དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་མཇུག་འགྲིལ་བའི་ཚོགས་འདུའི་ཐོག་གི་གསུང་བཤད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        འཐུས་མི་རྣམ་པ་དང་། བློ་མཐུན་རྣམ་པ།

        རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་འདི་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གྲོས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ནས་ད་ལྟ་མཇུག་འགྲིལ་རྒྱུ་རེད།

        ཐེངས་འདིའི་ཚོགས་ཆེན་ནི། རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་འགག་རྩའི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཚོགས་འདུའི་རིང་། འཐུས་མི་རྣམ་པས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ཁག་ལྷག་བསམ་རྣམ་དག་གིས་བསྒྲུབས་ཏེ་ཡུལ་བབ་དམངས་འདུན་གང་ལེགས་མངོན་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ཇུས་ཆེན་མཉམ་གྲོས་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། དེ་མིན་གྱི་སྙན་སྒྲོན་ཁག་བཅས་ལ་གྲོས་ཞིབ་དང་གྲོས་འཆམ་བྱས་ཏེ་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག རྒྱལ་ཁབ་ཁྲིམས་བཞིན་སྐྱོང་རྒྱུ་བཅས་གཅིག་གྱུར་ནུས་ལྡན་ཡོང་བའི་མཐའ་འཁྱོངས་བྱས་པ་གང་ལེགས་མཚོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་དང་རྩ་བའི་ཁེ་ཕན་གཅིག་སྡུད་ཐོག་མཚོན་པ་བཅས་བྱས་ཡོད། ཐེངས་འདིའི་ཚོགས་འདུ་ནི་མཆོང་སྐྱོད་ཡོང་བར་ཇུས་འགོད་དང་། གོང་འཕེལ་ཡོང་བར་སྐུལ་འདེད། བརྟན་ལྷིང་ཡོང་བར་འགན་སྲུང་། དམངས་འཚོར་ཕན་ འདོགས་པ་བཅས་ཀྱི་ཚོགས་ཆེན་ཞིག་དང་། མཐུན་སྒྲིལ་དང་། དམངས་གཙོ། དམ་པ་དོན་གཉེར། འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ནས་རི་ཀླུང་དྭངས་ཞིང་གཙང་བ་དང་། ཤེས་རིག་དཔལ་གྱིས་ཕྱུག་པ། གསོན་ཤུགས་རབ་ཏུ་འཕེལ་བ་བཅས་ཀྱི་གངས་ལྗོངས་ས་གཞིའི་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་ལེའུ་གསར་རྐྱང་ཞིག་མུ་མཐུད་རྩོམ་ངེས་རེད།

        2011ལོར་ཕྱིར་མིག་བལྟ་སྐབས། འཐུས་མི་རྣམ་པས་ངོས་འཛིན་གཅིག་མཐུན་གནང་བར། ཪྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་ཕྱི་རྒྱལ་ནང་གི་དུས་བབ་དང་། དཀའ་ཚེགས་ལྗིད་ཆེའི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཡོངས་ལ་བཀོད་འདོམས་དང་སྒམ་ནན་གྱིས་ཁ་གཏད་བཅག་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པ་དང་། ཀྲུང་དབྱང་གི་མཛད་ཇུས་ཆེ་ཁག་དང་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་གཙོ་དོན་འདི་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུའི་གཙོ་རྐང་འདི་དམ་པོར་བཟུང་བ་དང་། “ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པའི ”གལ་ཆེའི་ཇུས་གཞི་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་ལེགས་སྐྱོང་། འབྱུང་ཁམས་དཔལ་ཡོན་ལྡན་པ། ཏང་འཛུགས་སྐྱོང་བཅས་ལ་སྐུལ་སྤེལ་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་བ་དང་། རང་ལྗོངས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བའི་ཕྱོགས་སུ་སླར་ཡང་གོམ་པ་བརྟན་པོ་ཞིག་སྤོས་ཡོད། 2012ལོར་རྒྱང་ལྟ་བྱེད་སྐབས། དམིགས་ཚད་གསར་པ་དེ་དག་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་དང་། མདུན་སྐྱོད་ཀྱི་ལམ་བུ་གསར་པ་ནི་དཀའ་ཚེགས་ཆེ་ལ་ལམ་ཐག་རིང་བ་ཞིག་རེད། འཐུས་མི་རྣམ་པས་ཆོད་སེམས་མཚོན་པར་བྱས་དོན། ངེས་པར་དུ་ལོ་རྒྱུས་ཀྱི་ལས་འགན་སེམས་ལ་བརྟན་པོར་འཆང་བ་དང་། མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་བསམ་བློ་དང་ངོས་འཛིན་གཅིག་མཐུན་བྱེད་རྒྱུ་དང་། ཐེངས་འདིའི་ཚོགས་ཆེན་གྱིས་གཏན་འཁེལ་གནང་བའི་དམིགས་ཚད་དང་ལས་འགན་ཐོག་བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། འབྱུང་ཁམས་བཟང་བའི་བོད་ལྗོངས་བཅས་བསྐྲུན་རྒྱུའི་ལོ་རྒྱུས་ཀྱི་འཁྲི་འགན་ཆེན་པོ་ཕྲག་ཐོག་ཏུ་འཁུར་ནས་བསྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ནང་ཧུར་ཐག་ཞུགས་ཏེ་འབད་འབུངས་ཡར་བརྩོན་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་འཆང་བ་དང་། དཀའ་སྤྱད་འབད་འཐབ་དང་ལས་ཀ་ཚགས་ཚུད་བསྒྲུབས་ཏེ་ཏན་ཏན་ཏིག་ཏིག་ངང་བཀོད་ཟིན་པའི་བརྗིད་ཆེའི་དཔེ་རིས་དེ་མཛེས་སྡུག་ལྡན་པའི་མངོན་སུམ་དུ་འགྱུར་བ་བྱེད་རྒྱུ་ཡིན། འཐུས་མི་རྣམ་པ་དང་། བློ་མཐུན་རྣམ་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ལམ་བུའི་ཐོག་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ང་ཚོས་སེམས་ཤུགས་གཅིག་སྒྲིལ་གྱིས་ལེགས་སྐྱེས་རྣམ་དག་འབུལ་ཕོད་པ་བྱེད་དགོས་ཀྱི་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི “བདུན་གཅིག ”གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པ། དེ་བཞིན་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གོ་སྐབས་དམ་འཛིན་གྱིས་བརྟན་པོའི་ངང་གོང་འཕེལ་མྱུར་པོ་ཡོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཞུམ་མེད་མདུན་སྐྱོད་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུགཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་གསར་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་རྒྱུར་བསུ་བ་ཞུ་དགོས། མཇུག་ཏུ། ངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་ཞུས་ནས་ཐེངས་འདིའི་ཚོགས་ཆེན་ལ་དཀའ་ངལ་ཁྱད་བསད་ཀྱིས་ཕྱག་ལས་གནང་མཁན་ལས་བྱ་ཡོངས་རྫོགས་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག གསར་འགྱུར་ལས་དོན་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་འདིར། ལྷན་རྒྱས་ལོ་གསར་སྤྲོ་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

        ད་ལྟ་ངས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པ་མཇུག་འགྲིལ་རྒྱུའི་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།