དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་ལྗོངས་ཀྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་། དགོན་སྡེའི་ཆེད་བསྐོས་དོ་དམ་མི་སྣ། དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་བཅས་ལ་སྤྲིངས་པའི་འཚམས་འདྲིའི་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཡོངས་དང་། དགོན་སྡེའི་ཆེད་བསྐོས་དོ་དམ་མི་སྣ། དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་བཅས་ལ།

        ལུགས་ཪྙིང་ཆུ་འབྲུག་ལོའི་དཔྱིད་གསར་དུས་ཆེན་དང་བོད་ལོའི་ཆུ་འབྲུག་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་འཐབ་ཕྱོགས་གཅིག་གྱུར་པུའུ། བོད་རང་སྐྱོང་ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཁྱེད་རྣམ་པར་བླ་ན་མེད་པའི་གུས་འདུད་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་ཁྱེད་རྣམ་པ་བརྒྱུད་ཁྱེད་རྣམ་པའི་ནང་མིར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

        འདས་མ་ཐག་པའི་ལོ་གཅིག་གི་ནང་ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཡོངས་དང་། དགོན་སྡེའི་ཆེད་བསྐོས་དོ་དམ་མི་སྣ། དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་བཅས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ཏེ་ཕྲག་ཐོག་ཏུ་མངགས་བཅོལ་གལ་ཆེན་འཁུར་བ་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། དཀའ་ཚེགས་ལ་མི་སྐྲག་པར་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་དགོན་སྡེའི “འཛུགས་སྐྱོང་དྲུག ”གི་ལས་དོན་ཏན་ཏིག་ངང་སྤེལ་ནས་ལྗོངས་ཡོངས་ཀྱི་དགོན་སྡེ་ཚང་མར་ཕུགས་འཕེར་དང་། བརྟན་ལྷིང་། ནུས་ལྡན་བཅས་ཀྱི་དོ་དམ་སྒྲིག་གཞི་དང་དེ་བཞིན་ཏང་རྩ་འཛུགས་བཙུགས་ཏེ་དགོན་སྡེའི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱས་པ་དང་། དགོན་སྡེའི་དམངས་བདག་ཨུ་ལྷན་གྱི་ཚན་ཁག་འཐུས་སྒོ་ཚང་དུ་བཏང་བ། དགོན་སྡེའི་དོ་དམ་སྟོབས་ཤུགས་འཐུས་སྒོ་ཚང་དུ་བཏང་བ། དགོན་སྡེའི་དོ་དམ་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཆེད་བསྐོས་མི་སྣའི “དོ་དམ་དང་། ཞབས་ཞུ། སློབ་གསོ ”བཅས་ལས་དོན་ཁག་གསུམ་གྱི་འགན་ནུས་དང་དགོན་སྡེའི་དོ་དམ་གྱི་ལས་དོན་ཁ་གསལ་བཟོས་པ་བཅས་བྱས་ཏེ་དགོན་སྡེ་དོ་དམ་ཡག་པོ་དང་། བརྟན་ལྷིང་ལ་དོ་དམ། ཞི་མཐུན་ལ་དོ་དམ་བཅས་ཏན་ཏིག་བྱས་པ་དང་། “གཅིག་དྲུག ”གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་གྲྭ་བཙུན་ཚོ་དང་གྲོགས་པོ་རྒྱ་ཁྱབ་ངང་གང་ལེགས་བསྒྲིགས་པ་དང་། རྟག་ཏུ་གྲྭ་བཙུན་གྱི་ཤག་ཏུ་འཚམས་འདྲི་བྱེད་པར་བསྐྱོད་དེ་དཀའ་ངལ་དངོས་ཐག་གཅོད་བྱས་པས་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་ལུགས་གང་ལེགས་ཚོར་བ། དགོན་སྡེའི “དགུ་ལྡན ”དམིགས་ཚད་དོན་འཁྱོལ་དང་དགོན་སྡེའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་དགོན་སྡེའི་ལམ་དང་། གློག ཆུ། འཕྲིན་གཏོང་། རླུང་འཕྲིན། བཪྙན་འཕྲིན་སོགས་ཤར་གཏོང་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་བཏོད་པའི་དཔྱད་འདེམས་བྱེད་སྒོ་དང་དེ་བཞིན་དགོན་སྡེའི་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུའི་ལས་དོན་སྤེལ་བར་བརྟེན་ཁོང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་ཚོར་བ་དང་། སྒྱུར་བཅོས་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་གི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱུང་བ། དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བས་རྒྱ་ཆེའི་གྲྭ་བཙུན་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་སྔར་བས་ཆེ་རུ་ཕྱིན་ཏེ་རང་རྟོགས་ངང་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བློ་སྦྱོང་ལ་ཤུགས་སྣོན་བཅས་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་ལ་བློ་ཐག་ཆོད་པོས་བཀག་འགོག་དང་ངོ་རྒོལ་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ནང་མི་ཞུགས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ནང་མི་ཞུགས་པ། སྲིད་འཛིན་དང་། སྲིད་ཁྲིམས། སློབ་གསོ། སྤྱི་ཚོགས་དོ་དམ་བཅས་ཀྱི་བྱེད་སྒོར་ཐེ་ཇུས་མི་བྱེད་པ་བཅས་བྱེད་ཐུབ་པ་བྱུང་བ། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས “གནད་དོན་ཆེ་འབྲིང་མི་ཐོན་པ་དང་གནད་དོན་ཆུང་ཙག་ཀྱང་མི་ཐོན་པའི ”བརྟན་ལྷིང་སྲུང་སྐྱོང་གི་དམིགས་ཚད་མངོན་འགྱུར་བྱུང་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་རིང་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་རྒྱུ་འགན་ལེན་བྱུང་བ་དང་ལྗོངས་ཡོངས་ཀྱི་དགོན་སྡེ་རྒྱུན་མཐུད་ངང་བརྟན་ལྷིང་དང་། ཕྱོགས་ཡོངས་ནས་བརྟན་ལྷིང་། ལོ་ཧྲིལ་པོར་བརྟན་ལྷིང་བཅས་ཡོང་རྒྱུ་འགན་ལེན་བྱུང་སྟེ་དགོན་སྡེའི་གྲྭ་བཙུན་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་། སྙིང་དབུས་ཀྱི་བརྩི་བཀུར། ཚད་མཐོའི་གདེང་འཇོག་བཅས་ཐོབ་ཡོད།

        འགོ་འཛུགས་ས་གསར་པའི་ཐོག་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གོམ་ཞེང་ཆེན་པོས་བསྐྱོད་དགོས། 2012ལོར་ང་ཚོའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡོད། ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་སྙན་སྒྲོན་ནང “ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བཅའ་ཁྲིམས་ཚད་འཛིན་སར་བྱེད་པ་དང་། སྲིད་ཇུས་གཞི་འཛིན་སར་བྱེད་པ། བརྟན་ལྷིང་དང་ཞི་མཐུན་དམིགས་ཚད་དུ་བྱེད་པ་བཅས་ཀྱིས་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་དགོས ”ཞེས་མཛུབ་སྟོན་གནང་ཡོད་པས་རེ་བར་ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཡོངས་དང་། དགོན་སྡེའི་ཆེད་བསྐོས་དོ་དམ་མི་སྣ། དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་བཅས་ཀྱིས་ལོ་གསར་པའི་ནང་དེ་བས་རབ་ཏུ་འཕེལ་བའི་སྤྲོ་སེམས་དང་། དེ་བས་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས། དེ་བས་ནུས་ལྡན་གྱི་བྱེད་ཐབས། དེ་བས་ཏན་ཏིག་གི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མུ་མཐུད་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་བཀོད་སྒྲིག་ལྟར་དགོན་སྡེའི “འཛུགས་སྐྱོང་དྲུག ”དང “གཅིག་དྲུག ”དང་། “དགུ་ལྡན ”བཅས་ཀྱི་ལས་ཀའི་བླང་བྱ་སྔར་བས་དོན་འཁྱོལ་བྱེད་པ་དང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་བཏོད་པ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་བ། དགོན་སྡེའི་གྲྭ་བཙུན་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཆོས་ལུགས་བྱེད་སྒོ་ཆེ་གྲས་ལ་ཞིབ་བཤེར་ཆོག་མཆན་དང་དོ་དམ་བྱེད་པ་དང་སྤྱི་ཚོགས་ཀྱི་ཕྱོགས་མིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་དོ་དམ་དང་ཞབས་ཞུ་བྱེད་པའི་ལས་དོན་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

        མཇུག་ཏུ་ལྗོངས་ཡོངས་ཀྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཡོངས་དང་། དགོན་སྡེའི་ཆེད་བསྐོས་དོ་དམ་མི་སྣ། དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་བཅས་ལ་ལོ་གསར་པའི་ནང་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་ཆོས་ལུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ།

        བོད་རང་སྐྱོང་ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས།

        2012ལོའི་ཟླ་1ཚེས་14ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།