དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གསོན་ཤུགས་སྔར་ལས་ཆེ་བ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཛུབ་སྟོན་གནང་དོན། 2011ལོར། ང་ཚོས་ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་བྱེད་རྒྱུར་དོ་སྣང་བྱས་ཐོག གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་གཏིང་ཟབ་བྱས་ཡོད། རྩྭ་ར་འགན་གཙང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་མུ་མཐུད་དོན་འཁྱོལ་གྱིས་འཐུས་སྒོ་ཚང་དུ་བཏང་བ་དང་། མཉམ་སྡེབ་ནགས་དབང་ལམ་ལུགས་བསྒྱུར་བཅོས་བདེ་བླག་ངང་བྱས་པ། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། གཞུང་ཁོངས་ཁེ་ལས་ལུགས་བསྒྱུར་བསྐྱར་སྒྲིག་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད། བྱ་གཞག་ཚན་པའི་རིགས་དབྱེ་བསྒྱུར་བཅོས་དང་ནོར་ཁྲལ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་བྱེད་པར་ཕན་འབྲས་གསར་པ་ཐོབ་ཡོད། སྲིད་འཛིན་ཞིབ་མཆན་འགོད་ལམ་བསྒྱུར་བཅོས་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད། འབྲུ་རིགས་འཁོར་རྒྱུག་དང་རིན་གོང་སྒྲིག་སྲོལ་སོགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་བྱེད་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། བོད་ཀྱི་ཐོག་མའི་མཁའ་འགྲུལ་ཀུང་སི་དངོས་སུ་ལས་གཉེར་བྱས་ཡོད། བོད་ལྗོངས་ཀྲུང་ཤིང་ཚོང་དོན་ཚོགས་ཚོ་སྒོ་བྱང་བཀལ་ནས་བཙུགས་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་སྒོ་བྱང་བཀལ་བ་དང་། ཀྲུང་གོ་ཞིང་ལས་གོང་འཕེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་། བོད་ལྗོངས་དངུལ་ཁང་སྒྲིག་འཛུགས་ལེགས་སྒྲུབ་བྱུང་ཡོད། མ་རྩའི་ཁྲོམ་ར་གོང་འཕེལ་བརྟན་པོ་བྱུང་ནས་མ་དངུལ་བསྡུ་སྤྱོད་བྱེད་ནུས་འདོན་སྤེལ་བྱས་ཤིང་། 5100འཁྱགས་རོམ་གཏེར་ཆུ་ཁྲོམ་འགྲེམས་བྱས་པ་དང་། བོད་ལྗོངས་གཏེར་ལས་དང་བོད་ལྗོངས་ཡུལ་སྐོར་དེ་བསྐྱར་དུ་མ་དངུལ་བསྡུ་སྤྱོད་ཐུབ་ཡོད། ཁག་ཐེག་ཀུང་སི་8འཕེལ་རྒྱས་བྱུང་བ་དང་། ཁེ་ལས་ཆུང་འབྲིང་རིགས་90ལྷག་ཙམ་ལ་ཁྱོན་བསྡོམས་དངུལ་བུན་ཁག་ཐེག་སྒོར་དུང་ཕྱུར་3.53བྱས་ཡོད། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཚོགས་ཆེན་འཚོགས་ནས་དམངས་གཉེར་དཔལ་འབྱོར་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ཅིང་། དམངས་གཉེར་དཔལ་འབྱོར་གྱིས་འཇལ་བའི་ཁྲལ་འབབ་སྒོར་དུང་ཕྱུར་73.2ཟིན་པ་དེ་ལྡབ་1འཕར་བ་དང་། ལས་གཉེར་བྱེད་མཁན་མི་ཁྲི་49.8ཟིན་པ་དེས་42.4%ཟིན་ཡོད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་འབྲེལ་གཏུགས་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཐོག རོགས་སྐྱོར་དང་ལེན་ལས་ཀ་ཁག་ཏན་ཏིག་སྤེལ་བས་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་བོད་སྐྱོར་མ་འཇོག “1‰ཡི་སྲིད་ཇུས ”དོན་འཁྱོལ་ལེགས་ཙམ་བྱུང་ཡོད། ཉེ་འཁོར་ཞིང་ཆེན་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་བཅས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ཡོད། འགྲམ་དང་སྐྱིད་རོང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བདེ་བླག་ངང་བྱེད་བཞིན་ཡོད། ལྗོངས་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་སྤྱི་འབོར་ཨ་སྒོར་དུང་ཕྱུར་11ཟིན་པ་དང་། དེའི་ནང་མཐའ་མཚམས་ཀྱི་འབོར་ཆུང་ཉོ་ཚོང་ཐད་ཨ་སྒོར་དུང་ཕྱུར་7ཟིན་པ་དེ་39.8%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།