཕན་འབྲས་ཤུགས་ཆེར་གཏོང་བ། འཐུས་མིའི་གྲོས་འཆར་གཉེར་སྒྲུབ་བྱེད་པའི་སྤུས་ཚདམཐོ་རུ་གཏོང་བ། རྒྱུན་ལས་ཨུ་ལྷན་དང་ལས་ཁུངས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཀྱི་ཡོད། ང་ཚོས་ཏང་གི་འགོ་ཁྲིད་དང་། མི་དམངས་མང་ཚོགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུས་ཏེ་ལས་ཀར་ལེགས་བཅོས་སྔར་ལས་ལྷག་པ་བྱས་ནས་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་གཏོང་དགོས་ཀྱི་ཡོད།

        2012ལོའི་ལས་འགན་གཙོ་བོ།

        2012ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་རྗེས་མཐུད་ཀྱི་གལ་ཆེའི་ལོ་ཞིག་དང་། རང་ལྗོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་སྐོང་ཚོགས་བྱེད་རྒྱུ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བའི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་སྐབས་སུ་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བྱས་ཐོག ཏང་གིས་འགོ་ཁྲིད་བྱེད་རྒྱུ་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་ནུས་ལྡན་ཐུབ་རྒྱུ་མཐའ་འཁྱོངས་བྱས་ནས་ལྗོངས་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཐད་བཏོན་པའི་བླང་བྱ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་བཀོད་སྒྲིག་གཞིར་བཟུང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་དམ་པོར་བཟུང་ནས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་ཏེ་ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་པ་དང་། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ། འཐུས་མིའི་ནུས་པ་འདོན་རྒྱུར་ཤུགས་རྒྱག་པ། རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པ་གཏོད་རྒྱུ་དེ་ཡིན།

        གཅིག       གཅིག་གྱུར་ཐོག་ཁྲིམས་བཟོའི་འཆར་འགོད་འབྲེལ་མཐུད་བྱས་ནས་ཁྲིམས་བཟོ་རྒྱུན་མཐུད་ཐུབ་པ་བྱེད་རྒྱུ།

        ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་པའི་གཞི་རྩའི་ཉམས་མྱོང་མཐའ་འཁྱོངས་དང་ས་གནས་ཁྲིམས་བཟོའི་ཁྱད་ཆོས་གསར་པ་སྟངས་འཛིན་ཡང་དག་པ་བྱས་ཏེ། སྤུས་ཚད་ཨང་དང་པོར་འཇོག་པ་དང་། མཁོ་དགོས་ཕྱོགས་སྟོན་བྱེད་པ། དུས་བསྟུན་ཡར་རྒྱས་ཡོང་བ་བཅས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། ས་གནས་ཁྲིམས་བཟོའི་དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། ལག་བསྟར་གོ་ཆོད་རང་བཞིན་བཅས་ལ་སྔར་བས་མཐོང་ཆེན་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་རྒྱུར་ཞབས་ཞུ་སྒྲུབ་པ་དང་། དམངས་འཚོར་ཞབས་ཞུ་སྒྲུབ་པ། སྤྱི་ཚོགས་དོ་དམ་ལ་ཞབས་ཞུ་སྒྲུབ་པ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་མུ་མཐུད་དེ་ཆ་ལག་ཚང་སྒྲིག་གི་ཁྲིམས་སྲོལ་བཟོ་རྒྱུ་དང་། ས་གནས་ཀྱི་ཁྱད་ཆོས་མངོན་པ་བྱེད་རྒྱུ། ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ཤུགས་རྒྱག་དགོས། དེའང་གཅིག་ནི་ཆ་ལག་ཚང་སྒྲིག་གི་ཁྲིམས་སྲོལ་བཟོ་འབེབས་དང་དག་བཅོས་སྔར་ལས་ལྷག་པ་བྱེད་དགོས། གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད་སྲོལ་ཡིག་དང་། སྦྲག་ལས་སྲོལ་ཡིག བསྡོམས་རྩིས་བཅའ་ཁྲིམས་ལག་བསྟར་བྱ་ཐབས། དེ་བཞིན་གྲོང་ཚོ་ཨུ་ལྷན་གྱི་རྩ་འཛུགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ལ་མུ་མཐུད་དེ་གྲོས་ཞིབ་བྱེད་རྒྱུ་དང་། མཐའ་མཚམས་དོ་དམ་སྲོལ་ཡིག་དང་། ཆུ་ཁྲིམས་ལག་བསྟར་བྱ་ཐབས། ས་ཆུ་སྲུང་འཛིན་བཅའ་ཁྲིམས་ལག་བསྟར་བྱ་ཐབས། ཡོམ་འགོག་གེགས་སེལ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་བཅས་ལ་བཟོ་བཅོས་འཐུས་ཚང་དུ་གཏོང་རྒྱུ། དམངས་གཉེར་སློབ་གསོར་སྐུལ་འདེད་གཏོང་རྒྱུའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་དང་གནམ་གཤིས་ཐོན་ཁུངས་ཀྱི་དོ་དམ་སྲོལ་ཡིག་བཟོ་རྒྱུའི་སྔོན་གྲབས་ལས་དོན་ཡག་པོ་སྒྲུབ་རྒྱུ། གཉིས་ནི་ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་དམངས་འཚོའི་ཁྲིམས་བཟོ་མུ་མཐུད་མཐའ་འཁྱོངས་བྱེད་དགོས། སྲིད་གཞུང་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་ཁྲིམས་བཟོའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ནས་ཆེད་ལས་མཁས་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གོ་རིམ་ལྡན་པའི་ངང་ཐེ་ཞུགས་བྱེད་རྒྱུར་ཁྲིད་སྟོན་བྱས་ཐོག མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི། དེ་བཞིན་ཆེད་དོན་ཨུ་ལྷན་དང་། ལས་དོན་ཨུ་ལྷན། མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ནས་བརྟག་ཞིབ་བྱས་ཏེ་རིགས་སྒྲུབ་ཁུངས་སྐྱེལ་བྱེད་པ་དང་། བསམ་འཆར་བསྡུ་ལེན་བྱེད་པ། ཁྲིམས་སྲོལ་འཆར་ཟིན་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་ཏེ་ཞིབ་བཤེར་གྲོས་ཞིབ་བྱེད་པའི་འགག་སྒོ་དམ་སྲུང་གིས་ཁྲིམས་སྲོལ་རིགས་གོང་ཁྲིམས་དང་འཚམ་མཐུན་ཐུབ་པ་དང་། ཁྱད་ཆོས་མངོན་པ། ཚན་རིག་དང་མཐུན་ཞིང་གོ་ཆོད་པ་བཅས་བྱེད་དགོས། གསུམ་ནི་ཁྲིམས་སྲོལ་གཙང་བཤེར་བྱེད་རྒྱུ་དམ་འཛིན་ནན་ཏན་བྱེད་དགོས། སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱིས་བཟོ་འབེབས་བྱས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཙང་བཤེར་བྱེད་པ་དང་། ཁྲིམས་བཟོ་བྱས་རྗེས་ཀྱི་ཚོད་སྐོར་ཚོད་ལྟའི་ལས་དོན་སྤེལ་ཏེ་ཁྲིམས་སྲོལ་བཟོ་བཅོས་དང་ཚགས་ཚུད་དུ་གཏོང་བ་དང་ཁྲིམས་བཟོའི་ལས་དོན་ལེགས་བཅོས་བྱེད་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་དགོས། བཞི་ནི་ཁྲིམས་སྒྱུར་ཞིབ་བཤེར་དང་བརྟག་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། ལྔ་ནི་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་བཟོ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་གང་མགྱོགས་བཟོས་ནས་ཁྲིམས་བཟོའི་རྣམ་གྲངས་འབྲེལ་མཐུད་བྱེད་རྒྱུར་མཐོང་ཆེན་བྱེད་པ་དང་སྔོན་གྲབས་ལས་དོན་ཁག་གང་ལེགས་སྒྲུབ་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ནས་ས་གནས་ཁྲིམས་བཟོའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་དགོས།

        གཉིས།     གལ་ཆེའི་བཀོད་སྒྲིག་ལ་དམ་པོར་བསྟུན་ནས་ལྟ་སྐུལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ།

        ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་དེ་བཞིན “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྩ་གནད་ལག་བསྟར་གཏིང་ཟབ་བྱེད་རྒྱུར་དམ་པོར་དམིགས་ནས། ལྗོངས་ཏང་ཨུད་ཀྱི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཚུལ་དང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་རིགས་ལྟ་སྐུལ་བྱ་ཡུལ་གཙོ་གནད་དུ་བརྩིས་ཐོག “གཞུང་གཅིག་ཁང་གཉིས ”ཀྱི་ལོ་འཁོར་དམིགས་ཚད་ལས་འགན་གཞིར་བཟུང་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་ལྟ་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། དེའང་གཅིག་ནི་དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འཆར་གཞི་དང་སྔོན་རྩིས་ཐད་ཀྱི་ལོ་སྟོད་ལག་བསྟར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་དང་རྩིས་བཤེར་ལས་དོན་སྙན་ཞུ་ཉན་ནས་གྲོས་ཞིབ་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་ངེས་རྩིས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ། ལོ་སྟོད་དང་ལོ་ཧྲིལ་པོའི་དཔལ་འབྱོར་འདུ་འགོད་དང། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། ཞིང་འབྲོག་ཁུལ་གྱི་བསྒྱུར་བཅོས། དབུལ་སྐྱོར་གསར་སྤེལ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱེད་དགོས་པ་མ་ཟད་སྲིད་གཞུང་གི་འབྲེལ་ཡོད་ཆེད་དམིགས་ལས་དོན་སྙན་ཞུ་ཉན་རྒྱུ། གཉིས་ནི་དམིགས་སུ་བཀར་ནས་སྤྱི་ཚོགས་བྱ་གཞག་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ཀྱི་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་ཚུལ་དང་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་སྤེལ་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱེད་རྒྱུ་མ་ཟད་སྲིད་གཞུང་གི་འབྲེལ་ཡོད་ཆེད་དམིགས་ལས་དོན་སྙན་ཞུ་ཉན་རྒྱུ་དང་། རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག འདེམས་བསྐོའི་བཅའ་ཁྲིམས་དང་དེའི་ལག་བསྟར་ཞིབ་སྲོལ་སོགས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་། མཐོ་རིམ་སློབ་གསོའི་བཅའ་ཁྲིམས། གྲོང་ཁྱེར་གྱི་མི་རིགས་ལས་དོན་སྲོལ་ཡིག་སོགས་ལ་ཁྲིམས་སྒྱུར་བརྟག་ཞིབ་བྱེད་རྒྱུ། གསུམ་ནི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ལྟ་སྐུལ་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ། ཀྲུང་ཧྭ་ཡི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དུས་རབས་ལས་སྒོ་སྤེལ་རྒྱུའི་བརྟག་ཞིབ་བྱས་ནས་2011ལོའི་བྱེད་སྒོའི་ནང་ཞིབ་བཤེར་ཤེས་རྟོགས་བྱུང་བའི་གནད་དོན་རིགས་བཅོས་སྒྲིག་བྱས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་རྒྱུ། བཞི་ནི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྙན་དཔོད་ཞིབ་བཤེར་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ལོ་ལྔའི་རིང་བཏོན་པའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་དབྱེ་གསེས་གཙང་བཤེར་བྱས་ནས་ཚད་ལྡན་ཡིག་ཆ་ཡོད་ཕྱིན་ངེས་པར་དུ་སྙན་དཔོད་ཞུ་བ་དང་སྙན་དཔོད་ཞུས་ཕྱིན་ངེས་པར་དུ་ཞིབ་བཤེར་ཐུབ་པ་བྱེད་རྒྱུ། མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན་དང་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་མཛུབ་ཁྲིད་བྱས་ནས་ཚད་ལྡན་རང་བཞིན་གྱི་ཡིག་ཆར་སྙན་དཔོད་ཞིབ་བཤེར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ། ལྔ་ནི་ཆེད་དོན་འདྲི་རྩད་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། ཆེད་དོན་འདྲི་རྩད་གྱི་རྩ་འཛུགས་གོ་རིམ་ཚད་ལྡན་བཟོས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་ལས་དོན་སྤེལ་ཚུལ་གཙོ་གནད་དུ་བཟུང་ནས་ཆེད་དོན་འདྲི་རྩད་བྱེད་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད་གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་འདྲི་རྩད་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱེད་རྒྱུ།

        གསུམ། འཐུས་མིའི་ལས་དོན་ཡག་པོ་བསྒྲུབས་ནས་གཞི་རིམ་མི་དམངས་འཐུས་ཚོགས་སྐབས་བརྗེའི་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ།

        ཀྲུང་དབྱང་གི [2005]ཡིག་ཨང་9པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འཐུས་མིའི་གཙོ་རྐང་གནས་བབ་ལ་གཡོ་འགུལ་མི་གཏོང་བར་མཐའ་འཁྱོངས་ཀྱིས་འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ཏན་ཏིག་བྱས་ནས་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེཌ་བྱེད་དགོས། དེའང་གཅིག་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞོགས་འདེགས་ཀྱིས་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱི་ནང་དུ་སློབ་སྦྱོང་སྦྱོང་བརྡར་དང་ལྟ་སྐོར་རྟོག་ཞིབ་བྱེད་རྒྱུའི་བྱེད་སྒོ་སྤེལ་དགོས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པར་སྦྱོང་བརྡར་སྤྲོས་རྒྱུ་མུ་མཐུད་དམ་འཛིན་བྱས་ཐོག གྲོང་ཁྱེར་དང་རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འགན་འཁུར་མ་ཐག་གི་སྦྱོང་བརྡར་སྤྲོས་རྒྱུ་དམ་འཛིན་བྱེད་པར་གཙོ་གནད་དུ་མཛུབ་ཁྲིད་བྱས་ཏེ་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། གཉིས་ནི་ཚོགས་འདུ་གྲོལ་བའི་རིང་འཐུས་མིའི་བྱེད་སྒོ་ཧུར་ཐག་སྤེལ་ནས་འཐུས་མི་གདན་ཞུས་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཆེད་དོན་ཨུ་ལྷན་གྱི་ཚོགས་འདུ། ལས་དོན་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན་གྱི་ཚོགས་འདུ་བཅས་ལ་ཟུར་ཞུགས་བྱེད་རྒྱུ་དང་། ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ། ཁྲིམས་བཟོའི་རིགས་སྒྲུབ་ཁུངས་སྐྱེལ་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུ་མཐའ་འཁྱོངས་བྱས་ཐོག ཆེད་དོན་རྟོག་ཞིབ་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་ས་གནས་ཀྱི་རྒྱལ་ཁབ་བྱ་བར་དོ་དམ་བྱེད་པའི་ནང་ཧུར་ཐག་ཞུགས་དགོས། གསུམ་ནི་ཞབས་ཞུ་སྒྲུབ་སྟངས་སྔར་བས་ལེགས་བཅོས་བྱེད་པ་དང་། འགན་སྲུང་བྱ་ཐབས་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འཐུས་མིའི་འགན་ནུས་སྒྲུབ་རྒྱུར་ཆ་རྐྱེན་ཧུར་ཐག་སྐྲུན་དགོས། གཞི་རིམ་མི་དམངས་འཐུས་ཚོགས་ལ་རྒྱབ་སྐྱོར་བྱས་ནས “འཐུས་མིའི་ཁྱིམ་གཞིས ”ཡག་པོ་བཙུགས་ཏེ་འཐུས་མིར་སློབ་སྦྱོང་སྤེལ་རེས་དང་ཁྲིམས་བཞིན་འགན་འཁྲི་སྒྲུབ་རྒྱུར་ལས་ཡུལ་མཁོ་འདོན་བྱེད་དགོས། འཐུས་མིའི་བྱེད་སྒོའི་འགྲོ་གྲོན་འགན་ལེན་དང་ཡོང་འབབ་གཏན་འཇགས་མེད་པའི་འཐུས་མིའི་ལས་ཐེབས་ཆག་པར་ཁ་གསབ་རོགས་དངུལ་སྤྲོད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་མཐུན་སྦྱོར་བྱེད་དགོས། བཞི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་རིང་འཐུས་མིས་བཏོན་པའི་གྲོས་གཞི་དང་། གྲོས་འཆར། སྐྱོན་བརྗོད། བསམ་འཆར་བཅས་ལ་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྐབས་འདིའི་ཚོགས་ཟིན་པའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་བཞིའི་རིང་གི་འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་གཉེར་སྒྲུབ་དོན་འཁྱོལ་བྱས་ཚུལ་ལ་གཞུག་འདེད་ཞིབ་བཤེར་བྱས་ནས་གཉེར་སྒྲུབ་དོན་འཁྱོལ་བྱེད་པའི་སྤུས་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

        ད་ལོ་རང་ལྗོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་སྐབས་བརྗེ་རྒྱུ་ཡིན་པས་དེ་ནི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་རེད། གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། བྱ་བ་ཁྲིམས་ལྟར་ནན་སྒྲུབ་བྱེད་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་འདེམས་བསྐོའི་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་ལག་ལེན་བསྟར་ཐོག འདེམས་བསྐོ་ཨུ་ལྷན་སྒྲིག་འཛུགས་དང་། འདེམས་ཁུལ་ཁག་དབྱེ། འཐུས་མིའི་མིང་སྐལ་བགོ་འགྲེམས། འདེམས་དམངས་ཐོ་འགོད། འདེམས་དམངས་ཚོགས་ཆུང་གིས་འཐུས་མིའི་འོས་མིའི་མཚན་ཐོར་གྲོས་བསྡུར་གྲོས་མོལ། འཐུས་མིའི་འོས་མི་འོས་སྦྱོར་དང་ངོ་སྤྲོད། འདེམས་དམངས་སྒྲིག་འཛུགས་ཀྱིས་འདེམས་ཤོག་འཕེན་པ་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཏེ་འཐུས་མིའི་བྱང་ཚད་ལ་སྣང་ཆེན་བྱས་ཐོག འཐུས་མིའི་རྒྱ་ཁྱབ་རང་བཞིན་དང་། འཐུས་ཚབ་རང་བཞིན། སྔོན་ཐོན་རང་བཞིན་བཅས་འགན་ལེན་ཐུབ་པ་བྱས་ནས་ཏཱ་ལ་རུ་ཚོགས་དང་ཁྲིམས་འགལ་པས་འཕུང་དཀྲུག་གཏོར་བཤིག་གཏོང་རིགས་ལ་འགོག་ཟོན་གྱིས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ཁག་ཁྲིམས་ལྟར་དམངས་གཙོའི་ཐོག་ནས་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་འཐུས་མིའི་འདེམས་བསྐོའི་ལས་དོན་ཁྲིམས་ལུགས་གཞིར་བཟུང་ཡག་པོ་སྒྲུབ་དགོས།

        བཞི། བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བོད་འབྲེལ་ཕྱི་དོན་ལས་ཀ་ཁག་གཏིང་ཟབ་སྤེལ་རྒྱུ།

        ཏཱ་ལ་རུ་ཚོགས་ལ་འཐབ་རྩོད་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་མི་དམངས་འཐུས་ཚོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་སྒྲུབ་དགོས། ཆོས་ལུགས་བྱ་བའི་སྐོར་གྱི་སྲོལ་ཡིག་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་སྤྲུལ་ཡང་སྲིད་ཀྱི་དོ་དམ་བྱ་ཐབས་ལག་བསྟར་བྱས་ཚུལ་དང་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གཏན་འཁེལ་བྱས་པའི་རྩ་བ་བཅོས་སྐྱོང་གི་ཇུས་གཞི་དང་གལ་ཆེའི་འཐབ་ཇུས་དོན་འཁྱོལ་བྱེད་རྒྱུར་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུར་ཤུགས་བརྒྱབ་ཐོག ཏཱ་ལ་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་ཉེས་དོན་ཉེས་གསོག་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུ་དང་། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་རྒྱུ། ཡིག་འབུལ་ཞུ་བཅར་ལས་ཀ་ལེགས་བཅོས་བྱས་ནས་སྤྱི་ཚོགས་འགལ་བ་ཞི་སེལ་གྱིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་ཀྱི་བདེ་འཇགས། བོད་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ལྗོངས་ཡོངས་ཀྱི་ཕྱི་དོན་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གཞུང་གི་སྙན་ཞུ་ཉན་ཐོག མཐའ་འཁོར་རྒྱལ་ཁབ་དང་། གཙོ་གནད་རྒྱལ་ཁབ། གཙོ་གནད་མི་སྣ་བཅས་ཀྱི་ལས་དོན་ཡག་པོ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། མཛའ་མཐུན་རྒྱལ་སྤྱིའི་རྩ་འཛུགས་དང་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཕྱིར་སྡོད་བོད་རིགས་སྤུན་ཟླ་ཚུད་པའི་ཕྱིར་སྡོད་ཀྲུང་གོ་བའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་སྤྱི་རྒྱལ་ནང་གི་དོན་ཆེན་གཉིས་ལ་གཅིག་གྱུར་བསམ་གཞིགས་ཀྱིས་བོད་འབྲེལ་གྲོས་ཚོགས་ཀྱི་ཕྱི་དོན་ལས་ཀ་ཧུར་ཐག་བསྒྲུབས་ནས། རྒྱལ་སྤྱིའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཏཱ་ལ་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་གི་བྱེད་སྒོ་སྤེལ་ཡུལ་མཐའ་ལ་གཅུར་བཀག་བཏང་ནས་བོད་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་བའི་རྒྱལ་སྤྱིའི་ཁོར་ཡུག་ཅིག་ཧུར་ཐག་སྐྲུན་དགོས།

        ལྔ། དམངས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་ཟབ་ཏུ་བཏང་ནས་ལས་ཀའི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་གཏོང་རྒྱུ།

        རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱས་ནས་བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། མུ་མཐུད་དེ་ལས་བྱེད་པར་སྦྱོང་བརྡར་སྤྲོས་རྒྱུར་མཐོང་ཆེན་བྱེད་པ། ལས་ཁུངས་ཀྱི་ནུས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་ལ་ཞབས་ཞུ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། མི་དམངས་ཀྱི་ཁེ་ཕན་ནི་མཐའ་དག་ལས་ལྷག་པའི་བསམ་བློ་རྒྱུན་འཁྱོངས་ཀྱིས་ཁྲིམས་བཟོ་དང་ལྟ་སྐུལ་སོགས་ཀྱི་ལས་དོན་སྤེལ་བའི་ཐོག་ནས་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པ་དང་མང་ཚོགས་ཀྱིས་གླེང་ཆ་ཆེ་བའི་དཀའ་གནད་དང་གནད་དོན་རིགས་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཆེས་རྒྱ་ཁྱབ་དང་། ཆེས་བློ་འགེལ་ཆོག་པ། ཆེས་སྲ་ཞིང་བརྟན་པ་བཅས་ཀྱི་མང་ཚོགས་ཀྱི་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡོང་བ་བྱེད་དགོས། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཏེ་རྨང་གཞི་སྲ་བརྟན་དང་། གོང་འཕེལ་ཡོང་ཐབས། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་རྒྱུར་ཤུགས་གང་ཆེ་བརྒྱབ་ནས་ལྗོངས་ཏང་ཨུད་ཀྱིས་དཀྲིས་པའི་ལས་འགན་ཁག་ཡོངས་སུ་ལེགས་སྒྲུབ་ཐུབ་པ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་བློ་རིག་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་དང་མི་དམངས་འཐུས་ཚོགས་ས་གནས་ལས་དོན་ཨུ་ལྷན། གྲོང་ཁྱེར་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་འབྲེལ་ཡོད་སྡེ་ཚན། ཆེད་ལས་མཁས་པ་སོགས་ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་མཐུན་སྦྱོར་ཐུབ་པ་བྱས་ནས་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་བཏོན་པའི “ནན་པོ་དང་། ཞིབ་ཚགས། གཏིང་ཟབ། དངོས་བདེན ”བཅས་ཀྱི་བླང་བྱ་གཞིར་བཟུང་ལས་ཀའི་སྤྱོད་ཚུལ་འགྱུར་ལྡོག་སྔར་ལས་ལྷག་པ་བཏང་སྟེ་ལས་དོན་དོན་འཁྱོལ་དམ་འཛིན་བྱས་ནས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་ཡོང་བའི་འབད་བརྩོན་བྱེད་དགོས།

        འཐུས་མི་རྣམ་པ། ད་ལོ་ནི་སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱི་འགན་འཁུར་ཡུན་གྱི་ལོ་མཇུག་མ་དེ་ཡིན་ཞིང་། “འགོ་འཛུགས་པ་ལས་སླ་ཡང་། མཇུག་བསྡུ་བ་ཁག་པོ་ཡོད་པས ” ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ལེགས་སྐྱེས་གང་ཡོད་ཕུལ་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས།

        (ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང་། )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།