དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བརྗིད་ཆེའི་ལེའུ་མུ་མཐུད་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚོགས་འདུ་གཉིས་ཀྱི་དམིཌ་བསལ་རྩོམ་ཡིག  

        འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དང་། འགན་ནུས་སྒྲུབ་པའི་ནུས་པ་ཆེ་རུ་བཏང་བ། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུས་པ། རང་ངོས་འཛུགས་སྐྱོང་ལ་དམ་འཛིན་བཅས་2011ལོ་ཚུན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ཟིན་ཐོར་བལྟ་སྐབས་གྲོས་འགོ་རེ་རེ་དང་། གྲོས་གཞི་རེ་རེ། བརྟག་ཞིབ་རེ་རེ་བཅས་ཀྱི་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམངས་ཀྱི་ཆེད་དུ་འགན་ནུས་སྒྲུབ་པ་བཅས་གསོན་ཉམས་ལྡན་པའི་ལག་ལེན་གཅིག་ཏུ་བསྡུས་ཡོད།

        འཕེལ་རྒྱས་ཀྱི་སྤྱི་ཡོངས་དོན་གཉེར་བྱས་ཏེ་བོད་ཀྱི་མདུན་སྐྱོད་ཆེད་གནས་ཚད་བཙལ་བ།

        ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་སྲོལ་ལམ་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་འགན་ཨང་དང་པོར་བརྩིས་པ་དང་འབྲེལ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་བརྗོད་བྱ་གཙོ་བོའི་གཙོ་སྣེ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གཏན་ལ་འཁེལ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་ཀྱི་ཇུས་ཆེན་དོན་གཉེར་དང་འཕེལ་རྒྱས་ཀྱི་ཇུས་བཟང་བཏོན་ཡོད།

        ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་ཚོགས་འདུ་ཐེངས་མང་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། སྲིད་གྲོས་ཨུ་ཡོན་བཅས་གདན་དྲངས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད། ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་སྐམ་ས་ཆེ་མོའི་བགྲོད་ལམ་ཆེ་མོ་བསྐྲུན་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ཕྱོགས་ཁག་གི་གོང་བུ་གཅིག་ཏུ་འགྲིལ་ནས་ཐུན་མོང་ཐོག་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཆེད་ཐབས་དང་ཇུས་བཏོན་ཡོད། ཨུ་ཡོན་སྒྲིག་འཛུགས་ཐེངས་མང་བྱས་ནས་བརྟག་ཞིབ་གཟིགས་ཞིབ་དང་བཞུགས་མོལ་གྲོས་མོལ་ཐེངས་མང་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་དང་ཉི་འོད་ནུས་པ་དང་དེ་བཞིན་ཐོན་ཟོག་ཁྱབ་གདལ་བེད་སྤྱོད་སོགས་ལ་དམིགས་ནས་གཟིགས་ཞིབ་དང་བརྟག་ཞིབ་བྱས་པའི་ཐོག་དབྱེ་ཞིབ་དང་ཁ་གཏད་འཇལ་ཐབས་ཀྱི་བརྟག་ཞིབ་སྙན་ཞུ་བཅུ་ཕུལ་བ་མ་ཟད། བསམ་འཆར་དང་གྲོས་འགོ་130ཙམ་བཏོན་ཡོད།

        གཤམ་གྱི་གྲངས་གཞིའི་ཐོག་ནས་ལོ་གཅིག་གི་འབྲས་བུ་དག་མཐོང་ཐུབ་ཅིང་། ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་ལ་ཁྱོན་གྲོས་གཞི་364འབྱོར་བ་དང་གྲོས་གཞི་352ཐོ་འགོད་བྱས་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་གཉེར་འགན་འཁུར་མཁན་ཚན་པ་བཅས་ཀྱི་ཚད་མཐོའི་མཐོང་ཆེན་ཐོབ་པ་མ་ཟད། ཁྱོན་ཚན་པ་50ཙམ་གྱིས་གྲོས་གཞི་གཉེར་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2011ལོའི་ཟླ་བ་བཅུ་པའི་ཟླ་མཇུག་བར་ཐོ་འགོད་བྱས་པའི་གྲོས་གཞི་352ཚང་མ་བསྒྲུབས་ཟིན་པ་དང་འབྲེལ་ཨུ་ཡོན་ཚོར་ལན་ཁ་གསལ་བཏབ་ཡོད།

        ཧུར་བརྩོན་རང་བཞིན་ཆེ་རུ་བཏང་ནས་གྲོས་གཞི་གཉེར་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

        2011ལོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཨུ་ཡོན་ཚོར་གནས་ཚུལ་ཤེས་རྟོགས་དང་སྲིད་ཇུས་གསལ་པོ་ཤེས་པའི་ཞབས་ཞུ་མཁོ་འདོན་བྱས་ཤིང་། འབྱུང་རྩ་ནས་གནད་དོན་ཐག་གཅོད་བྱ་ཆེད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལྟ་ཞིབ་དང་། བརྟག་ཞིབ། བཞུགས་མོལ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་འབྲེལ་ཡོད་ས་ཁུལ (གྲོང་ཁྱེར )གྱིས་ཨུ་ཡོན་དང་གདོང་དང་གདོང་གཏུགས་ནས་འབྲེལ་བ་བྱས་ཏེ་ཨུ་ཡོན་ཚོས་གྲོས་གཞི་འབྲི་རྒྱུར་ཆ་འཕྲིན་དང་ལག་རྩལ་གྱི་རྒྱབ་སྐྱོར་དེ་བས་མང་བ་མཁོ་འདོན་བྱས་ཡོད། གྲོས་གཞིའི་གླེང་གཞི་འདེམས་པའི་ཐད་བརྟག་ཞིབ་རྒྱ་ཁྱབ་བྱས་ཏེ་ཨུ་ཡོན་ཚོས་མིག་སྔ་དང་གོམ་སྟབས་རྗེས་མའི་དུས་མཚམས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་གཙོ་གནད་འཕྲལ་མར་ཤེས་རྟོགས་ཐུབ་པ་བྱས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་གཙོ་བོ་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་བསྡུ་རུབ་བྱས་ནས་གྲོས་གཞི་ཏང་ཨུད་དང་སྲིད་གཞུང་གི་དགོངས་པ་དང་མཐུན་པ་དང་མང་ཚོགས་དང་དབུགས་ལམ་གཅིག་སྦྲེལ་ཡོང་བ་བྱས་ཡོད།

        གྲོས་གཞི་ཨུ་ཡོན་ལྷན་ཁང་དང་གྲོས་གཞི་གཉེར་འགན་འཁུར་མཁན་གྱིས་གྲོས་གཞི་འདོན་མཁན་དང་འབྲེལ་གཏུག་བྱ་རྒྱུ་དེ་ནི་གྲོས་གཞིའི་ལས་དོན་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གྲོས་གཞི་གལ་ཆེན་དང་གོང་ཞུའི་གནད་དོན་གཅིག་སྡུད་ཀྱི་གྲོས་གཞི་ཁ་ཤས་ཐད་གྲོས་གཞི་མ་གཉེར་གོང་གྲོས་གཞི་འདོན་མཁན་གྱི་བསམ་འཆར་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། གྲོས་གཞི་གཉེར་མཁན་ཚན་པ་དང་འབྲེལ་བ་བྱེད་པ་དང་གྲོས་གཞི་འདོན་མཁན་གྱི་བསམ་འཆར་ཞུས་ཡོད། དེའི་རྨང་གཞིའི་ཐོག “གྲོས་གཞི་འདོན་མཁན་དང་གཉེར་མཁན ”དབར་ཐད་ཀར་གྲོས་མོལ་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ “ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་གཉེར་བ་དང་ལན་འདེབས་པའི་ཚོགས་འདུ ”ཐེངས་དང་པོ་འཚོགས་ནས་གྲོས་གཞི་གཉེར་ཚུལ་ཐད་གདོང་དང་གདོང་གཏུགས་ནས་ལན་འདེབས་པ་དང་འགྲེལ་བཤད་བརྒྱབ་ཡོད། ལོ་གཅིག་རིང་ལྗོངས་སྲིད་གྲོས་ཀྱིས “གྲོས་གཞི་འདོན་མཁན་དང་གཉེར་མཁན ”ཞུགས་པའི་གྲོས་གཞིར་གྲོས་མོལ་བྱས་ནས་གཉེར་བའི་བྱེད་སྒོ་ཐེངས་དྲུག་སྒྲིག་འཛུགས་བྱས་ཏེ་ཐིང་དང་། ཅུས། སྡེ་ཚན་བཅས་ཉེར་དྲུག་དང་མཉམ་དུ་འབྲེལ་ཡོད་གྲོས་གཞིར་གྲོས་མོལ་བྱས་ནས་གཉེར་ཡོད།

        སློབ་སྦྱོང་ཅན་དང་། ཞབས་ཞུ་ཅན། གསར་གཏོད་ཅན་བཅས་ཀྱི་ལས་ཁུངས་སྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ལས་ཀའི་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ལས་ཀའི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། མི་འབོར་དཔལ་འབྱོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་དཔལ་འབྱོར་ཐོན་ཁུངས་ཁོར་ཡུག་གིས་སྒྲིག་འཛུགས་བྱས་པའི་ཞིབ་གྲོས་ཚོགས་འདུར་ཞུགས་ནས་ཧུའུ་ནན་དང་། ཀོང་ཤིས། མཚོ་སྔོན་སོགས་ཞིང་ཆེན་སྲིད་གྲོས་ཀྱི་བོད་སྐྱོད་རྟོག་ཞིབ་ཚོགས་པ་དང་ཐོན་སྐྱེད་འཛུགས་སྐྲུན་དང་། ཁོར་ཡུག་སྲུང་སྐྱོང་། སྣོད་བཅུད་འཛུགས་སྐྱོང་ཁ་གསབ་བཅས་ཀྱི་གནད་དོན་ཐད་ཞིབ་དཔྱད་བྱས་པ་དང་འབྲེལ་སྤེལ་རེས་རྒྱ་ཁྱབ་བྱས་ཡོད། ཚན་སློབ་རིག་འཕྲོད་ལུས་རྩལ་བཅས་ཨུ་ཡོན་ལྷན་ཁང་གིས 《ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པའི་འགག་རྩ་ནི་ཚན་རྩལ་ཡིན 》པ་དང 《རང་ལྗོངས་ཀྱི་གཏེར་ཁའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་བརྟག་ཞིབ་སྙན་ཞུ 》བཟོས་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་ལས་དོན་དང་གཏེར་ཁའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་གསར་སྤེལ་དང་ཕྱོགས་བསྡུས་བེད་སྤྱོད་བྱ་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཉི་ནུས་འོད་ཤུགས་གློག་ཁང་དང་། མི་རིགས་ལག་ཤེས་བཟོ་ལས་ཐོན་སྐྱེད་རྟེན་གཞི། མཐའ་མཚམས་རྫོང་གི་མཐའ་མཚམས་ཚོང་དོན་ཁྲོམ་ར་སོགས་སུ་བསྐྱོད་དེ་ལས་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་འབྲེལ་སློབ་གྲྭ་དང་། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་། ཞིང་དུད་བཅས་སུ་བསྐྱོད་དེ་གྲོང་གསེབ་ཀྱི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་དང་གདོང་དང་གདོང་གཏུགས་ནས་སྤེལ་རེས་བྱས་པ་རེད།

         དམངས་ཀྱི་ཁེ་ཕན་དོན་གཉེར་བྱས་ཏེ་སྲིད་གྲོས་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དེ་བས་བརྟན་དུ་བཏང་བ།

        འབྲེལ་ཡོད་རྣམ་གྲངས་ལ་ལྟ་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱེད་པའི་བརྒྱུད་རིམ་ནང་ཨུ་ཡོན་ཚོས་ཨར་ལས་ཚན་པའི་དཀའ་ངལ་དང་གནད་དོན་གཟབ་ཏུ་ཉན་ལ་ཁོང་ཚོར་ཇུས་འདོན་རོགས་དང་བསམ་བློ་བཏང་རོགས་བྱས་པ་དང་དུས་མཚུངས་ས་གནས་དེ་གའི་མང་ཚོགས་ལ་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད་བརྒྱབ་ཁར་མང་ཚོགས་ལས་དོན་ཡག་པོ་སྒྲུབ་རྒྱུར་རོགས་རམ་བྱས་ཏེ་ཨར་ལས་ཚན་པར་ཁོར་ཡུག་བཟང་པོ་ཞིག་བཏོད་པ་མ་ཟད། མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཐུབ་པས་ས་གནས་དེ་གའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད།

        གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོ་དང་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་ཁྲོད་སྲིད་གྲོས་ལས་དོན་ཚོགས་ཆུང་གིས་ཉིང་ཁྲི་ས་ཁུལ་སྣང་རྫོང་རྡོ་ལུང་གྲོང་ཚོར་བསྐྱོད་དེ་གྲོང་ཚོ་དེར་སྒོར་ཁྲི་70ལྷག་ཙམ་བརྩོན་ལེན་བྱེད་རོགས་བྱས་ནས་གྲོང་ཚོའི་གཞུང་ལས་ཁང་དང་། ཟམ་པ། ས་འོག་ཆུ་འགྲོ། ཆུ་འདྲེན་ཡུར་བུ། ཆུ་འཁོར་སོགས་སྐྲུན་པ་རེད། ཁ་གཏད་དབུལ་སྐྱོར་ལས་དོན་ཁྲོད་རེས་སྐོར་གསར་པའི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཏེ། ནག་ཆུ་རྫོང་ལྷོ་མ་གྲོང་རྡལ་དུ་བསྐྱོད་དེ་གཟིགས་ཞིབ་དང་བརྟག་ཞིབ་བྱས་ནས་གྲོང་གསེབ་ཀྱི་ལས་བྱེད་མང་ཚོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ་དང་ཐོན་ལས་ཀྱི་འཆར་འགོད་ལེགས་སྒྲིག་བྱས་པ་རེད།

        ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། ཨུ་ཡོན་ཚོས་བཏོན་པའི 《སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་སྐོར་གྱི་གྲོས་གཞི 》དང 《སློབ་ཆེན་སློབ་མ་བུ་མོའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞིར 》 རང་སྐྱོང་ལྗོངས་འབྲེལ་ཡོད་འགོ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་ཐོབ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1.66ལས་ཞུགས་ཐུབ་པ་བྱུང་བ་རེད།

        སྲིད་གྲོས་ཀྱི་འབྲེལ་རྒྱ་ཆེ་བའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལྗོངས་སྲིད་གྲོས་ཀྱིས་ད་དུང “ཤིང་ཧྭ་ཤེས་ལྡན་པར་འགྱུར་བའི་སློབ་སྐྱོར་རོགས་དངུལ ”སྤྲོད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་ཁྱིམ་ཚང་དབུལ་པོའི་སློབ་མ་101སློབ་ཆེན་དུ་སྐྱོད་རྒྱུར་རོགས་རམ་བྱས་པ་དང་ཤང་ཀང་དང་ཕུའུ་ཅན་ཕུགས་རེའི་འདུ་འགོད་ཐེབས་རྩ་ལྷན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་ཞལ་འདེབས་དངུལ་སྒོར་ཁྲི་741སྤྱད་དེ་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་7དང་གློག་སྤྱད་སློབ་ཁྲིད་ཁང་1བསྐྲུན་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།