《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས 》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས 》《བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་འཐུ་བསྡུ་དོ་དམ་གནས་སྐབས་ལག་བསྟར་བྱ་ཐབས 》(བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་70པ )(གཤམ་དུ་བསྡུས་མིང་ལ་སྲིད་གཞུང་གི་བཀའ་རྒྱ་ཨང་70པ་ཞེས་བརྗོད་རྒྱུ ) དེ་མིན་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་བཅས་གཞིར་བཟུང་རྒྱ་ཚྭ་རྫོང་གི་རང་བྱུང་རྩྭ་ར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དང་། རང་བྱུང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་གཏོང་རྒྱུ། མི་དང་རང་བྱུང་ཁམས་གཉིས་ཞི་མཐུན་གྱི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱ་རྒྱུ། འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཡག་པོ་ཡོང་བའི་འགན་ལེན་བྱ་རྒྱུ། དབྱར་རྩྭ་དགུན་འབུ་འཐུ་བསྡུ་ཉོ་ཚོང་དོ་དམ་བྱ་ཚུལ་ཚད་ལྡན་ཡོང་བ་བྱ་རྒྱུ། སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ཡོང་བ་བྱ་རྒྱུ་བཅས་ཀྱི་ཆེད་དུ་སྲིད་གཞུང་གི་བཀའ་རྒྱ་ཨང་70པའི་དོན་ཚན་བཅུ་གཅིག་པའི་ནང “དབྱར་རྩྭ་དགུན་འབུ་འཐུ་བསྡུ་བྱེད་སྐབས་འཐུ་བསྡུའི་ལག་ཁྱེར་དགོས ”ཞེས་གཏན་འབེབས་བྱས་པ་གཞིར་བཟུང་རྒྱ་ཚྭ་རྫོང་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་རྒྱ་ཚྭ་རྫོང་ཁོངས་སུ་དབྱར་རྩྭ་དགུན་འབུ་འཐུ་བསྡུ་བྱེད་པར་ཡོང་མཁན་ཞིང་ཆེན (རང་སྐྱོང་ལྗོངས )གཞན་དག་དང་རྫོང་གཞན་དག་གི་མི་སྣ་བཀག་འགོག་ནན་པོ་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
རྒྱ་ཚྭ་རྫོང་མི་དམངས་སྲིད་གཞུང་གིས།
2012ལོའི་ཟླ་བ་དང་པོར།