དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འཐུས་མི་རྣམ་པ།

        རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་འདི་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་དང་སྦྲགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

        གཅིག 2011ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

        2011ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་འགོ་ཚུགས་པའི་ལོ་ཞིག་རེད། འགོ་འཛུགས་ས་གསར་པ་ཞིག་གི་ཐོག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་བསུ་བ་ཞུས་ཡོད། རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཪྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་དཔལ་འབྱོར་གྱི་ཁོར་ཡུག་མདུན་དུ “བསྒྱུར་བཅོས་ལ་དམ་འཛིན་དང་། གོང་འཕེལ་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། དངུལ་ལོར་འགྲེམས་ཐལ་ཤོར་བར་ཚོད་འཛིན ”བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུ་དང་། ལམ་བཤངས་གསར་གཏོད། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཡོང་རྒྱུར་ནོར་སྲིད་ནས་འགན་སྲུང་སྟོབས་དང་ལྡན་པ་ཞིག་བྱས་པར་བརྟེན་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཡག་པོ་བྱུང་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་ནི། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་སྤྱིའི་འབྱོར་སྟོབས་སྒོར་ཁྲི་5,319,760.3བཀོད་སྒྲིག་བྱས་ཡོད། དེའི་ནང་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི 421,444ཡིན་པ་དང་། ཀྲུང་དབྱང་གིས་ཁ་གསབ་རོགས་དངུལ་གནང་བའི་ཡོང་འབབ་སྒོར་ཁྲི་3,548,369.1ཡིན་པ། ལོ་གོང་མའི་འཕྲོས་སྒྱུར་ཡོང་འབབ་སྒོར་ཁྲི་1,349,947.2ཡིན། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི་5,319,760.3སོང་ཡོད་པས་ལོ་དེ་གའི་གཏོང་ཡོང་མགོ་ཐུག་བྱུང་ཡོད། 2011ལོར་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་སྒོར་ཁྲི་119,442.8བཀོད་སྒྲིག་བྱས་ཡོད། ལོ་འཁོར་གྱི་སྔོན་རྩིས་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ནང་འབྱོར་སྟོབས་འགྱུར་བ་འགྲོ་ཚུལ་ལ་གཞིགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་མོས་མཐུན་ཐོབ་པ་བརྒྱུད། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་ཡོང་དེ་སྒོར་ཁྲི་7,694,128.4ལ་བཟོ་སྐྱོར་བྱས་ཡོད་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་དེ་སྒོར་ཁྲི་198,082.8ལ་བཟོ་སྐྱོར་བྱས་ཡོད།

        སྔོན་རྩིས་དོན་འཁྱོལ་བྱས་འབྲས་ནི། རང་སྐྱོང་ལྗོངས་ནོར་སྲིད་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་8,882,627ཡིན་པ་དེ་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་3,562,867གྱིས་མང་བ་ཡོད་པས་67%འཕར་ཡོད་པ་དང་། འགྱུར་གཏོང་སྔོན་རྩིས་འབྱོར་སྟོབས་ལས་སྒོར་ཁྲི་1,188,499ཡིས་མང་བ་ཡོད་པས་15.4%འཕར་ཡོད། དེའི་ནང་ནས་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་546,916བྱུང་ཡོད་པ་དེ་སྔོན་རྩིས་ཀྱི་129.8%ཡིན་པས་ལོ་གོང་ལས་སྒོར་ཁྲི་180,443གྱིས་མང་བ་ཡོད་པས་49.2%འཕར་ཡོད་པ་དང་། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་7,500,434སོང་ཡོད་པ་དེ་ལོ་གོང་མའི་ངེས་རྩིས་གཏོང་སྒོ་ལས་སྒོར་ཁྲི་1,990,072ཀྱིས་མང་བ་སོང་ཡོད་པས་36.1%འཕར་ཡོད། གོང་འཕོས་གཏོང་སྒོ་སྒོར་ཁྲི་2,367ཡིན་པ་བཅས་གཏོང་ཡོང་མགོ་ཐུག་བཏང་བའི་ཐོག་ཕྱི་ལོར་འཕྲོས་སྒྱུར་བྱས་པའི་གཏོང་སྒོ་སྒོར་ཁྲི་1,376,677འཐེན་རྗེས་འགྲིལ་གསོག་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་43,823ཡོད་པ་དང་ལོ་དེ་གར་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་3,149བྱུང་ཡོད་ཅིང་། དེའི་ནང་ནས་རང་སྐྱོང་ལྗོངས་རིམ་པའི་ལོ་དེ་གའི་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་2,726ཡོད་པ་དང་། ས་གནས་དང་རྫོང་རིམ་པའི་ལོ་དེ་གའི་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་423ཡོད་པ་བཅས་གཏོང་ཡོང་མགོ་ཐུག་བྱུང་ཁར་ལྷག་འཕྲོས་ཕྲན་བུ་ཡོད།

        སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འབྱོར་སྟོབས་སྒོར་ཁྲི་285,561ཡིན་ཞིང་། དེའི་ནང་ནས་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་འབབ་སྒོར་ཁྲི་97,664བྱུང་བ་དང་། ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་151,975སོང་ཡོད། གཏོང་ཡོང་མགོ་ཐུག་བཏང་རྗེས་འཕྲོས་ལྷག་མ་དངུལ་སྒོར་ཁྲི་133,586ཕྱི་ལོར་མུ་མཐུད་བེད་སྤྱོད་གཏོང་རྒྱུར་འཕྲོས་སྒྱུར་བྱས་ཡོད།

        གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ཐད་ས་གནས་ཀྱི་ནོར་སྲིད་ངེས་རྩིས་ཕྱོགས་བསྡུས་བྱས་རྗེས་འགྱུར་བ་ཕྲན་བུ་ཡོང་སྲིད།

        2011ལོའི་ལྗོངས་ཡོངས་ཀྱི་སྔོན་རྩིས་དོན་འཁྱོལ་དང་ནོར་སྲིད་ལས་དོན་གྱི་གཙོ་བོའི་བྱ་ཐབས་དང་ཕན་ནུས།

        (གཅིག ) སྔོན་རྩིས་དོན་འཁྱོལ་བྱེད་རྒྱུར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་རྩིས་ལས་འགན་གྱི་དམིགས་ཚད་ཡོངས་སུ་ལེགས་སྒྲུབ་བྱས་པ།

        ས་གནས་ཀྱི་ནོར་སྲིད་ཡོང་འབབ་རྒྱུན་མཐུད་བརྟན་པོའི་ངང་འཕར་བ། ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་50ལས་བརྒལ་ཏེ་ནོར་སྲིད་ཡོང་འབབ་ཀྱི་གཞི་ཁྱོན་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་ཐུབ་པ་བྱུང་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི་440,109བྱུང་བས་74.1%འཕར་ཡོད་པ་དེ་སྤྱིའི་ཡོང་འབབ་ཀྱི་80.5%ཟིན་ཡོད་པ་དང་། སྲིད་གཞུང་གི་ཁྲལ་མིན་ཡོང་འབབ་སྒོར་ཁྲི་106,807བྱུང་བས་6%ཆག་པ་དེ་སྤྱིའི་ཡོང་འབབ་ཀྱི་19.5%ཟིན་ཡོད། ཁྲལ་བསྡུའི་ཡོང་འབབ་དང་ཁྲལ་མིན་ཡོང་འབབ་ཀྱི་བསྡུར་ཚད་དེ་8:2ཡིན་ཞིང་། ལྗོངས་ཡོངས་ཀྱི་ནོར་སྲིད་ཡོང་སྒོའི་སྤུས་ཚད་སྔར་བས་མཐོ་རུ་སོང་བ་དང་ཡོང་འབབ་ཀྱི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱུང་ཡོད།

        གཙོ་གནད་གཏོང་སྒོར་འགན་སྲུང་ནུས་ལྡན་བྱས་པ། 2011ལོར་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་ནོར་སྲིད་གཏོང་སྒོའི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྱུར་བྱས་ཏེ་གཙོ་གནད་གཏོང་སྒོའི་དགོས་མཁོ་འགན་སྲུང་བྱས་ཤིང་། ལྗོངས་ཡོངས་ཀྱི་ཞིང་ནགས་ཆུ་བཅས་ཀྱི་ལས་སྒོར་གཏོང་སྒོ་སྒོར་ཁྲི་1,199,212བཏང་བས་34.6%འཕར་བ་དང་། སློབ་གསོའི་ཐད་གཏོང་སྒོ་སྒོར་ཁྲི་700,920བཏང་བས་15.3%འཕར་བ། ཚན་རིག་ལག་རྩལ་ཐད་གཏོང་སྒོ་སྒོར་ཁྲི་32,115བཏང་བས་18.5%འཕར་བ། རིག་གནས་ལུས་རྩལ་དང་མཚམས་སྦྱོར་ཐད་གཏོང་སྒོ་སྒོར་ཁྲི་156,454བཏང་བས་25.4%འཕར་བ། སྨན་བཅོས་འཕྲོད་བསྟེན་ཐད་གཏོང་སྒོ་སྒོར་ཁྲི་358,855བཏང་བས་12%འཕར་བ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་གཏོང་སྒོ་སྒོར་ཁྲི་474,616བཏང་བས་48.7%འཕར་བ། སྡོད་ཁང་འགན་སྲུང་ཐད་གཏོང་སྒོ་སྒོར་ཁྲི་555,732བཏང་བས་ལྡབ་4.3འཕར་བ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐད་གཏོང་སྒོ་སྒོར་ཁྲི་148,785བཏང་བས་26.4%འཕར་བ། སྤྱི་པའི་བདེ་འཇགས་ཐད་གཏོང་སྒོ་སྒོར་ཁྲི་460,906བཏང་བས་11.5%འཕར་བ་བཅས་ཡིན། གོང་གསལ་གཏོང་སྒོ་རྣམས་ཀྱི་ལྗོངས་ཡོངས་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད་54.5%ཟིན་ཡོད་པ་དང་། ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.4མཐོ་རུ་སོང་ཡོད་པས་གཏོང་སྒོའི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱུང་ཡོད།

        (གཉིས )གཞི་ཆེའི་སྟངས་འཛིན་བྱེད་པའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

        གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། 2011ལོར་རང་ལྗོངས་ཀྱི་ནོར་སྲིད་རང་བཞིན་གྱི་གཞི་རྩའི་འཛུགས་སྐྲུན་ཐད་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་1,669,319དོན་འཁྱོལ་བྱས་ཡོད་པ་དེ་ན་ནིང་ལས་སྒོར་ཁྲི་255,378མང་བ་ཡོད་པས་18.1%འཕར་ཡོད་ཅིང་། དེའི་ནང་མ་དངུལ་སྒོར་ཁྲི་540,953དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་གཞུང་ལམ་དང་། གྲུ་ཁ། ཉེན་ཆེའི་ཟམ་པ་བཅས་བཟོ་བཅོས་རྒྱག་རྒྱུ་དང་གཞུང་ལམ་ཤར་གཏོང་དང་བདེ་སྲུང་གི་ལས་གྲྭའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་75,486དོན་འཁྱོལ་བྱས་ནས་ཁང་གླ་ཁེ་བའི་སྡོད་ཁང་2,000དང་། སྤྱི་པའི་བོགས་གཏོང་སྡོད་ཁང་1,200 ལས་ཤག་5,700བཅས་རྒྱག་རྒྱུ་དང་། གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁག་2,985ལ་བཟོ་བཅོས་རྒྱག་རྒྱུ། གཞུང་ཁོངས་བཟོ་གཏེར་ཁེ་ལས་ཀྱི་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁག་938ལ་བཟོ་བཅོས་རྒྱག་རྒྱུ། གཞུང་ཁོངས་ནགས་རའི་ཉེན་ཆེའི་ཁང་གོག་800བཟོ་བཅོས་རྒྱག་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། གྲོན་དངུལ་སྒོར་ཁྲི་69,000དོན་འཁྱོལ་བྱས་ནས་འགྲིམ་འགྲུལ་དང་། ཆུ་བེད། དམངས་སྤྱོད་མཁའ་འགྲུལ་སོགས་གཙོ་གནད་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀར་རྒྱབ་སྐྱོར་བྱས་ཡོད། གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི་229,753སྔ་འདོན་བྱས་ཏེ་འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་Dརིམ་ཉེན་ཆེའི་ཁང་པ་བཟོ་བཅོས་རྒྱག་རྒྱུ་དང་། ལྷ་ས་སྣེའུ་གྲོང་གསར་གྱི་དུས་རབས་ལམ་ཆེན་སྣུར་བསྲིང་ལས་གྲྭ ལྷ་ས་གོང་དཀར་གནམ་ཐང་གི་འཕུར་སྐྱོད་ཁུལ་བཟོ་བཅོས་རྒྱག་རྒྱུ། གེགས་སེལ་དངོས་གསོག་མཛོད་ཁང་སོགས་གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་དང་དེ་བཞིན་ཆུ་གློག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཁབ་ནས་མ་འཇོག་བྱས་པའི་མ་དངུལ་སྒོར་ཁྲི་29,000དོན་འཁྱོལ་བྱས་ནས་ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་བཅོས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པར་རྣམ་གྲངས་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། མ་དངུལ་སྒོར་ཁྲི་4,719.6དོན་འཁྱོལ་བྱས་ནས་འགྲམ་འགག་སྒོའི་མེ་གསོད་རུ་ཁག་གི་ཞོར་འབྲེལ་ས་རུད་དང་ནགས་ཚལ་དོ་དམ་ས་ཚུགས་ནས་བཪྙན་འཕྲིན་ཁང་བར་གྱི་ས་དབྱིབས་གས་འགྱུར་སོགས་ས་གཤིས་གནོད་འཚེ་བཅོས་སྐྱོང་བྱེད་པའི་རྣམ་གྲངས་སྤེལ་ཡོད།

        ཐོན་ལས་དང་ཁེ་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། ཡུལ་སྐོར་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་ཁྲི་12,000དང་། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་ཁྲི་20,000ཐོན་ལས་དང་ཁེ་ལས་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་ཁྲི་50,000ཕྱི་ཕྱོགས་ཚོང་དོན་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་ཁྲི་4,660ཁེ་ལས་ལ་སྐུལ་ལྕག་བྱེད་པའི་མ་དངུལ་སྒོར་ཁྲི་5,536བཅས་དོན་འཁྱོལ་བྱས་ནས་འཐབ་ཇུས་འདེགས་སྐྱོར་གྱི་ཐོན་ལས་ལ་རོགས་སྐྱོར་དང་ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཀོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་པས་དགེ་སྟོབས་ཆེ་བའི་ཁྱད་ལྡན་ཐོན་ལས་དང་། གཙོ་རྟེན་ཐོན་ལས། དེ་བཞིན་ཕྱི་ཕྱོགས་ཚོང་དོན་བཅས་ལ་གོང་འཕེལ་མྱུར་པོ་བྱུང་ཡོད། དུས་ཐེངས་དང་པོའི་གཏེར་ཁའི་ཐོན་ཁུངས་ལ་བརྟག་དཔྱད་དང་དཔྱད་གདེང་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་15,105དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་གཙོ་གནད་གཏེར་འདུས་ཆེ་ཁུལ་ཁག་30དང་གཏེར་འདུས་ཆེ་སའི་གཏེར་ཁའི་ཐོན་ཁུངས་རྣམ་གྲངས་ཀྱི་རྨང་གཞིའི་རྩད་བཤེར་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ཧུར་ཐག་བྱས་ཏེ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་དང་མ་དངུལ་ཐད་ནས་འགན་སྲུང་བྱས་ཡོད།

        ནུས་རྒྱུ་བསྲི་ཚགས་དང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་འབྱུང་ཁམས་ལེགས་སྐྱོང་བཅས་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། ནུས་ཆེའི་གློག་བཞུའི་ཐོན་རྫས་མུ་མཐུད་ཁྱབ་གདལ་བཏང་སྟེ་ནུས་ཆེའི་གློག་བཞུའི་ཐོན་རྫས་ཁྲི་103ཁྱབ་གདལ་བཏང་ཡོད། མ་དངུལ་སྒོར་ཁྲི་5,950དོན་འཁྱོལ་བྱས་ཏེ་གྲོང་ཚོ་ཀུན་ཁྱབ་ཀྱི་དཔེ་མཚོན་ལས་གཞིའི་རྣམ་གྲངས་ལག་བསྟར་བྱེད་པའི་མྱུར་ཚད་མགྱོགས་སུ་བཏང་ཡོད། ལྷོ་ཁ་སྣ་དཀར་རྩེ་རྫོང་དང་། ནག་ཆུ་དཔལ་མགོན་རྫོང་གི “གསེར་ཉིའི ”ལས་གཞི་ལག་བསྟར་བྱེད་རྒྱུ་མགྱོགས་སུ་བཏང་ནས་ལྷོ་ཁ་ས་གནས་ཀྱི་གློག་མེད་པའི་མི་འབོར་14,000ལྷག་ཙམ་ལ་གློག་སྤྱོད་ཐུབ་པ་བཟོས་ཡོད། མ་དངུལ་སྒོར་ཁྲི་2,387དོན་འཁྱོལ་བྱས་ནས་ས་གནས (གྲོང་ཁྱེར )དྲུག་གི་ཆུ་འགོའི་ཁུལ་25ལ་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ལས་གཞི་ལག་བསྟར་བྱས་ཡོད། མ་དངུལ་སྒོར་ཁྲི་233,630དོན་འཁྱོལ་བྱས་ཏེ་རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཁ་གསབ་རོགས་དངུལ་དང་བྱ་དགའ་སྤྲོད་རྒྱུའི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ནགས་ཚལ་གྱི་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་མ་དངུལ་སྒོར་ཁྲི་76,364དོན་འཁྱོལ་བྱས་པས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་གླིང་དོ་དམ་སྲུང་སྐྱོབ་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་15,169ཟིན་ཡོད། མ་དངུལ་སྒོར་ཁྲི་9,611དོན་འཁྱོལ་བྱས་ཏེ་རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུའི་དུས་ཁག་གཉིས་པའི་ལས་གཞི་མུ་མཐུད་ལག་བསྟར་བྱས་ཡོད། གཙོ་གནད་ཁུལ་ཁོངས་ཀྱི་ནགས་གསོའི་མ་དངུལ་སྒོར་ཁྲི་42,360དོན་འཁྱོལ་བྱས་པ་དང་། རྨོ་བསྐྱུར་ནགས་གསོ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་6,199བཏང་བས་ལྗོངས་ཡོངས་ཀྱི་རྨོ་བསྐྱུར་ནགས་གསོ་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་25ཙམ་ཟིན་ཡོད།

        (གསུམ ) “ཞིང་གསུམ ”ཐད་ཀྱི་གཏོང་ཆ་མང་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

        ལྗོངས་ཡོངས་ཀྱི་ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་གཏོང་སྒོ་སྒོར་ཁྲི་1,199,212བཏང་བ་དེ་ལོ་གོང་མ་ལས་སྒོར་ཁྲི་308,147མང་དུ་སོང་ཡོད་པས་34.6%འཕར་ཡོད།

        ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་ལག་བསྟར་བྱེད་རྒྱུ་འགག་སྒྲོལ་བྱེད་སར་བརྩིས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ། མ་དངུལ་སྒོར་ཁྲི་101,400དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་དུད་ཚང་63,928ཀྱི་བདེ་འཁོད་ལས་གཞིའི་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས་པ་མ་ཟད། དུས་མཉམ་དུ་ཡོམ་ཟོན་བརྟན་སྐྱོར་ལག་བསྟར་བྱས་ཡོད། ཁ་གསབ་རོགས་དངུལ་སྒོར་ཁྲི་74,275དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་1,000ལ་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུའི་ལས་དོན་སྤེལ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཆ་རྐྱེན་ཟམ་མི་ཆད་པར་ལེགས་བཅོས་བྱས་ཡོད། མ་དངུལ་སྒོར་ཁྲི་4,000དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་ཁང་སའི་བདག་དབང་གཏན་འཁེལ་གྱི་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་སྤེལ་ཡོད།

        ཞིང་འབྲོག་ལས་ཀྱི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། ས་དཔྱད་ལུད་སྦྱོར་བྱས་ཏེ་ལུད་རྒྱག་པའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་ཁྲི་1,250དོན་འཁྱོལ་བྱས་ནས་འབྲུ་རིགས་ཐོན་ཁུལ་གཙོ་བའི་རྫོང་ཁག་35ཡི་འབྲེལ་ཡོད་ལས་དོན་གཙོ་གནད་དུ་འགན་སྲུང་བྱས་པ་དང་། མ་དངུལ་སྒོར་ཁྲི་33,600དོན་འཁྱོལ་བྱས་ནས་ལྗོངས་ཡོངས་སུ་རྫོང་ཁག་23ལ་ཞིང་ནང་ཆུ་བེད་ཆུང་གྲས་གཙོ་གནད་རྫོང་དང་ཆེད་དམིགས་ལས་གྲྭ་འཛུགས་སྐྲུན་བྱེད་རྒྱུ་ཁྱབ་སྤེལ་བཏང་བ། མ་དངུལ་སྒོར་ཁྲི་11,000དོན་འཁྱོལ་བྱས་ཏེ་ཞིང་འཕྲུལ་ཡོ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྤྲོད་པའི་ལས་དོན་སྤེལ་ཞིང་། 2011ལོ་ནས་བཟུང་འབྲོག་ལས་འཕྲུལ་ཆས་རིགས་ཕྱོགས་ཡོངས་ནས་ཁ་གསབ་སྤྲོད་ཁོངས་སུ་འཇུག་རྒྱུ་རེད།

        དབུལ་སྐྱོར་གསར་སྤེལ་བྱེད་རྒྱུ་བརྟན་པོའི་ངང་ཁྱབ་སྤེལ་བཏང་བ། མ་དངུལ་སྒོར་ཁྲི་81,337དོན་འཁྱོལ་བྱས་ཏེ་ཤང་80ཧྲིལ་པོར་ཁྱབ་གདལ་གཏོང་རྒྱུ་དང་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཁག་698ལག་བསྟར་བྱས་པས་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ཁྲི་23.8ལ་ཐད་ཀར་ཕན་པ་ཐོབ་ཡོད། མ་དངུལ་སྒོར་ཁྲི་33,470དོན་འཁྱོལ་བྱས་ཏེ་ཞིང་ལས་གསར་སྤེལ་གྱི་ས་ཞིང་བཅོས་སྐྱོང་རྣམ་གྲངས་ཁག་23དང་ཐོན་ལས་ཅན་གྱི་གཉེར་སྐྱོང་དང་སྡེ་ཚན་གྱི་རྣམ་གྲངས་33ལག་བསྟར་བྱས་ཡོད།

        ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་ཁྲི་20,000དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱས་པ་དང་། མ་དངུལ་སྒོར་ཁྲི་2,000དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་ཐོན་རྫས་བཟོ་སྣོན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ། མ་དངུལ་སྒོར་ཁྲི་2,000དོན་འཁྱོལ་བྱས་ནས་ཤང་གྲོང་ཁེ་ལས་དང་སྣེ་འདྲེན་ཁེ་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ། མ་དངུལ་སྒོར་ཁྲི་4,615དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་214ལ་རྒྱབ་སྐྱོར་དང་གསོ་སྐྱོང་བཅས་བྱས་ཡོད།

        ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་རྒྱུར་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་བ། མ་དངུལ་སྒོར་ཁྲི་34,776.2དོན་འཁྱོལ་བྱས་ནས་ལོ་ཏོག་དང་ཕྱུགས་རིགས་རྒྱུད་བཟང་གི་ཁ་གསབ་དང་འབྲུ་རིགས་འདེབས་མཁན་ཞིང་པར་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ནས་ཞིང་པའི་འབྲུ་རིགས་འདེབས་རྒྱུའི་ཧུར་སེམས་ཆེ་རུ་བཏང་བ་དང་། ཞིང་འབྲོག་ལས་ཐོན་འབབ་བརྟན་པོ་དང་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་5,700དོན་འཁྱོལ་བྱས་ཏེ་མི་ཐེངས་ཁྲི་13ལ་སྦྱོང་བརྡར་སྤྲས་ནས་ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་གོང་མཐོར་བཏང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལས་ཞུགས་ཁ་སྒྱུར་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གྲོང་གསེབ་ལ་གཏོང་བའི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཤིང་། འཛིན་ཆས་གྲོང་གསེབ་ཏུ་གཏོང་བའི་ཐོན་རྫས་ཀྱི་རིན་གོང་མཐོ་ཤོས་སྒོར་3,000ཡིན་པ་ནས་སྒོར་6,000དུ་མཐོ་རུ་བཏང་ཡོད། མ་དངུལ་སྒོར་ཁྲི་36,000དོན་འཁྱོལ་བྱས་ནས་ཞིང་འབྲོག་ལས་ཀྱི་འགན་བཅོལ་ཚོད་ལྟ་བྱེད་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་སྟེ་ལྗོངས་ཡོངས་ཀྱི་རྫོང་དང་། གྲོང་ཁྱེར། ཆུད་བཅས་ཚང་མར་འདེབས་ལས་དང་། གསོ་སྤེལ་ལས་རིགས། ཞིང་པའི་སྡོད་ཁང་། ཞིང་འཕྲུལ་བཅས་ཀྱི་འགན་བཅོལ་ལས་སྒོ་སྤེལ་ཡོད།

        (བཞི ) དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱས་ནས་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

        ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་ཁྲི 78,600དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་གཞུང་ལས་པ་གསར་པ་13,885ཡི་གླ་ཕོགས་དང་སྤྱི་སྤྱོད་འགྲོ་གྲོན་སོགས་ཀྱི་གཏོང་སྒོའི་དགོས་མཁོ་འགན་སྲུང་བྱས་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་15,700ཡིན་པ་ནས་20,000བར་མང་དུ་བཏང་ཡོད་པ་མ་ཟད། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཞུགས་བྱེད་མཁན་སློབ་ཆེན་ཐོན་པའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་ཡང་མཐོ་རུ་བཏང་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་ཚོད་ལྟའི་ལས་དོན་སྤེལ་འགོ་བརྩམས་པ་དང་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ཁྱོན་ཡོངས་ལ་ཁེབས་པ་བྱས་ཡོད། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཚད་གཞི་སྒོར་2,165ཡིན་པ་ནས་སྒོར་2,439ལ་སྤར་བ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ཀྱི་ཁ་གསབ་སྒོར་180ཡིན་པ་ནས་སྒོར་220ལ་སྤར་བ། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་330ཡིན་པ་ནས་སྒོར་360ལ་ལེགས་སྒྲིག་བྱས་པ། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ལོ་རེར་སྒོར་1,300ཡིན་པ་ནས་ལོ་རེར་སྒོར་1,450ལ་ལེགས་སྒྲིག་བྱས་ཡོད། “དུས་ཆེན་གསུམ ”རིང་མ་དངུལ་སྒོར་ཁྲི་10,193དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་བྲལ་ལས་འཁྱུར་མི་སྣ། གཟིགས་སྐྱོང་བྱ་ཡུལ། འགན་ལེན་ལྔའི་དུད་ཚང་བཅས་ལ་སྤྲོད་གཅིག་མའི་འཚོ་སྣོན་སྤྲད་ཡོད། མ་དངུལ་སྒོར་ཁྲི་3,019.4དོན་འཁྱོལ་བྱས་ཏེ་“59.3.28”གོང་དུ་ལས་ཀར་ཞུགས་མཁན་ལས་བྲལ་ལས་འཁྱུར་མི་སྣར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་སྤྲོད་གཅིག་མའི་འཚམས་འདྲིའི་དོད་དངུལ་སྤྲད་ཡོད། མ་དངུལ་སྒོར་ཁྲི་4,237དོན་འཁྱོལ་བྱས་ནས་དཀའ་ངལ་ཡོད་པའི་ཁེ་ལས་ཁུར་པོ་ཡང་དུ་གཏོང་རོགས་བྱས་ཏེ་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་ཡོད། ལས་ཞུགས་གནས་སྐབས་ཀྱི་འཚོ་བའི་རོགས་སྐྱོབ་ལམ་ལུགས་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་སྲུང་ལམ་ལུགས་བཙུགས་ཏེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་དང་ག་སྦྱར་མཉམ་སྒུལ་བྱེད་པའི་ལམ་སྲོལ་ཐོག་མའི་ཆར་བཙུགས་ཡོད་པ་དང་། “རྒྱ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐད་སྤྱི་ཚོགས་ནས་རོགས་སྐྱོབ་བྱེད་པའི་ཐེབས་རྩ ”དང་། “ཁྲིམས་ཁང་གི་ལག་བསྟར་བྱས་པར་རོགས་སྐྱོབ་བྱེད་པ ” “ཉེས་དོན་གྱི་གནོད་འཚེ་ཕོག་མཁན་ལ་རོགས་སྐྱོབ་བྱེད་པ ” “དམིགས་བསལ་དཀའ་གནད་ཆེ་བའི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞིའི་རོགས་སྐྱོབ་བྱེད་པ ” “ཁྲིམས་འབྲེལ་ཞུ་གཏུག་དང་འབྲེལ་བ་ཡོད་པའི་དོ་བདག་ལ་རོགས་སྐྱོབ་བྱེད་པ ”སོགས་ཀྱི་རོགས་སྐྱོབ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད།

        སློབ་གསོའི་བྱ་གཞག་སྔོན་དུ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོབ་བྱས་པ། མ་དངུལ་སྒོར་ཁྲི་107,800དོན་འཁྱོལ་བྱས་ཏེ་སློབ་ཞུགས་མ་བྱས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་ཁ་གསབ་རོགས་དངུལ་དང་། “འགན་ལེན་གསུམ ” དེ་བཞིན་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་སྐྱོར་རོགས་དངུལ་བཅས་སྤྲོད་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། ས་ཁུལ་རིགས་གཉིས་པ་དང་། རིགས་གསུམ་པ། རིགས་བཞི་པ་བཅས་སམ་ཡང་ན་མཐའ་མཚམས་རྫོང་ལ་ལོ་རེར་སློབ་མ་རེར་ཆ་སྙོམས་ཚད་གཞི་ཁག་སོ་སོར་སྒོར་2,200དང་། 2,3002,400བཅས་ཟིན་ཡོད་པས་སློབ་མ་ཁྲི་51.7ལ་ཕན་པ་ཐོབ་པ་དེ་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་སྤྱི་འབོར་གྱི་95%ཟིན་ཡོད། ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འགྲིམ་འགྲུལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྲིད་ཇུས་དང་མཐོ་རིམ་སློབ་འབྲིང་དུས་མཚམས་སུ་སློབ་ཡོན་ནར་གཏོང་གི་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ཡོད། མཐོ་རིམ་སློབ་ཆེན་གྱི་དགེ་འོས་དང་ཞིང་འབྲོག་ནགས་ཆུ་དང་ས་གཤིས་གཏེར་ལས་བཅས་ཆེད་ལས་ཚན་ཁག་གི་སློབ་ཡོན་ནར་གཏོང་བྱས་པའི་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་དེ་སྔའི་སྒོར་1,500ཡིན་པ་ནས་སྒོར་2,000ལ་སྤར་ཡོད། མ་དངུལ་སྒོར་ཁྲི་3,000དོན་འཁྱོལ་བྱས་ཏེ་སློབ་ཞུགས་མ་བྱས་གོང་གི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་དང་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱས་ཡོད། མ་དངུལ་སྒོར་ཁྲི་97,500དོན་འཁྱོལ་བྱས་པས་གྲོང་ཁྱེར་གྲོང་གསེབ་ཀྱི་འགན་བབས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་དང་སློབ་ཁྲིད་ཡོ་བྱད་དང་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡོངས་ཀྱི་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་ཁག་སོ་སོར་སྒོར་700དང་སྒོར་500ལ་སྤར་ཡོད། “གཞི་རྩའི་ཆ་གཉིས ”ཀྱི་རྒྱལ་བཤེར་རྩིས་ལེན་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་16,000དོན་འཁྱོལ་བྱས་ཏེ་འགན་བབས་སློབ་གསོའི་ཐད་ཀྱི་ཉམས་ཞན་ལྷུ་ཚིགས་ལེགས་བཅོས་ཤུགས་ཆེ་བྱས་པས “གཞི་རྩའི་ཆ་གཉིས ”ལ་རྒྱལ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད། མ་དངུལ་སྒོར་ཁྲི་6,265དོན་འཁྱོལ་བྱས་ནས་ས་གནས་དང་རྫོང་གི་ལས་རིགས་སློབ་གསོ་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། མཐོ་རིམ་སློབ་ཆེན་གྱི་སློབ་གསོ་བསྒྱུར་བཅོས་དང་ཚན་ཞིབ་རྣམ་གྲངས་སོགས་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་18,500དོན་འཁྱོལ་བྱས་པས་མཐོ་རིམ་སློབ་གསོའི་སློབ་གཉེར་སྤུས་ཚད་དང་ཆུ་ཚད་སྔར་བས་མཐོ་རུ་སོང་ཡོད། མཐོ་རིམ་སློབ་ཆེན་གྱི་བུ་ལོན་གཙང་སེལ་བཟོ་རྒྱུར་མ་དངུལ་སྒོར་ཁྲི་6,000དོན་འཁྱོལ་བྱས་པས་ལྗོངས་ཡོངས་ཀྱི་སློབ་ཆེན་ཡོངས་རྫོགས་ཀྱི་བུ་ལོན་གཙང་སེལ་བཟོ་རྒྱུའི་ལས་འགན་ལེགས་སྒྲུབ་བྱུང་ཡོད།

        སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་ཁྲི་62,921.7དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལག་བསྟར་བྱེད་པའི་ནང་ནོར་སྲིད་ནས་ཁ་གསབ་སྤྲོད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་180ཡིན་པ་ནས་མི་རེར་ཆ་སྙོམས་སྒོར་260བར་སྤར་རྒྱུ་དང་། མ་དངུལ་སྒོར་ཁྲི་8,105.3དོན་འཁྱོལ་བྱས་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་27ཡིན་པ་ནས་སྒོར་30 ལ་སྤར་རྒྱུ། མ་དངུལ་སྒོར་ཁྲི་12,770དོན་འཁྱོལ་བྱས་ནས་མི་20,200ལ་སྨན་བཅོས་རོགས་སྐྱོབ་བྱས་པ། མ་དངུལ་སྒོར་ཁྲི་1,124.3དོན་འཁྱོལ་བྱས་ནས་ཤང་གྲོང་16གི་འཕྲོད་བསྟེན་ཁང་གི་སྐོར་སྐྱོད་སྨན་བཅོས་མོ་ཊ་ཐག་གཅོད་བྱས་པ་དང་། འཕྲལ་མྱུར་སྐོར་སྐྱོད་སྨན་ཁང་ཨང་དང་པོ་དེ་བཙུགས་པ། མ་དངུལ་སྒོར་ཁྲི་4,409.4དོན་འཁྱོལ་བྱས་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལག་རྩལ་པའི་དཔུང་ཁག་འཛུགས་སྐྱོང་དང་འཕྲོད་བསྟེན་པར་སྦྱོང་བརྡར་སྤྲོས་རྒྱུར་རྒྱབ་སྐྱོར་བྱས་པ་དང་། གྲོང་ཚོའི་སྨན་པར་ཁ་གསབ་སྤྲོད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་འཕྲོད་བསྟེན་བྱ་གཞག་མཐུན་སྦྱོར་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་3,245.2དོན་འཁྱོལ་བྱས་ནས་སྨན་བཅོས་ཀྱི་ཚོང་ལས་འགན་བཅོལ་སྲིད་ཇུས་འཐུས་ཚང་དུ་བཏང་ནས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ལ་ཚོང་ལས་སྨན་བཅོས་འགན་བཅོལ་ཉོ་སྒྲུབ་བྱས་པ་དང་ཞིང་འབྲོག་ཁུལ་གྱི་ནད་གཞི་ཆེ་རིགས་ལ་ཁ་གསབ་སྤྲོད་པའི་སྨན་བཅོས་འགན་བཅོལ་ལམ་ལུགས་ལག་བསྟར་བྱས་ཡོད།

        རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་ཁྲི་3,185དོན་འཁྱོལ་བྱས་ནས་རྟེན་རྫས་བཤམས་སྟོན་ཁང་དང་། དཔེ་མཛོད་ཁང་། མང་ཚོགས་སྒྱུ་རྩལ་ཁང་། གཞི་རིམ་རིག་གནས་ཁང་དང་ས་ཚུགས་བཅས་རིན་མེད་སྒོ་མོ་འབྱེད་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་ཡོད། མ་དངུལ་སྒོར་ཁྲི་5,279དོན་འཁྱོལ་བྱས་ནས “བོད་ཤིན་ལས་གཞིར ”སྐུལ་སྤེལ་ཏན་ཏིག་བཏང་ཡོད། མ་དངུལ་སྒོར་ཁྲི་3,208དོན་འཁྱོལ་བྱས་ཏེ་དགོན་སྡེ (ཆོས་ལུགས་བྱེད་སྒོ་སྤེལ་གནས )573ལ་རླུང་འཕྲིན་བཪྙན་འཕྲིན་འཁྲིད་པའི་ལས་གཞི་དང་དགོན་སྡེ་480ལ་དཔེ་དེབ་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་དགོན་སྡེའི་ནང་སྔོན་ཐོན་རིག་གནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་1,114དོན་འཁྱོལ་བྱས་ནས་སྐུད་ཡོད་བཪྙན་འཕྲིན་གྲངས་འཛིན་ཅན་དུ་སྒྱུར་རྒྱུར་ཁྱབ་སྤེལ་ཇེ་མགྱོགས་སུ་བཏང་ཡོད། མ་དངུལ་སྒོར་ཁྲི་1,055དོན་འཁྱོལ་བྱས་ནས་གཞི་རིམ་གྱི་རླུང་འཕྲིན་བརྒྱུད་གཏོང་ས་ཚུགས་ཀྱི་སྒྲིག་ཆས་ཆ་རྐྱེན་ལེགས་སུ་བཏང་ཡོད། མ་དངུལ་སྒོར་ཁྲི་8,082དོན་འཁྱོལ་བྱས་ནས་གཙོ་གནད་རིག་དངོས་དང་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བྱེད་རྒྱུའི་ལས་གཞིར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་2,765དོན་འཁྱོལ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། ཚན་རྩལ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ། ཚན་རིག་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་རྒྱུར་མ་དངུལ་སྒོར་ཁྲི་15,000དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་སྒོར་ཁྲི་4,000མང་དུ་བཏང་ཡོད་པས་36%འཕར་ཡོད་ཅིང་། དེ་ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུ་དང་། ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུ། དེ་བཞིན་མཐོ་གསར་ལག་རྩལ་རྣམ་གྲངས་བཅས་ལ་རྒྱབ་སྐྱོར་བྱས་པ་དང་། ནས་དང་། ཞོག་ཁོག གཟན་རྩྭ། བོད་སྨན་ཐོན་ལས། གསེར་གཡག་ལས་གཞི། གསེར་ཉིའི་ལས་གཞི་སོགས་གཙོ་གནད་ཚན་རྩལ་རྣམ་གྲངས་ལག་བསྟར་བྱས་ཡོད། མ་དངུལ་སྒོར་ཁྲི་7,230དོན་འཁྱོལ་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་དང་རྫོང་སྟོབས་ཆེར་གཏོང་རྒྱུའི་ཆེད་དོན་བྱེད་སྒོ་དང་དེང་རབས་ཀྱི་ཞིང་ལས་ཐོན་ལས་ཀྱི་ལག་རྩལ་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཀྱི་ཚན་རྩལ་ཆུ་ཚད་མཐོ་རུ་འགྲོ་བ་བྱས་ཡོད།

        གེགས་འགོག་གེགས་སེལ་དང་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ། “9·18”ཀྱི་ས་ཡོམ་ཐོན་རྗེས་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མྱུར་དུ་བྱ་སྤྱོད་སྤེལ་བ་དང་། རང་འགུལ་མཐུན་སྦྱོར་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་དུས་ཐོག་ཏུ་བཟོས་ཏེ “དགོས་གཏུག་ཆེ་བའི་དོན་དག་འཕྲལ་མར་ཐག་གཅོད་བྱེད་པ་དང་། དམིགས་བསལ་གྱི་དོན་དག་ལ་དམིགས་བསལ་ཐག་གཅོད་བྱེད་པའི ”རྩ་དོན་གཞིར་བཟུང་ནོར་སྲིད་སྡེ་ཚན་ནས་གེགས་སེལ་མ་དངུལ “ཤར་གཏོང་བྱེད་ལམ ”བཟོས་ནས་མ་དངུལ་སྒོར་ཁྲི་54,781.4དོན་འཁྱོལ་བྱས་པས་ཡོམ་ཟོན་གེགས་སེལ་དང་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་གྱི་ལས་དོན་ནུས་པ་ལྡན་པ་དང་། ཕན་འབྲས་ཐོན་པ། གོ་རིམ་ལྡན་པ་བཅས་ཀྱི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།

        (ལྔ ) བརྟན་ལྷིང་སྲུང་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་བ།

        “སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ ”བཅས་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བརྩིས་ནས་ནོར་སྲིད་ཀྱི་མ་དངུལ་འགན་སྲུང་ཡག་པོ་བྱས་ཏེ་ཏང་གིས་གཞི་རིམ་དུ་སྲིད་སྐྱོང་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཤུགས་ཆེར་བཏང་བ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་རྒྱུར་འགན་སྲུང་བྱས་ཡོད།

        བརྟན་ལྷིང་སྲུང་སྐྱོང་གི་འགྲོ་གྲོན་འགན་སྲུང་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་བཏང་བ། སྲིད་ཁྲིམས་ཁོངས་གཏོགས་ཀྱི་2011ལོའི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་འགྲོ་གྲོན་དང་། གྱོད་གཞི (ལས་སྒོ )གཉེར་སྒྲུབ་བྱེད་རྒྱུའི་འགྲོ་གྲོན། གོ་མཚོན་གྱི་འགྲོ་གྲོན་བཅས་དུས་ཐོག་ཏུ་དོན་འཁྱོལ་བྱས་ཡོད། དྲག་ཆས་ཉེན་རྟོག་མེ་གསོད་དང་མཐའ་སྲུང་དཔུང་སྡེའི་འགྲོ་གྲོན་འགན་སྲུང་ལམ་སྲོལ་བཙུགས་པ་དང་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་པ། རང་སྐྱོང་ལྗོངས་ཀྱི་ནང་བསྟན་སློབ་ཆེན་གྱི་འགྲོ་གྲོན་དགོས་མཁོ་ཁག་འགན་སྲུང་བྱས་པ། ལྷ་ས་གྲོང་ཁྱེར་དུ་དམངས་ཕན་ཉེན་རྟོག་ལས་དོན་ས་ཚུགས་135དང་། ལྗོངས་ཡོངས་ཀྱི་དགོན་སྡེའི་མངགས་གཏོང་ཁང་དང་ཉེན་རྟོག་ལས་དོན་ཁང་བཅས་གསར་རྒྱག་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད།

        གཙོ་གྲས་བྱེད་སྒོའི་འགྲོ་གྲོན་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། རིམ་ཁག་སྲིད་ཁྲིམས་ལས་ཁུངས་དང་དྲག་ཆས་དཔུང་སྡེའི་བདེ་སྲུང་གི་ནུས་པ་ཆེ་རུ་བཏང་སྟེ་ཀྲུངགོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱས་ཡོད།

        (དྲུག ) མ་དངུལ་སྒྱུར་སྤྲོད་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བ།

        དོ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱ་སྔར་བས་ཆེ་རུ་བཏང་བ། ས་གནས་དབར་མ་གནས་ཀྱི་གྲངས་ཁྱད་སྔར་བས་ལེགས་སྒྲིག་བྱས་ཤིང་། 2011ལོར་རང་སྐྱོང་ལྗོངས་ཀྱིས་གཤམ་འོག་ལ་དོ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་པའི་འཕར་གྲངས་སྒོར་ཁྲི་180,000ཟིན་པས་འཕར་གྲངས་དེ་ལོ་རྒྱུས་ཀྱི་ཚད་མཐོ་ཤོས་སུ་སླེབས་ཡོད།

        གཞི་རིམ་སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་དང་སྤྱི་པའི་དོ་དམ་བྱེད་ནུས་ཆེ་རུ་བཏང་བ། མ་དངུལ་སྒོར་ཁྲི་20,840དོན་འཁྱོལ་བྱས་ནས་ཤང་གྲོང་གི “ཟ་ཁང་ཆུང་བ་དང་། འཁྲུ་ཁང་ཆུང་བ། དྲོད་ཁང་ཆུང་བ ”བཅས་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་གཞི་རིམ་ལས་བྱེད་ལས་བཟོའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཡོད། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུའི་ལས་དོན་ཁག་ལ་སྐུལ་སྤེལ་བཏང་སྟེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་ཀའི་འགྲོ་གྲོན་འགན་སྲུང་བྱེད་རྒྱུའི་ལམ་སྲོལ་བཙུགས་ཡོད། མ་དངུལ་སྒོར་ཁྲི་3,791དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་ཁག་8ཀྱི་སྲིད་འཛིན་གྲོང་ཚོ་13ལ་གྲོང་ཚོ་རིམ་པའི་སྤྱི་ཕན་བྱ་གཞག་གི “དོན་རེར་གྲོས་རེ ”བྱེད་པའི་ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་སྤྲོད་རྒྱུའི་ཚོད་ལྟ་བྱས་ཡོད།

        གྲོང་ཁྱེར་གྲོང་རྡལ་གྱི་བྱེད་ནུས་འཛུགས་སྐྱོང་ཐད་མ་དངུལ་སྒྱུར་སྤྲོད་ལམ་ལུགས་བཙུགས་པ། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་སྤྱི་པའི་ཞབས་ཞུར་འགན་སྲུང་བྱེད་པའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ་གྲོང་ཁྱེར་གྲོང་རྡལ་གྱི་བྱེད་ནུས་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་30,000དོན་འཁྱོལ་བྱས་ནས་ས་གནས (གྲོང་ཁྱེར )གནས་སའི་གྲོང་ཁྱེར་གྲོང་རྡལ་མཛེས་པོ་དང་། སྔོ་ལྗང་། དཀར་གསལ་བཅས་བཟོ་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད།

        མཐའ་མཚམས་ཁུལ་ལ་གཏོང་ཆ་མང་དུ་བཏང་བ། “ཀུན་ཕན་རང་བཞིན ”གྱི་མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་གསར་སྣོན་བྱས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པའི་ཤང་གྲོང་ཡོངས་ཀྱི་ཧྲིལ་ལོ་16ཡན (ཚུད )གྱི་མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲད་དེ་ཕྱོགས་ཡོངས་ལ་ཀུན་ཕན་དང་གཙོ་གནད་མངོན་ཆེར་འཛིན་རྒྱུ་ཕན་ཚུན་ཟུང་སྦྲེལ་བྱེད་པའི་མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་སྲོལ་བཙུགས་ཡོད། ཕྱོགས་མཚུངས་མཐའ་མཚམས་ས་ཁུལ་ལ་ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མཐའ་མཚམས་ས་ཁུལ་སྲུང་སྐྱོང་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག མཐའ་མཚམས་ས་ཁུལ་གྱི་དམངས་འཚོ་ལེགས་བཅོས་བྱས་ནས་མཐའ་མཚམས་ཚོང་དོན་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། 2011ལོར་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མཐའ་མཚམས་ས་ཁུལ་ལ་བཏང་བའི་མ་དངུལ་སྤྱི་འབོར་སྒོར་ཁྲི་37,673.6ཟིན་ཡོད།

        གྲུབ་འབྲས་ཁས་ལེན་བྱས་པ་དང་ཆབས་ཅིག་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་རང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་ཀྱི་དོ་དམ་ཐད་སྔར་བཞིན་འགལ་ཟླ་དང་གནད་དོན་མི་ཉུང་བ་ཡོད་པ་མཐོང་ཐུབ་པ་བྱེད་དགོས། དེའང་ནོར་སྲིད་ཀྱི་རང་ངོས་ནས་བལྟས་ན། ནོར་སྲིད་ཀྱི་ཡོང་འབབ་འཕར་ཤུགས་ཆེན་པོ་གཏན་འཁྱོངས་བྱེད་རྒྱུར་དཀའ་ངལ་ཆེ་ཙམ་ཡོད། གསར་སྣོན་གཏོང་སྒོའི་གཞི་གྲངས་ཆེ་བ་དང་མི་གཏོང་ཐབས་མེད་རང་བཞིན་ཆེ་བ། གཏོང་ཡོང་དོ་སྙོམས་ཡོང་བར་དཀའ་ངལ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། འབྱོར་སྟོབས་གཤམ་སྒྱུར་དང་དོན་དག་གཅོད་དབང་གོང་སྤོས་བྱེད་པའི་གནད་དོན་སྔར་བཞིན་གནས་པ་དང་། སྔོན་རྩིས་ལ་དོ་དམ་བྱེད་རྒྱུ་སྔར་བས་ཚད་ལྡན་དང་ཤུགས་སྣོན་རྒྱག་དགོས་པ། ནོར་དཔལ་གྱི་སྒྲིག་ཁྲིམས་ལས་འགལ་བ་དང་རྒྱས་སྤྲོས་ཆུད་ཟོས་བྱེད་པའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད། གཞི་རིམ་ནོར་སྲིད་ཀྱི་ནོར་དོན་དོ་དམ་ལ་ད་དུང་སྔར་བས་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། ང་ཚོས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་རྒྱལ་ཁ་ཐོབ་ངེས་ཀྱི་སེམས་ཤུགས་བརྟན་པོ་བཅངས་ཐོག་ཕན་ལྡན་གྱི་ཆ་རྐྱེན་གང་ལེགས་སྤྱད་ནས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་བཅག་སྟེ་རྒྱུ་ནོར་འཕེལ་བའི་རྩ་བ་མངོན་ཆེར་འཛིན་པ་དང་། རྒྱུ་ནོར་གསོག་ཐབས་བྱེད་མཁས་པ། ནོར་སྐྱོང་བྱེད་ཐབས་གསར་གཏོད། རྒྱུ་ནོར་སྤྱོད་སྟངས་ནན་སྲུང་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        གཉིས། 2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན།

        2012ལོའི་ས་གནས་སྔོན་རྩིས་བཟོ་འགོད་བྱེད་ཕྱོགས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི་དགོངས་དོན་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་2012ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་འཆར་ཟིན་འདི་བཟོས་པ་ཡིན།

        (གཅིག ) སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ།

        ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཀྲུང་དབྱང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བཅས་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་ལྟེ་བ་བྱེད་པ་དང་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ཏེ་གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་པོ་དམ་པོར་བཟུང་ནས་གཙོ་དོན་དང་གཙོ་རྐང་ལ་དམིགས་ཏེ་བརྟན་པོའི་ངང་ནས་གོང་འཕེལ་མྱུར་པོ་ཡོང་བའི་སྤྱིའི་བླང་བྱ་ལག་བསྟར་བྱས་ཐོག་ནོར་སྲིད་གཞི་ཆེའི་སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུ། གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ་བྱེད་པ་དང་། གཙོ་གནད་མངོན་ཆེར་འཛིན་པ། འབབ་འཕར་གཏོང་མཁས་བྱེད་པ་བཅས་བྱས་ཏེ་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྱུར་བྱས་ཐོག “ཞིང་གསུམ ”དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། རིག་གནས། ཚན་རྩལ། རྨང་བརྟན་དམངས་ཕན། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད། དམངས་འཚོ་ལེགས་བཅོས། སྤྱི་པའི་བདེ་འཇགས། ཐོན་ལས་གོང་འཕེལ། དེ་བཞིན་འབྱུང་ཁམས་འཛུགས་སྐྱོང་བཅས་ཀྱི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དང་། དཔལ་འབྱོར་གོང་འཕེལ་གཏོང་སྟངས་གང་མགྱོགས་བརྗེ་སྒྱུར་བྱས་ནས་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། སྔར་ལས་ལྷག་པའི་སྒོ་ནས་ལམ་ལུགས་ཚགས་ཚུད་བཟོ་བ་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ་སྔོན་རྩིས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ་ནོར་སྲིད་ཀྱི་དོ་དམ་དེ་ཚན་རིག་ཅན་དང་ཞིབ་ཚགས་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་བཏང་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་རྒྱུར་སྲ་ཞིང་བརྟན་པའི་འབྱོར་སྟོབས་ཀྱི་འགན་སྲུང་བྱེད་རྒྱུ་བཅས་ཡིན།

        (གཉིས ) 2012ལོའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག

        2012ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་6,667,747.5ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་རྩིས་ན་ལོ་གོང་མ (ལོ་འགོའི་སྔོན་རྩིས་གྲངས། གཤམ་དུ་གཅིག་མཚུངས )ལས་སྒོར་ཁྲི་1,321,257.4མང་དུ་སོང་ཡོད་པས་33.3%འཕར་ཡོད་ཅིང་། དེའི་ཁོངས་སུ་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི་484,661ཡོད་པ་དང་། 2011ལོའི་ཐེངས་གཅིག་རང་ལ་བྱུང་བའི་ཡོང་འབབ་ཀྱི་རྒྱུ་རྐྱེན་ཕུད་15%འཕར་ཡོད་པ་དང་། ཀྲུང་དབྱང་གིས་གནང་བའི་ཁ་གསབ་རོགས་དངུལ་གྱི་ཡོང་འབབ་སྒོར་ཁྲི་4,806,409.5ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་1,258,040.4མང་དུ་སོང་ཡོད་པས་35.5%འཕར་ཡོད་པ། ལོ་གོང་མའི་འབྱོར་སྟོབས་འཕྲོས་སྒྱུར་བྱས་པ་སྒོར་ཁྲི་1,376,677བཅས་ཡིན། སྤྱི་པའི་ནོར་སྲིད་སྔོནརྩིས་ཀྱི་གཏོང་སྒོ་སྒོར་ཁྲི་6,667,747.5བཀོད་སྒྲིག་བྱས་ཡོད། ལོ་གོང་མའི་འབྱོར་སྟོབས་འཕྲོས་སྒྱུར་བྱས་པའི་རྒྱུ་རྐྱེན་ཕུད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་གཏོང་སྒོ་སྒོར་ཁྲི་2,513,133.1བཀོད་སྒྲིག་བྱས་ཡོད་པ་དེ་ལོ་དེ་གའི་འབྱོར་སྟོབས་ཀྱི་47.5%ཟིན་པ་དང་། ས་གནས (གྲོང་ཁྱེར )རིམ་པའི་གཏོང་སྒོ་སྒོར་ཁྲི་2,777,937.4བཀོད་སྒྲིག་བྱས་ཡོད་པ་དེ་ལོ་དེ་གའི་འབྱོར་སྟོབས་ཀྱི་52.5%ཟིན་ཡོད།

        2012ལོའི་ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་འབྱོར་སྟོབས་སྒོར་ཁྲི་200,201ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་རྩིས་ན་ལོ་གོང་མ་ལས་སྒོར་ཁྲི་27,236མང་དུ་སོང་ཡོད་པས་69.2%འཕར་ཡོད། དེའང་གཙོ་བོ་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་གཞུང་ཁོངས་ས་ཆ་ཚོང་བཤུག་བཏང་དངུལ་གྱི་ཡོང་འབབ་བསྡུ་འདོམས་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་2011ལོ་ནས་ས་གནས་ཀྱི་སློབ་གསོའི་ཞོར་སྣོན་བསྡུ་འགོ་བཙུགས་ཏེ་2012ལོའི་སྔོན་རྩིས་ནང་འཇུག་རྒྱུ། ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་ཡང་དེ་མཚུངས་བཞིན་སྒོར་ཁྲི་200,201བཀོད་སྒྲིག་བྱེད་རྒྱུ་ཡིན།

        2012ལོའི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་བཀོད་སྒྲིག་བྱེད་པའི་ཁྱད་ཆོས་ནི།

        གཏོང་སྒོ་བཀོད་སྒྲིག་བྱེད་རྒྱུ་གཙོ་གནད་མངོན་གསལ་དོད་པ། འབྱོར་སྟོབས་ཀྱི་འཁོས་བབ་དང་ཟུང་འབྲེལ་གྱིས་“གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ་བྱེད་རྒྱུ་དང་། གཙོ་གནད་མངོན་ཆེར ”འཛིན་རྒྱུ་མཐའ་འཁྱོངས་ཀྱིས “ཞིང་གསུམ ”དང་། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། རྨང་བརྟན་དམངས་ཕན། ལས་ཞུགས་། སྤྱི་ཚོགས་ཀྱི་དོ་དམ་གསར་གཏོད། སྤྱི་ཚོགས་འགན་སྲུང་། སྤྱི་པའི་བདེ་འཇགས། ཐོན་ལས་གོང་འཕེལ། འབྱུང་ཁམས་འཛུགས་སྐྱོང་བཅས་ཀྱི་ཐད་གཏོང་ཆ་སྔར་བས་མང་དུ་བཏང་ཡོད། ལྷག་པར་དུ་“སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ ”བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་། དགོན་སྡེའི་དོ་དམ་གསར་གཏོད་དང་དེར་ཤུགས་སྣོན་རྒྱག་རྒྱུ། ཉེན་རྟོག་ལས་དོན་གྱི་དམངས་ཕན་མ་ལག་སྐྲུན་རྒྱུ། དེ་བཞིན་ལས་ཞུགས་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་རྒྱུ་སོགས་ཐད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པར་བརྟེན་སྔོན་རྩིས་བཟོ་འགོད་བྱེད་པའི་ནང་དེ་བས་གཙོ་གནད་གཏོང་སྒོའི་དགོས་མཁོ་མངོན་ཐུབ་ཀྱི་ཡོད།

        གཏོང་སྒོའི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱས་ཡོད། ས་གནས (གྲོང་ཁྱེར )ལ་སྔ་སྣུར་དུ་བརྡ་ལན་གཏོང་རྒྱུའི་ཁ་གསབ་རོགས་དངུལ་གྱི་ཁྱབ་ཁོངས་དང་གཞི་ཁྱོན་སྔར་བས་རྒྱ་ཆེར་བཏང་སྟེ་ས་གནས (གྲོང་ཁྱེར )རིམ་པའི་གཏོང་སྒོའི་བསྡུར་ཚད་སྔར་བས་མཐོ་རུ་སོང་བས་འབྱོར་སྟོབས་ཟམ་མི་ཆད་པར་གཞི་རིམ་དང་། ཞིང་འབྲོག་ཁུལ། མཐའ་མཚམས་ས་ཁུལ། དབུལ་པོའི་ས་ཁུལ་བཅས་ལ་འཕར་གཟིགས་བྱས་པ་མངོན་ཡོད་པ་དང་གཏོང་སྒོའི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱུང་ཡོད།

        (གསུམ )2012ལོའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག

        1. ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་ཐོབ་པ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱིས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ།

        ཞིང་སྐྱོར་ཐད་གཏོང་ཆ་སྒོར་ཁྲི་803,092.3བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་326,140.5མང་དུ་བཏང་ཡོད་པས་68.4%འཕར་ཡོད། དེ་ཡང་གཅིག་ནི “ཞིང་དུད་ལ་བརྒྱད་འཛོམས་པ ”བྱེད་རྒྱུའི་ལས་གཞིར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་92,854སྒྲིལ་སྤྱོད་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་59,575ཡི་བདེ་འཁོད་ལས་གཞི་སྐྲུན་རྒྱུ་དང་མང་ཚོགས་ཀྱི་སྡོད་ཁང་ལ་ཡོམ་ཟོན་བརྟན་སྐྱོར་བཟོ་རྒྱུ་ཡིན་པ་དང་། མ་དངུལ་སྒོར་ཁྲི་72,580སྒྲིལ་སྤྱོད་བྱས་ཏེ་སྲིད་འཛིན་གྲོང་ཚོ་1,000གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་ཡིན། གཉིས་ནི་ཞིང་འབྲོག་ལས་ལ་ནོར་སྲིད་ནས་ཁ་གསབ་སྤྲོད་རྒྱུའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཞིང་འབྲོག་ལས་ཀྱི་ཐོན་འབབ་བརྟན་གནས་དང་འབབ་འཕར་ཡོང་བའི་འགན་ལེན་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་41,190བཀོད་སྒྲིག་བྱས་ཏེ་རྫས་ལུད་ཀྱི་རིན་ཁྱད་ཁ་གསབ་དང་། སོན་བཟང་དང་རྒྱུད་བཟང་གི་ཁ་གསབ། ཞིང་འཕྲུལ་ཡོ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ། འབྲུ་རིགས་འདེབས་མཁན་ཞིང་པར་ཐད་ཀའི་ཁ་གསབ། དེ་བཞིན་ཞིང་ལས་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཁ་གསབ་བཅས་སྤྲོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། གསུམ་ནི་མ་དངུལ་སྒོར་ཁྲི་77,448བཀོད་སྒྲིག་བྱས་ཏེ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་དང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས། རྩི་ཤིང་གི་སྣུམ་རྒྱུའི་ཐོན་ལས་བཅས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན། བཞི་ནི་མ་དངུལ་སྒོར་ཁྲི་52,965.2བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་ཁྲལ་རིན་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་དང་། གྲོང་ཚོ་རིམ་པའི་སྤྱི་ཕན་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཤང་གྲོང་ཁེ་ལས་དང་སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚུགས་འཛུགས་སྐྲུན་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་བཟོ་རྒྱུ། གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་ནད་ཡམས་འགོག་བཅོས་བྱེད་རྒྱུ། ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་རྒྱུ། དེ་བཞིན་ཤ་མར་ཚལ་གསུམ་གྱི་ལས་གཞིའི་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ལྔ་ནི་ཞིང་འབྲོག་ལས་ཀྱི་གེགས་འགོག་གེགས་སེལ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། ཞིང་འབྲོག་ལས་ཀྱི་འགན་བཅོལ་དང་། ཞིང་ལས་ཀྱི་འབུའི་གནོད་འཚེ་འགོག་བཅོས། ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ། སྲོག་ཆགས་ཀྱི་ནད་ཡམས་ཡོངས་བཤེར། རི་རུད་གནོད་འཚེའི་ཚང་སྒྲིག་འགོག་ཟོན་སོགས་བྱེད་རྒྱུའི་ཁ་གསབ་རོགས་དངུལ་སྒོར་ཁྲི་35,806བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཉེན་སེལ་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན། དྲུག་ནི་ཆུ་བེད་ཐད་གཏོང་ཆ་མང་དུ་བཏང་སྟེ་སྤྱི་པའི་ནོར་སྲིད་ནས་ཆུ་བེད་གོང་འཕེལ་གཏོང་རྒྱུར་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན་ཞིང་། ཆུ་བེད་ཐད་ཀྱི་གཏོང་ཆ་དེ་ལོ་གོང་མ་དང་བསྡུར་ན་སྒོར་ཁྲི་25,390མང་དུ་བཏང་ཡོད་པས་57.7%འཕར་ཡོད་པ་དེ་ཞིང་ནང་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་དང་རྩྭ་ཐང་ལ་ཆུ་འདྲེན་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། བདུན་ནི་ནགས་ལས་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན་ཞིང་། མ་དངུལ་སྒོར་ཁྲི་90,544བཀོད་སྒྲིག་བྱས་ཏེ་རྨོ་བསྐྱུར་ནགས་གསོ་བྱེད་པར་ཁ་གསབ་སྤྲོད་རྒྱུ་དང་། ནགས་མེ་སྔོན་འགོག་བྱེད་རྒྱུ། བདག་མེད་སྲོག་ཆགས་ཀྱིས་མི་ལུས་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན་བཟོ་རིགས་ལ་གུན་གསབ་སྤྲོད་རྒྱུ། རང་བྱུང་ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ་སོགས་ཐད་སྤྱོད་རྒྱུ་ཡིན་པ་དང་། ནགས་དབང་ལམ་ལུགས་བསྒྱུར་བཅོས་ཧུར་ཐག་བྱས་ནས་ནགས་ལས་ཀྱི་འབྱུང་ཁམས་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བརྒྱད་ནི་ནོར་སྲིད་ནས་དབུལ་སྐྱོར་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་ཡིན་ཞིང་། ནོར་སྲིད་ནས་དབུལ་སྐྱོར་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་70,932བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་90.5%མང་དུ་བཏང་ཡོད་པས་དབུལ་སྐྱོར་གྱི་ཚད་གཞི་མཐོ་རུ་སོང་བ་དང་། ཞིང་འབྲོག་མང་ཚོགས་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་རྒྱུ་ཡིན་པ་དང་། མཐའ་དར་དམངས་ཕྱུག་ཐད་མ་དངུལ་སྒོར་ཁྲི་8,000བཀོད་སྒྲིག་བྱེད་རྒྱུ་ཡིན་པས་25%འཕར་ཡོད། དགུ་ནི་མ་དངུལ་སྒོར་ཁྲི་2,500བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་འཛད་སྤྱོད་ལ་ངར་སྐུལ་བྱེད་རྒྱུ་དེ་ཡིན།

        2. སྤྱི་ཚོགས་འགན་སྲུང་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་རྒྱུ།

        དམངས་འཚོའི་ཐད་གཏོང་ཆ་སྒོར་ཁྲི་464,023.2བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་126,015.9མང་དུ་བཏང་ཡོད་པས་37.3%འཕར་ཡོད། དེ་ཡང་གཅིག་ནི་སྤྱི་ཚོགས་འགན་བཅོལ་ཐད་གཏོང་ཆ་མང་དུ་ཤུགས་ཆེ་གཏོང་རྒྱུ་ཡིན་ཞིང་། མ་དངུལ་སྒོར་ཁྲི་117,900བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱི་ལས་འཁྱུར་རྒན་ཡོལ་ཞུ་མཁན་གྱི་རྒན་གསོའི་འཚོ་དངུལ་དུས་ཐོག་དང་གྲངས་ཚང་ཐོག་སྤྲོད་ཐུབ་པའི་འགན་ལེན་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་འཇལ་རྒྱུ་ནོར་སྲིད་ནས་ཁ་གསབ་སྤྲོད་རྒྱུའི་ཚད་གཞི་སྒོར་30ཡིན་པ་དེ་སྒོར་30ནས་85བར་ལ་སྤར་རྒྱུ་ཡིན་པ་དང་། རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཐོབ་ཐང་ཆུ་ཚད་སྒོར་55ཡིན་པ་ནས་སྒོར་90ལ་སྤར་རྒྱུ་ཡིན་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། གྲྭ་བཙུན་གྱི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་རྒྱུ། གྲོང་ཁྱེར་གྲོང་གསེབ་ཡོངས་ལ་ཁེབས་པའི་སྤྱི་ཚོགས་རྒན་གསོའི་རྒན་བཅོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན། གཉིས་ནི་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་ཡིན་ཞིང་། མ་དངུལ་སྒོར་ཁྲི་79,302.7བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ་དང་། འགན་སྲུང་བྱེད་རྒྱུའི་ཚད་གཞི་དེ་ཟླ་རེར་སྒོར་360དང་ལོ་རེར་སྒོར་1450ཡིན་པ་ནས་ཟླ་རེར་སྒོར་390དང་ལོ་རེར་སྒོར་1600ལ་སྤར་རྒྱུ་ཡིན་པ་དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་སྲུང་དང་འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་། སྤྲང་འཁྱམས་རིགས་ལ་རོགས་སྐྱོབ་སོགས་བྱེད་རྒྱུའི་རོགས་སྐྱོབ་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། ཡོང་འབབ་དམའ་བའི་རིགས་གྲས་ལ་མུ་མཐུད་སྤྲོད་གཅིག་མའི་འཚོ་སྣོན་སྤྲོད་རྒྱུ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་སྤྱི་ཚོགས་འགན་སྲུང་གི་ཚད་གཞི་དེ་ཟོག་གོང་འཕར་བ་དང་འབྲེལ་མཐུད་མཉམ་སྒུལ་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ་ཡོང་འབབ་དམའ་བའི་རིགས་གྲས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་སྲུང་བྱེད་རྒྱུ་ཡིན། གསུམ་ནི་ལས་ཞུགས་ཐད་ཀྱི་གཏོང་ཆ་མང་དུ་བཏང་སྟེ་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན། གཞུང་ལས་པའི་ལས་ཞུགས་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་ཁ་གསབ་མ་དངུལ་སྒོར་ཁྲི་100,760གསར་སྣོན་བྱས་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་སྟེ་སྐྱེ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་ཚང་མ་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་དང་། སྲིད་གཞུང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བྱེད་པའི་ཁ་གསབ་མ་དངུལ་དོན་འཁྱོལ་བྱེད་རྒྱུ། ལས་རིགས་ཀྱི་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ “ལས་ཞུགས་མེད་པའི་ཁྱིམ་ཚང་”འགྱུར་ལྡན་གྱིས་མེད་པ་བཟོ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དམའ་རུ་གཏོང་གང་ཐུབ་བྱེད་རྒྱུ་བཅས་ཡིན་པ་དང་། མ་དངུལ་སྒོར་ཁྲི་5,000བཀོད་སྒྲིག་བྱས་ནས་“གསུམ་རོགས་གཅིག་སྐྱོར ”གྱི་མི་སྣར་ཁ་གསབ་རིགས་སྤྲོད་རྒྱུའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན། བཞི་ནི་མ་དངུལ་སྒོར་ཁྲི་49,495བཀོད་སྒྲིག་བྱས་ཏེ་དམག་མི་བཀོད་སྒྲིག་བྱེད་པའི་སྲིད་ཇུས་ཀྱི་མ་དངུལ་ཁག་དོན་འཁྱོལ་ཡག་པོ་བྱས་ནས་རང་བརྟེན་ལས་འཚོལ་བྱེད་མཁན་དམག་དཔུང་གི་ལས་སྒྱུར་ལས་བྱེད་པའི་དམག་ཞབས་ཐིམ་པའི་གྲོན་དངུལ་དང་། གཟིགས་སྐྱོང་བྱ་ཡུལ་གྱི་འཚོ་སྣོན། དམག་དཔུང་ནས་ས་གནས་ལ་ལས་སྒྱུར་བཀོད་སྒྲིག་བྱས་པའི་ལས་བྲལ་ལས་འཁྱུར་མི་སྣ་སོགས་ཀྱི་འགྲོ་གྲོན་དུས་ཐོག་དང་གྲངས་ཚང་སྤྲོད་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན། ལྔ་ནི་སྡེ་ཁུལ་འཛུགས་སྐྲུན་ཐད་ཀྱི་འགྲོ་གྲོན་འགན་སྲུང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། སྡེ་ཁུལ་འཛུགས་སྐྲུན་ཐད་ཁ་གསབ་རོགས་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་སྡེ་ཁུལ་འཛུགས་སྐྲུན་དང་སྡེ་ཁུལ་གྱི་ཞབས་ཞུའི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་ཞི་མཐུན་སྡེ་ཁུལ་སྐྲུན་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན། དྲུག་ནི་ཡོང་འབབ་བགོ་འགྲེམས་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་ཐོབ་ཐང་གི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དེ་ཡིན། སྡོད་ཁང་སྤྱི་གསོག་མ་དངུལ་ཐད་ཚང་སྒྲིག་མ་དངུལ་སྒོར་ཁྲི་62,766.1བཀོད་སྒྲིག་བྱས་ནས་ལས་བྱེད་ལས་བཟོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཐེན་འཇོག་གི་བསྡུར་ཚད་10%ཡིན་པ་ནས་12%ལ་སྤར་རྒྱུ་དང་། ལས་བྱེད་ལས་བཟོའི་སྡོད་ཁང་ལ་ཟླ་རེ་བཞིན་ཁ་གསབ་སྤྲོད་རྒྱུའི་ལམ་ལུགས་འཛུགས་རྒྱུ་ཡིན་པ་དང་། མ་དངུལ་སྒོར་ཁྲི་10,533.4བཀོད་སྒྲིག་བྱས་ནས་ལས་བྱེད་པ་དང་ལས་བཟོའི་མེ་དོད་ཁ་གསབ་དང་“རྒན་གྲས་གསུམ ”གྱི་མི་སྣའི་འཚོ་སྣོན་གྱི་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ། ཤང་གི་གདན་ཞུས་ལས་བྱེད་པ་དང་ཕྱེད་ལས་བྲལ་སོགས་མི་སྣའི་ཐོབ་ཐང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་རྒྱུ་ཡིན་པ། མ་དངུལ་སྒོར་ཁྲི་12,546བཀོད་སྒྲིག་བྱས་ཏེ་སྤྱི་པའི་བོགས་གཏོང་སྡོད་ཁང་དང་འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་ཚང་སྒྲིག་འཛུགས་སྐྲུན་བྱེད་རྒྱུའི་གཏོང་སྒོའི་ཐད་སྤྱད་དེ་གྲོང་ཁྱེར་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སྡོད་ཁང་དཀའ་ངལ་ཐག་གཅོད་བྱེད་རྒྱུ་ཡིན། བདུན་ནི་འབྲུ་རིགས་དང་། ཞོར་ཟས། ཟ་སྣུམ། དེ་བཞིན་སོལ་རླངས་སོགས་འཚོ་བའི་ངེས་མཁོའི་དངོས་ཟོག་གི་ཉེན་ཟོན་གྲབས་གསོག་ཐད་མ་དངུལ་སྒོར་ཁྲི་13,349བཀོད་སྒྲིག་བྱས་ཏེ་མཁོ་འདོན་འགྱུར་ལྡོག་འགྲོ་བའམ་ཡང་ན་ཟོག་གོང་འགྱུར་བ་འགྲོ་བ་ལས་བྱུང་བའི་ཁྲོམ་རའི་ཉེན་ཁ་སེལ་རྒྱུ་ཡིན། བརྒྱད་ནི་བཅོས་སྣུམ་གྱི་རིན་གོང་བསྒྱུར་བཅོས་ཐད་ནོར་སྲིད་ནས་ཁ་གསབ་སྒོར་ཁྲི་5,851བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་གྲོང་གསེབ་ཀྱི་རྒྱ་ལམ་སྐྱེལ་འདྲེན། བདལ་གཏོང་མོ་ཊ་སོགས་ཀྱི་ལས་རིགས་ལ་ཁ་གསབ་སྤྲད་དེ་ས་སྣུམ་གྱི་རིན་གོང་འཕར་བའི་རྐྱེན་གྱིས་སྤྱི་སྤྱོད་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ཤུགས་རྐྱེན་བཟོ་རིགས་ཆུང་དུ་གཏོང་རྒྱུ་ཡིན།

        3. སྤྱི་ཚོགས་བྱ་གཞག་ཐད་གཏོང་ཆ་མང་དུ་བཏང་ནས་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ།

        ཚན་སློབ་རིག་འཕྲོད་སོགས་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་809,645.2བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་138,498.6མང་དུ་བཏང་ཡོད་པས་20.6%འཕར་ཡོད། དེ་ཡང་གཅིག་ནི་སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་རྒྱུ། སློབ་གསོའི་བྱ་གཞག་ཐད་གཏོང་ཆ་སྒོར་ཁྲི་586,587.6བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་92,227.9མང་དུ་བཏང་ཡོད་པས་18.7%འཕར་ཡོད། སློབ་ཞུགས་མ་བྱས་གོང་གི་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དང་བུ་བཅོལ་ཁང་གི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་སློབ་གྲྭའི་འཛུགས་སྐྲུན་བྱེད་རྒྱུ་དང་གྲོང་ཁྱེར་གྲོང་རྡལ་གྱི་སློབ་གྲྭ་སྐྱོ་གྲས་ལེགས་བཅོས་བྱེད་རྒྱུའི་ལས་གཞིར་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་འགན་བབས་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་སྐྲུན་རྒྱུར་སྐུལ་སྤེལ་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་དཀྱུས་མའི་གཞི་རྩའི་སློབ་ཁྲིད་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དང་མཐོ་རིམ་སློབ་འབྲིང་དུས་མཚམས་སུ་སློབ་ཡོན་ནར་གཏོང་བྱེད་པའི་སློབ་གསོའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཁག་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དང་“འགན་ལེན་གསུམ ”གྱི་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2,300ཡིན་པ་ནས་སྒོར་2,500ལ་སྤར་རྒྱུ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡོངས་ཀྱི་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་སྒོར་600དང་སྒོར་400ཡིན་པ་ནས་ཁག་སོ་སོར་སྒོར་700དང་སྒོར་500ལ་སྤར་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭའི་འགྲིམ་འགྲུལ་དང་སྨན་བཅོས་དེ་བཞིན་སྒྲིག་ཆས་ཀྱི་འགྲོ་གྲོན་ཁ་གསབ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་1,540ཡིན་པ་ནས་སྒོར་4,500ལ་སྤར་རྒྱུ། ལོ་རེར་སློབ་མ་རེར་སྒོར་100ཚད་གཞི་བྱས་ཏེ་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཞག་སྡོད་སློབ་མའི་འགྲིམ་འགྲུལ་གྱི་ཁ་གསབ་རོགས་དངུལ་གཏན་འཁེལ་བཟོ་རྒྱུ། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། འབྲིང་རིམ་ལས་རིགས་སློབ་གསོར་སློབ་ཡོན་ནར་གཏོང་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་ལས་རིགས་སློབ་གསོའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭ་དང་འབྲིང་རིམ་ལས་རིགས་འཛིན་གྲྭ་གཉེར་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། མཐོ་རིམ་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཐོག ཁྱད་ལྡན་དགེ་སྟོབས་ཆེ་བའི་རིག་ཚན་དང་ཚོད་ལྟ་ཁང་འཛུགས་སྐྲུན་བྱེད་རྒྱུ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ་རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་བྱས་ནས་ཚན་ཞིབ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། གཉིས་ནི་ཚན་རྩལ་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཚན་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་ཁྲི་18,908བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་2,608མང་དུ་བཏང་ཡོད་པས་16%འཕར་ཡོད། “ལས་སྟེགས་བཟོ་བ་དང་། ཆེད་དམིགས་འགག་སྒྲོལ་བྱེད་པ། དངོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཁྱབ་གདལ་རྒྱ་ཆེར་གཏོང་བ ”བཅས་ཀྱི་བླང་བྱ་བཞིན། གཙོ་གནད་ཀྱི་ཚོད་ལྟ་ཁང་དང་། ལས་གྲྭའི་ལག་རྩལ་ལྟེ་གནས། ཚན་རྩལ་གསོ་ཆས། ཚན་རྩལ་མཐོ་བའི་ཐོན་ལས་སྡེ་གླིང་། དཔེ་སྟོན་རྟེན་གཞི་བཅས་འཛུགས་སྐྱོང་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་ཞིབ་འཇུག་དང་ཚན་རྩལ་ཁྱབ་གདལ་རྟེན་གཞི་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གྱི་གྲུབ་འབྲས་དངོས་སྒྱུར་བེད་སྤྱོད་གང་མགྱོགས་ཐུབ་པ་བྱེད་རྒྱུ། གསུམ་ནི་རིག་གནས་དར་འཕེལ་ཆེན་པོ་གཏོང་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་དངུལ་སྒོར་ཁྲི་30,700བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ། ལོ་གོང་མ་ལས་སྒོར་ཁྲི་5,866མང་དུ་བཏང་ཡོད་པས་23.6%འཕར་ཡོད། 《རིག་གནས་དར་འཕེལ་ཆེན་པོ་གཏོང་བར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས 》དོན་འཁྱོལ་ཧུར་ཐག་བྱས་ཏེ་གྲོང་གསེབ་ཀྱི་རིག་གནས་ཁང་(ས་ཚུགས )དང་། ཞིང་འབྲོག་ཁུལ་དུ་གློག་བཪྙན་སྟོན་རྒྱུ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བྱེད་རྒྱུ། ཞིང་པའི (དགོན་སྡེ )དཔེ་དེབ་ཁང་སོགས་རིག་གནས་ཀྱི་དམངས་ཕན་ལས་གཞིར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་སྤྱི་པའི་རིག་གནས་དྲ་རྒྱའི་སྒྲིག་བཀོད་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་དོད་མེད་པར་སྒོ་མོ་འབྱེད་རྒྱུའི་ལས་དོན་ཏན་ཏིག་སྤེལ་ནས་ཆ་རྐྱེན་དང་ཚད་བཀག་མེད་པར་འཛུལ་སྤྱོད་ཐུབ་པའི་འགན་ལེན་བྱེད་རྒྱུ། དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་རིག་རྩལ་གཤམ་སྤེལ་གྱི་བྱེད་སྒོར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། རིག་རྩལ་གསར་རྩོམ་བྱེད་རྒྱུར་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རིག་རྩལ་གྱི་བརྩམ་བྱ་རྩེ་གྲ་གང་མང་ཐོན་རྒྱུར་སྐུལ་སྤེལ་གཏོང་རྒྱུ། གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གཞིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུའི་ཐད་འགྲོ་གྲོན་མུ་མཐུད་མང་དུ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུ་དང་མང་ཚོགས་ཀྱི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། བཞི་ནི་རླུང་འཕྲིན་བཪྙན་འཕྲིན་དང་གློག་བཪྙན་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། རླུང་འཕྲིན་བཪྙན་འཕྲིན་དང་གློག་བཪྙན་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་19,963.8བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་3,367མང་དུ་བཏང་ཡོད་པས་20.3%འཕར་ཡོད། རླུང་འཕྲིན་བཪྙན་འཕྲིན་དང་གློག་བཪྙན་གྱི་སྒྲིག་བཀོད་ཀྱི་ཆ་རྐྱེན་མུ་མཐུད་ལེགས་བཅོས་བྱས་ཏེ་རླུང་འཕྲིན་བཪྙན་འཕྲིན་དང་གློག་བཪྙན་གྱི་ལེ་ཚན་སྒྱུར་བཟོ་བྱེད་ནུས་འཐུས་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རླུང་འཕྲིན་བཪྙན་འཕྲིན་དགོན་སྡེའི་ནང་ཁྱབ་པ་བྱེད་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། ལྔ་ནི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་141,685.8བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་29,929.7མང་དུ་བཏང་ཡོད་པས་31.3%འཕར་ཡོད། འགྲོ་གྲོན་སྒོར་ཁྲི་62,453.9བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྨན་རིན་ནར་གཏོང་གིས་སྨན་བཅོས་བྱེད་རྒྱུ་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྔར་བས་འཐུས་ལེགས་སུ་གཏོང་རྒྱུ་དང་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་180ཡིན་པ་ནས་སྒོར་260ལ་སྤར་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་རྒྱུན་མཁོའི་སྨན་རིགས་ལམ་ལུགས་ལག་བསྟར་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཚན་པ་ཚད་ལྡན་ཅན་དུ་སྐྲུན་རྒྱུར་སྐུལ་སྤེལ་བཏང་ནས་འགོས་ནད་ཆེ་རིགས་དང་ཡུལ་ནད་འགོག་བཅོས་སོགས་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་ཐད་གཏོང་ཆ་མང་དུ་བཏང་སྟེ་གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྡོམ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་འོས་དཔོད་ཀྱིས་ཉོ་སྒྲུབ་ལས་སྟེགས་བཟོ་རྒྱུ་ཇེ་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་རྒྱུན་མཁོའི་སྤྱོད་སྨན་གྱི་བདེ་འཇགས་འགན་སྲུང་བྱེད་རྒྱུ། སྨན་བཅོས་རོགས་སྐྱོབ་བྱེད་ཁོངས་རྒྱ་ཆེར་བཏང་སྟེ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་མ་བུའི་འཕྲོད་སྦྱོར་དང་འཆར་ལྡན་བུ་བཙའི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ལ་མུ་མཐུད་ཚོང་ལས་ཀྱི་འགན་བཅོལ་ཉོ་རྒྱུ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་རོགས་སྐྱོབ་ལམ་ལུགས་དང་ཕན་ཚུན་ནུས་ལྡན་གྱིས་འབྲེལ་མཐུད་བྱེད་པའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཨང་གསུམ་པ་དང་སྨན་རྩིས་ཁང་གི་སྨན་བཅོས་ཡོ་བྱད་ཉོ་སྒྲུབ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་གཙོ་གནད་སྨན་བཅོས་ཚན་པའི་སྨན་བཅོས་བྱེད་ནུས་ཆེ་རུ་གཏོང་རྒྱུ། འགྲོ་གྲོན་སྒོར་ཁྲི་18,500བཀོད་སྒྲིག་བྱས་ཏེ་གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་དོ་དམ་མ་ལག་གསར་སྤེལ་ཞིབ་འཇུག་བྱེད་རྒྱུ་དང་། འཛུགས་སྐྱོང་བྱེད་རྒྱུ། དེ་བཞིན་ལས་བྱེད་ལས་བཟོའི་གཟུགས་པོ་བརྟག་དཔྱད་བྱེད་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་ནས་ལས་བྱེད་ལས་བཟོའི་གཟུགས་པོ་བདེ་ཐང་ཡོང་བར་འགན་སྲུང་བྱེད་རྒྱུ། དྲུག་ནི་མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ཏེ་རྨང་གཞིའི་ས་ཁམས་ཆ་འཕྲིན་མ་ལག་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། བདུན་ནི་མ་དངུལ་སྒོར་ཁྲི་2,000བཀོད་སྒྲིག་བྱས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཁང་སའི་བདག་དབང་གཏན་འཁེལ་ཐོ་འགོད་ཀྱི་ལག་ཁྱེར་སྤྲོད་པའི་ལས་དོན་སྤེལ་ཏེ “མ་དངུལ་བྱ་དགར་སྒྱུར་བའི ”མ་དངུལ་དོན་འཁྱོལ་བྱེད་རྒྱུ། བརྒྱད་ནི་སྤྱི་ཚོགས་ཀྱི་བྱ་གཞག་གཞན་དག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་ཁྲི་9,800བཀོད་སྒྲིག་བྱས་ཏེ་ཁྲིམས་ལུགས་དྲིལ་བསྒྲགས་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཕྱི་དོན་དང་ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་ཆེའི་དཔྱོད་དོན་གྱི་ཞིབ་འཇུག་དང་གཙོ་གནད་རྣམ་གྲངས་ཀྱི་འཆར་འགོད་སོགས་བྱེད་རྒྱུའི་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་བཅས་ཡིན།

        4.སྤྱི་པའི་བདེ་འཇགས་ཐད་གཏོང་ཆ་མང་དུ་བཏང་ནས་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། གཅིག་ནི་སྲིད་ཁྲིམས་སྡེ་ཚན་གྱི་འགྲོ་གྲོན་རྒྱུན་གཏན་བཞིན་འཕར་སྣོན་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་ཁྲིམས་སྡེ་ཚན་གྱིས་གྱོད་གཞི་གཉེར་སྒྲུབ་བྱེད་རྒྱུ་དང་ལས་སྒོ་སྒྲུབ་རྒྱུའི་འགྲོ་གྲོན་གྱི་དགོས་མཁོ་འགན་སྲུང་བྱས་ཏེ་སྲིད་ཁྲིམས་སྡེ་ཚན་གྱི་ལས་སྒོའི་སྒྲིག་ཆས་དང་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཉིས་ནི་སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་ཉེན་རྟོག་ལས་དོན་གྱི་དམངས་ཕན་སྟབས་བདེའི་ཞབས་ཞུའི་མ་ལག་སྐྲུན་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། སྡེ་ཁུལ་འཛུགས་སྐྱོང་བྱེད་རྒྱུ་དང་། ཚོགས་པའི་བྱེད་སྒོ་སྤེལ་རྒྱུ། གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་བཅས་དང་ཕན་ཚུན་འབྲེལ་བ་དམ་ཟབ་བྱེད་པའི་མཉམ་སྒུལ་ལམ་སྲོལ་འཛུགས་རྒྱུ། གསུམ་ནི་དགོན་སྡེར “འཛུགས་སྐྱོང་དྲུག ”ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་དགོན་སྡེའི་དོ་དམ་སྟོབས་ཤུགས་ཆེ་རུ་བཏང་སྟེ་དགོན་སྡེའི་དོ་དམ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ། བཞི་ནི་ཉེན་རྟོག་ལས་རོགས་པའི་དོ་དམ་མ་ལག་བཟོ་རྒྱུར་རྒྱབ་སྐྱོར་བྱས་ནས་སྤྱི་བདེའི་ལས་ཁུངས་ཀྱི་ཉེན་རྟོག་སྟོབས་ཤུགས་མི་ལྡེང་བའི་གནད་དོན་ནུས་ལྡན་གྱིས་ཞི་ལྷོད་དུ་གཏོང་རྒྱུ། ལྔ་ནི་བརྟན་ལྷིང་སྲུང་སྐྱོང་དང་། སྲིད་འཛིན་ཁྲིམས་སྒྱུར། མི་རིགས་དང་ཆོས་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན། མཚོ་བོད་ལྕགས་ལམ་གྱི་ལམ་སྐྱོང་མཉམ་སྲུང་། མཐའ་མཚམས་ཀྱི་བདེ་འཇགས་མཉམ་སྲུང་། དུས་བདེའི་བོད་ལྗོངས་འཛུགས་སྐྲུན། མི་དམངས་མཁའ་ཟོན་སོགས་ཐད་ཀྱི་འགྲོ་གྲོན་དགོས་མཁོ་འགན་སྲུང་བྱེད་རྒྱུ་བཅས་ཡིན།

        5.ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་ནས་གོང་འཕེལ་གཏོང་བའི་ཐབས་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་སྐྱོང་སྤེལ་བྱེད་རྒྱུ།

        ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་89,991བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་30,073མང་དུ་བཏང་ཡོད་པས་50.2%འཕར་ཡོད། དེ་ཡང་གཅིག་ནི་མ་དངུལ་སྒོར་ཁྲི་13,732བཀོད་སྒྲིག་བྱས་ནས་ཁེ་ལས་འབྲིང་ཆུང་དང་དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། གཉིས་ནི་མ་དངུལ་སྒོར་ཁྲི་20,509བཀོད་སྒྲིག་བྱས་ནས་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་དང་། སྤུས་ལེགས་ཁེ་ལས། མཁའ་འགྲུལ་ལས་རིགས་བཅས་གོང་འཕེལ་གཏོང་རྒྱུ་གཙོ་གནད་དུ་རོགས་སྐྱོར་བྱེད་རྒྱུ། གསུམ་ནི་མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ནས་ཁྱད་ལྡན་ཡུལ་སྐོར་ལས་རིགས་རྩེ་གྲ་གོང་འཕེལ་གང་མགྱོགས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེ་བྱེད་རྒྱུ། བཞི་ནི་མ་དངུལ་སྒོར་ཁྲི་9,730བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱིས་གསར་དར་ཁྲོམ་ར་རྒྱ་ཆེར་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཕྱིར་གཏོང་ནང་འདྲེན་གྱི་ཚོང་འདྲེན་དྲ་རྒྱ་འཛུགས་སྐྱོང་བྱས་ནས་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་བཏང་ཐོག་ཁེ་ལས་དང་སྤྱི་ཚོགས་ཀྱིས་གཏོང་ཆ་གཏོང་རྒྱུར་སྐུལ་ཁྲིད་ཐུབ་པ་བྱས་ཏེ་ཕྱི་ཕྱོགས་ཉོ་ཚོང་དེ་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ལྔ་ནི་མ་དངུལ་སྒོར་ཁྲི་12,000བཀོད་སྒྲིག་བྱས་ནས་རྨང་གཞིའི་ཆ་འཕྲིན་དྲ་རྒྱ་འཛུགས་སྐྱོང་དང་། ཆ་འཕྲིན་ལག་རྩལ་ཁྱབ་གདལ་བེད་སྤྱོད། དེ་བཞིན་བོད་ཡིག་མཉེན་ཆས་བེད་སྤྱོད་དང་ཞིབ་འཇུག་གསར་སྤེལ་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཆ་འཕྲིན་ལག་རྩལ་དང་དྲ་རྒྱའི་བདེ་འཇགས་འགན་སྲུང་བྱེད་རྒྱུ། དྲུག་ནི་མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ནས་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་དངུལ་བུན་དང་ཡིད་རྟོན་ཁག་ཐེག་གི་ཉེན་ཟོན་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྤྲོད་ལམ་འཐུས་སྒོ་ཚང་དུ་བཏང་ནས་དངུལ་རྩའི་ཚན་པའི་དངུལ་བུན་གྱི་ཉེན་ཁ་ཆུང་དུ་བཏང་ཐོག ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་གཏོང་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ། བདུན་ནི་མ་དངུལ་སྒོར་ཁྲི་12,000གསར་སྣོན་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། བརྒྱད་ནི་མ་དངུལ་སྒོར་ཁྲི་3,000གསར་སྣོན་བྱས་ནས་ཐོན་ལས་འབྲེལ་མཐུད་སྤོ་སྒྱུར་བྱེད་རྒྱུའི་ལས་ཀར་རྒྱབ་སྐྱོར་བྱས་ཏེ་མ་འཇོག་གི་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ་དང་ཐོན་ལས་གཅིག་སྡུད་ཁྱབ་བཀོད་དང་ལེགས་སྒྱུར་རིམ་སྤོར་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། དགུ་ནི་མ་དངུལ་སྒོར་ཁྲི་1,420བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཟོག་འགྲེམས་མ་ལག་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཅུ་ནི་མ་དངུལ་སྒོར་ཁྲི་2,600བཀོད་སྒྲིག་བྱས་ནས་གཏེར་ལས་ཐོན་ཁུངས་གསར་སྤེལ་བྱེད་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་རྒྱུ། བཅུ་གཅིག་ནི་མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ནས་སྣུམ་ཤུགས་ཀྱིས་གློག་གཏོང་རྒྱུར་ཁ་གསབ་སྤྲད་དེ་དགུན་དུས་གློག་མི་ལྡེང་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་བཅས་ཡིན།

        6.གཞི་རྩའི་འཛུགས་སྐྲུན་ཐད་གཏོང་ཆ་མང་དུ་བཏང་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ།

        རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་413,783བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་77,655མང་དུ་བཏང་ཡོད་པས་23.1%འཕར་ཡོད། དེ་ཡང་གཅིག་ནི་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ནང་གཞི་རྩའི་འཛུགས་སྐྲུན་ལ་མ་འཇོག་སྒོར་ཁྲི་80,000བཀོད་སྒྲིག་བྱས་ནས་ལྕགས་ལམ་དང་། གཞུང་ལམ། ཆུ་བེད་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། “9·18”ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་སླར་གསོ་བསྐྱར་སྐྲུན་བྱེད་རྒྱུ། གཉིས་ནི་མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ནས་གློག་མེད་པའི་ས་གནས་དང་གློག་ཤུགས་འཛུགས་སྐྲུན་རྗེས་ལུས་ཡིན་པའི་ས་གནས་ཀྱི་གློག་ཤུགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྤྱོད་གློག་གི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ། གསུམ་ནི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་60,000བཀོད་སྒྲིག་བྱས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནི་འཁོར་རིགས་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་དེ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་སྤྱོད་རྒྱུའི་མ་དངུལ་སྒོར་ཁྲི་100,000བཀོད་སྒྲིག་བྱས་ནས་ས་གནས་ཀྱི་གཞུང་ལམ་འགྲིམ་འགྲུལ་གནས་བབ་ལེགས་བཅོས་བྱེད་རྒྱུ། ལྔ་ནི་མ་དངུལ་སྒོར་ཁྲི་153,398བཀོད་སྒྲིག་བྱས་ནས་གཞུང་ལམ་བདག་སྐྱོང་གི་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་གཞུང་ལམ་གྱི་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་ས་ཚུགས་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། དྲུག་ནི་མ་དངུལ་སྒོར་ཁྲི་5,000བཀོད་སྒྲིག་བྱས་ནས་མཐའ་མཚམས་འགག་སྒོ་དང་མཐའ་མཚམས་ཀྱི་ལེ་ལག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་རྒྱུ། བདུན་ནི་མ་དངུལ་སྒོར་ཁྲི་4,000བཀོད་སྒྲིག་བྱས་ནས་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་བྱེད་པའི་མ་ལག་འཆར་འགོད་དང་། ཉེན་ཟོན་སྔོན་བརྡ། བཅོས་སྒྲིག་བཅས་བྱེད་རྒྱུར་རྒྱབ་སྐྱོར་གྱིས་རང་བྱུང་གནོད་འཚེར་ཁ་གཏད་བཅོག་ནུས་ཆེ་རུ་གཏོང་རྒྱུ་བཅས་ཡིན།

        7.ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་ནས་ས་མཐོའི་འབྱུང་ཁམས་བདེ་འཇགས་ལ་སྐུལ་སྤེལ་གཏོང་རྒྱུ།

        ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་311,236གཏོང་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་180,870.9མང་དུ་བཏང་ཡོད་པས་138.7%འཕར་ཡོད། དེ་ཡང་གཅིག་ནི་མ་དངུལ་སྒོར་ཁྲི་4,189བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བཟོ་རྒྱུའི་སྒྲིག་བཀོད་ཚང་སྒྲིག་གི་མདོང་ལམ་དྲ་རྒྱ་འཛུགས་སྐྲུན་བྱེད་རྒྱུ་དང་བཟོ་ལས་དང་། ཨར་སྐྲུན། འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། གཉིས་ནི་མ་དངུལ་སྒོར་ཁྲི་288,047བཀོད་སྒྲིག་བྱས་ནས་རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་བྱེད་པའི་བྱ་དགའི་ཁ་གསབ་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ནགས་ཚལ་གྱི་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་ཁུལ་ཁོངས་ཀྱི་ཤིང་འཛུགས་དང་རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞིར་རྒྱབ་སྐྱོར་བྱེད་རྒྱུ་དང་གཤེར་སའི་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་ནས་ས་མཐོའི་འབྱུང་ཁམས་ཁོར་ཡུག་ལེགས་བཅོས་ཡོང་བ་བྱེད་རྒྱུ། གསུམ་ནི་གཅིག་སྡུད་དུ་འཐུང་ཆུའི་ཆུ་འགོ་གནས་ཡུལ་སྲུང་སྐྱོབ་བྱེད་རྒྱུར་མ་དངུལ་སྒོར་ཁྲི་2,000བཀོད་སྒྲིག་བྱས་ནས་ཆུའི་ཐོན་ཁུངས་ཀྱི་འབྱུང་ཁམས་སྲུང་སྐྱོབ་དང་དུས་རྟག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ནུས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན།

        8. གཞི་རིམ་གྱི་ནོར་སྲིད་ལ་ཁ་གསབ་རོགས་དངུལ་སྤྲོད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་སྲིད་གཞུང་གི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ།

        གཞི་རིམ་གྱི་ནོར་སྲིད་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་1,008,423བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་382,224མང་དུ་བཏང་ཡོད་པས་61%འཕར་ཡོད། དེ་ཡང་གཅིག་ནི་གཤམ་འོག་ལ་དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་728,941བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་216,233མང་དུ་བཏང་ཡོད་པས་42.2%འཕར་ཡོད། དོ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་བྱེད་རྒྱ་ཆེ་རུ་བཏང་སྟེ་ས་གནས་དབར་གྱི་འབྱོར་སྟོབས་ཀྱི་ཧེ་བག་ཆུང་དུ་བཏང་ཐོག་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། གཉིས་ནི་མ་དངུལ་སྒོར་ཁྲི་146,000གསར་སྣོན་བྱས་ནས “སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི ”བྱེད་སྒོར་རྒྱབ་སྐྱོར་བྱས་ཐོག གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞིའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་གྲོང་གསེབ་གོང་འཕེལ་དང་བརྟན་ལྷིང་ཡོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཟོས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་རྒྱུ། གསུམ་ནི་མཐའ་མཚམས་ས་ཁུལ་ལ་ཆེད་སྤྱོད་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་53,600བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་11,300མང་དུ་བཏང་ཡོད་པས་26.7%འཕར་ཡོད། རྒྱལ་ཡོངས་ཀྱི་སྔོན་དུ “ཀུན་ཕན་རང་བཞིན ”གྱི་མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་ལམ་ལག་བསྟར་བྱེད་རྒྱུ་དང་མཐའ་མཚམས་ཀྱི་ལས་དོན་དང་། མཐའ་མཚམས་ཀྱི་སྤྱི་ཕན་བྱ་གཞག་དེ་བཞིན་རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ཐད་གཏོང་ཆ་མང་དུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ། བཞི་ནི་མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ནས་རང་སྐྱོང་ལྗོངས་ཀྱི་དུས་འབྲིང་དུས་རིང་གི་ཤེས་ལྡན་པ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་རྩ་གནད་མུ་མཐུད་ལག་བསྟར་བྱས་ཏེ་མི་རྒྱུན་ཐོན་ཁུངས་འཛུགས་སྐྱོང་དང་ཏང་ཡོན་དང་། ལས་བྱེད་པའི་དཔུང་ཁག དེ་བཞིན་ཤེས་ལྡན་པའི་དཔུང་ཁག་བཅས་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་གཞི་རིམ་གྱི་ལས་ཀའི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། ལྔ་ནི་མ་དངུལ་སྒོར་ཁྲི་25,000བཀོད་སྒྲིག་བྱས་ནས་གཞི་རིམ་སྲིད་གཞུང་གིས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱེད་རྒྱུར་སྐུལ་མ་བཏང་སྟེ་གཞི་རིམ་སྲིད་གཞུང་གིས “དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་ནོར་སྲིད་ཀྱི་ཡོང་འབབ་འཕར་བ་བྱེད་རྒྱུར ”དམ་འཛིན་ཡག་པོ་བྱེད་པའི་ཧུར་སེམས་འཕེལ་བ་བྱེད་རྒྱུ། དྲུག་ནི་མ་དངུལ་སྒོར་ཁྲི་40,000བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྲོང་རྡལ་ཅན་དུ་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་གྲོང་ཁྱེར་གྱི་བྱེད་ནུས་ཀྱི་སྒྲིག་བཀོད་འཐུས་ལེགས་སུ་བཏང་ཐོག་མི་འབོར་རུབ་འདུས་འོས་འཚམ་ཡོང་རྒྱུར་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱིས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་ལས་ཞུགས་སྐོང་འགུགས་བྱེད་ནུས་ཆེ་རུ་གཏོང་རྒྱུ། བདུན་ནི་གཞི་རིམ་སྲིད་དབང་འཛུགས་སྐྱོང་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་29,148བཀོད་སྒྲིག་བྱས་ནས་གཞི་རིམ་ལས་བྱེད་ལས་བཟོའི་ལས་ཀའི་ཆ་རྐྱེན་མུ་མཐུད་ལེགས་བཅོས་བྱེད་རྒྱུ། བརྒྱད་ནི་མ་དངུལ་སྒོར་ཁྲི་2,000བཀོད་སྒྲིག་བྱས་ནས་གྲོང་ཚོ་ཨུ་ལྷན་དང་། གྲོང་མི་ཨུ་ལྷན་གྱིས་དཔལ་འབྱོར་སྡེ་གཞི་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཧུར་སེམས་སྐུལ་སློང་གིས་ཐོན་སྐྱེད་བསྐྱར་མ་བྱེད་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་གཏོང་རྒྱུ། དགུ་ནི་འབྲུ་རིགས་ཐོན་འབབ་མཐོ་བའི་རྫོང་ལ་བྱ་དགའི་མ་དངུལ་སྒོར་ཁྲི་2,882བཀོད་སྒྲིག་བྱས་ནས་འབྲུ་རིགས་ཐོན་འབབ་མཐོ་བའི་རྫོང་གིས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པའི་ཧུར་སེམས་འཕེལ་བ་བྱེད་རྒྱུ་བཅས་ཡིན།

        འཐུས་མི་རྣམ་པ། 2012ལོའི་ནོར་སྲིད་ཀྱི་ལས་འགན་ཧ་ཅང་ལྕི་པོ་ཡིན། ང་ཚོས་ནོར་སྲིད་ཀྱི་གཞི་ཆེའི་སྟངས་འཛིན་བྱེད་རྒྱུར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་ནོར་ཁྲལ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། སྔོན་རྩིས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཁར་སྔོན་རྩིས་ལག་བསྟར་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་རྩིས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་སྤེལ་བཏང་ཐོག་གཞི་རིམ་ནོར་སྲིད་ཀྱི་ནོར་དོན་ལ་དོ་དམ་དང་ནོར་སྲིད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་དེ་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་རྒྱུར་སྐུལ་སྤེལ་ཟམ་མི་ཆད་པ་གཏོང་དགོས། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་བཀོད་ཁྱབ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”གོང་འཕེལ་གྱི་དམིགས་ཚད་དང་ཕྱི་ལོའི་ནོར་སྲིད་ལས་དོན་གྱི་ལས་འགན་ལ་དམ་པོར་དམིགས་ནས་ལམ་བཤངས་གསར་གཏོད་དང་། འབད་འབུངས་ཡར་བརྩོན། ལས་དོན་ཏན་ཏིག་བཅས་བྱས་ཏེ་རང་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས། (ལྗོངས་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར་བ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།