སྲིད་གཞུང་གི་ལས་དོན་སྙན་སྒྲོན།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། པད་མ་འཕྲིན་ལས་ནས།
ཟླ་1ཚེས་9ཉིན་འགོ་ཚུགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།
འཐུས་མི་རྣམ་པ།
ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་འཐུས་མི་རྣམ་པས་གྲོས་ཞིབ་ཡོད་པ་མ་ཟད་སྲིད་གྲོས་ཨུ་ཡོན་ཚོས་ཀྱང་དགོངས་འཆར་འདོན་རོགས་གནང་།
2011ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།
2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཚུགས་པའི་ལོ་ཞིག་རེད། གོང་འཕེལ་དང་བརྟན་ལྷིང་གི་ལས་འགན་དཀའ་ཚེགས་ཆེ་ལ་ཧ་ཅང་ལྕི་བའི་མདུན་དུ་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྟོབས་ལྡན་ཞུམ་མེད་ཀྱི་འགོ་ཁྲིད་འོག་ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་གོང་འཕེལ་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། གོང་འཕེལ་གཏོང་སྟངས་འགྱུར་ལྡོག་གཏོང་བ། བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བ། གསོན་ཤུགས་འཕེལ་བ་དང་དམངས་ཀྱི་འཚོ་བར་ཕན་པ་སྐྲུན་པ་བཅས་བྱས་ནས་སེམས་ནུས་གང་ཡོད་ཀྱིས་འགན་འཁྲི་བསྒྲུབས་པ་དང་། མཐུན་སྒྲིལ་འབད་འཐབ་བྱས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་དང་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་ཡོད། སྔོན་དཔག་ལྟར་ན་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་605ཟིན་ནས་ལོ་གོང་མ་དང་བསྡུར་ན་12.6%འཕར་རྒྱུ་ཡིན་པ་དང་། ཁྲལ་འབབ་སྒོར་དུང་ཕྱུར་95 ཟིན་ནས་87%འཕར་རྒྱུ་ཡིན་པ། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་54.7ཟིན་ནས་49.2%འཕར་རྒྱུ་ཡིན་པ། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བྱས་འབོར། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བྱས་འབོར་བཅས་གསུམ་ཁག་སོ་སོར་16.6%དང་17.6% 31.6% འཕར་རྒྱུ་ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལག་ཐོག་ཡོང་འབབ་དང་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་ཁག་སོ་སོར་7.8%དང་13.6%འཕར་རྒྱུ་ཡིན་པས་“ལོ་ལྔ་ཚན་བཅུ་གཉིས་པ ”འགོ་ཡག་པོ་ཞིག་ཚུགས་ཐུབ་པ་བྱུང་ཡོད།
གཅིག བདེ་འཁོད་ལས་བརྩོན་ཡོང་རྒྱུ་མངོན་ཆེར་བཟུང་བར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་མཐུད་ནས་ལེགས་བཅོས་བྱུང་བ།
ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གོང་འཕེལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་སྒྲིལ་སྤྱོད་དང་གཙོ་གནད་ལ་འཕར་གཟིགས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་ཡོད། “ཞིང་དུད་ལ་བརྒྱད་འཛོམས་བྱེད་པའི ”ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཁྲི་20དང་། ཞིང་འབྲོག་ཁུལ་གྱི་དགེ་སློབ་མི་གྲངས་ཁྲི་2.3གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་དང་། སླར་ཡང་ཞིང་འབྲོག་མང་ཚོགས་ཁྲི་8.9ལ་གློག་བེད་སྤྱོད་ཐུབ་པ། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་86.4%ཟིན་པ། ཞིང་འབྲོག་ཁུལ་གྱི་འགུལ་འཁྱེར་འཕྲིན་དྲ་ཁེབས་ཚད་65%ཟིན་པ། གྲོང་གསེབ་ཀྱི་དུད་ཚང་ལ་སྤྱོད་པའི་རྫབ་རླངས་ཁྲི་3.5གསར་བཟོ་བྱས་པ། རླུང་འཕྲིན་བཪྙན་འཕྲིན་ཕྱོགས་བསྡུས་མི་མགོར་ཁེབས་ཚད་91.6%དང་92.8%ཟིན་པ། ཤང་གྲོང་ལ་སྦྲག་འཕྲིན་ཤར་གཏོང་ཐུབ་ཚད་བརྒྱ་ཆའི་གྲངས་5འཕར་བ། སྲིད་འཛིན་གྲོང་ཚོ་1000ཡི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ཡོད། སླར་ཡང་སྒོར་དུང་ཕྱུར་10.14བཏང་ནས་དུད་ཚང་ཁྲི་6.39དང་ཞིང་འབྲོག་མང་ཚོགས་ཁྲི་34ཡི་བདེ་འཁོད་འཛུགས་སྐྲུན་བྱས་པ། འབྲེང་བཅོས་ཟམ་སྒྱུར་ལས་གཞི་རྩ་བའི་ཆར་ལེགས་གྲུབ་བྱུང་བ། གཞི་རྩའི་ཞིང་ནང་ཆུ་བེད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་བརྟན་པོའི་ངང་ཆེ་རུ་སོང་ཞིང་། འབྲུ་རིགས་སྤྱིའི་ཐོན་འབོར་ཀྲོན་ཁྲི་93.2ཟིན་པ་དང་། ཕྱུགས་ཟོག་བཤས་གཏོང་ཚད་30.5%ཟིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་གོང་འཕེལ་སྟོབས་ཆེར་སོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་ཏེ་ཞིང་འབྲེལ་ཁ་གསབ་སྣ་ཚོགས་སྒོར་དུང་ཕྱུར་43.7སྐབས་འཕྲལ་དོན་འཁྱོལ་བྱས་ཤིང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་4700ཟིན་ནས་ལོ་9བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད། ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་14.14ལ་སྦྱོང་བརྡར་སྤྲས་པ་དང་ངལ་ནུས་ཕྱིར་གཏོང་བྱེད་ཚད་མི་ཐེངས་ཁྲི་86ཟིན་ཞིང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་18.5བྱུང་ཡོད། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་སྒོར་1700ལས་དམའ་བའི་དབུལ་པོའི་མི་འབོར་ཁྲི་9.4ཉུང་དུ་སོང་ཡོད།
གཉིས། མ་འཇོག་དང་འཛད་སྤྱོད་གཉིས་ཀ་དམ་འཛིན་བྱས་པས་དཔལ་འབྱོར་གོང་འཕེལ་འགྲོ་བའི་སྒུལ་ཤུགས་སྔར་བས་ཆེ་རུ་སོང་བ།
ང་ཚོས་མ་འཇོག་དང་འཛད་སྤྱོད་གཉིས་ཀར་སྐུལ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་དང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བྱས་འབོར་ཁག་སོ་སོར་སྒོར་དུང་ཕྱུར་500དང་སྒོར་དུང་ཕྱུར་200ལས་སྒྲོལ་ཡོད། བོད་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་གི་མ་འཇོག་དེ “ལོ་ལྔ་ཚན་བཅུ་གཅིག་པའི ”ལྡབ་2.5ཡིན་ཞིང་། རྣམ་གྲངས་113བསྐྲུན་འགོ་བཙུགས་པ་དེས་འཆར་འགོད་ཀྱི་50%ཟིན་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་འབོར་སྒོར་དུང་ཕྱུར་540ཟིན་ཞིང་། དེའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་281བཏང་བ་དེ་11%འཕར་བ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་24.66དོན་འཁྱོལ་བྱུང་བ་དེ་8.8%འཕར་ཡོད། མ་འཇོག་གི་འགན་སྲུང་ཤུགས་ཆེ་བྱུང་བར་བརྟེན་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། ཤིན་བོད་གཞུང་ལམ་དང་ཁྲོན་བོད་གཞུང་ལམ་བཟོ་བཅོས་རྒྱ་བསྐྱེད་ལས་གཞི་བདེ་བླག་ངང་སྤེལ་བཞིན་པ་དང་། རྫོང་5ལ་རྫོང་སྦྲེལ་སྣུམ་ནག་ལམ་བཟོ་འགོ་ཚུགས་པ། “རྨང་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་བགྲོད་ཐུབ་པའི་འགག་སྒྲོལ་བྱ་སྤྱོད ”ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། མེ་ཏོག་གི་གཞུང་ལམ་བདེ་བླག་ངང་བཟོ་བཞིན་ཡོད། གོང་དཀར་གནམ་ཐང་གི་མྱུར་སྐྱོད་གཞུང་ལམ་ཤར་གཏོང་ཐུབ་ནས་བོད་ལ་མྱུར་སྐྱོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་། འཁོར་རིགས་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་4766མང་དུ་སོང་ཡོད། ལྷ་གཞིས་ལྕགས་ལམ་བཟོ་སྐྲུན་བདེ་བླག་ངང་བྱེད་བཞིན་ཡོད། གོང་དཀར་གནམ་ཐང་གི་འཕུར་སྐྱོད་ཁུལ་ལེགས་བཅོས་དང་ཆ་ལག་ཚང་སྒྲིག་བཟོ་བའི་ལས་གཞི་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། པེ་ཅིང་ནས་ལྷ་ས་བར་ཐད་ཀར་འཕུར་སྐྱོད་ཀྱི་མཁའ་ལམ་ཤར་གཏོང་བྱས་ཡོད། དངོས་ཨ་འཕྲང་གི་གློག་ཁང་དང་། ལྷ་སའི་འབར་སྒུལ་གློག་ཁང་། ཆན་ཝ་ཁྲི་9ཟིན་པའི་དྲ་འབྲེལ་འོད་ཤུགས་གློག་ཁང་བཅས་བསྐྲུན་ཟིན་ནས་གློག་བཏང་བ་དང་། རྫམ་ཆུ་ཤུགས་གློག་ཁང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད། བོད་དབུས་རྒྱུད་ཀྱི་ཆན་ཧྥུའུ་220ཡི་གློག་དྲའི་རྒྱུན་འཁོར་ལས་གཞི་བསྐྲུན་ནས་བེད་སྤྱོད་བྱས་ཡོད། མཚོ་བོད་ཐད་རྒྱུགས་དྲ་འབྲེལ་ལས་གཞི་བསྐྲུན་ཟིན་ནས་ཚོད་ལྟའི་འཁོར་རྒྱུག་བྱས་པ་དེས་བོད་ཀྱི་གློག་ཤུགས་དྲ་རྒྱ་ཁེར་རྐྱང་ཐོག་ལས་གཉེར་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་དང་བོད་དཀྱིལ་རྒྱུད་ཀྱི་གློག་དྲའི་གློག་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། གློག་འདོན་འཕྲུལ་ཤུགས་སྤྱིའི་ཤོང་ཚད་ཆན་ཝ་ཁྲི་116ཟིན་པ་དང་གློག་མི་མགོར་ཁེབས་ཚད་85.6%ཟིན་ཡོད། གློག་མེད་པའི་ས་ཁུལ་གྱི་གློག་འདོན་འཛུགས་སྐྲུན་འཆར་འགོད་ལ་རྒྱལ་ཁབ་ནས་ཆོག་མཆན་ཐོབ་ཡོད། ཆུ་གློག་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་ལེགས་སྒྲུབ་བྱུང་ཡོད། “ཀྲུང་དབྱང་གི་ཡིག་ཨང་དང་པོའི ”དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཕོད་མདོ་ཆུ་བེད་ལྟེ་གནད་ལས་གཞིའི་ཆུ་བོ་འཕྲེད་བཅད་ལེགས་སྒྲུབ་བྱུང་བ་དང་། ཡར་གཙང་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་གྱི་ལས་གཞི་བདེ་བླག་ངང་སྤེལ་བ། མལ་སྟག་ཆུ་འདྲེན་ཁུལ་གྱི་གཙོ་རྐང་ལས་གཞི་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། ཆུ་བོ་འབྲིང་ཆུང་རྒྱུགས་ཁུལ་བཅོས་སྐྱོང་བྱེད་རྒྱུ་ཕྱོགས་ཡོངས་ནས་འགོ་བཙུགས་ཡོད། འཕྲིན་གཏོང་དྲ་རྒྱ་དང་ཆ་འཕྲིན་ཅན་གྱི་ལས་གཞིར་སྐུལ་སྤེལ་ཏན་ཏིག་བཏང་ཞིང་། ཤང་ཚང་མར་དྲ་སྐུད་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ཡོད། ལྷ་ཉིང་ལྕགས་ལམ་དང་། ལ་ལྷོའི་ཆུ་བེད་ལྟེ་གནད་དང་ལེ་ལག་གི་ཆུ་འདྲེན་ཁུལ། སོལ་བ་ལུང་ཆུ་ཤུགས་གློག་ཁང་སོགས་གལ་ཆེའི་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་གང་མགྱོགས་སྤེལ་བཞིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་མཉམ་འཕེལ་བྱུང་ཞིང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བྱེད་འབོར་སྒོར་དུང་ཕྱུར་218ཟིན་ཡོད། རླངས་འཁོར་དང་སྡོད་ཁང་སོགས་ཀྱི་འཛད་སྤྱོད་འཕེལ་ངོ་ཆེ་རུ་འགྲོ་བ་དང་། ཡུལ་སྐོར་དང་། བཟའ་བཏུང་། སྤྲོ་གསེང་སོགས་ཀྱི་འཛད་སྤྱོད་འཕེལ་རྒྱས་མྱུར་པོ་བྱུང་ཡོད། གྲོང་ཁྱེར་གྱི་མུ་སྦྲེལ་ཚོང་གཉེར་དང་སྒོ་རྩིས་ཚོང་ཁང་རིམ་བཞིན་ཞིང་འབྲོག་ཁུལ་དུ་དར་ཁྱབ་འགྲོ་བཞིན་ཡོད་ཅིང་། “གྲོང་ཁྲི་ཤང་སྟོང ”གི་ཞིང་དུད་ཚོང་ཁང་ཁག་2070དང་འགྲེམས་སྐྱེལ་ལྟེ་གནས་ཁག་40གསར་རྒྱག་བཟོ་བཅོས་བྱས་ཡོད། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་གཏོང་བྱས་ནས་བཙོངས་འབོར་སྒོར་དུང་ཕྱུར་3.18ཟིན་ཡོད།
གསུམ། རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པས་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་བ།
ང་ཚོས “ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ ”བཅས་ལ་དམིགས་ཏེ་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་གཞོགས་སྐྱོར་ཤུགས་ཆེ་བྱས་ཤིང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཕར་ཐང་ཁག་སོ་སོར་སྒོར་དུང་ཕྱུར་74དང་། སྒོར་དུང་ཕྱུར་209 སྒོར་དུང་ཕྱུར་322བཅས་ཟིན་པ་དེ་3.6%དང་། 17.7% 11.8%འཕར་ཡོད། དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་བཏང་ནས་བཟོ་ལས་དཔལ་འབྱོར་བཟང་སྒྱུར་རིམ་འཕར་བྱེད་རྒྱུར་སྐུལ་འདེད་བཏང་ཞིང་། གཙོ་གནད་བཟོ་ལས་རྣམ་གྲངས་37ཁོངས་ནས་8བསྐྲུན་ཟིན་པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་130བཏང་ཟིན་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་37ལེགས་སྒྲུབ་བྱུང་བ་དེ་19.4%འཕར་ཡོད། གཞུང་ཁོངས་དང་གཞུང་ཁོངས་རྐང་གཙོའི་ཁེ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར་7.9བྱུང་བ་དེ་23%འཕར་ཡོད། མདོག་ལྡན་ལྕགས་གཏེར་སྔོག་འཚོལ་ལས་རིགས་དང་། བཏུང་བྱའི་བཟོ་ལས། གསོ་རིག་སྨན་རྫས་བཟོ་ལས། ལྕགས་རིགས་མིན་པའི་གཏེར་རྫས་བཟོ་སྣོན་ལས་རིགས་བཅས་བཞི་ལ་ཁེ་སྤོགས་སྒོར་དུང་ཕྱུར་ལས་བརྒལ་ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཁག་13 གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་17.4ཟིན་པ་དེ་13%འཕར་ཡོད། གཤོངས་གྲོང་ཚོའི་ཟངས་གཏེར་དང་ཆོས་ལུང་ཟངས་གཏེར་གྱི་སྔོན་གྲབས་ལས་ཀ་ཏན་ཏིག་ངང་སྤེལ་བ་དང་། མཚོ་བོད་ཆེད་དོན་རྣམ་གྲངས་གཏིང་ཟབ་ངང་སྤེལ་ཡོད། ལོ་ཧྲིལ་པོར་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་850ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་95ཟིན་པ་དེ་ཁག་སོ་སོར་24.1%དང་33%འཕར་ཡོད་པ་དང་། དུད་ཚང་ཁྲི་1.3ལྷག་ཙམ་དང་ཞིང་འབྲོག་མང་ཚོགས་ཁྲི་5ལྷག་ཙམ་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་པ། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་ཡོད། དངུལ་རྩའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཞབས་ཞུ་སྒྲུབ་པའི་འདེགས་སྐྱོར་ནུས་པ་ཆེ་རུ་སོང་ཞིང་། ལོ་མཇུག་ཏུ་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་དང་དངུལ་བུན་ལྷག་འབོར་ཁག་སོ་སོར་སྒོར་དུང་ཕྱུར་1662དང་སྒོར་དུང་ཕྱུར་409ཟིན་པ་དེ་28.2%དང་35.53%འཕར་ཡོད། འཁོར་རྒྱུག་དང་། འཕྲིན་གཏོང་། སྦྲག་ལས། འགན་བཅོལ། འཛིན་ལོར་སོགས་ཞབས་ཞུའི་ལས་རིགས་གོང་འཕེལ་མྱུར་པོ་བྱུང་ཡོད། ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དེ་རང་ལྗོངས་ཀྱི་རྒྱལ་ཁབ་བཟོ་ལས་ཅན་གྱི་ཐོན་ལས་དཔེ་མཚོན་རྟེན་གཞི་གསར་གྲས་ཨང་དང་པོར་གྱུར་བ་དང་། ཁྲལ་འབབ་སྒོར་དུང་ཕྱུར་13.6བྱུང་ཡོད། གོར་མོའི་བོད་མཚོ་བཟོ་ལས་གླིང་ཁུལ་དེ་རྒྱལ་ཁབ་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ནང་བཅུག་ཡོད། སྟག་རྩེའི་བཟོ་ལས་གླིང་ཁུལ་དེ་རང་སྐྱོང་ལྗོངས་རིམ་པའི་བཟོ་ལས་གླིང་དུ་རིམ་འཕར་བྱས་ཡོད།
བཞི། དམངས་འཚོ་སྔོན་ལ་འཇོག་ཤུགས་ཆེ་རུ་བཏང་བས་སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད་གོང་མཐོར་ཤུགས་ཆེ་སོང་བ།
སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། “གཞི་རྩའི་ཆ་གཉིས ”ཀྱི་རྒྱལ་བཤེར་ལམ་ལྷོངས་ངང་བསྒྲུབས་པ་དང་། སློབ་གསོའི་བྱ་གཞག་སྲ་བརྟན་གོང་མཐོར་སོང་སྟེ་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བའི་དུས་མཚམས་གསར་པར་སླེབས་ཤིང་། མི་རེར་ཆ་སྙོམས་སློབ་གསོ་ཐོབ་ཡུན་ལོ་7.3ནས་ལོ་7.9ལ་འཕར་ཡོད། ཞིང་འབྲོག་ཁུལ་གྱི “སྐད་གཉིས ”བྱིས་གསོ་ཁང་གཉེར་བའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་གྲོང་གསེབ་ཀྱི་བྱིས་གསོ་ཁང་122གསར་རྒྱག་བྱས་ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་རིན་མེད་སློབ་གསོ་སྤེལ་བ་དང་། “འགན་ལེན་གསུམ ”གྱི་གྲོན་དངུལ་དང་སློབ་སྐྱོར་རོགས་དངུལ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་ཐོག་སྒོར་2300ལ་སྤར་ཞིང་། སློབ་ཞུགས་མ་བྱས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་སློབ་གྲྭར་ཡོད་མུས་སློབ་མ་95% ལ་ཕན་པ་ཐོབ་ཡོད། མཐོ་རིམ་དགེ་འོས་དང་། ཞིང་འབྲོག་ནགས་ཆུ། ས་གཏེར་བཅས་ཀྱི་ཆེད་ལས་ལ་རིན་མེད་ཐོག་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2000 ལ་སྤར་ཡོད། སློབ་གྲྭའི་བསམ་བློ་ཀུན་སྤྱོད་དང་ཆབ་སྲིད་སློབ་གསོར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཡོད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་གསར་རྒྱག་བྱས་པ་དང་། རྫོང་གི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་18དང་། རྫོང་གི་སྨན་བཅོས་དོད་དྲག་ལྟེ་གནས་12 ལྟེ་བའི་ཤང་གྲོང་འཕྲོད་བསྟེན་ཁང་16བཅས་བཟོ་བཅོས་རྒྱ་བསྐྱེད་བཏང་བ། རྫོང་58དང་ཤང་གྲོང་16ལ་སྨན་བཅོས་མོ་ཊ་སྤྲད་ཡོད། རང་སྐྱོང་ལྗོངས་ཀྱི་འཕྲལ་མྱུར་སྐོར་སྐྱོད་སྨན་ཁང་ཨང་དང་པོ་བཙུགས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་སྐུལ་སྤེལ་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། སྐྱ་གྲིབ་ཕོག་པའི་ནད་པ་དབུལ་པོ་4000ལ་རིན་མེད་མིག་འབྱེད་གཤག་བཅོས་བྱས་པ་དང་། ཞིང་འབྲོག་མང་ཚོགས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བསུ་དང་འཚོ་བར་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱུང་ཡོད། འཆར་ལྡན་རིམས་འགོག་དང་། འགོས་ནད་དང་ཡུལ་ནད་ཚོད་འཛིན་འགོག་བཅོས་བྱེད་རྒྱུའི་འཆར་འགོད་བཟོ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་བ། བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་བརྟན་པོའི་ངང་གོང་འཕེལ་བཏང་ཡོད། རྒྱལ་ཁབ་དང་ས་གནས་མཉམ་འབྲེལ་གྱི་ལས་གཞི་ཞིབ་འཇུག་ལྟེ་གནས་3གསར་དུ་ཆོག་མཆན་ཐོབ་པ། མཚོ་བོད་ས་མཐོའི་ས་གཤིས་གཏེར་འཚོལ་གྱི་རིག་གཞུང་གསར་གཏོད་དང་གཏེར་འཚོལ་གལ་ཆེའི་འགག་སྒྲོལ་རྣམ་གྲངས་ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་དམིགས་བསལ་བྱ་དགའ་ཐོབ་ཡོད། ཚན་རྩལ་ཆེད་མངགས་པ་500གསར་སྣོན་བྱས་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གནས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་ལེགས་སྒྲུབ་བྱུང་བ་དང་། ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚུགས་དང་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་ཉིང་ལག་ལྟེ་གནས་391བཙུགས་པ་དང་། རླུང་འཕྲིན་བཪྙན་འཕྲིན་དུད་ཚང་ཚང་མ་དང་དགོན་སྡེ་ཚང་མར་ཁྱབ་གདལ་གཏོང་བའི་ལས་གཞིར་སྐུལ་འདེད་ཟམ་མི་ཆད་པ་བཏང་བ། ཞིང་པའི་དཔེ་དེབ་ཁང་3331དང་དགོན་སྡེར་དཔེ་དེབ་ཁང་480གསར་རྒྱག་བྱས་པ། རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་པ། རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་བ། རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ། མང་ཚོགས་ཀྱི་ལུས་རྩལ་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། རང་ལྗོངས་ཀྱི་ལུས་རྩལ་པར་འཛམ་གླིང་སྦེ་གའི་ལེགས་འབུལ་འགྲན་བསྡུར་ཐོག་གསེར་གྱི་རྟགས་མ་ཐེངས་དང་པོ་ཐོབ་ཡོད།
ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཆུ་ཚད་གོང་མཐོར་ཤུགས་ཆེ་ཙམ་སོང་བ། ལས་ཞུགས་བྱེད་ལམ་རྒྱ་ཆེར་ཧུར་ཐག་བཏང་ཞིང་། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་2.3གསར་དུ་ལས་ཞུགས་ཐུབ་ཅིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.2%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། སྲིད་གཞུང་གིས་གཞུང་ལས་ལས་གནས་ཁག་ཁྲི་1.3མཁོ་འདོན་བྱས་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་4300 གསར་བཟོ་བྱས་ཏེ་ལོ་དེ་གར་ཐོན་པའི་མཐོ་རིམ་སློབ་གྲྭའི་སློབ་མ་རྣམས་རྩ་བའི་ཆར་ཚང་མ་ལས་ཞུགས་ཐུབ་པ་བྱུང་ཡོད། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་ཐུབ་ཡོད། སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་ཁྱོན་བསྡོམས་མི་ཐེངས་ཁྲི་184.8ཟིན་པ་དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གཏོང་ཡོང་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་41.6ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་དེ་རྒྱལ་ཡོངས་ཀྱི་སྔོན་དུ་ཆ་ཚང་ཁེབས་ཐུབ་པ་བྱུང་ཞིང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་ཚད་70%ལ་འཕར་ཡོད། ཁེ་ལས་ཀྱི་ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་དེ་མི་རེར་ཆ་སྙོམས་སྒོར་2439ལ་སྤར་ཡོད། གཞུང་ཁོངས་ཁེ་ལས་ཀྱི་ལས་རྨས་མི་སྣ་ཪྙིང་པ་ཚང་མ་ལས་རྨས་འགན་བཅོལ་གྱི་གཅིག་གྱུར་གྲབས་གསོག་བྱེད་ཁོངས་སུ་བཅུག་ཡོད། ཕྲུ་གུ་སྐྱེ་གསོའི་འགན་བཅོལ་དང་ལས་ཤོར་འགན་བཅོལ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུའི་བྱ་ཐབས་བཟོས་ནས་བཏོན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དེ་ཁག་སོ་སོར་སྒོར་360དང་སྒོར་1450ལ་སྤར་བ་དང་། འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་ཚད་གཞི་སྒོར་2200ལ་སྤར་བ། ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་ཁ་གསབ་རོགས་དངུལ་ཚད་གཞི་སྒོར་260ལ་སྤར་བ། སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུའི་ཁ་གསབ་བསྡུར་ཚད་80%ཡན་ཟིན་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ནད་ཆེན་ཁ་གསབ་ཀྱི་སྨན་བཅོས་འགན་བཅོལ་བཟོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དབུལ་ཕོངས་མང་ཚོགས་ཁྲི་1.2ལ་སྨན་བཅོས་རོགས་སྐྱོབ་བྱས་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཆ་ཚང་ཁྲི་1.58འཛུགས་སྐྲུན་བཟོས་བཅོས་བྱས་པ་དང་། སྡོད་ཁང་གི་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་7044ལ་སྡོད་ཁང་གནས་གཡར་གྱི་ཁ་གསབ་རོགས་དངུལ་སྤྲད་ཡོད། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་དང་ལུས་གསོའི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ཡོད། ཟོག་གོང་འཕར་ཚད་ཚོད་འཛིན་ནུས་ལྡན་ཐུབ་པ། ང་ཚོས་རིན་གོང་ལྟ་དཔྱད་བརྡ་གཏོང་གིས་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཁོ་འདོན་འགན་སྲུང་དང་འཁོར་རྒྱུག་འཁྲུག་གཏོང་། རིན་གོང་སྒྱུར་བཅོས་ཀྱི་གོ་སྐབས་སྟངས་འཛིན་བྱས་ཐོག ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། ཞིང་ཚོང་ཐད་སྦྲེལ་དང་། ཚལ་འདེབས་ཞིང་པ་ཁྲོམ་རར་བསྐྱོད་པ། ཕག་གསོའི་ཁ་གསབ་སྤྲོད་པ་སོགས་ཀྱི་ཕྱོགས་བསྡུས་བྱ་ཐབས་སྤྱད་དེ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་4.9%ནང་ཚོད་འཛིན་བྱས་ཡོད། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་ཕྱོགས་དང་ག་སྦྱར་མཉམ་སྒུལ་བྱེད་པའི་ལམ་སྲོལ་བཟོས་ཤིང་། གནས་སྐབས་ཁ་གསབ་སྒོར་ཁྲི་8437སྤྲད་ནས་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཆེན་པོ་མི་ཕོག་པའི་འགན་སྲུང་བྱས་ཡོད།
ཡོམ་འགོག་གེགས་སེལ་ལས་དོན་ལ་རྒྱལ་ཁ་ཆེན་པོ་ཐོབ་པ། “9·18”ས་ཡོམ་བརྒྱབ་རྗེས། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཇུས་ཐག་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་འཕྲལ་མར་ཉེན་སེལ་གེགས་འགོག་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་དུས་ཚོད་ཐུང་ཤོས་ནང་གཞི་རྩའི་སྤྱི་སྤྱོད་ཞབས་ཞུའི་སྒྲིག་ཆས་མྱུར་སྐྱོབ་བྱས་པ་དང་། དུས་ཚོད་ཐུང་ཤོས་ནང་གནོད་འཚེ་ཕོག་ཁུལ་གྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱས་པ། མང་ཚོགས་རྣམས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་སྲུང་ནུས་ལྡན་བཅས་བྱས་པའི་ཐོག སླར་གསོ་བསྐྱར་སྐྲུན་ཇེ་མགྱོགས་སུ་བཏང་ནས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་གཏིང་ཟབ་ཚོར་ཐུབ་པ་བྱས་ཡོད།
ལྔ། དྭངས་གཙང་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་བྱས་ནས་འབྱུང་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་བརྟན་པོའི་ངང་སྐུལ་འདེད་བཏང་བ།
བོད་ཀྱི་འབྱུང་ཁམས་སྲུང་བཅད་སྲུང་སྐྱོབ་དང་འཛུཌ་སྐྲུན་བྱེད་རྒྱུའི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལོ་ཧྲིལ་པོར་མ་འཇོག་སྒོར་དུང་ཕྱུར་7.6དོན་འཁྱོལ་བྱས་ཡོད། རྒྱལ་ཡོངས་ནང་སྔོན་ལ་འབྱུང་ཁམས་ཕན་ནུས་སྲུང་སྐྱོབ་ཁུལ་འཛུཌ་སྐྲུན་བྱེད་འགོ་བཙུགས་ཤིང་། རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་དང་བྱ་དགའ་སྤྲོད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་སྤྲོད་ལམ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཐོག གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ལས་དོན་སྤེལ་མགྱོགས་སུ་བཏང་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་ནུས་འདུས་ཁུལ་གྱི་འབྱུང་ཁམས་སྐྱོང་གསབ་དེ་ཀྲུང་དབྱང་ནོར་སྲིད་ནས་སྒྱུར་སྤྲོད་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱུང་ཡོད། ཤིང་འཛུཌ་ནགས་གསོ་དང་། བྱེ་སྐྱོན་འགོག་བཅོས། རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞི། རང་བྱུང་སྲུང་སྐྱོབ་ཁུལ་འཛུཌ་སྐྲུན། གཤེར་ས་སྲུང་སྐྱོབ་ལས་གཞི་བཅས་བརྟན་པོའི་ངང་སྤེལ་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་ཞིབ་དཔྱད་དང་ལེཌ་སྒྲིག་བྱེད་པའི་ལས་དོན་སྤེལ་ཡོད། གཏེར་རྫས་སོགས་ཐོན་ཁུངས་གསར་སྤེལ་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་ཁོར་ཡུག་སྲུང་སྐྱོང་བྱེད་ཕྱོཌ་རྒྱུན་ཆད་མེད་པར་ཚད་ལྡན་བཟོས་པ་དང་། འཐུང་ཆུའི་ཆུ་རྩྭའི་ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ། ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཚོད་སྐོར་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་འཆར་འགོད་བྱེད་སྐབས་ཁོར་ཡུག་གནོད་གཞི་ཇི་ཡོང་ཚོད་སྐོར་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཡོད། ས་གཤིས་གནོད་འཚེ་སྔོན་དཔྱད་དང་སྔོན་བརྡ་གཏོང་བའི་ཐོག་འགོག་བཅོས་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ཡོད། ཁོར་ཡུག་བཙོག་སྐྱོན་བཅོས་སྐྱོང་དང་ཟེར་འགྱེད་ཁོར་ཡུག་དོ་དམ་བྱེད་རྒྱུར་དམ་འཛིན་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྒྱུར་དང་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད། ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད། ཁྲིམས་བཞིན་ས་ཆར་དོ་དམ་བྱས་ཏེ་འཕར་སྣོན་འགན་སྲུང་དང་དམར་ཐིག་འགན་སྲུང་བྱེད་པའི་དམིཌ་ཚད་འགྲུབ་ཐུབ་པ་བྱུང་ཡོད།
དྲུག སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་སྔར་ལས་ཆེ་བ་ཐོན་པ།
ང་ཚོས་ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་བྱེད་རྒྱུར་དོ་སྣང་བྱས་ཐོག གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་གཏིང་ཟབ་བྱས་ཡོད། རྩྭ་ར་འགན་གཙང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་མུ་མཐུད་དོན་འཁྱོལ་གྱིས་འཐུས་སྒོ་ཚང་དུ་བཏང་བ་དང་། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་བདེ་བླག་ངང་བྱས་པ། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། གཞུང་ཁོངས་ཁེ་ལས་ལུགས་བསྒྱུར་བསྐྱར་སྒྲིག་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད། བྱ་གཞག་ཚན་པའི་རིགས་དབྱེ་སྒྱུར་བཅོས་དང་ནོར་ཁྲལ་ལམ་སྲོལ་སྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་བྱེད་པར་ཕན་འབྲས་གསར་པ་ཐོབ་ཡོད། སྲིད་འཛིན་ཞིབ་མཆན་འགོད་ལམ་སྒྱུར་བཅོས་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད། འབྲུ་རིགས་འཁོར་རྒྱུག་དང་རིན་གོང་སྒྲིག་སྲོལ་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་བྱེད་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། བོད་ཀྱི་ཐོག་མའི་མཁའ་འགྲུལ་ཀུང་སི་དངོས་སུ་ལས་གཉེར་བྱས་ཡོད། བོད་ལྗོངས་ཀྲུང་ཤིང་ཚོང་དོན་ཚོགས་ཚོ་སྒོ་བྱང་བཀལ་ནས་བཙུགས་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་སྒོ་བྱང་བཀལ་བ་དང་། ཀྲུང་གོ་ཞིང་ལས་གོང་འཕེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་། བོད་ལྗོངས་དངུལ་ཁང་སྒྲིག་འཛུགས་ལེགས་སྒྲུབ་བྱུང་ཡོད། མ་རྩའི་ཁྲོམ་ར་གོང་འཕེལ་བརྟན་པོ་བྱུང་ནས་མ་དངུལ་བསྡུ་སྤྱོད་བྱེད་ནུས་འདོན་སྤེལ་བྱས་ཤིང་། 5100འཁྱགས་རོམ་གཏེར་ཆུ་ཁྲོམ་འགྲེམས་བྱས་པ་དང་། བོད་ལྗོངས་གཏེར་ལས་དང་བོད་ལྗོངས་ཡུལ་སྐོར་དེ་བསྐྱར་དུ་མ་དངུལ་བསྡུ་སྤྱོད་ཐུབ་ཡོད། ཁག་ཐེག་ཀུང་སི་8འཕེལ་རྒྱས་བྱུང་བ་དང་། ཁེ་ལས་ཆུང་འབྲིང་རིགས་90ལྷག་ཙམ་ལ་ཁྱོན་བསྡོམས་དངུལ་བུན་ཁག་ཐེག་སྒོར་དུང་ཕྱུར་3.53བྱས་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཚོགས་ཆེན་འཚོགས་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ཅིང་། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་གྱིས་འཇལ་བའི་ཁྲལ་འབབ་སྒོར་དུང་ཕྱུར་73.2ཟིན་པ་དེ་ལྡབ་1འཕར་བ་དང་། ལས་གཉེར་བྱེད་མཁན་མི་ཁྲི་49.8ཟིན་པ་དེས་42.4%འཕར་ཡོད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་གཏུགས་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཐོག རོགས་སྐྱོར་དང་ལེན་ལས་ཀ་ཁག་ཏན་ཏིག་ངང་སྤེལ་བས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་མ་འཇོག “1‰གི་སྲིད་ཇུས ”དོན་འཁྱོལ་ལེགས་ཙམ་བྱུང་ཡོད། ཉེ་འཁོར་ཞིང་ཆེན་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་བཅས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད། འགྲམ་དང་སྐྱིད་རོང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བདེ་བླག་ངང་བྱེད་བཞིན་ཡོད། ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་སྤྱི་འབོར་ཨ་སྒོར་དུང་ཕྱུར་11ཟིན་པ་དང་། དེའི་ནང་མཐའ་མཚམས་ཀྱི་འབོར་ཆུང་ཉོ་ཚོང་ཐད་ཨ་སྒོར་དུང་ཕྱུར་7ཟིན་པ་དེ་39.8%འཕར་ཡོད།
བདུན། ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་ཤུགས་ཆེ་བཏང་སྟེ་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བ།
ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་ནས་གཏན་འཁེལ་གནང་བའི་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་གཞི་རྩའི་མཛད་ཕྱོགས་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཇུས་ཐག་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ཏཱ་ལའི་རུ་ཚོགས་དང་རྒྱལ་སྤྱིའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོཌ་གཏོཌ་ཀྱི་སིམ་འཛུལ་དང་གཏོར་བཤིག་བྱེད་སྒོ་སྣ་ཚོགས་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་བཏང་ཡོད། ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་པ་དང་། བཀོད་སྒྲིག་ཞིབ་ཚགས་བྱས་པ། བྱ་ཐབས་སྤེལ་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་ཁག་ལྷིང་འཇཌ་ཞི་མཐུན་ངང་སྤེལ་ཡོད། སྤྱི་ཚོགས་བདེ་འཇཌ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཁྱེར་དྲ་མིག་ཅན་གྱི་དོ་དམ་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་ལྷ་ས་གྲོང་ཁུལ་དུ་ཉེན་རྟོག་དམངས་ཕན་ཞབས་ཞུའི་ས་ཚིགས་ཁག་135བཙུགས་པས་མི་དམངས་མང་ཚོགས་བློ་བཟོད་སྔར་བས་བདེ་རུ་སོང་ཡོད། གྲོང་ཁྱེར་གྱི་སྡེ་ཁུལ་དོ་དམ་ལམ་ལུགས་རིམ་པས་འཐུས་སྒོ་ཚང་དུ་བཏང་བ་དང་གྲོང་གསེབ་ཀྱི་སྡེ་ཁུལ་འཛུཌ་སྐྱོང་ཚོད་ལྟའི་ལས་དོན་ལམ་ལྷོང་ངང་སྤེལ་ཡོད། དགོན་སྡེར་ཁྲིམས་ལྟར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དམིཌ་བསལ་མངགས་གཏོང་པའི་ལམ་ལུགས་བཙུགས་ཐོག དགོན་སྡེར་སྒྲིག་གཞི་དང་། ཏང་རྩ་འཛུགས། འགོ་ཁྲིད་ཚན་ཁག དཔུང་ཁག འགན་ནུས། ལམ་སྲོལ་བཅས་འཛུགས་པའི་ལས་དོན་ཤུགས་ཆེ་སྤེལ་ཡོད། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་འཚམ་པོ་བྱས་ཏེ་ཡིག་འབུལ་ཞུ་བཅར་དང་། འདུམ་འགྲིག ཁྲུན་གཅོད་སོགས་ཐོག་ནས་འགལ་བ་དང་རྩོད་ཪྙོག་རྩད་བཤེར་འདུམ་གཅོད་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད། ཐོན་སྐྱེད་བདེ་འཇགས་བྱེད་རྒྱུར་ལྟ་སྐུལ་ཞིབ་བཤེར་དང་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བས་ཐོན་སྐྱེད་བདེ་འཇཌ་ཡོང་ཚད་མངོན་གསལ་དོད་པོས་བཟང་དུ་སོང་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་ཀྱིས “ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི ”གཙོ་དོན་དམ་བཟུང་བྱས་པ་དང་། “ཁ་བྲལ་ཐབས་མེད་པ་གསུམ ”དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་ཐོག མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་གོང་འཕེལ་བཏང་ཡོད། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ཀུན་ཕན་རང་བཞིན་གྱི་མཐའ་མཚམས་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་ཤིང་། མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པའི་ཤང་གྲོང་གི་ཧྲིལ་ལོ་16ཡན་ལོན་པའི་མཐའ་མཚམས་མང་ཚོགས་ཚང་མར་ཁ་གསབ་རོགས་དངུལ་སྤྲད་ཡོད། མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གོང་འཕེལ་ཇེ་མགྱོགས་སུ་བཏང་ཡོད། བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་ཡོད། ལྗོངས་ཡོངས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུ་འཚོགས་ཡོད།
གནོད་འགོག་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། བསྡོམས་རྩིས་བརྟག་ཞིབ་ཀྱི་སྒྱུར་བཅོས་རིམ་བཞིན་གཏིང་ཟབ་ཏུ་བཏང་ཞིང་། ཐེངས་དྲུག་པའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ས་ཡོམ་དང་། གནམ་གཤིས། མེ་ཟོན། མི་དམངས་མཁའ་ཟོན། རྩིས་བཤེར། ཁྲིམས་འཛིན། ཐིག་རིས་སོགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དང་། གསར་འགྱུར་དཔེ་སྐྲུན། བུད་མེད་དང་བྱིས་པ། རྒན་རྒོན་སོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བཏང་ཡོད། རང་སྐྱོང་ལྗོངས་གོང་འཕེལ་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རྒྱལ་སྲུང་སྐུལ་སློང་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། གཉིས་བཀུར་ལས་དོན་གཏིང་ཟབ་སྤེལ་ཞིང་། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྔར་བས་ཟབ་ཏུ་སོང་བ་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གིས་ས་གནས་འཛུགས་སྐྲུན་ལ་རོགས་སྐྱོར་དང་ཉེན་སེལ་གེགས་འགོག་བྱེད་པའི་ནང་ནུས་པ་ཆེན་པོ་བཏོན་ཡོད།
ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེཌ་ཞུ་བའི་དམིཌ་ཡུལ་བརྟན་པོར་བཅངས་ཏེ། སྲིད་བརྩོན་དང་། སྤྱོད་གཙང་། དོན་གཉེར། ཕྱོད་ཆེ་བཅས་རྒྱུན་འཁྱོངས་བྱས་ཐོག མི་དམངས་མང་ཚོཌ་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་ཟབ་ཏུ་བཏང་ནས་སྲིད་གཞུང་རང་ངོས་ཀྱི་ལེཌ་སྐྱོང་བྱེད་རྒྱུར་ཤུཌ་སྣོན་ཧུར་ཐག་བརྒྱབ་ཡོད། སྲིད་དོན་ཁྲིམས་བཞིན་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུས་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མིས་བཏོན་པའི་གྲོས་འཆར་དང་སྲིད་གྲོས་ཀྱི་གྲོས་གཞི་ཁག་644གཉེར་སྒྲུབ་ཧུར་ཐག་བྱས་ཏེ་གཉེར་སྒྲུབ་ལན་འདེབས་བྱས་ཚད་100%ཟིན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོཌ་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་གཞི་ཁག་4གྲོས་ཞིབ་གནང་རྒྱུར་ཕུལ་བ་དང་། སྲིད་གཞུང་གི་སྒྲིག་སྲོལ་ཁག་6བཟོས་ཡོད། སྲིད་འཛིན་བཀའ་འཁྲོལ་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱས་ཏེ་སྲིད་དོན་ཁྲིམས་བཞིན་སྐྱོང་རྒྱུའི་ལག་བསྟར་རྩ་གནད་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྲིད་འཛིན་ལྟ་ཞིབ་དང་ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུཌ་ཆེ་རུ་བཏང་ཡོད། “ལོ་ལྔ་ཚན་དྲུག་པའི ”ཁྲིམས་ལུཌ་ཁྱབ་གདལ་ཕྱོཌ་ཡོངས་ནས་གཏོང་འགོ་བཙུཌ་ཡོད། བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་དོ་སྣང་དང་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུཌ་སྣོན་བརྒྱབ་སྟེ་སྲིད་ལས་ཡོངས་བསྒྲཌ་བྱེད་པར་སྐུལ་སྤེལ་ཧུར་ཐག་བཏང་བ་དང་། སྲིད་འཛིན་ནུས་ཕྱོད་དང་འཕྲལ་སྡོམ་བྱེད་ནུས་ཟམ་མི་ཆད་པར་གོང་མཐོར་བཏང་ཡོད། སྲིད་འཛིན་སྤྱོད་ཚུལ་དང་སྤྱོད་གཙང་ལེགས་སྐྱོང་བྱེད་རྒྱུར་སྔར་བས་ཤུཌ་སྣོན་བརྒྱབ་ཡོད།
འཐུས་མི་རྣམ་པ། འདས་ཟིན་མ་ཐག་པའི་ལོ་གཅིག་ནང་། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ། ལོ་60ཡི་ནང་མི་ལོ་སྟོང་ཕྲག་བརྒལ་བ་ལྟ་བུའི་མི་ཡུལ་གྱི་ངོ་མཚར་གཅིག་སྡུད་ཐོག་མངོན་པར་བྱས་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱིས་ཡར་བརྩོན་བྱེད་པའི་བློ་སྤོབས་ཆེན་པོ་ཕྱོགས་ཡོངས་ནས་མཚོན་པར་བྱས་ཤིང་། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་འདོད་འདུན་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད།
ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་གཞི་རིམ་འཛུགས་སྐྱོང་ལོ་དང་། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། ལས་བྱེད་པ་ཁྲི་3ལྷག་ཙམ་སྒྲིག་འཛུགས་ཀྱིས་གཞི་རིམ་དུ་སྐྱོད་དེ་གྲོང་ཚོར་བཅའ་སྡོད་དང་དུད་ཚང་ནང་སྐྱོད་ཐོག གཞི་རིམ་ལ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། བརྟན་ལྷིང་དམ་འཛིན། ལས་ལམ་གསར་གཏོད། བྱ་བ་དངོས་སྒྲུབ་པ། དཀའ་ངལ་སེལ་བ་བཅས་བྱེད་རོགས་བྱས་པར་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་པ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་དང་མང་ཚོགས་དབར་གྱི་འབྲེལ་བ་དམ་ཟབ་ཏུ་སོང་བ། གཞི་རིམ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་བ་བཅས་བྱུང་ཡོད།
འཐུས་མི་རྣམ་པ། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་རིག་དང་རྔུལ་ཆུ་བཏོན་ནས་བྱུང་བ་ཞིག་ཀྱང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ཚོགས་པ་བཅས་དང་། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ག་སྦྱར་རོགས་སྐྱོར་གནང་མཁན་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་ཀྲུང་དབྱང་གི་རྐང་འཛིན་ཁེ་ལས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། དེ་བཞིན་བོད་ཀྱི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
འཐུས་མི་རྣམ་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་དེ་མཚོན་རྟགས་སུ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་གནས་ཤིང་། ང་ཚོར་མྱོང་ཚོར་གཏིང་ཟབ་བྱུང་བ་སྟེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཇུས་ཐག་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་དུ་བྱེད་རྒྱུ་དེ་ནི་ང་ཚོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་འགན་ལེན་ཡིན། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་ཀྱིས་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་དམ་པོར་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུར་སྐྱོད་རྒྱུ་དེ་ནི་ང་ཚོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུའི་ལས་འགན་ཨང་དང་པོ་འདི་མཐའ་འཁྱོངས་ཀྱིས་ཞིང་འབྲོག་མང་ཚོགས་དང་། ཞིང་འབྲོག་ཁུལ། མཐའ་མཚམས་ས་ཁུལ་བཅས་དམིགས་ས་གཙོ་བོ་དང་གཙོ་གནད་ཁྱབ་ཁོངས་སུ་བརྩིས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཡོང་འབབ་འཕར་སྣོན་ཡོང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་གཏོང་རྒྱུ་དེ་ནི་ང་ཚོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་ཡིན། གོང་འཕེལ་གཏོང་རྒྱུའི་ལས་འགན་གཙོ་བོ་ཨང་དང་པོ་འདི་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་གནང་བ་དེ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་བགྲོད་ལམ་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་རྒྱུ་དེ་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཨང་དང་པོ་འདི་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་གསར་གཏོད་བྱས་ཐོག ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཞི་མཐུན་ཡོང་བའི་བརྒྱུད་རིམ་ནང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་ནི་ང་ཚོའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་ཡོང་བ་བཅས་བྱེད་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་འགན་སྲུང་ཡིན།
ཕྱོགས་མཚུངས་ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པར། བོད་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་གྱི་འགལ་བ་དེ་དུས་ཡུན་རིང་པོའི་ནང་གནས་རྒྱུ་རེད། མིག་སྔར་སྤྱི་ཡོངས་ཀྱི་གཞི་ཆེའི་དཔལ་འབྱོར་གནས་བབ་སྔར་བཞིན་ཪྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་ཞིང་། ངེས་གཏན་མེད་པ་དང་གཏན་འཇགས་མེད་པའི་རྒྱུ་རྐྱེན་རིགས་སྣང་མེད་དུ་གཏོང་མི་རུང་བ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་འབྲེལ་བ་ཡོད་པའི་ཚོང་ཟོག་གི་རིན་གོང་ལ་དོ་དམ་སྟངས་འཛིན་བྱེད་ཐབས་མང་པོ་མེད་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་སྲིད་པར་ཚོད་དཔག་དམའ་དྲག་རྒྱུ་མེད་པ། མ་དངུལ་བསྡུ་སྤྱོད་བྱེད་ཁག་ཏུ་སོང་བ་དང་ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་ཆེ་རུ་སོང་བའི་རྐྱེན་གྱིས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་རིགས་གོང་འཕེལ་འགྲོ་ཁག་པོ་ཡོད་པ། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ད་དུང་བརྟན་པོ་མེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བ། ལས་ཞུགས་ཀྱི་ལྟ་བར་འགྱུར་ལྡོག་གཏོང་དགོས་པ་དང་། གྲུབ་ཚུལ་རྣམ་པའི་ལས་ཤོར་གནད་དོན་དེ་བས་མངོན་གསལ་དོད་པོ་ཡོད་པ། ས་གནས་དང་སྡེ་ཚན་རེ་ཟུང་གི་ཞབས་ཞུའི་འདུ་ཤེས་དང་མང་ཚོགས་ཀྱི་ལྟ་བ་ད་དུང་ཤུགས་ཆེན་པོ་མེད་པ་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་དགོས་གནད་ཡོད། ཕྱོགས་མཚུངས་ཏཱ་ལའི་རུ་ཚོགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་ནི་སྔར་བཞིན་རང་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་ཤུགས་རྐྱེན་བཟོ་བའི་བཀག་རྒྱ་ཆེ་ཤོས་ཡིན་པས་དེར་ང་ཚོས་ལྷོད་གཡེང་དང་སྣང་ཆུང་སྤུ་ཙམ་ཡང་གཏོང་མི་རུང་བ་ཞིག་རེད། དཀའ་ངལ་དང་གནད་དོན་དེ་དག་ལ་ང་ཚོས་བྱ་ཐབས་ཤུགས་ཆེ་སྤྱད་དེ་ཐག་གཅོད་ནན་ཏན་བྱེད་རྒྱུ་ཡིན།
2012ལོའི་ལས་འགན།
ད་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན། སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཏེང་ཞའོ་ཕེང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི “བདུན་གཅིག ”གི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་ཁྲིད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་རྒྱུ། ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོར་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་དཔལ་འབྱོར་ལས་དོན་ཚོགས་འདུའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་“ཆེན་པོ་བཞིར ”གཅེས་འཛིན་ལྡབ་བརྒྱ་བྱེད་པ་དང་། “ངེས་པར་དུ་བྱེད་དགོས་པ་བརྒྱད ”ཀྱི་རྩ་ཆེན་ཉམས་མྱོང་ལ་གཅེས་འཛིན་ལྡབ་བརྒྱ་བྱས་ཏེ་“བརྟན་པོའི་ངང་ནས་གོང་འཕེལ་མྱུར་པོ་ཡོང་བའི ”ལས་ཀའི་སྤྱིའི་བླང་བྱ་མངོན་ཆེར་བཟུང་ཐོག བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོབ་དང་། གོང་འཕེལ་ལ་སྐུལ་འདེད། ཟོག་གོང་སྟངས་འཛིན། བསྒྱུར་བཅོས་དམ་འཛིན། སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ། དམངས་འཚོར་ཕན་སྦྱར་བཅས་བྱེད་རྒྱུ་དང་། མ་འཇོག་དང་འཛད་སྤྱོད་གཉིས་སྐུལ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་ཤུགས་ཆེར་གཏོང་བ་བཅས་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་འཕེལ་ངོ་རྒྱུན་འཁྱོངས་ཐུབ་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་ཐུབ་པ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་པར་བསུ་བ་ཞུ་དགོས་པ་དེ་ཡིན།
སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་12%ཡན་འཕར་བ་བྱེད་རྒྱུ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་15%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་18%ཡན་འཕར་བ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་7.5%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་བྱེད་པའི་སྤྱི་འབོར་18%ཡན་འཕར་བ་བྱེད་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སྤྱི་འབོར་12%ཡན་འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ནང་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་བྱེད་ཚད་3.0%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ་བཅས་ཡིན།
གོང་གསལ་དམིགས་ཚད་མངོན་འགྱུར་བྱེད་དགོས་ན་ང་ཚོས་གཤམ་གསལ་གྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་རྒྱུ་སྟེ།
གཅིག དཔལ་འབྱོར་འཛུགས་སྐྲུན་ཤུགས་ཆེ་བྱས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས།
དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུའི་ལྟེ་བ་འདི་དམ་པོར་བཟུང་བ་དང་དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་རྨང་གཞི་འདི་སྟངས་འཛིན་བརྟན་པོ་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་མགྱོགས་མྱུར་ཁ་སྒྱུར་ཐུབ་པ་དང་། མ་འཇོག་དང་འཛད་སྤྱོད་གཉིས་མཉམ་དུ་སྐུལ་ཁྲིད་ཐུབ་པ། ཤེས་ལྡན་པ་དང་ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེ་བྱེད་པ་བཅས་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུ་དེ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དུས་མཉམ་དུ་སྐུལ་སྤེལ་བཏང་སྟེ་ནང་ངོས་འཕེལ་ནུས་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱེད་དགོས།
མ་འཇོག་དང་འཛད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། རང་འགུལ་ཐོག་སྙན་སེང་ཞུ་བ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འཁེལ་བྱུང་བའི་སྲིད་ཇུས་བྱ་ཐབས་ཁག་དང་“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་རྣམ་གྲངས་ཀྱི་མ་འཇོག་དོན་སྨིན་ཐུབ་པ་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དབར་གྲོས་མོལ་བྱུང་བའི་དོན་དག་ཁག་དོན་འཁྱོལ་དམ་འཛིན་བྱས་ཏེ་རྒྱལ་ཁབ་ནས་མ་འཇོག་སྒོར་དུང་ཕྱུར་300ཐོབ་པའི་བརྩོན་ལེན་བྱེད་དགོས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་དང་ཕན་ཚུན་འབྲེལ་གཏུག་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་སྐྱོར་མ་དངུལ་དང་རྣམ་གྲངས་ནུས་ལྡན་ངང་དོན་འཁྱོལ་ཐུབ་པ་བྱེད་དགོས། ཚོང་དང་མ་རྩ་འདྲེན་འགུག་གི་སྲིད་ཇུས་ཚགས་ཚུད་དུ་བཏང་སྟེ་སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་དམངས་ཁྲོད་ཀྱི་མ་འཇོག་སྐུལ་སློང་བྱེད་དགོས། དངུལ་ཁང་དང་ཁེ་ལས་མཉམ་འབྲེལ་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་ནུས་ལྡན་གྱི་ཡིད་རྟོན་དངུལ་བུན་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ནུས་ཕྱོད་ཆེ་བ་དང་ཆ་རྐྱེན་འཛོམས་པའི་སྔོན་གྲབས་ལས་དོན་ཐད་མ་དངུལ་རག་ཐབས་དང་། མ་རྩ་འདྲེན་འགུག མ་འཇོག་གི་ཁྲིད་སྟོན་བཅས་བྱེད་དགོས། འཛད་སྤྱོད་བྱེད་ནུས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་སྙུགས་ཤེད་སྔོག་འདོན་བྱས་ཐོག ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་སྐྱོང་སྤེལ་ཤུགས་ཆེ་བྱས་ནས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་གདང་རིམ་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། སྟབས་བདེ་ཡོད་པ་དང་། བདེ་འཇགས་ཡོད་པ། བློས་འཁེལ་བ་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་བྱེད་པའི་སྤྱི་འབོར་སྒོར་དུང་ཕྱུར་260ཟིན་ཐུབ་པའི་འབད་བརྩོན་བྱེད་དགོས།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་སྐྱོད་གཞུང་ལམ་བཟོ་བཅོས་རྒྱག་རྒྱུ་མུ་མཐུད་མགྱོགས་སུ་གཏོང་བ་དང་། རྫོང་འབྲེལ་སྣུམ་ནག་ལམ་དང་། དཔལ་འབྱོར་གྱི་མ་ལམ། མཐའ་མཚམས་གཞུང་ལམ་བཅས་རིམ་འཕར་བཟོ་བཅོས་རྒྱག་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། ལྷོ་ཁའི་ཡར་ཀླུང་གཙང་པོའི་བྱང་རྒྱུད་གཞུང་ལམ་འཛུགས་སྐྲུན་གྱི་ལས་འགོ་རྩོམ་དགོས། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སྔ་ཙམ་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུ། ཉིང་ཁྲི་གནམ་ཐང་ཉམས་བཟོ་རྒྱས་སྐྲུན་བྱེད་རྒྱུ་དང་། བོད་ནས་འགྲོ་འོང་དང་ལྗོངས་ནང་ཁུལ་གྱི་ཡན་ལག་གནམ་ཐང་གི་མཁའ་ལམ་དང་ཐེངས་གྲངས་མང་དུ་གཏོང་རྒྱུ། རྫམ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གོ་དོག་དང་རྡོ་ཕུར་ཆུ་ཤུགས་གློག་ཁང་སོགས་ཆུ་ཤུགས་གློག་ཁང་ལས་འགོ་འཛུགས་རྒྱུ། གློག་དྲའི་རྐང་འཛིན་དྲ་སྒྲོམ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་གཏོང་གློག་དྲ་ཚགས་ཚུད་དུ་གཏོང་རྒྱུའི་ཐོག གློག་དྲའི་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ལོག་སྔོན་འགོག་དང་། ཆུ་བེད་ལྟེ་གནས། ཞིང་ནང་ཆུ་བེད། རྩྭ་རའི་ཆུ་འདྲེན་སོགས་ཀྱི་ལས་གཞི་སྤེལ་རྒྱུར་མུ་མཐུད་སྐུལ་སྤེལ་བཏང་ནས་ཕོད་མདོ་ཆུ་བེད་ལྟེ་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ལ་ལྷོའི་ཆུ་བེད་ལྟེ་གནས་འཛུགས་སྐྲུན་ལས་འགོ་འཛུགས་རྒྱུའི་འབད་བརྩོན་བྱེད་རྒྱུ། རྨང་གཞིའི་གློག་འཕྲིན་དྲ་རྒྱ་དང་། དྲ་ཆེན་འཕྲིན་གཏོང་། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་མ་ལག འཕྲལ་སྤྱོད་འཕྲིན་གཏོང་མ་ལག་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྷ་ས་གྲོང་ཁྱེར་དུ་དྲོད་འདོན་ལས་གཞི་སྤེལ་འགོ་བཙུགས་ཏེ་གྲོང་ཁུལ་གྱི་གྲོང་མི་40%ལོ་སྨད་གོང་དྲོད་རླངས་སྤྱོད་ཐུབ་རྒྱུའི་བརྩོན་ལེན་བྱེད་རྒྱུ། བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སྐྲུན་འགོ་འཛུགས་རྒྱུ། དྭགས་པོ་ཆུ་ཤུགས་གློག་ཁང་དང་། དྲ་འབྲེལ་འོད་ཤུགས་གློག་ཁང་ཆེ་རིགས་ནས་གློག་གཏོང་རྒྱུའི་ལས་གཞི་སོགས་གཙོ་ཆེའི་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་གང་མགྱོགས་སྤེལ་རྒྱུ། རྣམ་གྲངས་འཛུགས་སྐྲུན་ཐད་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞི་མཐུན་འཛུགས་སྐྲུན་གྱི་ཁོར་ཡུག་ཅིག་གཏོད་རྒྱུ།
དངོས་གཞིའི་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཁྲོམ་རའི་མཐུན་རྐྱེན་རིགས་དངོས་གཞིའི་དཔལ་འབྱོར་གྱི་ཕྱོགས་སུ་རུབ་འདུས་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཐོག ཏན་ཏན་ཏིག་ཏིག་དང་། ལས་བརྩོན་ཕྱུག་སྒྱུར། ཁེ་ལས་ལ་བརྟེན་ནས་ཕྱུག་སྒྱུར་ཡོང་བ་བཅས་བྱེད་རྒྱུར་སྐུལ་ལྕག་གཏོང་བའི་སྤྱི་ཚོགས་ཀྱི་རྣམ་པ་ཧུར་ཐག་གཏོད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་རྒྱུའི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ། དངོས་གཞིའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་མ་འཇོག་དང་། དངུལ་རྩ། ནོར་ཁྲལ། ཐོན་ལས། ལས་ཞུགས་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། རང་སྐྱོང་ལྗོངས་ཀྱིས་ཁེ་ལས་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བར་རོགས་སྐྱོར་བྱེད་རྒྱུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། དངོས་གཞིའི་དཔལ་འབྱོར་གྱི་གཞི་རྟེན་སྟོབས་ཆེར་བཏང་ནས་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ནས་དང་། འབྲི་གཡག བོད་ལུགས་གསོ་རིག་སྨན་རྫས་སོགས་དགེ་སྟོབས་ཆེ་བའི་ཐོན་ཁུལ་དང་ཐོན་རྫས་རྟེན་གཞི་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། གཟན་རྩྭ་དང་གཟན་ཆག་འདེབས་ཁྱོན་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་རྒྱུ། རྟེན་གཞི་དང་། ཁེ་ལས། མཐུན་ཚོགས་བཅས་དང་ཞིང་དུད་ཀྱི་ཁེ་ཕན་མཉམ་སྦྲགས་དམ་ཟབ་ཏུ་གཏོང་རྒྱུ། ནུས་ཁུངས་ཐོན་ལས་དང་། དགེ་སྟོབས་ཆེ་བའི་གཏེར་ལས། ཨར་སྐྲུན་ལས་རིགས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། ས་མཐོའི་ཁྱད་ལྡན་བཟའ་བཅའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་གཙོ་རྟེན་ཐོན་ལས་དམ་འཛིན་ཡག་པོ་བྱས་ནས་རྒྱལ་དམངས་དཔལ་འབྱོར་ནང་བཟོ་ལས་ཀྱི་བསྡུར་ཚད་མཐོ་རུ་གཏོང་རྒྱུ། ཆུ་གློག་གཙོ་བོར་བྱས་པའི་ནུས་ཁུངས་གསར་སྤེལ་གྱི་འཐབ་ཇུས་མཉམ་ལས་གང་མགྱོགས་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཐོན་ཁུངས་སྒྲིལ་བཅོས་བྱེད་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་གཏེར་ལས་ཐོན་ཁུངས་གསར་སྤེལ་བྱེད་རྒྱུའི་སྒྲིག་ལམ་ཚད་ལྡན་བཟོ་རྒྱུ་དང་། མཚོ་བོད་ཆེད་དོན་རྣམ་གྲངས་གཙོ་གནད་དུ་བྱས་པའི་ས་གཤིས་རྟོག་ཞིབ་ཀྱི་རྣམ་གྲངས་རིགས་ལག་བསྟར་ཡག་པོ་བྱེད་རྒྱུ། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཚད་ལྡན་མ་ལག་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ། ཨར་སྐྲུན་རྒྱུ་ཆ་གསར་གྲས་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ། བོད་རུམ་དང་། མི་རིགས་ཀྱི་གྱོན་ཆས། ཐང་ཀ བོད་ཀྱི་སྤོས་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཁེ་ལས་སྒྱུར་བཀོད་བྱེད་རྒྱུར་རོགས་སྐྱོར་བྱེད་རྒྱུ། ཡུལ་སྐོར་ཐོན་རྫས་གསར་སྤེལ་གཏིང་ཟབ་བྱས་ཏེ་ཡུལ་སྐོར་སྣེ་ལེན་བྱེད་ནུས་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་རྒྱུ། ཡུལ་སྐོར་བདེ་འཇགས་ལ་སྣང་ཆེན་བྱས་ཏེ་ལོ་ཧྲིལ་པོར་སྣེ་ལེན་ཞུ་རྒྱུའི་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལས་བརྒལ་ཐུབ་པ་དང་ཡོང་འབབ་སྒོར་དུང་ཕྱུར་120ཟིན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། གྲགས་ཅན་ཡུལ་ལྗོངས་ཁུལ་གྱི་མ་ལག་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་ལས་ཀ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞུང་ཁོངས་དང་། མཉམ་སྡེབ། དབང་བའི་ལམ་ལུགས་མཉམ་འདྲེས། སྒེར་གཉེར་ཁེ་ལས། ཁེ་གཉེར་བཟོ་ཚོང་ཐེམ་དུད། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་སོགས་ཁྲོམ་རའི་གཙོ་རྐང་འདྲ་མིན་རིགས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ཏེ་གོང་འཕེལ་གྱི་གདང་རིམ་མཐོ་རུ་གཏོང་བ་དང་དངོས་གཞིའི་དཔལ་འབྱོར་གྱི་གཞི་ཁྱོན་སྟོབས་ཆེར་གཏོང་རྒྱུ། འཛིན་ལོར་དང་། འགན་བཅོལ། ཡིད་རྟོན་མངག་བཅོལ། ཁག་ཐེག་སོགས་དངུལ་རྩའི་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་སྟེ་ཁེ་ལས་ཁྲོམ་འགྲེམས་བྱས་ནས་མ་རྩ་མཉམ་འདྲེས་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཁེ་ལས་འབྲིང་ཆུང་ལ་དངུལ་བུན་གྱི་ཉེན་ཟོན་ཁ་གསབ་མ་དངུལ་དང་ཡིད་རྟོན་ཁག་ཐེག་གི་ཉེན་ཟོན་ཁ་གསབ་མ་དངུལ་འཛུགས་རྒྱུ། ཐོན་ལས་སྒྲིལ་བཅོས་དང་ཁེ་ལས་ཉོ་སྒྲིལ་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་རྐང་འཛིན་ཁེ་ལས་ཁག་གཅིག་སྐྱོང་སྤེལ་བྱས་ཐོག ཐོན་ལས་འཁོར་འབྲེལ་བསྣུར་བསྲིངས་བྱས་ཏེ་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མ་རྩའི་རིགས་ཀྱི་དགེ་སྟོབས་ཆེ་བའི་ཐོན་ཁུངས་གསར་སྤེལ་དང་། གཞུང་ཁོངས་ཁེ་ལས་ལུགས་སྒྱུར་བསྐྱར་འཛུགས་བྱེད་པའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་རྒྱུ། ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཐད་བློས་འཁེལ་བ་དང་། བསམ་བློའི་ཐད་བཀག་རྒྱ་གློད་པ། སྲིད་ཇུས་ཐད་ལྷུག་ཏུ་གཏོང་བ། གོང་འཕེལ་གཏོང་རྒྱུའི་ཐད་བློ་ཁོག་ཆེན་པོ། ལས་ཀའི་ཐད་སྲབ་མདའ་གློད་པ། དེ་བཞིན་ཐེམ་པ་དམའ་བ་དང་། མ་མེད་ཐོ་འགོད་དེབ་སྐྱེལ། ཁྲལ་ཡང་བ། སྐྱོར་ཤུགས་ཆེ་བ། ཞིབ་བཤེར་ཉུང་བ། སྐུལ་ལྕག་ལ་མཐོང་ཆེན་བཅས་བྱེད་པའི་ཐོག་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་འཕར་ཐང་དང་གོང་འཇལ་ཁྲལ་འབབ་གཉིས་ཀ 15%ཡན་འཕར་ཐུབ་པའི་བརྩོན་ལེན་བྱེད་དགོས། གླིང་ཁུལ་དཔལ་འབྱོར་གོང་འཕེལ་ཧུར་ཐག་བཏང་ནས་དངོས་གཞིའི་དཔལ་འབྱོར་གྱི་འཕར་གཞི་སྐྱོང་སྤེལ་ཧུར་ཐག་བྱེད་རྒྱུ། ཐོན་ལས་གླིང་ཁུལ་གྱི་བྱེད་ནུས་གནས་བབ་ལ་མཐོང་ཆེན་བྱས་ཐོག སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་དང་། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་རུབ་འདུས་བྱེད་རྒྱུར་ཁྲིད་སྟོན་དང་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས།
ཚན་རྩལ་གསར་གཏོད་དང་ཞབས་ཞུ་སྒྲུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་ཧུར་ཐག་སྐྲུན་ཏེ་གཙོ་གནད་ཚོད་ལྟ་ཁང་དང་། ཚན་རྩལ་གསོ་ཆས། ཚན་རྩལ་ཐོན་ལས་གླིང་ཁུལ་བཅས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་ཀྱིས་གསར་གཏོད་བྱེད་པའི་ལས་སྟེགས་རིགས་སྐྲུན་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། ནས་ཀྱི་ཐོན་ལས་དང་བོད་སྨན་ཐོན་ལས་སོགས་གཙོ་ཆེའི་ཚན་རྩལ་ཆེད་དོན་རྣམ་གྲངས་ཕྱོགས་ཡོངས་ནས་ལས་འགོ་བརྩམ་རྒྱུ་དང་། གསེར་གཡག་དང་གསེར་ཉིའི་ཚན་རྩལ་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་རྒྱུ། གནད་འགག་ཆེ་བའི་ལག་རྩལ་འགག་སྒྲོལ་ཤུགས་ཆེ་བྱེད་རྒྱུ། སྔོན་ཐོན་གོ་ཆོད་ཀྱི་ལག་རྩལ་ནང་འདྲེན་དང་། ཁྱབ་གདལ། བེད་སྤྱོད་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དྲོད་ཁང་སྔོ་ཚལ་འདེབས་གསོ་དང་། ནས་ཚད་ལྡན་ཅན་གྱི་འདེབས་གསོ། འབྲི་གཡག་གསོ་ཚགས་ནུས་ཕྱོད་ཆེ་བ། ལུག་དང་བ་གླང་རྒྱུད་བཟང་དུ་གཏོང་རྒྱུ་སོགས་ཚན་རྩལ་གྲུབ་འབྲས་ཁྱབ་སྤེལ་བཏང་སྟེ་ཞིང་འབྲོག་ལས་ཚད་ལྡན་ཅན་དུ་སྒྱུར་བའི་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནོད་ལྡན་སྐྱེ་དངོས་དང་ནད་སྐྱོན་དང་འབུ་སྐྱོན་བཅས་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་གྱི་ཚན་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་ཁྱབ་གདལ་གཏོང་བའི་རྟེན་གཞི་དང་། ཚན་རྩལ་ཁྱབ་གདལ་གཏོང་བའི་ཤང་གྲོང་། ཚན་རྩལ་ཁྱབ་གདལ་གཏོང་བའི་དཔེ་སྟོན་དུད་ཚང་བཅས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ་དང་། ཚན་རྩལ་གཤམ་སྤེལ་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་ཚན་རྩལ་ཆེད་མངག་པའི་དཔུང་ཁག་གོང་འཕེལ་སྟོབས་ཆེར་གཏོང་རྒྱུ། ཤེས་ལྡན་པར་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ་དེ་བས་གཟིགས་སྐྱོང་ཆེ་ཞིང་སྒོ་མོ་དབྱེ་བའི་ཤེས་ལྡན་པའི་སྲིད་ཇུས་དང་བྱ་ཐབས་སྤྱོད་རྒྱུ་དང་། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་བརྟེན་པ་དང་། ཁ་ཚ་དགོས་གཏུག་གི་ཤེས་ལྡན་པ་ནང་འདྲེན་བྱེད་རྒྱུ། ཤེས་ལྡན་པའི་ཤེས་བྱ་གསར་བརྗེས་ཀྱི་ལས་གཞི་ལག་བསྟར་བྱེད་རྒྱུ། གསར་གཏོད་བྱེད་རྒྱུའི་གཏོང་ཆ་དང་ཤེས་ལྡན་པར་ངར་སྐུལ་བྱེད་རྒྱུའི་ཆེད་སྤྱོད་མ་དངུལ་བཙུགས་ཏེ་ཐོན་ལས་དང་དངོས་གཞིའི་དཔལ་འབྱོར་གྱི་ཕྱོགས་སུ་ཤེས་ལྡན་པ་རུབ་འདུས་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།
འབྱུང་ཁམས་ཁོར་ཡུག་གི་བདེ་འཇཌ་འགན་སྲུང་བྱེད་རྒྱུ། 《བོད་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད 》མུ་མཐུད་ལག་བསྟར་བྱས་ནས་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་། སྐྱས་སྤོས་རྩྭ་གསོ། རྨོ་སྐྱུར་ནགས་གསོ། ཞིང་འབྲོག་ཁུལ་གྱི་ནུས་ཁུངས་རྒྱུ་ཚབ་སོགས་ཀྱི་འབྱུང་ཁམས་ལས་གཞི་དང་གཙོ་གནད་ཁུལ་ཁོངས་ཀྱི་འབྱུང་ཁམས་སྤྱི་ཕན་ནགས་ཚལ་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ཤུགས་ཆེ་བྱེད་རྒྱུ། གཙང་པོ་དང་ཆུ་བོའི་ཆུ་འགོ་དང་། སྤང་ལྗོངས། གཤེར་ས། དེ་བཞིན་སྐྱེ་དངོས་སྣ་མང་བཅས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཐོག ལྷ་སའི་སྐྱིད་ཆུའི་ཆུ་འགོ་དང་ཡར་ཀླུང་གཙང་པོའི་ཆུ་འགོའི་འབྱུང་ཁམས་ནུས་པའི་སྲུང་སྐྱོབ་ཁུལ་འཛུགས་སྐྱོང་བྱེད་རྒྱུ་དང་། གནམ་མཚོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་གཞིར་སྐུལ་སྤེལ་གཏོང་རྒྱུ། བྱེ་སྐྱོན་འགོག་བཅོས་དང་། ས་ཆུ་སྲུང་འཛིན། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ས་ཆ་གསར་སྤེལ། དེ་བཞིན་ཁོར་ཡུག་བཅོས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཁ་གསབ་དང་བྱ་དགའི་དངུལ་སྤྲོད་ལམ་དང་ནགས་ཚལ་འབྱུང་ཁམས་ཕན་ནུས་སྐྱོང་གསབ་བྱེད་ལམ་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཤེར་ས་དང་ཐོན་ཁུངས་གསར་སྤེལ་བྱས་རྗེས་ཀྱི་འབྱུང་ཁམས་སྐྱོང་གསབ་ཀྱི་ཚོད་ལྟ་སྤེལ་རྒྱུའི་འཚོལ་ཞིབ་བྱེད་རྒྱུ། འབྱུང་ཁམས་བཟང་བའི་ས་གནས་དང་། རྫོང་། འབྱུང་ཁམས་བཟང་བའི་ཤང་གྲོང་བཅས་གསར་འཛུགས་བྱེད་རྒྱུའི་ལས་དོན་ཧུར་ཐག་སྤེལ་རྒྱུ། འབྱུང་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་རྒྱག་རྒྱུ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་རྒྱུ་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འགྲིམ་འགྲུལ་གཞུང་ལམ་གྱི་ཉེ་འགྲམ་དང་གཙོ་གནད་མཛེས་ལྗོངས་ཁུལ་སོགས་ཁུལ་ཁོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་དཔྱད་གདེང་ཞིབ་མཆན་ནན་པོ་བྱེད་རྒྱུ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། བཙོག་སྐྱོན་འགོག་བཅོས་དང་ཟེར་འགྱེད་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་རྩིས་གཞིའི་ནུས་རྒྱུ་ཟད་གྲོན་དང་བཙོག་དངོས་གཙོ་བོ་བཤངས་འབུད་བྱེད་པའི་སྤྱི་འབོར་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ།
གཉིས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཤུགས་ཆེ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཏོན་པའི “དོན་དངོས་ཆེན་པོ་བཅུ ”སྒྲུབ་རྒྱུར་དམ་པོར་དམིགས་ཐོག གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ལྡན་པའི་ངང་གོང་འཕེལ་གཏོང་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ལྡན་པའི་ངང་གོང་འཕེལ་གཏོང་རྒྱུ་མངོན་ཆེར་བཟུང་ནས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་ངལ་སེལ་རོགས་བྱེད་པ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་རྣམས་ལ་བསྒྱུར་བཅོས་དང་གོང་འཕེལ་གྱི་འབྲས་བུ་དངོས་འབྲེལ་ལོངས་སྤྱོད་ཐུབ་པ་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། ཞིང་འབྲོག་ལས་ལ་ཤུགས་སྣོན་དང་། ཞིང་འབྲོག་པར་ཕན་སྦྱར། ཞིང་འབྲོག་པ་ཕྱུག་སྒྱུར་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་སྲ་བརྟན་དང་ཚགས་ཚུད་དུ་གཏོང་དགོས། འབྲི་གཡག་རྒྱུད་བཟང་དང་། ཞོག་ཁོག་གི་མ་སོན། གཟན་རྩྭ་འདེབས་གསོ་བཅས་ལ་ཁ་གསབ་སྤྲོད་རྒྱུའི་ཚོད་ལྟ་སྤེལ་འགོ་འཛུགས་རྒྱུ་དང་། ཁྲིམས་ལུགས་གཞིར་བཟུང་ས་ཆར་དོ་དམ་བྱས་ཏེ་ས་ཆ་བེད་སྤྱོད་རྒྱུ་གྲོན་ཆུང་དང་ཞིབ་བསྡུས་བྱེད་རྒྱུ། དམ་ཞིང་ནན་པའི་རྨོ་ཞིང་དང་རྩྭ་ར་སྲུང་སྐྱོབ་བྱེད་ལམ་ལག་བསྟར་བྱེད་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་10བཟོ་རྒྱུའི་ལས་འགན་ལེགས་སྒྲུབ་བྱེད་རྒྱུ། ཆུ་བེད་གཙོ་གནད་དུ་བྱས་པའི་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི་28གསར་བཟོ་ལེགས་བཅོས་བྱེད་རྒྱུ། རྫོང་ཁོངས་24ཡི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལག་བསྟར་བྱེད་རྒྱུ། ཕྱུགས་ཁྱུ་དང་ཕྱུགས་རྒྱུད་གྲུབ་ཆ་ལེགས་སྒྱུར་བྱས་ཐོག་བཤས་གཏོང་ཚད་མཐོ་རུ་གཏོང་རྒྱུ། ཕྱུགས་བྱའི་རིམས་ནད་འགོག་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་སྒྲིག་འཛུགས་ཅན་དུ་སྒྱུར་ཚད་དང་ཁྲོམ་རའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། ལས་གྲྭའི་འཛུགས་སྐྲུན་དང་། ཡུལ་སྐོར་ཞབས་ཞུ། ཚོང་དོན་སྐྱེལ་འདྲེན་སོགས་ཀྱི་ནང་ཞིང་འབྲོག་མང་ཚོགས་ཐེ་ཞུགས་བྱེད་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་ངལ་ནུས་ཕྱིར་གཏོང་བྱེད་རྒྱུ་མི་ཐེངས་ཁྲི་80ཡན་ཟིན་ཐུབ་པ་བྱེད་དགོས། མ་དངུལ་སྒོར་ཁྲི་5700བཀོད་སྒྲིག་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ལག་རྩལ་རྩལ་ནུས་ཀྱི་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ། སྒོར་དུང་ཕྱུར་9.29བཀོད་སྒྲིག་བྱས་ནས་དུད་ཚང་ཁྲི་5.96གི་བདེ་འཁོད་ལས་གཞི་སྐྲུན་རྒྱུ། “ཞིང་དུད་ལ་བརྒྱད་འཛོམས་པ་བྱེད་རྒྱུའི ”ལས་གཞི་ལག་བསྟར་ཇེ་མགྱོགས་སུ་གཏོང་རྒྱུ། སྒོར་དུང་ཕྱུར་31.1བཏང་ནས “རྨང་བརྟན་དམངས་ཕན་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་འགག་སྒྲོལ་བྱ་སྤྱོད ”ལག་བསྟར་ཤུགས་ཆེ་བྱས་ཏེ་ལོ་གསུམ་ནང་སྒྲིག་ཚུད་གྲོང་ཚོ་669ལ་གཞུང་ལམ་བཟོ་ཐུབ་པ་བྱེད་རྒྱུ། གློག་མེད་པའི་ས་ཁུལ་ལ་གློག་འདོན་འཛུགས་སྐྲུན་འཆར་འགོད་ལག་བསྟར་གང་མགྱོགས་བྱས་ཏེ་ད་ལོ་སྒོར་དུང་ཕྱུར་42བཏང་ནས་སྲིད་འཛིན་གྲོང་ཚོ་1630ལ་གློག་ཁྲིད་ཐུབ་པ་བྱས་ནས་སྲིད་འཛིན་གྲོང་ཚོ་ཚང་མར་གློག་ཡོད་པ་བྱེད་རྒྱུ་དང་། གློག་སྤྱོད་ཐུབ་པའི་མི་འབོར་ཁྲི་273.4ཟིན་ཐུབ་པ་བྱེད་རྒྱུ། གྲོང་ཚོ་ཀུན་ལ་ཁ་པར་དང་། སྦྲག་འཕྲིན་ཤར་གཏོང་། རླུང་འཕྲིན་བཪྙན་འཕྲིན་ཁྱབ་ཐུབ་པ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མི་ཕྱུགས་ཀྱི་གནོད་མེད་འཐུང་ཆུའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱེད་རྒྱུ། གྲོང་གསེབ་ཀྱི་དུད་ཚང་ཁྲི་1ལ་རྫབ་རླངས་བཟོ་རྒྱུ། སྒོར་དུང་ཕྱུར་10.78བཏང་སྟེ་གྲོང་ཚོ་1000གི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་ལེགས་སྒྲུབ་བྱེད་རྒྱུ། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ཏེ་རང་ལྗོངས་ཀྱིས་ལག་བསྟར་བྱེད་རྒྱུའི 《ཀྲུང་གོའི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་རྩ་གནད (2011—2020ལོ )》སྤྱིའི་བྱ་ཐབས་བཟོ་འགོད་བྱས་ཏེ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཚད་གཞི་མཐོ་རུ་གཏོང་རྒྱུ། དབུལ་སྐྱོར་འགག་སྒྲོལ་ཐུབ་པ་བཅས་བྱས་ཏེ་དུད་ཚང་ལ་རོགས་སྐྱོར་དང་ཐོན་ལས་གསར་སྤེལ་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་ཤང་ཧྲིལ་པོར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས་དབུལ་པོའི་ས་ཁུལ་གྱི་མང་ཚོགས་ལ་དབུལ་འགྲོལ་ཕྱུག་སྒྱུར་བྱེད་མགྱོགས་སུ་འགྲོ་རྒྱུར་རོགས་སྐྱོར་བྱེད་རྒྱུ། འགྲིམ་འགྲུལ་ལམ་རྒྱུད་དང་། གྲོང་ཁྱེར་གྲོང་རྡལ་གྱི་ཉེ་འགྲམ་སོགས་གཙོ་གནད་ཁུལ་ཁོངས་སུ་མི་འབོར་གཅིག་སྡུད་འོས་འཚམ་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། འབྱུང་ཁམས་ལ་བལྟོས་ནས་གནས་བརྟན་པོའི་ངང་སྤོ་རྒྱུར་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཞིང་འབྲེལ་ཚོང་ལས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།
མཐའ་མཚམས་ས་ཁུལ་གོང་འཕེལ་ཇེ་མགྱོཌ་སུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དར་རྒྱས་གོང་འཕེལ་དང་། བརྟན་ལྷིང་སྲུང་སྐྱོང་། མཐའ་སྲུང་སྲ་བརྟན་གཏོང་རྒྱུའི་འགག་རྩ་གཉིས་དམ་འཛིན་བྱས་ཏེ་མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་ལག་བསྟར་ཤུགས་ཆེ་བྱས་ཐོག་མཐའ་མཚམས་ས་ཁུལ་གོང་འཕེལ་དང་བརྟན་ལྷིང་ཡོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱེད་རྒྱུ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ལ་རོགས་སྐྱོར་དང་། མཐའ་མཚམས་སྟོབས་ཆེར་གཏོང་བ། མཐའ་མཚམས་དར་རྒྱས་གཏོང་བ། མཐའ་མཚམས་འཁྲུག་ཏུ་གཏོང་བ། མཐའ་མཚམས་ལ་ཕན་པ་སྐྲུན་པ། མཐའ་མཚམས་སྔོ་ལྗང་ཅན་དུ་སྒྱུར་བ། མཐའ་མཚམས་བརྟན་ལྷིང་ཡོང་བ། མཐའ་སྲུང་སྲ་བརྟན་གཏོང་བ་བཅས་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་དང་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གང་མགྱོགས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ།
ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་ཐུབ་ཚད་ཆེ་རུ་གཏོང་རྒྱུ། བྱ་གཞག་གསར་གཏོད་ཀྱི་སྦྱོང་བརྡར་དང་། འབོར་ཆུང་དངུལ་བུན་གྱི་ཁག་ཐེག རྣམ་གྲངས་ངོ་སྤྲོད། བྱ་གཞག་གསར་གཏོད་ལ་ཞབས་ཞུ། གླེང་ཕྱོགས་ཀྱི་ཁྲིད་སྟོན་བཅས་བྱེད་པའི་ལས་སྟེགས་ཆེན་པོ་ལྔ་བཟོས་ཏེ་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་ཁྲི་2.15མང་དུ་འགྲོ་ཐུབ་པ་བྱེད་རྒྱུ། མཐོ་རིམ་སློབ་ཐོན་སློབ་མ་དང་ཁྱིམ་བདག་གི་ལས་ཞུགས་འདུ་ཤེས་སྒྱུར་རྒྱུའི་ཁྲིད་སྟོན་བྱས་ཏེ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་དང་། གཞུང་ཁོངས་ཁེ་ལས། དཀའ་ངལ་ཆེ་བའི་མཐའ་མཚམས་ས་ཁུལ། དེ་བཞིན་ལྗོངས་ཕྱི་བཅས་ལ་ལས་ཞུགས་བྱེད་རྒྱུར་སྐུལ་ལྕག་བཏང་ནས་བོད་ཀྱི་ཐེམ་ཁོངས་ཡིན་པའི་མཐོ་རིམ་སློབ་ཐོན་སློབ་མ་ཡོངས་རྫོགས་ལས་ཞུགས་ཐུབ་པ་བྱེད་རྒྱུ། སྤྱི་ཕན་རང་བཞིན་གྱི་ལས་གནས་དོ་དམ་དང་། ལས་ཞུགས་ཀྱི་རོགས་སྐྱོར་བྱེད་རྒྱུར་རང་མིང་འགོད་ལམ། ལས་ཞུགས་ལས་ཤོར་གྱི་ཐོ་འགོད་བྱེད་རྒྱུ་སོགས་ཀྱི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་མཐོ་རིམ་སློབ་ཐོན་སློབ་མ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་སོགས་ཀྱི་ལས་ཞུགས་དཀའ་ངལ་ཐག་གཅོད་བྱེད་རྒྱུའི་ཐོག་དངོས་འབྲེལ་འགན་ལེན་ཐུབ་པ་བྱེད་དགོས། སྦྱོང་བརྡར་བྱེད་སྒོའི་རིགས་སྒྲིལ་བཅོས་བྱས་ནས་ལས་རིགས་རྩལ་ནུས་སྦྱོང་བརྡར་བྱེད་རྒྱུའི་རྣམ་གྲངས་འོས་སྐུལ་འོས་དཔོད་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། ངལ་རྩོལ་གན་འཇོག་དང་གླ་ཆ་མཉམ་སྡེབ་ཐོག་གྲོས་མོལ་བྱེད་ལམ་ཁྱབ་སྤེལ་ཤུགས་ཆེ་བཏང་ཐོག གླ་ཆ་ཆད་འགྱངས་དང་འཐེན་ཉར་བྱེད་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་རྩད་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་དགོས།
སློབ་གསོ་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། སློབ་ཞུགས་གོང་གི “སྐད་གཉིས ”སློབ་གསོ་ཁྱབ་གདལ་ཇེ་མགྱོགས་སུ་བཏང་ནས་བྱིས་གསོ་ཁང་251འཛུགས་ཐུབ་པ་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོར་ན་འདྲེས་བྱིས་པ་ཞུགས་ཚད་45%ཟིན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། “གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་འབྲས་བུ་སྲ་བརྟན་དུ་བཏང་སྟེ “སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་ཐུབ་པའི་འགན་སྲུང་བྱེད་རྒྱུ ”གཙོ་གནད་དུ་བྱས་ཐོག འགན་བབས་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་ནས་ཡིག་རྨོངས་བ་གསར་པ་མི་ཐོན་པ་བྱེད་དགོས། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་རྒྱུ་དང་འགན་བབས་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་སྐྱོ་བའི་རིགས་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ་དང་མཐོ་རིམ་སློབ་འབྲིང་10ཉམས་བཟོ་རྒྱས་སྐྲུན་བྱས་ཏེ་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད་70%ཟིན་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། “འགན་ལེན་གསུམ ”གྱི་གྲོན་དངུལ་དང་སློབ་སྐྱོར་རོགས་དངུལ་གྱི་ཁ་གསབ་མཐོ་རུ་གཏོང་རྒྱུ། ལས་རིགས་སློབ་གསོ་གོང་འཕེལ་ཤུགས་ཆེ་བཏང་སྟེ་སློབ་གྲྭ་གཉེར་སྐྱོང་གི་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནང་སར་སློབ་གྲྭ་གཉེར་རྒྱུ་དང་སློབ་གསོའི་ཐད་བོད་སྐྱོར་བྱེད་རྒྱུ་གོང་འཕེལ་གཏིང་ཟབ་ཏུ་གཏོང་རྒྱུ། མཐོ་རིམ་སློབ་གྲྭའི་ཁྱད་ལྡན་རིག་ཚན་དང་དགེ་སྟོབས་ཆེ་བའི་ཆེད་ལས་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། དམིགས་བསལ་སློབ་གསོ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་སློབ་གསོ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་ཚད་ལོངས་པའི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་རྒྱུ།
སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ། ཤང་གྲོང་དུ་སྨན་རྫས་འགྲེམས་སྐྱེལ་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ་དང་། གཞི་རིམ་གྱི་སྨན་བཅོས་མི་སྣ་ཁ་སྣོན་རྒྱག་ཤུགས་ཆེ་རུ་བཏང་ཐོག ཤང་གྲོང་གི་སྨན་བཅོས་མི་སྣའི་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ། གཞི་རིམ་སྨན་བཅོས་ཚན་པ་ཚན་ལྡན་ཅན་དུ་སྒྱུར་རྒྱུའི་སྐུལ་སྤེལ་བཏང་ནས་རྫོང་10ཡི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ། དེ་བཞིན་ཤང་གྲོང་ལེ་ལག་སྨན་བཅོས་ཁང་518འཛུགས་སྐྲུན་བྱེད་རྒྱུ། གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་སྨན་ཁང་སྐྲུན་འགོ་འཛུགས་རྒྱུ་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་སྐྲུན་ནས་ལས་གཉེར་ཐུབ་པ་བྱེད་རྒྱུ། མཁོ་ཆོད་སྨན་པ་གསོ་སྐྱོང་ཤུགས་ཆེ་བྱས་ཐོག “སྨན་བཅོས་པ་ཁྲི་ཡིས་གྲོང་གསེབ་ཀྱི་འཕྲོད་བསྟེན་ལ་རོགས་སྐྱོར་བྱེད་པའི་ལས་གཞི ”ལག་བསྟར་ཡག་པོ་བྱེད་རྒྱུ་དང། “ཞིང་འབྲོག་མང་ཚོགས་བདེ་ཐང་ཡོང་བར་སྐུལ་སྤེལ་གཏོང་རྒྱུའི་བྱེད་སྒོ ”སྤེལ་རྒྱུ། འགོས་ནད་ཆེ་རིགས་དང་ཡུལ་ནད་འགོག་བཅོས་ལས་དོན་མུ་མཐུད་ཡག་པོ་སྤེལ་རྒྱུ་དང་། ཏན་ཚྭ་ཁྱབ་ཚད་དང་འཆར་གཞིའི་རིམས་འགོག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཐོག ཞིང་འབྲོག་མང་ཚོགས་ཀྱི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བའི་སྨན་རིན་ཚང་མ་རྩ་ཆག་གཏོང་བ་དང་། བྱ་དགའ་སྤྲོད་པ། འཚོ་བར་རོགས་སྐྱོབ་བྱེད་པ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བསུ་བྱེད་ཚད་མཐོ་རུ་གཏོང་རྒྱུ་དང་། སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་དམའ་རུ་འགྲོ་བ་བྱེད་དགོས། གཞི་རིམ་གྱི་སྨན་བཅོས་ཚན་པར་རྒྱུན་མཁོའི་སྨན་རྫས་ལམ་ལུགས་གང་མགྱོགས་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་མགྱོགས་སུ་གཏོང་དགོས།
སྤྱི་ཚོགས་འགན་སྲུང་ཁྱབ་རྒྱ་ཆེ་རུ་ཧུར་བརྩོན་ཆེན་པོས་གཏོང་རྒྱུ། མཐུན་སྦྱོར་མཉམ་འགུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་སྤྱི་ཚོགས་ཀྱི་འགན་བཅོལ་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱེད་རྒྱུ་དང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་དེའི་ལས་བྱ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུའི་བསྡུར་ཚད་མཐོ་རུ་བཏང་སྟེ་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་མཁན་མི་གྲངས་བསྡོམས་འབོར་ཁྲི་200ལས་སྒྲོལ་ཐུབ་པའི་བརྩོན་ལེན་བྱེད་དགོས། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོ་རུ་འོས་འཚམ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལས་དོན་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་འགན་བཅོལ་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་འགན་བཅོལ་ནང་ཞུགས་ཚད་ཁག་སོ་སོར་80%དང་93%ལ་སླེབས་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་རིན་དངུལ་སྤྲོད་སྟངས་འཐུས་ཚང་བཟོས་ནས་སྒོ་བསྟེན་སྨན་ཁང་གི་གཅིག་གྱུར་གྲབས་གཏོང་གི་ཚོད་ལྟ་བྱེད་རྒྱུ་མགྱོགས་སུ་གཏོང་རྒྱུ། སྐྱེ་གསོའི་འགན་བཅོལ་ལ་རང་སྐྱོང་ལྗོངས་རིམ་པ་ནས་གཅིག་གྱུར་འཆར་འགོད་བྱེད་རྒྱུ། སྤྱི་ཚོགས་ཀྱི་འགན་བཅོལ་འབྲེལ་བ་སྤོ་སྒྱུར་འབྲེལ་མཐུད་བྱ་ཐབས་ཚགས་ཚུད་དུ་གཏོང་རྒྱུ། སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ། ཚོང་ལས་འགན་བཅོལ་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་འབྲེལ་མཐུད་བྱེད་ལམ་འཚོལ་ཞིབ་བྱེད་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཆ་ཚང་ཁྲི་1.35འཛུགས་སྐྲུན་བཟོ་བཅོས་བྱེད་རྒྱུ་དང་། སྡོད་ཁང་གནས་གཡར་གྱི་ཁ་གསབ་སྤྲོད་རྒྱུའི་ལས་དོན་མུ་མཐུད་ཡག་པོ་སྤེལ་རྒྱུ། ཉམས་ཐག་རིགས་གྲས་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་འཚམ་པོ་བྱེད་རྒྱུ་དང་། རྒན་རྒོན་སྐྱོར་རོགས་དང་། དབང་སྐྱོན་ལ་རོགས་སྐྱོར། དྭ་ཕྲུག་ལ་རོགས་སྐྱོབ། རྒུད་སྐྱོབ། མུག་སྐྱོབ་བཅས་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་ཕན་བདེ་དང་དགེ་སྦྱོར་སྤྱི་ཕན་བྱ་གཞག་གོང་འཕེལ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་ཐོག་འཚོ་སྐྱོང་བྱེད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ།
ཁྲོམ་རར་ལྟ་སྐུལ་དོ་དམ་དང་སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་ཀྱི་སྔོན་དཔག་བྱེད་རིགས་བརྟན་གནས་ཐུབ་པ་བྱས་ཐོག རིན་གོང་ཐད་སྔོན་ཚུསྤྱི་ལ་དབང་བ་མིན་པའི་རྡ་གཏོང་བ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲལ་སྡོམ་དང་མཐུན་སྦྱོར་གྱི་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ་དང་། རིན་གོང་སྙོམས་སྒྲིག་ཐེབས་རྩ་གང་མགྱོགས་བཙུགས་ནས་ཟོག་གོང་གི་སྤྱིའི་ཆུ་ཚད་གཞི་རྩའི་ཆར་བརྟན་གནས་ཐུབ་པ་བྱེད་དགོས། “འབྲུ་རིགས ”དང་“ཤ་མར་ཚལ་གསུམ ”ལས་གཞི་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་ཁྲོམ་ཐད་འབྲེལ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཐོན་སྐྱེད་དང་། མཁོ་འདོན། བྲིན་ཚོང་བཅས་གསུམ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་ར་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། རིན་གོང་སྙོམས་སྒྲིག་ཐེབས་རྩ་སོགས་སྟངས་འཛིན་ལམ་སྲོལ་འཛུགས་རྒྱུ་དང་། གཙོ་གནད་ཚོང་ཟོག་གྲབས་གསོག་བྱེད་ལམ་དང་གཙོ་གནད་ཞིང་ཕྱུགས་ཐོན་རྫས་སྐབས་འཕྲལ་བསྡུ་གསོག་བྱེད་ལམ་ཚགས་ཚུད་དུ་གཏོང་རྒྱུ། གློག་སྣུམ་སྐྱེལ་འདྲེན་སྙོམས་སྒྲིག་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ཁྲོམ་རར་སྟངས་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་བྱེད་པའི་ཚད་གཞི་དེ་ཟོག་གོང་འཕར་ཕྱོགས་དང་འབྲེལ་མཐུད་མཉམ་འགུལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། རིན་གོང་ཐད་ཀྱི་ཁྲིམས་འགལ་གྱི་བྱེད་སྤྱོད་དང་རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་བཟོ་ཚོང་གི་བྱེད་སྤྱོད་རིགས་རྩད་བཤེར་ཐག་གཅོད་ནན་པོ་བྱེད་དགོས།
“9·18”ས་ཡོམ་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ཏན་ཏིག་ངང་སྤེལ་རྒྱུ། བསྐྱར་སྐྲུན་འཆར་འགོད་ལག་བསྟར་བྱེད་རྒྱུར་དམ་འཛིན་བྱས་ཐོག སྲིད་ཇུས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་རྒྱུ། ལས་ཀའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་ཡུལ་བབ་དང་བསྟུན་ཏེ་སླར་གསོ་བསྐྱར་སྐྲུན་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཟླ་8པའི་ཟླ་མཇུག་གོང་གནོད་སྐྱོན་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་ལས་འགན་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུ། སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་ཆད་ལུད་མེད་པར་དོན་འཁྱོལ་ཐུབ་པ་བྱེད་རྒྱུ་དང་། བོད་སྐྱོར་མ་དངུལ་དང་མང་ཚོགས་རང་ཉིད་ཀྱིས་གྲབས་གསོག་བྱས་པའི་མ་དངུལ་སྒྲིལ་སྤྱོད་བྱས་ཏེ་བསྐྱར་སྐྲུན་ལས་དོན་སྤེལ་བའི་ཐད་གཏོང་རྒྱུ། དེ་བཞིན་ཞོར་ཐོན་གནོད་འཚེའི་རིགས་འགོག་བཅོས་བྱེད་རྒྱུའི་ལས་དོན་ཡག་པོ་སྤེལ་རྒྱུ་དང་། ཆབས་ཅིག་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མ་ལག་འཛུགས་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་སྔོན་ཇུས་ཚགས་ཚུད་དུ་གཏོང་རྒྱུ་དང་། གནོད་འགོག་དངོས་ཟོག་གྲབས་གསོག་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
གསུམ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཨང་དང་པོ་ཤུགས་ཆེར་བཏང་ནས་ཡུན་རིང་བདེ་འཁོད་ཡོང་བའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།
དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཐོག གཞི་རིམ་གྱི་རྨང་གཞི་དང་། སྤྱི་ཚོགས་ཀྱི་དོ་དམ། མཐུན་སྒྲིལ་ཡར་ཐོན་བཅས་མངོན་ཆེར་བཟུང་ནས་སྔ་ཙམ་དམ་འཛིན་དང་། ཆུང་ཐོག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་ཏན་ཏིག་བྱས་ཏེ་བརྟན་ལྷིང་མཐུན་སྒྲིལ་གྱི་དུས་བབ་བཟང་པོ་སྲ་བརྟན་དང་གོང་འཕེལ་གཏོང་དགོས།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས། དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་དབང་རང་ལག་ཏུ་འཛིན་པ། མི་སེམས་འགུགས་པ། རྨང་རྩ་གཉིས་བརྟན་བཅས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་སློབ་གསོ་གཏིང་ཟབ་སྤེལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་དམ་པོར་བརྟེན་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་བྱ་སྤྱོད་སྔོན་དུ་སྤེལ་བ་དང་། རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་གཙོ་གནད་ཁུལ་ཁོངས་ལ་ལྟ་སྡོམ་སྤྱི་ལ་དབང་བ་མིན་པའི་་དམངས་གསུམ་གྱིས་མཉམ་འགོག་མཉམ་འཛིན་བྱེད་ཤུགས་ཆེ་རུ་བཏང་ཐོག གསང་འཕྲིན་ལས་དོན་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་དང་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོར་མཐའ་གཅིག་ཏུ་འགོག་ཟོན་དང་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་། བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལས་དོན་ལ་གཞོགས་འདེགས་བྱས་ནས་བོད་འབྲེལ་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཤུགས་ཆེར་གཏོང་དགོས།
སྤྱི་ཚོགས་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ཤུགས་ཆེར་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་ལམ་དོན་འཁྱོལ་ཏན་ཏིག་བྱས་ཐོག གྲོང་ཁྱེར་དྲ་མིག་ཅན་གྱི་དོ་དོམ་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་འདྲ་མིན་རིགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་རྒྱུ་དང་། ཕྱོགས་འགྲུལ་མི་སྣར་དོ་དམ་དང་ཞབས་ཞུ་སྒྲུབ་རྒྱུར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ། མཉམ་སྦྲེལ་དྲ་རྒྱ་དང་ལག་ཐོག་ཁ་པར་སོགས་མཚམས་སྦྱོར་རིགས་ལ་དོ་དམ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ནས་འཐུས་ཚང་ནུས་ཆེའི་སྤྱི་ཚོགས་བདེ་འཇགས་འགོག་སྲུང་བཅོས་སྐྱོང་གི་མ་ལག་ཅིག་འཛུགས་དགོས། ཁྲིམས་བཞིན་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། རྒྱ་ཆེའི་གྲྭ་བཙུན་ལ་སེམས་ཁུར་བྱེད་རྒྱུར་དོ་སྣང་བྱས་ཐོག ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གསར་གཏོད་དཔྱད་འདེམས་བྱེད་རྒྱུའི་བྱེད་སྒོ་རྒྱ་ཆེར་སྤེལ་དགོས་པ་དང་། སྒྲིག་ཁོངས་གྲྭ་བཙུན་གྱི་རྒན་གསོ་དང་སྨན་བཅོས་འགན་བཅོལ་ཡོངས་ལ་ཁྱབ་པ་བྱེད་རྒྱུ་དང་། “གཅིག་བྱས་པ་དྲུག ”གི་བྱེད་སྒོ་ཤུགས་ཆེར་སྤེལ་ཏེ་དགོན་སྡེར་ཆུ་དང་། གློག ལམ། འཕྲིན་གཏོང་། རླུང་འཕྲིན་བཪྙན་འཕྲིན་སོགས་བཟོ་ཁྲིད་བྱེད་རྒྱུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས “དགུ་ཡོད་པའི ”དམིགས་ཚད་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས། གནས་ངེས་མེད་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་མཁན་དང་ཆོས་ལུགས་བྱེད་སྒོ་ཆེ་གྲས་རིགས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། “འཛུགས་སྐྱོང་དྲུག ”གི་ལས་དོན་སྲ་བརྟན་རྒྱ་ཆེར་སྤེལ་ནས་དགོན་སྡེའི་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་དགོན་སྡེར་དོ་དམ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་ལུགས་ཅན། སྤྱི་ཚོགས་ཅན་བཅས་སུ་འགྱུར་བ་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་རྒྱུར་མཐོང་ཆེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་ནན་པོ་བྱས་ཏེ་སློབ་གྲྭའི་འཁོར་རིགས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགྲིམ་འགྲུལ་དང་མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཐོན་གྲངས་དང་མི་ཤི་སྐྱོན་བྱུང་ཚད་གཉིས་ཀ་ཆག་པ་བྱས་ཐོག བདེ་འཇགས་ཐད་ཀྱི་ལས་འཛོལ་ཚབས་ཆེན་རིགས་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས། འཕྲལ་བསྟུན་དོ་དམ་མ་ལག་འཛུགས་ཤུགས་ཆེ་རུ་བཏང་ནས་འཕྲལ་སྡོམ་དང་གློ་བུར་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།
གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། སྒོར་དུང་ཕྱུར་14.6བཀོད་སྒྲིག་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་རྒྱུ་གཏིང་ཟབ་ཏུ་གཏོང་དགོས། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ། ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་བྱེད་རྒྱུ། ཏང་གི་བཀའ་དྲིན་ཚོར་ཐུབ་པའི་སློབ་གསོ་གཏོང་རྒྱུ། མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་རྒྱུ་བཅས་འཇུག་སྒོར་བརྩིས་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་ཀྱི་བྱ་ཐབས་ཞིབ་ཚགས་སུ་བཏང་ཐོག གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱེད་པ་དང་། གཞི་རིམ་གོང་འཕེལ་གཏོང་བའི་གསོན་ཤུགས་འཕེལ་བ་བྱས་ནས་གཞི་རིམ་སྲིད་དབང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་བག་ཆགས་འཇོག་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། ཤང་གྲོང་མངག་གཏོང་ཁང་དང་། སྤྱི་བདེ་མཐའ་སྲུང་མངག་གཏོང་ཁང་། དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས། ཁྲིམས་འཛིན་ཁང་། སྤྱི་བདེ་དམིགས་བསལ་ཉེན་རྟོག་རུ་ཁག་བཅས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག གཞི་རིམ་གྱི་སྲིད་ཁྲིམས་ཚན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་གོ་ཆས་སྤྱོད་ཚད་མཐོ་རུ་གཏོང་དགོས།
མི་རིགས་མཐུན་སྒྲིལ་ཆེ་མོ་སྲ་བརྟན་གཏོང་དགོས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་གཙོ་དོན་དེ་དམ་པོར་བཟུང་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས། བོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་རྒྱ་ཆེར་སྤེལ་ནས་རང་རྟོགས་ངང་མི་རིགས་གུ་དོག་གི་འདུ་ཤེས་རིགས་བཀག་འགོག་བྱེད་པ་དང་། མི་རིགས་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས་བཅས་ལ་མོས་སེམས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་མོས་སེམས་ཆེ་རུ་འགྲོ་བ་དང་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་སེམས་ཤུགས་ཆེར་གཏོང་དགོས།
བཞི། རིག་གནས་གོང་འཕེལ་འགྲོ་བའི་སྟོབས་ཆེའི་ཁུལ་ཞིག་འཛུགས་སྐྲུན་ཤུགས་ཆེ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པའི་འབད་བརྩོན་བྱེད་དགོས།ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རིག་གནས་འཛུགས་སྐྱོང་བྱེད་པའི་མཐོ་རླབས་གསར་པ་འཕྱུར་བ་བྱས་ཐོག རིག་གནས་གོང་འཕེལ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་སྟེ་རིག་གནས་ཐོན་ཁུངས་འཛོམས་པའི་ཁུལ་ཞིག་ནས་རིག་གནས་གོང་འཕེལ་འགྲོ་བའི་སྟོབས་ཆེན་ཁུལ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས།
མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ཐོག་ནས་སྤྱི་ཚོགས་ཀྱི་བསམ་རྒྱུན་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་། བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་བརྩོན་བྱེད་རྒྱུ་སྲོག་ཤིང་དུ་བྱེད་པའི “བོད་སྐྱོད་རྒན་རབས་པའི་སྙིང་སྟོབས ”བཅས་དར་སྤེལ་བཏང་སྟེ “གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། བསྒྱུར་བཅོས་སྒོ་དབྱེ་ཡག་པ། མི་དམངས་དམག་དཔུང་ཡག་པ། མི་དམངས་མང་ཚོགས་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ ”བཅས་ཀྱི་དབྱངས་རྟ་གཙོ་བོ་མཆོག་ཏུ་བཟུང་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རིག་གནས་གོང་འཕེལ་གཏོང་རྒྱུའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་བཟུང་སྟེ “བོད་རང་བཙན ”གྱི་ལོག་སྤྱོད་པར་སྐྲུན་དངོས་རིགས་དང་དྲིལ་བསྒྲགས་ཡིག་རིགས་ལ་རྡུང་རྡེག་ཚ་ནན་བཏང་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་སྲ་ཞིང་བརྟན་པའི་ལྕགས་རི་ཞིག་བརྒྱབ་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་དང་རིག་གནས་ཁྱབ་ཁོངས་སྐྱོན་བྲལ་གཙང་བཙན་ཐུབ་པ་བྱེད་དགོས།
སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་ཚགས་ཚུད་དུ་བཏང་ནས་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚུགས་543དང་། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་འཁྲབ་སྟོན་བྱེད་ས་35འཛུགས་རྒྱུ་དང་། མཉམ་སྤྱོད་ལས་གཞིའི་ས་གནས་དང་གྲོང་ཁྱེར་གྱི་ཡན་ལག་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ། དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་ཁག་གཅིག་སྒྲིག་འཛུགས་བྱེད་རྒྱུ། རླུང་འཕྲིན་དང་བཪྙན་འཕྲིན་དུད་ཚང་ཀུན་ལ་ཁྱབ་པ་དང་དགོན་སྡེ་ཀུན་ལ་ཁྱབ་པའི་ལས་གཞི་དང་“བོད་ཤིན་ལས་གཞི ”ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག ཞིང་པའི་དཔེ་དེབ་ཁང་དང་དགོན་སྡེའི་དཔེ་དེབ་ཁང་ཚང་མར་ཁྱབ་པ་བྱེད་དགོས། རིག་གནས་གཤམ་སྤེལ་བྱེད་སྒོ་གཏིང་ཟབ་སྤེལ་ནས་སྤྱི་པའི་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རྫོང་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས། ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚུགས་བཅས་རིན་མེད་སྒོ་མོ་འབྱེད་དགོས། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་མ་ལག་གསར་གཏོད་ལས་གཞི་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་གཙོ་གནད་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཐོག དུས་ཁག་བཞི་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དང་རྒྱུན་འཛིན་པར་འཇུག་རྒྱུའི་ཡིག་ཐོག་རེ་འདུན་ཞུ་རྒྱུ་དང་། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོ་བཅས་ལ་འཇུག་རྒྱུའི་ཡིག་ཐོག་རེ་འདུན་ཞུ་རྒྱུའི་ཐོག་སྲུང་སྐྱོབ་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གལ་ཆེའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱེད་ས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྐྱོང་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས་བསམ་པའི་དཔལ་ཡོན་གསར་དར་བྱེད་སྒོ་རྒྱ་ཆེར་སྤེལ་དགོས་པ་དང་། མང་ཚོགས་ཀྱི་ལུས་རྩལ་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།
རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་ཚན་པའི་ནང་ཁོངས་ལམ་སྲོལ་བསྒྱུར་བཅོས་དང་། ཚོང་གཉེར་རང་བཞིན་གྱི་རིག་གནས་ཚན་པ་ཁེ་ལས་ལ་སྒྱུར་བ་དང་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་ཧུར་ཞིང་བརྟན་པོའི་ངང་སྐུལ་འདེད་བཏང་ནས་རིག་གནས་གོང་འཕེལ་གཏོང་སྟངས་གསར་པ་གཏོད་དགོས། རིག་གནས་བརྩམས་དངོས་སྤུས་ལེགས་ལས་གཞི་ལག་བསྟར་བྱས་ནས་བོད་ཀྱི་རིག་གནས་གྲགས་རྟགས་བཟོ་དགོས། སྲོལ་རྒྱུན་གྱི་མཚམས་སྦྱོར་ཚན་པ་སྲ་བརྟན་གོང་མཐོར་གཏོང་བ་དང་གསར་དར་གྱི་མཚམས་སྦྱོར་ཚན་པ་གོང་འཕེལ་ཤུགས་ཆེ་གཏོང་དགོས། སྲིད་གཞུང་གིས་རོགས་སྐྱོར་དང་། ཁྲོམ་རས་འཁོར་སྐྱོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་ཐོན་ལས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་དང་། རིག་གནས་གསར་གཏོད་བྱེད་རྒྱུར་སྐུལ་མ་གཏོང་བའི་སྲིད་ཇུས་ཀྱི་བྱ་ཐབས་འཐུས་ཚང་བཟོས་ནས་དོན་འཁྱོལ་བྱས་ཐོག རིག་གནས་གསར་གཏོད་དང་། རིག་གནས་ཡུལ་སྐོར། གློག་བཪྙན་བཪྙན་འཕྲིན་འཁྲབ་ཚན་བཟོ་སྒྲིག འཁྲབ་རྩལ་རོལ་རྩེད། དཔེ་སྐྲུན་འགྲེམས་སྤེལ། མི་རིགས་ལག་ཤེས་བཟོ་རྩལ། ས་མཐོའི་མཐར་ཟད་ལུས་རྩལ་སོགས་ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་ནས་རིག་གནས་ཐོན་ལས་ཀྱི་འཕར་ཐང་གིས་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་དགོས། གཙོ་ཆེའི་རིག་གནས་ཐོན་ལས་རྣམ་གྲངས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཀྱི་མ་རྩ་འདྲེན་འགུགས་བྱེད་རྒྱུ་དང་། འཐབ་ཇུས་ཀྱི་མ་དངུལ་འཇོག་མཁན་ནང་འདྲེན་བྱས་ནས་སྣ་མང་ཅན་གྱི་རིག་གནས་ཐོན་ལས་གོང་འཕེལ་འགྲོ་བའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། རིག་གནས་གཙོ་རྐང་གི་ཁེ་ལས་དང་ཚོགས་པ་མགྱོགས་མྱུར་གསོ་སྐྱོང་བྱེད་དགོས། རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་རིག་གནས་ཐོན་རྫས་རྒྱལ་ཁབ་ཕྱི་ནང་ལ་འགྲེམས་སྤེལ་བྱེད་དགོས།
ལྔ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་འཕེལ་ཐུབ་པ་བྱེད་དགོས།
བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་རྒྱུ་འཚང་ཁར་བྱས་ཏེ་བསྒྱུར་བཅོས་ལ་བརྟེན་ནས་སྐུལ་སྤེལ་གཏོང་བ་དང་། སྒོ་འབྱེད་ལ་བརྟེན་ནས་ཁྲིད་སྟོན་བྱེད་པའི་དགེ་མཚན་གསར་པ་གཏོད་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་ལེན་བྱེད་རྒྱུ་དང་སྟོབས་ཤུགས་ཟད་མེད་འདོན་རྒྱུའི་འབད་བརྩོན་བྱེད་དགོས།
མུ་མཐུད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་དང་ཆུ་བེད་ཆུ་གློག་གི་དོ་དམ་ལམ་སྲོལ་བསྒྱུར་བཅོས་བྱེད་མགྱོགས་སུ་གཏོང་དགོས། གཞུང་ཁོངས་རྒྱུ་ནོར་གྱི་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། གྲངས་ཉུང་དངུལ་བུན་དང་ཁག་ཐེག་ཀུང་སི་དང་། གྲོང་གསེབ་ཀྱི་མ་དངུལ་རོགས་རེས་ཁང་སོགས་གྲོང་གསེབ་ཀྱི་དངུལ་རྩའི་རྩ་འཛུགས་གསར་གྲས་མགྱོགས་མྱུར་འཛུགས་སྐྱོང་བྱེད་རྒྱུ་དང་ས་གནས་ཀྱི་ཚོང་ལས་དངུལ་ཁང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། འགན་བཅོལ་ལས་ཁུངས་ཀྱིས་ས་གནས་དང་ཆ་རྐྱེན་འཛོམས་པའི་རྫོང་ལ་ཞབས་ཞུ་རྒྱ་སྐྱེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཐོན་ཁུངས་རང་བཞིན་ཐོན་རྫས་ཀྱི་རིན་གོང་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས། སྨན་རྫས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྲིད་འཛིན་དོ་དམ་ལམ་སྲོལ་བསྒྱུར་བཅོས་བྱེད་མགྱོགས་སུ་གཏོང་རྒྱུ་དང་། བྱ་གཞག་ཚན་པ་རིགས་དབྱེའི་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས།
ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་པུའུ་ཨུད་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་གི་གཙོ་ཆེའི་རྐང་འཛིན་ཁེ་ལས་བཅས་དབར་དང་བཞག་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་དོན་འཁྱོལ་ནན་པོ་བྱེད་དགོས། རོགས་སྐྱོར་དང་ལེན་ལས་དོན་ཡག་པོ་བསྒྲུབས་ནས་བོད་སྐྱོར་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། “1‰སྲིད་ཇུས ”གཞིར་བཟུང་། བོད་སྐྱོར་མ་དངུལ་འབྲེལ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། མ་དངུལ་ཚང་མ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་དགོས། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་དམ་འཛིན་ཡག་པོ་བྱས་ནས་འགག་སྒོ་སྒྲོལ་བའི་ཆ་རྐྱེན་ལེཌ་སུ་གཏོང་དགོས། སྐྱིད་རོང་མཚམས་སྒྲོལ་དཔལ་འབྱོར་མཉམ་ལས་ཁུལ་འཛུཌ་རྒྱུའི་སྔོན་གྲབས་ཀྱི་རིཌ་པས་ཁུངས་སྐྱེལ་བྱེད་འགོ་འཛུཌ་རྒྱུ་དང་། ཨེ་ཤེ་ཡ་ལྷོ་མའི་སྐམ་སའི་ཚོང་འགྲུལ་བགྲོད་ལམ་ཆེ་མོ་འཛུཌ་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། མཐའ་མཚམས་ཚོང་ར་འཛུཌ་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ཚོང་དོན་དང་། མཐའ་མིའི་ཚོང་འབྲེལ་ཉོ་ཚོང་། རང་བཟོས་དངོས་ཟོག་ཕྱིར་གཏོང་བཅས་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་རྒྱ་ཆེར་གཏོང་དགོས།
སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱེད་དགོས།
ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་དང་། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། དབང་ཆའི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་བརྟན་པོ་བཙུགས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་འཁྲི་འགན་རང་འཁུར་དང་། རང་འགན་གཙང་སྒྲུབ། རང་ནུས་འདོན་སྤེལ་བཅས་བྱས་ནས་མི་དམངས་ཀྱིས་བློ་མོས་བྱེད་པའི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱེད་དགོས།
གཅིག ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་ཀྱིས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས།
ཆབ་སྲིད་ཀྱི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་སྟེ་ཀྲུང་དབྱང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཐོག རང་འགུལ་ངང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་དབང་གྲགས་སྲུང་སྐྱོང་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཤུགས་ཆེར་ཏན་ཏིག་བཏང་སྟེ་རང་རྟོགས་ངང་ལས་དོན་ཁག་སྤྱི་ཡོངས་དང་བསྟུན་ནས་སྐུལ་སྤེལ་གཏོང་དགོས། ལག་བསྟར་དོན་གཉེར་བྱེད་པའི་འདུ་ཤེས་ཤུགས་ཆེར་ཏན་ཏིག་བཏང་ནས་བཅའ་ཁྲིམས་ཀྱིས་སྲིད་གཞུང་ལ་སྤྲད་པའི་འགན་འཁྲི་ཁག་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས། བཀའ་རྒྱ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། བཀག་ཀྱང་མི་ཁོག་པ། གོང་གི་སྲིད་ཇུས་ལ་འོག་གི་གཡོལ་ཐབས་བྱེད་པ་བཅས་ཀྱི་ཕྱོགས་ལྷུང་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་ཁ་ཞེ་གཉིས་མེད་དང་། གོམ་སྟབས་གཅིག་གྱུར། བཀའ་བཀོད་ཤར་གཏོང་ཐུབ་པ་བཅས་བྱེད་དགོས།
གཉིས། རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་དམངས་ལ་བདེ་སྐྱིད་སྐྲུན་དགོས།
མང་ཚོགས་ཀྱི་ལྟ་བ་དང་སྤྱི་ཞབས་པའི་འདུ་ཤེས་ཤུགས་ཆེར་ཏན་ཏིག་བཏང་སྟེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་དེ་གདམ་ག་ཨང་དང་པོར་བརྩི་བ་དང་། མང་ཚོགས་ཀྱི་ཁེ་ཕན་དེ་བསམ་གཞིགས་བྱེད་རྒྱུ་ཨང་དང་པོར་འཇོག་པ། མང་ཚོགས་ཀྱི་བློ་མོས་བྱེད་པ་དེ་ཚད་གཞི་ཨང་དང་པོར་འཛིན་པ་བཅས་བྱེད་དགོས། མི་དམངས་ཀྱི་བདེ་སྡུག་རྟོག་ཞིབ་རུ་ངར་བྱེད་པ་དང་། དམངས་ཀྱི་འདོད་བློ་ཤེས་རྟོགས་གཏིང་ཟབ་བྱས་ནས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས། གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཐག་གཅོད་པ། ལས་དོན་དམ་འཛིན་བྱེད་པ། བྱ་བ་སྒྲུབ་པ་བཅས་གང་ཞིག་བྱས་ཀྱང་དུས་དང་རྣམ་པ་ཀུན་དུ་སེམས་ནང་མང་ཚོགས་འཇོག་ཐུབ་པ་བྱེད་དགོས། གནད་དོན་དངོས་ཐག་གཅོད་བྱེད་རྒྱུ་ནས་འགོ་འཛུགས་པ་དང་། ཁ་ཚ་དགོས་གཏུགས་དང་དཀའ་གནད་ཆེ་བའི་དོན་དག་སྒྲུབ་རྒྱུ་ནས་དམ་འཛིན་བྱས་ཏེ་ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་གནད་དོན་དངོས་ཐག་གཅོད་བྱེད་རྒྱུར་རོགས་རམ་བྱས་ནས་སྲིད་གཞུང་གི་ལས་དོན་ལ་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་པ་བྱེད་དགོས། མང་ཚོགས་ཀྱི་གཙོ་རྐང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་མཁན་གཙོ་རྐང་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་བརྟན་ལྷིང་མཐུན་སྒྲིལ་སྲུང་སྐྱོང་བྱེད་མཁན་གཙོ་རྐང་། བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་འབྲས་བུ་ལོངས་སུ་སྤྱོད་མཁན་གཙོ་རྐང་བཅས་སུ་གྱུར་བ་བྱེད་དགོས།
གསུམ། ཁྲིམས་བཞིན་སྲིད་འཛིན་སྐྱོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་དྲང་བཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་དགོས།
ཁྲིམས་བཀོད་ཀྱི་དབང་ཚད་དང་གོ་རིམ་ནན་པོ་བཟུང་ནས་འགན་དབང་སྤྱོད་པ་དང་ལས་འགན་ནན་ཏན་སྒྲུབ་དགོས།
རང་འགུལ་ངང་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལྟ་སྐུལ་དང་ལེན་ཞུས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་དུས་ཐོག་ཏུ་གཉེར་སྒྲུབ་ཡག་པོ་བྱེད་དགོས། ཁྲིམས་འཛིན་གྱི་ལྟ་སྐུལ་ལ་མཐོང་ཆེན་བྱས་ཐོག གླེང་ཕྱོགས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཧུར་ཐག་ཞུས་ནས་སྲིད་འཛིན་ལྟ་སྐུལ་དང་སྲིད་འཛིན་འགན་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་འཛིན་དབང་ཆ་ཀུན་གསལ་ཡོངས་བསྒྲགས་ཐོག་འཁོར་སྐྱོད་ཐུབ་པ་བྱེད་དགོས། ཁྲིམས་སྒྱུར་བྱེད་སྤྱོད་ཚད་ལྡན་བཟོས་ནས་སྲིད་འཛིན་ཁྲིམས་སྒྱུར་འགན་འཁྲིའི་ལམ་ལུགས་དང་འགན་འཛོལ་བདའ་འདེད་གཏོང་ལམ་ལག་བསྟར་ནན་པོ་བྱེད་དགོས། སྲིད་ལས་ཞབས་ཞུའི་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་ལས་ཞབས་ཞུ་ཚད་ལྡན་དང་། ཆ་འཕྲིན་ཅན། ལས་ཕྱོད་ཆེ་བ་བཅས་སུ་བསྒྱུར་རྒྱུའི་ཆུ་ཚད་གོང་མཐོར་གཏོང་དགོས། “ལོ་ལྔ་ཚན་དྲུག་པའི ” ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ་ཁྲིམས་ལུགས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་གཞུང་ལས་པ་དང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་ཁྲིམས་ལུགས་བྱང་ཚད་གོང་མཐོར་བཏང་སྟེ་ཁྲིམས་བཞིན་ཇུས་ཐག་གཅོད་པ་དང་། ཁྲིམས་བཞིན་སྲིད་འཛིན་བྱེད་པ། ཁྲིམས་བཞིན་དོ་དམ་བཅས་བྱེད་ཐུབ་པ་བྱེད་དགོས།
བཞི། དབང་ཆ་དྲང་གཞག་སྤྱོད་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱོད་གཙང་སྲིད་སྐྱོང་ཐུབ་པ་བྱེད་དགོས།
རང་འགུལ་ངང་ཏང་སྒྲིག་རྒྱལ་ཁྲིམས་ལ་སྲུང་བརྩི་ཞུས་ཐོག འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་སྲིད་སྐྱོང་བྱེད་པའི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱེད་དགོས། དབང་ཆ་སྤྱོད་རྒྱུར་དོ་ནན་བྱས་ཏེ་རྐྱེན་རྩ་ཆུང་དུས་ནས་ཟློག་དགོས་པ་དང་། སླུ་འབྲིད་འོག་ཏུ་མི་ཚུད་པ་བྱས་ཏེ་རུལ་སུངས་དང་ངོ་འགྱུར་འགོག་ཐུབ་པའི་ནུས་པ་ཆེ་རུ་གཏོང་དགོས། དབང་ཆ་སྤྱོད་ཕྱོགས་ལ་སྟངས་འཛིན་དང་ལྟ་སྐུལ་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ཀྱི་ཐོག་ནས་དབང་ཆར་དོ་དམ་བྱེད་པ་དང་། ལམ་ལུགས་གཞིར་བཟུང་བྱ་བ་སྒྲུབ་པ། ལམ་ལུགས་ལ་བརྟེན་ནས་མི་གཅུན་སྡོམ་བྱེད་པ་བཅས་བྱས་ཏེ་འབྱུང་རྩ་རང་ནས་རུལ་སུངས་སྔོན་འགོག་དང་བཅོས་སྒྲིག་བྱེད་དགོས། སྲིད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་ནན་པོ་བཟོས་ཐོག ཆེད་དམིཌ་བཅོས་སྐྱོང་ལས་དོན་གཏིང་ཟབ་སྤེལ་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞིའི་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས།
ལྔ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་བཅོས་བྱས་ནས་ཕན་འབྲས་དངོས་ཐོན་ཐུབ་པ་བྱེད་དགོས།
ཪྙིང་ཞེན་བག་ཁུམས་དང་། ཕར་ཁག་ཚུར་དཀྲི ཕྱི་ཚུལ་རིང་ལུགས་བཅས་བྱེད་པའི་ཕྱོགས་ལྷུང་ངན་པའི་རིགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་བསམ་བློར་བཅིངས་འགྲོལ་དང་། གསར་གཏོད་བྱེད་ཕོད་པ། ནུས་ཆོད་ཆེར་གཏོང་དང་དམ་པ་དོན་གཉེར་བྱེད་པ། འགན་འཁྲི་འཁུར་ཕོད་པ། ལས་དོན་དངོས་སྒྲུབ་ཐུབ་པ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེ་གཏོང་དགོས། རིམ་པ་སྟར་ཆགས་ཀྱིས་འགན་འཁྲི་འཁུར་ནས་དོན་འཁྱོལ་དམ་འཛིན་དང་། ལས་བགོས་ཀྱིས་འགན་འཁྲི་འཁུར་ནས་དོན་འཁྱོལ་དམ་འཛིན། མཉམ་ལས་དམ་ཟབ་ཀྱིས་དོན་འཁྱོལ་དམ་འཛིན། ལམ་སྲོལ་འཐུས་ཚང་བཟོས་ནས་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་འགན་འཁྲི་ཁག་བགོས་བྱས་ཡོད་ལ་བསམ་བློ་གཅིག་མཐུན་བྱེད་པ་དང་། ལས་དོན་སོ་སོས་བསྒྲུབ་དགོས་པ་ལ་དམིགས་ཡུལ་གཅིག་གྱུར་བྱེད་པ། དབང་ཚད་ཁག་བགོས་བྱས་ཡོད་ལ་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་བཅས་བྱེད་དགོས། བསྒྱུར་བཅོས་དང་གོང་འཕེལ་གཏོང་བའི་འཕེལ་ཕྱོགས་གསར་པ་དང་མཐུན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་གསར་པར་བསྟུན་པ། ལས་ཀའི་ཁོར་ཡུག་གི་བླང་བྱ་གསར་པ་དང་འཚམ་མཐུན་ཐུབ་པ་བཅས་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། རང་འགན་གཙང་སྒྲུབ། དཀའ་སྤྱད་འབད་འཐབ། མཐུན་སྒྲིལ་ཡར་བརྩོན། བརྩི་འཇོག་ཡོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་གཞུང་ལས་པའི་དཔུང་ཁག་ཅིག་སྐྱེད་བསྲིང་བྱེད་དགོས།
འཐུས་མི་རྣམ་པ། མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་ཆེན་པོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འགན་འཁྲི་སེམས་བཅངས་དང་། གོ་སྐབས་དམ་འཛིན། བློ་གཅིག་སེམས་གཅིག བྱ་གཞག་གསར་གཏོད་བཅས་བྱས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ལེགས་སྐྱེས་འབུལ་དགོས།
(ལྗོངས་རྩོམ་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས་པ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣