བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེའི་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཕྱོགས་སྐོར་གྱི་གནས་སྐབས་ལག་བསྟར་བྱ་ཐབས།
དོན་ཚན་དང་པོ། རང་ལྗོངས་ཀྱི་དགོན་སྡེའི་གྲྭ་བཙུན་གྱི་རྒན་གསོ་དང་སྨན་བཅོས་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་ཇེ་མགྱོགས་སུ་བཏང་ནས་གྲྭ་བཙུན་གྱི་སྤྱི་ཚོགས་འགན་སྲུང་ཁེ་དབང་སྲུང་སྐྱོང་བྱེད་ཆེད 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས 》གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་གྲྭ་བཙུན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། བྱ་ཐབས་འདི་རང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་ཐོ་འགོད་བྱས་པའི་དགོན་སྡེའི་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན (གཤམ་ལ་གྲྭ་བཙུན་ཞེས་བསྡུ་རྒྱུ )ལ་སྤྱོད་རྒྱུ།
དོན་ཚན་གསུམ་པ། ཧྲིལ་ལོ་18ལོན་པའི་གྲྭ་བཙུན་ཡིན་ཕྱིན་ཐེམ་ཁོངས་ལ་མ་བལྟོས་པར་རང་མོས་ཀྱི་རྩ་དོན་གཞིར་བཟུང་དགོན་སྡེ་གནས་ཡུལ་དུ་རང་སྐྱོང་ལྗོངས་ཀྱི་ད་ལྟའི་གཏན་འབེབས་བཞིན་གཅིག་གྱུར་ཐོག་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ (གཤམ་ལ་གཅིག་གྱུར་ཐོག་སྤྱི་ཚོགས་འགན་བཅོལ་ཞེས་བསྡུ་རྒྱུ )ནང་ཞུགས་ཆོག
གྲྭ་བཙུན་གྱིས་སོ་སོའི་ཐེམ་ཐོ་གནས་ཡུལ་དུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཟིན་ཡོད་ཚེ་གཅིག་གྱུར་ཐོག་དགོན་སྡེ་གནས་ཡུལ་གྱི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་སུ་བསྒྱུར་ནས་སྤྱི་ཚོཊ་འགན་བཅོལ་འགྲོ་ལུགས་ཀྱི་འབྲེལ་བ་མཐུད་ན་འགྲིག
དོན་ཚན་བཞི་པ། གྲྭ་བཙུན་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚེ་གཏོགས་ཁོངས་ཀྱིས་དོ་དམ་བྱེད་རྒྱུ་ཡིན་ཞིང་། དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གནས་སའི་ས་གནས (གྲོང་ཁྱེར )དང་། རྫོང (གྲོང་ཁྱེར་དང་ཆུས ) ཤང (གྲོང་རྡལ་དང་ཁྲོམ་གཞུང་) བཅས་ཀྱི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་སྤྱི་ཚོགས་འགན་བཅོལ་གྱི་ལས་སྒོ་ཁག་སྒྲུབ་གཉེར་བྱེད་རྒྱུ།
(གཅིག )གྲྭ་བཙུན་གནས་སའི་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་ཐོག་ཚབ་བྱས་ནས་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་ལུགས་གཉེར་དགོས།
(གཉིས )གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚེ་གྲྭ་བཙུན་གནས་སའི་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་ནས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུའི་འབྲེལ་ཡོད་དཔང་ཡིག་མཁོ་འདོན་བྱེད་དགོས།
(གསུམ )དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་རྒྱུན་ལྡན་གྱི་ལས་སྒོ་གཉེར་སྒྲུབ་བྱེད་རྒྱུའི་འགན་འཁུར་དུ་འཇུག་དགོས། དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ས་གནས་དེ་གའི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ལ་གྲྭ་བཙུན་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུའི་རེ་འདུན་ཞུ་བ་དང་ཐོ་འགོད་འགྲོ་ལུགས་གཉེར་དགོས་པའི་ཐོག དུས་ཐོག་ཏུ་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཚབ་བསྡུ་བྱེད་དགོས་པ་མ་ཟད། གྲངས་ཚང་བསྡུ་འཇལ་བྱེད་དགོས།
(བཞི )གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲྭ་བཙུན་ལ་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་མི་སྒེར་གྱི་རྩིས་ཁྲ་བཟོ་དགོས།
དོན་ཚན་ལྔ་པ། གྲྭ་བཙུན་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་ཚེ་གྲོན་དངུལ་འཇལ་རྒྱུའི་ཚད་གཞི་དང་ཐོབ་ཐང་སྤྱོད་ཕྱོགས་སྐོར།
(གཅིག )གྲོན་དངུལ་འཇལ་རྒྱུའི་ཚད་གཞི། གྲྭ་བཙུན་མི་སྒེར་གྱིས་འཇལ་རྒྱུའི་གྲོན་དངུལ་དེ་གདང་རིམ་དབྱེ་བའི་ཐོག་ལོ་འཁོར་གཞིར་བཟུང་འཇལ་དགོས་ཤིང་། དེའི་ཚད་གཞི་ནི་སྒོར་100དང་། སྒོར་200 སྒོར་300 སྒོར་400 སྒོར་500 སྒོར་600 སྒོར་700 སྒོར་800 སྒོར་900 སྒོར་1000 སྒོར་1100 སྒོར་1200བཅས་རིམ་པ་བཅུ་གཉིས་ལ་དབྱེ་ཡོད་པས་གྲྭ་བཙུན་གྱིས་སོ་སོའི་གནས་ཚུལ་ལ་གཞིགས་ཏེ་རང་མོས་ཀྱིས་གདང་རིམ་གང་རུང་བདམས་ནས་གྲོན་དངུལ་འཇལ་ཆོག་ལ། སྒོར་1200ལས་མཐོ་བ་ཡང་བདམས་ཆོག་ཅིང་། གདང་རིམ་དབྱེ་ཁྱད་སྒོར་100ཡི་ཚད་གཞི་བྱས་ཏེ་གྲོན་དངུལ་འཇལ་ཆོག་པ་དང་། མཐོ་ཤོས་ལ་སྒོར་3000ནས་བརྒལ་མི་ཆོག
དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན (གཏན་འཇགས་ཀྱི་འཚོ་བའི་ཡོང་ཁུངས་མེད་པ )སོགས་ཀྱི་འགན་འཁུར་ནས་ལོ་གཅིག་སོང་བའི་གྲྭ་བཙུན་རིགས་གྲོང་ཁྱེར་གྲོང་བརྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་ཚེ་འགན་འཁུར་རིང་གྲོན་དངུལ་འཇལ་རྒྱུའི་གདང་རིམ་དེ་རང་མོས་ཀྱིས་བདམས་ཆོག་ཅིང་། དེས་བདམས་པའི་གྲོན་དངུལ་འཇལ་རྒྱུའི་གདང་རིམ་ལ་གཞིཊ་ཏེ་སྲིད་གཞུང་ནས་བསྡུར་གཞི་1:1གི་ཚང་སྒྲིག་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། ཁ་གསབ་རོགས་དངུལ་གྱི་གྲངས་འབོར་མང་ཤོས་ལ་སྒོར་1200ལས་མི་བརྒལ་བ་བྱེད་རྒྱུ་ཡིན། གོང་འཁོད་གོ་གནས་ཀྱི་འགན་ཡུན་འཁྱུར་རྗེས་སྔར་བཞིན་གྲྭ་བཙུན་དཀྱུས་མ་ལྟར་རང་མོས་ཐོག་གྲོན་དངུལ་འཇལ་རྒྱུའི་ཚད་གཞི་འདེམས་རྒྱུ་དང་། དེ་མཚུངས་ཀྱི་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ཐོབ་རྒྱུ་ཡིན།
(གཉིས )སྲིད་གཞུང་ནས་ཁ་གསབ་རྒྱག་ཕྱོགས་ནི། གྲྭ་བཙུན་མི་སྒེར་གྱི་གྲོན་དངུལ་འཇལ་བའི་རྨང་གཞིའི་ཐོག་རང་མོས་གདམ་ག་བྱས་པའི་གྲོན་དངུལ་འཇལ་རྒྱུའི་གདང་རིམ་ལ་གཞིགས་ཏེ་སྲིད་གཞུང་གིས་ལོ་རེར་ཁག་སོ་སོར་སྒོར་30དང་། སྒོར 35 སྒོར་40 སྒོར་45 སྒོར་50 སྒོར་55 སྒོར་60 སྒོར་65 སྒོར་70 སྒོར་75 སྒོར་80 སྒོར་85 བཅས་རིམ་པ་བཅུ་གཉིས་ལ་དབྱེ་ནས་གྲོན་དངུལ་ཁ་གསབ་རྒྱག་རྒྱུ་དང་། སྒོར་1200ཡི་ཚད་གཞི་ལས་མཐོ་བ་བདམས་ན་ཡང་གྲོན་དངུལ་འཇལ་མཁན་ལ་སྲིད་གཞུང་ནས་རྒྱག་རྒྱུའི་ཁ་གསབ་ནི་སྔར་བཞིན་སྒོར་85ཡིན།
(གསུམ )རྒན་གསོའི་འཚོ་དངུལ་གྱི་ཐོབ་ཐང་ནི། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ནི་རྨང་གཞིའི་རྒན་གསོའི་འཚོ་དངུལ་དང་མི་སྒེར་གྱི་རྩིས་ཁྲའི་རྒན་གསོའི་འཚོ་དངུལ་ལས་གྲུབ་ཅིང་། ཚེ་གང་གཏོང་སྤྲོད་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་ནི་མི་རེར་ཟླ་རེར་སྒོར་120ཡིན། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཏེ་གྲོན་དངུལ་འཇལ་ནས་ལོ་15བརྒལ་བའི་རིགས་ལ་ལོ་རེ་བརྒལ་ན་ཟླ་རེར་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་1%ཁ་སྣོན་རྒྱག་རྒྱུ། མི་སྒེར་གྱི་རྩིས་ཁྲའི་རྒན་གསོའི་འཚོ་དངུལ་ཚད་གཞི་ནི་མི་སྒེར་གྱི་རྩིས་ཁྲའི་བཅོལ་དངུལ་བསྡོམས་འབོར་ལ་139ཡིས་བགོ་རྒྱུ།
(བཞི ) རྒན་གསོའི་འཚོ་དངུལ་ལེན་པའི་ཆ་རྐྱེན་ནི།
(1) ཧྲིལ་ལོ་60སླེབས་པ་དང་གྲོན་དངུལ་འཇལ་བའི་ལོ་ཚད་སྡེབ་རྩིས་བྱས་ན་ལོ་15ལོན་པའི་དགོན་སྡེའི་གྲྭ་བཙུན་ཡིན་ན་ཧྲིལ་ལོ་60 སླེབས་པའི་ཟླ་བ་རྗེས་མ་ནས་བཟུང་ཟླ་རེར་རྒན་གསོའི་འཚོ་དངུལ་ལེན་ཆོག
(2) འགན་བཅོལ་ནང་ཐོག་མར་ཞུགས་དུས་ཧྲིལ་ལོ་60སླེབས་པའི་གྲྭ་བཙུན་ཡིན་ན་གྲོན་དངུལ་འཇལ་མི་དགོས་པར་ཟླ་རེར་རྨང་གཞིའི་རྒན་གསོའི་འཚོ་དངུལ་ལེན་ཆོག
(3)གྲྭ་བཙུན་གྱི་རྒན་གསོའི་འཚོ་དངུལ་ལེན་པར་ད་དུང་ལོ་15ལོན་གྱི་མེད་ན་དངོས་ཡོད་ཀྱི་ལོ་ཚད་ལ་གཞིགས་ནས་གྲོན་དངུལ་འཇལ་དགོས་ཤིང་། སོ་སོས་རང་མོས་ཐོག་གདང་རིམ་བདམས་ནས་གྲོན་དངུལ་གསབ་འཇལ་བྱེད་ཆོག་མོད། འོན་ཀྱང་སྡེབ་རྩིས་བྱས་པའི་གསབ་འཇལ་བྱེད་རྒྱུའི་ལོ་ཚད་དེ་ལོ་15 ནས་བརྒལ་རྒྱུ་མེད།
(ལྔ )གྲྭ་བཙུན་ཚེ་ལས་འདས་ཚེ་མི་སྒེར་གྱི་རྩིས་ཁྲའི་ནང་གི་ལྷག་དངུལ་ནས་སྲིད་གཞུང་གི་ཁ་གསབ་ཕུད་དེ་བྱིངས་ཁྲིམས་ལྟར་རྒྱུན་འཛིན་བྱེད་ཆོག་ཅིང་། སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ནས་དེའི་ཁྲིམས་གཏན་འཁེལ་བའི་རྒྱུན་འཛིན་པའམ་ཡང་ན་དམིགས་འཛུགས་བྱས་པའི་ཁེ་ཕན་ཐོབ་མཁན་ལ་ཐེངས་གཅིག་རང་ལ་སྤྲོད་རྒྱུ། ཁྲིམས་གཏན་འཁེལ་བའི་རྒྱུན་འཛིན་པའམ་ཡང་ན་དམིགས་འཛུགས་བྱས་པའི་ཁེ་ཕན་ཐོབ་མཁན་མེད་ན་དེའི་མི་སྒེར་གྱི་རྩིས་ཁྲའི་ནང་གི་ལྷག་དངུལ་རྣམས་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཐེབས་རྩའི་ནང་ཟླ་སྒྲིལ་གཏོང་རྒྱུ།
དོན་ཚན་དྲུག་པ། གྲྭ་བཙུན་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་རྒྱུའི་ཚད་གཞི་དང་སྨན་བཅོས་ཐོབ་ཐང་སྤྱོད་ཕྱོགས་སྐོར།
(གཅིག )གྲོན་དངུལ་འཇལ་རྒྱུའི་ཚད་གཞི་ནི། གྲྭ་བཙུན་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚེ་གྲོན་དངུལ་འཇལ་རྒྱུའི་གྲངས་བཅད་ལྟར་བསྡུ་འཇལ་བྱེད་དགོས་པ་དང་། གྲོན་དངུལ་འཇལ་རྒྱུའི་ཚད་གཞི་ནི་མི་རེར་ལོ་རེར་སྒོར་280ཡིན་ཞིང་། དེའི་ནང་མི་སྒེར་གྱིས་སྒོར་60འཇལ་རྒྱུ་དང་། རང་སྐྱོང་ལྗོངས་ནོར་སྲིད་ནས་ཁ་གསབ་སྒོར་160དང་། ས་གནས (གྲོང་ཁྱེར )ནོར་སྲིད་ནས་ཁ་གསབ་སྒོར་40 རྫོང་རིམ་པའི་ནོར་སྲིད་ནས་ཁ་གསབ་སྒོར་20བཅས་རྒྱག་རྒྱུ།
(གཉིས )སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ནི། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཐོག་མར་ཞུགས་མཁན་གྲྭ་བཙུན་ཁོངས་ནས་བཙུན་མ་ཧྲིལ་ལོ་60ལོན་པ་དང་གྲྭ་པ་ཧྲིལ་ལོ་65ལོན་ཚེ་མི་སྒེར་གྱི་གྲོན་དངུལ་འཇལ་མི་དགོས་པར་ཚེ་གང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་སྤྱོད་རྒྱུ་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཐོག་མར་ཞུགས་མཁན་གྲྭ་བཙུན་ཁོངས་ནས་བཙུན་མ་ཧྲིལ་ལོ་60མ་ལོན་པ་དང་གྲྭ་པ་ཧྲིལ་ལོ་65མ་ལོན་པ་ཡིན་ཚེ་བཙུན་མ་ཧྲིལ་ལོ་60དང་གྲྭ་པ་ཧྲིལ་ལོ་65མ་ལོན་བར་དུ་མི་སྒེར་གྱི་གྲོན་དངུལ་འཇལ་དགོས། ལོ་ཚད་དེ་ནས་བརྒལ་རྗེས་གྲོན་དངུལ་འཇལ་མི་དགོས་ལ་ཚེ་གང་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་སྤྱོད་རྒྱུ་ཡོད།
(གསུམ )གྲྭ་བཙུན་ཚེ་ལས་འདས་ཚེ་མི་སྒེར་གྱི་རྩིས་ཁྲའི་ནང་གི་ལྷག་དངུལ་རྣམས་ཁྲིམས་ལྟར་རྒྱུན་འཛིན་བྱེད་ཆོག སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ནས་དེའི་ཁྲིམས་གཏན་འཁེལ་བའི་རྒྱུན་འཛིན་པའམ་ཡང་ན་དམིགས་འཛུགས་བྱས་པའི་ཁེ་ཕན་ཐོབ་མཁན་ལ་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་དང་། ཁྲིམས་གཏན་འཁེལ་བའི་རྒྱུན་འཛིན་པའམ་ཡང་ན་དམིགས་འཛུགས་བྱས་པའི་ཁེ་ཕན་ཐོབ་མཁན་མེད་ན་དེའི་མི་སྒེར་གྱི་རྩིས་ཁྲའི་ནང་གི་ལྷག་དངུལ་རྣམས་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ནང་ཟླ་སྒྲིལ་གཏོང་རྒྱུ།
དོན་ཚན་བདུན་པ། རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེ་ཡིན་ན་དེའི་སྒྲིག་ཁོངས་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་དེ་ལོ་གོང་མར་རང་གིས་གདམ་ག་བྱས་པའི་གྲོན་དངུལ་འཇལ་རྒྱུའི་གདང་རིམ་དང་སྨན་བཅོས་འགན་བཅོལ་ནང་མི་སྒེར་གྱིས་འཇལ་རྒྱུའི་གྲོན་དངུལ་གཞིར་བཟུང་སྲིད་གཞུང་ནས་བསྡུར་ཚད་100% ཡི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། ས་གནས (གྲོང་ཁྱེར )རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེ་ཡིན་ན་དེའི་སྒྲིག་ཁོངས་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་དེ་ལོ་གོང་མར་རང་གིས་གདམ་ག་བྱས་པའི་གྲོན་དངུལ་འཇལ་རྒྱུའི་གདང་རིམ་དང་སྨན་བཅོས་འགན་བཅོལ་ནང་མི་སྒེར་གྱིས་འཇལ་རྒྱུའི་གྲོན་དངུལ་གཞིར་བཟུང་སྲིད་གཞུང་ནས་བསྡུར་ཚད་50%ཡི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། རྫོང (གྲོང་ཁྱེར་དང་ཆུས )རིམ་པའི་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེ་ཡིན་ན་དེའི་སྒྲིག་ཁོངས་གྲྭ་བཙུན་གྱི་རྒན་གསོའི་འགན་བཅོལ་དེ་ལོ་གོང་མར་རང་གིས་གདམ་ག་བྱས་པའི་གྲོན་དངུལ་འཇལ་རྒྱུའི་གདང་རིམ་དང་སྨན་བཅོས་འགན་བཅོལ་ནང་མི་སྒེར་གྱིས་འཇལ་རྒྱུའི་གྲོན་དངུལ་གཞིར་བཟུང་སྲིད་གཞུང་ནས་བསྡུར་ཚད་25%ཡི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།
རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ལ་རྒན་གསོའི་འགན་བཅོལ་དེ་ལོ་གོང་མར་རང་གིས་གདམ་ག་བྱས་པའི་གྲོན་དངུལ་འཇལ་རྒྱུའི་གདང་རིམ་དང་སྨན་བཅོས་འགན་བཅོལ་ནང་མི་སྒེར་གྱིས་འཇལ་རྒྱུའི་གྲོན་དངུལ་གཞིར་བཟུང་སྲིད་གཞུང་ནས་བསྡུར་ཚད་100%ཡི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། ས་གནས (གྲོང་ཁྱེར )རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ལ་རྒན་གསོའི་འགན་བཅོལ་དེ་ལོ་གོང་མར་རང་གིས་གདམ་ག་བྱས་པའི་གྲོན་དངུལ་འཇལ་རྒྱུའི་གདང་རིམ་དང་སྨན་བཅོས་འགན་བཅོལ་ནང་མི་སྒེར་གྱིས་འཇལ་རྒྱུའི་གྲོན་དངུལ་གཞིར་བཟུང་སྲིད་གཞུང་ནས་བསྡུར་ཚད་50%ཡི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། རྫོང་(གྲོང་ཁྱེར་དང་ཆུས )རིམ་པའི་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ལ་རྒན་གསོའི་འགན་བཅོལ་དེ་ལོ་གོང་མར་རང་གིས་གདམ་ག་བྱས་པའི་གྲོན་དངུལ་འཇལ་རྒྱུའི་གདང་རིམ་དང་སྨན་བཅོས་འགན་བཅོལ་ནང་མི་སྒེར་གྱིས་འཇལ་རྒྱུའི་གྲོན་དངུལ་གཞིར་བཟུང་སྲིད་གཞུང་ནས་བསྡུར་ཚད་25%ཡི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།
དུས་གཅིག་ཏུ་ཞི་མཐུན་དཔེ་བཟང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་དགོན་སྡེ་ཡིན་ལ་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་མཚན་སྙན་ཐོབ་པའི་གྲྭ་བཙུན་ཡང་ཡིན་ན་དེར་ལོ་འཁོར་གྱི་བྱ་དགའི་ཁ་གསབ་རོགས་དངུལ་མཐོ་ཤོས་ཀྱི་ཚད་གཞི་ལྟར་སྤྲད་ན་འགྲིག་མོད། འོན་ཀྱང་བསྐྱར་དུ་སྲིད་གཞུང་ནས་བསྡུར་ཚད་བཟོས་ཏེ་སྤྲོད་པའི་རང་འཇལ་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་རྒྱུ་མེད།
དོན་ཚན་བརྒྱད་པ། ཞི་མཐུན་དཔེ་བཟང་གི་སྔོན་ཐོན་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་དེ་ལོ་ཕྱི་མར་མུ་མཐུད་སྔོན་ཐོན་ལ་བདམས་ཚེ། དཔྱད་འདེམས་བྱས་རྗེས་ཀྱི་སྔོན་ཐོན་གྱི་གདང་རིམ་ལྟར་སྲིད་གཞུང་གིས་བསྡུར་ཚད་བཟོས་ནས་སྤྲོད་པའི་ཁ་གསབ་རོགས་དངུལ་ཐོབ་ཀྱི་ཡོད། གལ་སྲིད་ལོ་ཕྱི་མར་སྔོན་ཐོན་ལ་བདམས་ཐོན་མ་བྱུང་ན་སྲིད་གཞུང་གིས་བསྡུར་ཚད་བཟོས་ནས་སྤྲོད་པའི་ཁ་གསབ་རོགས་དངུལ་མུ་མཐུད་ཐོབ་ཀྱི་མེད།
དོན་ཚན་དགུ་པ། སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་དུས་ཐོག་ཏུ་གྲྭ་བཙུན་ལ་སྤྱི་ཚོགས་འགན་བཅོལ་གྱི་ཞབས་ཞུ་སྒྲུབ་དགོས་ཤིང་། སྤྱི་ཚོགས་འགན་བཅོལ་གྱི་ཐོ་འགོད་དང་། མི་སྒེར་གྱི་ཁེ་དབང་ཟིན་འགོད་དང་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་སྤྲོད་རྒྱུ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས།
(གཅིག ) སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་དུས་ཐོག་ཏུ་གྲངས་ཚང་སྤྲོད་དགོས།
(གཉིས ) སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ལས་ཁུངས་ཀྱིས་ངེས་པར་དུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་གྲྭ་བཙུན་གྱི་ཡིག་ཚགས་དུས་ཐོག་ཏུ་བཟོ་དགོས་པ་མ་ཟད། ཆ་ཚང་འཁྲུལ་མེད་ཀྱིས་གྲོན་དངུལ་འཇལ་ཐོ་ཟིན་འགོད་དང་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་སྤྱོད་རྒྱུ་སོགས་མི་སྒེར་གྱི་ཁེ་དབང་ཟིན་ཐོ་འགོད་དགོས།
དོན་ཚན་བཅུ་པ། གྲྭ་བཙུན་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་བསྡུ་འཇལ་དང་། མི་སྒེར་གྱི་རྩིས་ཁྲ་འཛུགས་གཉེར། ཐོབ་ཐང་སྤྱོད་ཕྱོགས། ཐེབས་རྩ་དོ་དམ། གཉེར་སྒྲུབ་ཞབས་ཞུ་སོགས་བྱེད་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་ད་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་གཅིག་པ། བྱ་ཐབས་འདི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་རྒྱུ།
དོན་ཚན་བཅུ་གཉིས་པ། བྱ་ཐབས་འདི་2012ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།
རང་སྐྱོང་ལྗོངས་མི་ཤུཌ་ཐོན་ཁུངས་དང་སྤྱི་ཚོཌ་འགན་སྲུང་ཐིང་དང་།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་།
རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་བཅས་ནས།
2011ལོའི་ཟླ་11ཚེས་25ཉིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣