དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་བཅངས་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བཏང་སྟེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཅིན་ཧྲུའུ་པོ་ཡིས།      རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཚུན། ལྗོངས་སྒྲིག་ཨུད་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་དང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་རྩ་བར་འཛིན་རྒྱུ་དང་སྲིད་སྐྱོང་དམངས་ཕན་བྱེད་རྒྱུ་མཐའ་འཁྱོངས། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་འགོག་ཟོན་མཉམ་འཛིན། སྔོན་འགོག་གཙོར་བཟུང་བཅས་ཀྱི་མཛད་ཕྱོགས་མཐའ་འཁྱོངས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཆ་ཚང་ལ་ཡང་དག་པའི་སྒོ་ནས་འགན་འཁྲི་བསྒྲུབས་ཏེ་ཏང་གི་སྒྲིག་ཁྲིམས་དང་ལྷག་པར་དུ་ཆབ་སྲིད་སྒྲིག་ཁྲིམས་ནན་སྲུང་དང་། ཏང་གི་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་རྒྱུར་ཤུགས་བརྒྱབ་ཐོག རུལ་སུངས་ཀྱི་སྣང་ཚུལ་བཅོས་སྒྲིག་ནུས་ལྡན་བྱས་པ་དང་། རུལ་སུངས་པར་ཆད་གཅོད་ནན་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་གང་ལེགས་བྱས་ཡོད། ད་ལྟ་ལོ་ལྔའི་རིང་གི་ལས་དོན་སྤེལ་ཚུལ་དང་སླད་ཕྱིན་ལས་ཀའི་ཐད་ཀྱི་གྲོས་འཆར་སྙན་སེང་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ།

        གཅིག      འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱི་མིག་བལྟ་བ།

        རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཚུན་གྱི་ལོ་ལྔ་པོ་དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་སོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་སོང་བའི་ལོ་ལྔ་ཡིན་པ་དང་། སྤྱི་ཚོགས་ཀྱི་དུས་བབ་རྩ་བའི་ཆར་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བའི་ལོ་ལྔ་ཡིན་པ། དམངས་ཀྱི་འཚོ་བ་ལེགས་བཅོས་མངོན་གསལ་དོད་པོ་སོང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་མང་ཙམ་ཐོབ་པའི་ལོ་ལྔ་བཅས་ཡིན་པ་མ་ཟད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་ལོ་ལྔ་ཡང་ཡིན།

        ལོ་ལྔའི་རིང་ལྗོངས་ཏང་ཨུད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་མཐོང་ཆེན་པོ་གནང་སྟེ་ཏང་གིས་ཏང་ལ་དོ་དམ་བྱེད་དགོས་པ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་དགོས་པའི་མཛད་ཕྱོགས་མཐའ་འཁྱོངས་ཀྱིས། ལྗོངས་ཡོངས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་བསྒྲུབས་ཏེ་བློ་ཐག་ཆོད་པོ་དང་བྱ་ཐབས་ནུས་ལྡན་སྤྱད་ནས་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་འགན་འཁྲི་བསྒྲུབ་རྒྱུ་དང་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་གནང་ཡོད། ལོ་ལྔའི་ནང་ལྗོངས་སྒྲིག་ཨུད་ཀྱིས་ཚང་འཛོམས་ཚོགས་འདུ་ཐེངས་དགུ་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚོགས་འདུ་ཐེངས་ལྔ། ཆེད་དོན་ཚོགས་འདུ་ཐེངས་འགའ་ཞིག་བཅས་སྐོང་ཚོགས་བྱས་ཏེ་ལོ་རེའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་། གལ་ཆེའི་ཆེད་དོན་ལས་དོན་བཀོད་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལས་བྱེད་པས་ལས་འགན་ལྷག་བསམ་རྣམ་དག་བསྒྲུབས་པ་དང་ལས་སྐལ་ལ་ངོ་གནོང་མི་དགོས་པ་བྱས་པ་དང་། དུས་བསྟུན་ཡར་རྒྱས་དང་ལམ་བཤངས་གསར་གཏོད་བྱས་ཏེ་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་རྒྱུའི་ལས་དོན་གཏིང་ཟབ་སྤེལ་བས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་སྐྱོང་ལ་སྐུལ་སྤེལ་གཏོང་བ། ཆེད་དོན་བཅོས་སྒྲིག་བྱེད་པ། གྱོད་གཞི་ཆེ་རིགས་དང་གནད་ཆེའི་གྱོད་གཞི་ཞིབ་གཅོད་བྱེད་པ། ཚུལ་མིན་གྱི་སྤྱོད་ཚུལ་ཡོ་བསྲང་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ་སོགས་ཀྱི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད།

        ——ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་སྐྱོང་བྱས་ཡོད། ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་དམར་རྗེན་དུ་ཐོན་པ་དེའི་ཐོག་ནས་ཏང་ཡོན་ལས་བྱེད་པ་རེ་ཟུང་གི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པ་དང་རྣམ་འགྱུར་གསལ་ལ་མི་གསལ་དང་ཐ་ན་མངོན་སུམ་འཛེམས་མེད་ཀྱིས་ཏཱ་ལའི་རྗེས་སུ་འབྲངས་ནས་ཏང་དང་མི་དམངས་དགྲར་འཛིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་དུས་ཐོག་ཏུ 《གུང་ཁྲན་ཏང་ཡོན་དང་རྒྱལ་ཁབ་ཀྱི་གཞུང་ལས་པས་བུ་ཕྲུག་ཕྱི་རྒྱལ་དུ་ཏཱ་ལའི་རུ་ཚོགས་ཀྱིས་གཉེར་བའི་སློབ་གྲྭར་བཏང་བར་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་སྐོར་གྱི་གཏན་འབེབས (ཚོད་ལྟར་ལག་བསྟར་བྱེད་རྒྱུ )》སོགས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྲུང་སྐྱོང་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་བཟོས་ནས་ཏང་ཡོན་ལས་བྱེད་པར “གཏན་ནས་བྱེད་མི་ཆོག་པ་བཅུའི ”ཆབ་སྲིད་སྒྲིག་ཁྲིམས་ཀྱི་བླང་བྱ་བཏོན་ཡོད། གཞན་ཡང་དུས་ཆེན་ཆེ་ཁག་དང་འཚུབ་ཆ་ཆེ་བའི་དུས་སྐབས་སུ་འཕྲལ་མར་བརྡ་ཐོ་བཏང་སྟེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་བཤད་བྱས་ཐོག་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པར་སློབ་གསོ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཐོན་བཟོ་ཡོད་པ་དང་ཕྱོགས་ལྷུང་རྣམ་པའི་གནད་དོན་རིགས་དུས་ཐོག་ཏུ་བཀག་སྡོམ་བྱེད་དགོས་པ། གནད་དོན་མངོན་ཆེའི་རིགས་དང་གཙོ་གནད་རིགས་སྔོག་བཤེར་རྩད་ཞིབ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་ཞུ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་སྒྲིག་ལམ་ལས་འགལ་བའི་གྱོད་གཞི་ཁག་གཅིག་ཞིབ་གཅོད་ནན་པོ་དང་མགྱོགས་པོ་བྱས་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་དྭངས་གཙང་དུ་གྱུར་བ་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཐུབ་པ་བྱས་ཡོད།

        —— ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་རྒྱུ་སྒྲིག་འཛུགས་བྱས་ཐོག་མཐོང་ཆེ་བྱེད་རྒྱུ་མི་འདེང་བ་དང་། སློབ་སྦྱོང་གཏིང་ཟབ་པོ་མ་བྱུང་བ། དོན་འཁྱོལ་ཡག་པོ་མ་བྱུང་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད། ཀྲུང་དབྱང་གི་ནང་མཁོ་རྒྱ་ཆེར་གཏོང་བ་དང་འཕར་སྣོན་འགན་སྲུང་བྱེད་པའི་སྲིད་ཇུས་དང་། དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་བའི་གལ་ཆེའི་ཐབས་ཇུས། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བཅས་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ་རྣམ་གྲངས་ལག་བསྟར་བྱེད་པའི་ནང་གཙོ་གནད་ལྷུ་ཚིགས་ཐད་གཏན་འབེབས་དང་མ་མཐུན་པ་དང་། སྤུས་ཚད་དང་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་མ་བྱས་པ། མ་དངུལ་དོ་དམ་དང་བེད་སྤྱོད་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་རིགས་བཅོས་སྒྲིག་བྱེད་རྒྱུའི་སྐུལ་འདེད་བཏང་ཡོད། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་འདོགས་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་གྱི་སྤུས་ཚད་དང་མ་དངུལ་བེད་སྤྱོད་བྱས་ཚུལ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་པའི་གནད་དོན་རིགས་ལ་བཅོས་སྒྲིག་བྱེད་རྒྱུའི་བསམ་འཆར་དང་གྲོས་འཆར་བཏོན་པ་དང་། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་འདོགས་པ་བྱེད་རྒྱུའི་ཐད་ཀྱི་མ་དངུལ་བཀག་ཉར་དང་། གཞན་སྤྱོད། བར་བཟུང་། འཐེན་འཕྲི་བཅས་བྱེད་པའི་གྱོད་གཞི་དང་ཞིང་ལས་རྒྱུ་ཆའི་རིན་གོང་གང་བྱུང་སྤོར་བ་དང་རྫུན་བཟོ་སྤུས་ཞན་གྱི་ཞིང་ལས་རྒྱུ་ཆ་བཟོས་ནས་ཞིང་པར་གནོད་སྐྱོན་གཏོང་བ་སོགས་ཀྱི་བྱེད་སྤྱོད་རིགས་ལ་རྩད་བཤེར་ཐག་གཅོད་ནན་པོ་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་འགའ་ཞིག་གིས་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་དམིགས་ཚད་འགན་འཁྲི་བསྒྲུབས་ཚུལ་དང་། གཏེར་ཁ་སྔོག་འདོན་རྩད་ཞིབ་བྱས་ཚུལ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་དང་། རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་སོགས་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་རྒྱབ་འགལ་སོང་བའི་བྱ་སྤྱོད་རིགས་དུས་ཐོག་ཏུ་བཀག་འགོག་དང་ཡོ་བསྲང་བྱས་ཡོད།

        ——གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་རྒྱུར་ཤུགས་བརྒྱབ་སྟེ་ཏང་སྲིད་ལས་ཁུངས་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་ཏང་ཨུད་ལ་གཞོགས་འདེགས་ཀྱིས་ཏང་སྲོལ་ལེགས་སྐྱོང་དམ་འཛིན་བྱེད་པའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ལོ་རེར་གཞི་རྟེན་རེ་བཟོ་བ་དང་ལོ་རེར་གནད་དོན་མངོན་གསལ་དོད་རིགས་ཁ་ཤས་ཐག་གཅོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་སྲོལ་དང་། སྲིད་སྲོལ། དེ་བཞིན་སྤྱི་ཚོགས་ཀྱི་དར་སྲོལ་བཅས་ཟམ་མི་ཆད་པར་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 2007ལོར་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་དོན་འཁྱོལ་ལོའི་བྱེད་སྒོ་སྤེལ་ཏེ་ཞབས་ཞུའི་སྤུས་ཚད་ཞན་པ་དང་། ནུས་ཕྱོད་ཆུང་བ། སྒྲིག་ཁྲིམས་དམ་པོ་མེད་པ་སོགས་ཀྱི་གནད་དོན་རིགས་བཅོས་སྒྲིག་བྱས་ཡོད། 2008ལོར “ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། གོང་འཕེལ་ལ་སྐུལ་འདེད་གཏོང་བ ”བཅས་གཙོ་དོན་དུ་བཟུང་བའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པ་དང་དཀྲོག་གཏམ་འགྲེམས་པ་དང་དེར་ཡིད་ཆེས་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། 2009ལོར་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུའི་སྒྲིག་འཛུགས་བྱས་ནས་སྲིད་ཇུས “བཀག་ཉར ”བྱེད་པ་དང་། རྒྱས་སྤྲོས་ཆུད་ཟོས་བྱེད་པ། དེ་བཞིན་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རྒྱས་གཤོམ་རྒྱས་སྤྲོས་བྱེད་པ་སོགས་ཀྱི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་ཡོད། 2010ལོར་ནུས་ཕྱོད་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུའི་སྒྲིག་འཛུགས་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོ་མེད་པའི་གནད་དོན་དང་། ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ནང་གང་བྱུང་ཐེ་ཇུས་བྱེད་པ་དང་ལག་པ་གང་བྱུང་དུ་རྐྱོང་བ། རྒྱན་འགྱེད་ནང་ཞུགས་པ་སོགས་ཀྱི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་ཡོད། ད་ལོ་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ལོའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ཏང་ཡོན་ལས་བྱེད་པ་13000ལྷག་ཙམ་སྐུལ་སློང་བྱས་ནས་ལས་དོན་ཚོགས་ཆུང་1514བཙུགས་ཏེ་དཀའ་ངལ་ཆེ་ཙམ་ཡོད་པ་དང་། གནད་དོན་མང་ཙམ་ཡོད་པ། ལུང་ཁུག་མཐའ་ཁུལ་ཡིན་པ་བཅས་ཀྱི་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་གྲོང་རྡལ་གྱི་སྡེ་ཁུལ་དུ་ཟབ་སྐྱོད་དང་གྲོང་ཚོར་བཅའ་སྡོད་བྱས་ཏེ་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། ཞིབ་ཕྲའི་དཀའ་ངལ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ། མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། གཞི་རིམ་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱེད་པ་བཅས་བྱས་ཡོད། ལྗོངས་ཏང་ཨུད་ཀྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་ཐབས་ཇུས་བཀོད་སྒྲིག་བྱས་རྗེས་མུ་མཐུད་བྱེད་སྒོ་སྤེལ་རྒྱུའི་སྒྲིག་འཛུགས་མཐུན་སྦྱོར་དང་། ཞིབ་བཤེར་མཛུབ་ཁྲིད་བྱེད་པའི་འགན་འཁྲི་ཧུར་ཐག་ཁུར་ཏེ་ལྗོངས་ཡོངས་ཀྱི་ལས་བྱེད་པ་ཁྲི་2ལྷག་ཙམ་དུས་ཐོག་དང་གོ་རིམ་ལྡན་པའི་ངང་གྲོང་ཚོ (གྲོང་ལྷན )5451ལ་བཅའ་སྡོད་བྱས་ཏེ་ལས་དོན་སྤེལ་ཞིང་། བྱེད་སྒོ་ཧྲིལ་པོ་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་བ་དང་། བདེ་བླག་ངང་སྤེལ་ཡོད། དུས་མཚུངས་སྐབས་བརྗེ་བའི་སྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཀྱི་ཏང་ཨུད་སྐབས་བརྗེ་བ་དང་གྲོང་ཚོའི (གྲོང་ལྷན )“ཨུ་ལྷན་གཉིས ”ཀྱི་སྐབས་བརྗེ་རྒྱུར་ཚུལ་ལྡན་སྲོལ་བཟང་གི་ཁོར་ཡུག་ཅིག་གཏོད་ཡོད། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་གཏན་འབེབས་ལས་འགལ་ནས་མོ་ཊ་གཏོང་བ་དང་གཞུང་གི་མོ་ཊ་བེད་སྤྱོད་བྱེད་པ་དང་། གཉེན་སྟོན་འདས་མཇུག་དང་རྟེན་འབྲེལ་གྱི་སྐབས་དང་བསྟུན་ནས་རྒྱུ་དངུལ་གསོག་སྒྲུབ་བྱེད་པ་དང་། གཞུང་དངུལ་སྤྱད་ནས་རྒྱས་སྤྲོས་ཟ་རྒྱགས་བྱེད་པ། གཞུང་གྲོན་སྤྱད་དེ་ཡུལ་སྐོར་འགྲོ་བ། རྒྱན་འཛུགས་བྱེད་པ་སོགས་མང་ཚོགས་ཀྱི་བསམ་འཆར་ཆེ་བ་དང་གླེང་ཆ་ཆེ་བའི་གནད་དོན་རིགས་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་སྲོལ་ངན་ཁག་གཅིག་བཀག་སྡོམ་ཐུབ་པ་དང་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་ཐུབ་པ་བྱུང་ཡོད།

        —— དྲིལ་བསྒྲགས་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་ནས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་སྡོམ་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད། ཏང་སྲོལ་སྲིད་གཙང་གི་སློབ་གསོ་གཏོང་རྒྱུ་དེ་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་སྦྱོང་བརྡར་སྤྲོས་རྒྱུའི་སྤྱིའི་འཆར་འགོད་དང་ལས་ཀའི་བཀོད་སྒྲིག་ནང་བཅུག་པ་དང་རིམ་ཁག་ཏང་སློབ་དང་སྲིད་འཛིན་སློབ་གླིང་གི་ངེས་སྦྱོང་སློབ་ཚན་ཁོངས་སུ་བཅུག་ཡོད། 《སྤྱོད་གཙང་སྲིད་སྐྱོང་གི་ཚད་འཛིན 》དེ་སྤྱོད་གཙང་སྲིད་སྐྱོང་བྱེད་པའི་སློབ་གསོའི་གཞི་རྩའི་བསླབ་གཞི་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གྱི་སློབ་གསོ་དང་སྲིད་གཙང་རིག་གནས་འཛུགས་སྐྱོང་བྱེད་པའི་གལ་ཆེའི་ནང་དོན་དུ་བརྩིས་ཐོག་བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་དྲིལ་བསྒྲགས་དང་སློབ་གསོ་སྦྱོང་བརྡར་སྤྲས་པས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཕྱོགས་བརྒྱད་ཐད་ཀྱི་བཀག་སྡོམ་གྱི་གཏན་འབེབས་དང་། “བྱེད་མི་ཆོག་པ་52” དེ་བཞིན་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “སྣང་ཆེན་ལྔ་དང་མི་ཆོག་པ་དྲུག ”དང “བྱེད་མི་ཆོག་པ་བཞི་དང་ཐད་ཀར་མི་ཆོག་པ་གཅིག ”སོགས་ཀྱི་གཏན་འབེབས་སེམས་ལ་བརྟན་པོ་བཅངས་ཏེ་སྤྱོད་གཙང་སྲིད་སྐྱོང་གི་རང་རྟོགས་རང་བཞིན་ཤུགས་ཆེར་བཏང་ཡོད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཁག་དང་པོའི་རྒྱལ་ཡོངས་སྲིད་གཙང་སློབ་གསོའི་རྟེན་གཞིའི་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་གནང་བའི་ལྷོ་ཁའི་དཔའ་བོའི་བང་གསོ་ཁང་གི་ལེ་ལག་སྒྲིག་བཀོད་འཛུགས་སྐྲུན་ཧུར་ཐག་བྱེད་སྒང་ཡིན་པ་དང་རང་སྐྱོང་ལྗོངས་ཏང་སློབ་ཀྱི་ཏང་ཡོན་ལས་བྱེད་པའི་སྲིད་གཙང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་བདེ་བླག་བྱུང་ཡོད་པ་དང་། རང་སྐྱོང་ལྗོངས་བཙོན་ཁང་དུ་ཏང་ཡོན་ལས་བྱེད་པའི་ཉེན་ཟོན་དྲན་སྐུལ་གྱི་སློབ་གསོའི་རྟེན་གཞི་བཙུགས་ནས་ཁྱོན་བསྡོམས་དུས་ཐེངས་116སྤེལ་བར་ཏང་ཡོན་ལས་བྱེད་པ་13583ལ་ཉེན་ཟོན་དྲན་སྐུལ་སློབ་གསོ་ཐོབ་ཡོད། སྲིད་གཙང་རིག་གནས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་ནས་སྲིད་གཙང་རིག་གནས་འཛུགས་སྐྱོང་གི “དང་པོ་བཅུའི ”ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ་སྲིད་གཙང་གི་སྤྱི་ཕན་བརྡ་ཁྱབ་སྟོན་འགྲེམས་དང་སྲིད་གཙང་རིག་གནས་ལས་ཁུངས་དང་། སྡེ་ཁུལ། ཁྱིམ་ཚང་། ཁེ་ལས། སློབ་གྲྭ ཞིང་འབྲོག་ཁུལ་བཅས་སུ་སླེབས་རྒྱུར་སྐུལ་སྤེལ་བཏང་སྟེ་བོད་ཀྱི་ཁྱད་ཆོས་ལྡན་པའི་སྲིད་གཙང་རིག་གནས་ཁྱབ་གདལ་དང་དར་སྤེལ་བཏང་ཡོད། ཏང་གི་སྒྲིག་བཤེར་ལས་ཁུངས་སླར་གསོ་བསྐྱར་འཛུགས་བྱས་ནས་ལོ་30འཁོར་བའི་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། དཔེ་དེབ་རྩོམ་སྒྲིག་པར་འགྲེམས་དང་། ཆེད་དོན་པར་གཞི་པར་ལེན་སྒྲ་འཇུག་བྱས་ནས་སྟོན་པ། སྲི་ཞུ་སྲིད་གཙང་བརྗོད་བྱ་གཙོ་བོར་བྱས་པའི་རིག་རྩལ་མཚན་ཚོགས་ཐེངས་མང་གཉེར་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50འཁོར་བ་དང་། ཏང་བཙུགས་ནས་ལོ་90འཁོར་བ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་བཅས་ལ་དྲན་གསོ་ཞུ་རྒྱུ་གོ་སྐབས་སུ་བཟུང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཡོད། གློག་བཪྙན 《གདོང་བསྐྱོད་ལན་ཤོག 》གི་པར་ལེན་སྟོན་འགྲེམས་ལས་དོན་ལེགས་གྲུབ་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང “བོད་སྐྱོད་རྒན་རབས་པའི ”སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་སྲི་ཞུ་སྲིད་གཙང་ལ་ཤུགས་སྣོན་རྒྱག་རྒྱུའི་སློབ་གསོ་སྤེལ་རྒྱུར་གསོན་ཉམས་ལྡན་པའི་བསླབ་གཞི་མཁོ་འདོན་བྱས་ཡོད།

        ——ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི “མཐོ་རྒྱུགས་ཡུལ་སྤོས་བྱེད་པའི ”གནད་དོན་བཅོས་སྒྲིག་ནན་ཏན་བྱས་ཏེ་ཁྱོན་བསྡོམས་རྒྱུགས་སྤྲོད་སློབ་མ་1114མིང་འགོད་དང་སློབ་བསྡུའི་ཐོབ་ཐང་མེད་པ་བཟོས་ཁར་འབྲེལ་ཡོད་འགན་འཁྲི་ཡོད་མཁན་ལ་ཐག་གཅོད་བྱས་ཡོད། བདེ་འཇགས་ཐོན་སྐྱེད་ཐད་ཀྱི་འགན་འཁྲིའི་ལས་འཛོལ་ཁག་9རྩད་ཞིབ་ཐག་གཅོད་བྱས་ནས་འབྲེལ་ཡོད་མི་སྣ་45 ཡི་འགན་འཁྲི་བདའ་འདེད་བཏང་ཡོད། སྤྱི་ཚོགས་འགན་སྲུང་མ་དངུལ་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྲིད་གཞུང་གི་ཆེད་སྤྱོད་མ་དངུལ་བེད་སྤྱོད་དང་དོ་དམ་བྱས་ཚུལ་ལ་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐུལ་ལྕག་བྱས་ཏེ་གཏན་འབེབས་དང་འགལ་བའི་སྤྱི་ཚོགས་འགན་སྲུང་མ་དངུལ་བེད་སྤྱོད་བཏང་བའི་གྱོད་གཞི་རྩད་ཞིབ་ཐག་གཅོད་བྱས་ཡོད། སློབ་གསོའི “འགན་ལེན་གསུམ ”གྱི་གྲོན་དངུལ་ལ་འབྲེལ་ཡོད་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐུལ་ལྕག་བྱས་ནས “འགན་ལེན་གསུམ ”གྱི་གྲོན་དངུལ་ཧམ་བཟུང་དང་འཐེན་ཉར་བྱས་པའི་བྱ་སྤྱོད་ཡོ་བསྲང་བྱས་ཡོད། དཔྱད་བསྡུར་ཚད་ལོན་གྱི་གཟེངས་བསྟོད་རྣམ་གྲངས་གཙང་སེལ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ཡོད། སྲིད་འཛིན་ཁྲིམས་འཛིན་སྡེ་ཚན་དང་སྤྱི་པའི་ཞབས་ཞུའི་སྡེ་ཚན་གཙོ་གནད་དུ་བྱས་ཏེ་སྲིད་གཞུང་གི་སྤྱོད་ཚུལ་དང་ལས་རིགས་ཀྱི་སྤྱོད་ཚུལ་ལ་དམངས་གཙོའི་དཔྱད་བསྡུར་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། སྲིད་གཞུང་གི་སྤྱོད་ཚུལ་དང་ལས་རིགས་སྤྱོད་ཚུལ་གྱི་ཐད་སྦྲེལ་ཁ་པར་ཡག་པོ་གཉེར་བ་མ་ཟད། རིམ་བཞིན་ས་གནས་དང་གྲོང་ཁྱེར་ལའང་ཁྱབ་གདལ་བཏང་ཡོད། ཨར་ལས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཆེ་རིགས་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་གཞི་ཁྱོན་ལས་བརྒལ་བའི་རྣམ་གྲངས་2357ཞིབ་བཤེར་བྱས་པར་རྣམ་གྲངས་ཀྱི་མ་འཇོག་སྒོར་དུང་ཕྱུར་436.13ཟིན་ཡོད་ཅིང་། ཐོན་པའི་གནད་དོན་ལ་གཅིག་སྡུད་དུ་དག་ཐེར་ལེགས་བཅོས་བྱས་ནས་སྒྲིག་འགལ་མི་སྣར་ཏང་སྲིད་སྒྲིག་ཁྲིམས་ཀྱི་ཉེས་ཆད་བཅད་ཡོད། ཨར་ལས་འཛུགས་སྐྲུན་གྱི་གཙོ་གནད་ཁྱབ་ཁོངས་དང་འགག་གནས་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གོམ་པ་བརྟན་པོའི་ངང་ནས་རྣམ་གྲངས་ཐད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་དང་ཡིད་རྟོན་འཕེར་བའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། “དངུལ་སྦས་ཁུང ”ལ་ཆེད་དོན་བཅོས་སྒྲིག་བྱས་ཏེ་དངུལ་ཁང་གི་རྩིས་ཐོ་ཁྲི་4ལྷག་ཙམ་གཙང་སེལ་བྱས་ནས་གཏན་འབེབས་དང་འགལ་བའི་མ་དངུལ་སྒོར་ཁྲི་3900ལྷག་ཙམ་ཡར་བསྡུས་ཡོད།

        ——གྱོད་གཞིར་ཞིབ་གཅོད་བྱེད་པའི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་ལ་ཆད་གཅོད་བྱེད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་རྩིས་ལེན་བྱེད་ཚད་དེ་སྐབས་གོང་མ་དང་བསྡུར་ན་28.8%ཉུང་དུ་ཕྱིན་ཡོད་པ་དང་སྒྲིག་འགལ་ཁྲིམས་འགལ་པ་ཁག་གཅིག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་7640ལྷག་ཙམ་ཚུར་བླངས་ཡོད། གྱོད་གཞི་ཞིབ་གཅོད་ཀྱི་ལས་དོན་ཚོགས་འདུ་ཐེངས་མང་སྐོང་ཚོགས་བྱས་ནས་གྱོད་གཞི་ཞིབ་གཅོད་བྱེད་པའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། གཞི་རིམ་གྱི་གྱོད་གཞི་ཞིབ་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གནད་ཆེའི་གྱོད་གཞིར “རིམ་སྤར་ཞིབ་གཅོད ”བྱེད་པ། དཔེ་མཚོན་གྱོད་གཞིར་རྗེས་འདེད་སྒྲུབ་སྐུལ་བྱེད་པ། གྱོད་གཞི་ཆེ་རིགས་ལ་སྒོ་བྱང་འགེལ་ཏེ་སྒྲུབ་སྐུལ་བྱེད་པ་བཅས་བྱས་ཡོད། གྱོད་གཞིའི་ལྟ་སྐུལ་དོ་དམ་གྱི་ཚན་པ་བཙུགས་ཏེ་གྱོད་གཞི་ཞིབ་གཅོད་བྱེད་པའི་བརྒྱུད་རིམ་ཚད་ལྡན་དང་། གྱོད་གཞིའི་ཁུངས་སྣེར་དོ་དམ། གྱོད་འབྲེལ་གྱི་རྒྱུ་དངུལ་ལ་དོ་དམ་སོགས་བྱེད་རྒྱུའི་ཐད་ཀྱི་སྒྲིག་སྲོལ་ལམ་ལུགས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། “གཏན་འབེབས་གཉིས ”ཀྱི་བྱ་ཐབས་བེད་སྤྱོད་ནན་པོ་བྱས་ཏེ་བདེ་འཇགས་ངང་གྱོད་གཞི་ཞིབ་གཅོད་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཡོད། “12388”ཀྱི་ཐེར་འདོན་ཁ་པར་དང་དྲ་རྒྱ་བཙུགས་ཏེ་ཡིག་འབུལ་ཞུ་བཅར་གྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་པས་གྱོད་གཞིའི་ཡོང་ཁུངས་རྒྱ་ཆེར་སོང་ཡོད། ཁྱོན་ཡོངས་ནས “རྫོང་གི་གྱོད་གཞི་ས་གནས་ཀྱིས་ཞིབ་བཤེར་བྱེད་པའི ”ལམ་ལུགས་ལག་བསྟར་བྱས་ཏེ་གྱོད་གཞི་ཆེ་རིགས་དང་གནད་ཆེའི་གྱོད་གཞིར་འདྲི་ཞིབ་སྡེ་ཚན་གྱིས་སྔོན་ཚུད་ནས་ཐེ་ཞུགས་བྱས་པས་གྱོད་གཞི་ཞིབ་གཅོད་བྱེད་པའི་སྤུས་ཚད་མཐོ་རུ་སོང་ཡོད། གྱོད་གཞིའི་བརྡ་ཁྱབ་སྙན་ཞུའི་ཚོགས་འདུ་ཐེངས་མང་སྐོང་ཚོགས་བྱས་པ་དང་། གྱོད་གཞིའི་གནས་ཚུལ་བརྡ་ཁྱབ་འགྲེམས་སྤེལ་བྱས་པར་དྲན་སྐུལ་གྱི་ཕན་འབྲས་བཟང་ཙམ་ཐོན་ཡོད། གོ་གནས་སྤོར་རྒྱུའི་ལས་བྱེད་པའི་སྲིད་གཙང་ཐད་ཀྱི་དཔྱད་ཞིབ་བྱེད་རྒྱུ་ཚད་ལྡན་དང་ནན་སྐྱོང་བྱས་ཏེ་ལས་བྱེད་པ་བསྐོ་འཐེན་གྱི་སྲིད་གཙང་འགག་སྒོ་ནན་པོ་བསྲུངས་ཡོད། དྲན་སྐུལ་སློབ་གསོའི་གླེང་མོལ་དང་སྲིད་གཙང་སློབ་གསོའི་གླེང་མོལ་ནན་ཏན་བྱས་ཏེ་གནད་དོན་ཆུང་ངུ་ཡོད་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དུས་ཐོག་ཏུ་དྲན་སྐུལ་དང་བརྡ་བཏང་ནས་ལས་བྱེད་པར་སློབ་གསོ་དང་། སྲུང་སྐྱོབ། མྱུར་སྐྱོབ་བཅས་བྱེད་གང་ཐུབ་བྱས་ཡོད།

        ——དམིགས་ཚད་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱས་ནས་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ཡི་གེ་འཇོག་རྒྱུ་ཐེངས་གཉིས་སྒྲིག་འཛུགས་བྱས་ནས་ཏང་སྲིད་གཙོ་འགན་འཁུར་མཁན་ཨང་དང་པོའི་འགན་འཁྲི་ཤུགས་ཆེར་བཏང་ཡོད། ལོ་རེར་ཞིབ་བཤེར་ཐེངས་རེ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་མ་བྱས་པའམ་ཡང་ན་ལག་བསྟར་ནན་ཏན་མི་བྱེད་མཁན་གྱི་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་བདའ་འདེད་བཏང་ཡོད། ཀྲུང་དབྱང་གི 《རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་2008—2012ལོའི་ལས་ཀའི་འཆར་འགོད་བཟོ་རྒྱུ་དང་ཚགས་ཚུད་དུ་གཏོང་རྒྱུའི 》ལག་བསྟར་བྱ་ཐབས་དོན་འཁྱོལ་བྱེད་རྒྱུ་གཏན་འཁེལ་བྱས་ཐོག སྒྲིག་འཛུགས་མཐུན་སྦྱོར་དང་སྐུལ་འདེད་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ལས་འགན་ཁག་141ཁག་བགོས་བྱས་པ་རྣམས་མིག་སྔར་80%ཡན་ལེགས་གྲུབ་བྱུང་ཡོད། སྲིད་འཛིན་ཞིབ་མཆན་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་སྲིད་འཛིན་ཞིབ་མཆན་གྱི་དོན་གནད་ཁག་ལ་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ་དོན་གནད་ཁག་957སོར་བཞག་བྱས་པ་དང་དོན་གནད་ཁག་481མེད་པ་བཟོས་པ་དེ་དག་2006ལོ་ལས་33%ཉུང་དུ་སོང་ཡོད། ནོར་ཁྲལ་དོ་དམ་ལམ་སྲོལ་དང་། ལས་བྱེད་པའི་མི་དོན་ལམ་ལུགས། དེ་བཞིན་སྲིད་གཞུང་གི་མ་དངུལ་བསྡུ་གཏོང་ལམ་སྲོལ་བཅས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་ནས་ལམ་སྲོལ་དང་ལམ་ལུགས་ཐད་ཀྱི་ཞན་ཆ་མེད་པ་བཟོས་ཡོད། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཞབས་ཞུའི་ལྟེ་གནས་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་ས་ཆ་བསྡུ་སྤྱོད་དང་ཇུས་འགོད་སོགས་སྔོན་གྲབས་ལས་ཀ་ལེགས་གྲུབ་བྱས་ཡོད། ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྲུང་སྐྱོང་དང་། འགོ་ཁྲིད་ལས་བྱེད་པས་སྲི་ཞུ་སྲིད་གཙང་། ཏང་ནང་གི་དམངས་གཙོ་དང་ལྟ་སྐུལ་སོགས་ཐད་ཀྱི་ཁྲིམས་སྲོལ་ལམ་ལུགས་ཁག་40ལ་ཉེ་བ་གཏན་འཁེལ་དང་འཐུས་སྒོ་ཚང་དུ་བཏང་ཡོད། སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཤིང་། ས་གནས (གྲོང་ཁྱེར )བདུན་ལ་སྐོར་ཞིབ་ཐེངས་གཉིས་བྱས་པ་དང་། རྫོང་ཁག་35དང་། ལྗོངས་ཐད་གཏོགས་སྡེ་ཚན་15དང་། གཞུང་ཁོངས་རྐང་འཛིན་ཁེ་ལས་དང་མཐོ་རིམ་སློབ་ཆེན་ཁག་གཅིག དེ་བཞིན་ཆེད་ལས་ཁྱབ་ཁོངས་ཁག་གཅིག་ལ་སྐོར་ཞིབ་བྱས་པས་སྐོར་ཞིབ་བྱས་འབྲས་དུས་ཐོག་ཏུ་དངོས་སྒྱུར་ཐུབ་ཡོད། སྲིད་གཙང་ཉེན་ཟོན་གྱི་འགོག་ཟོན་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་དང་ལྟ་སྐུལ་བྱེད་པའི་འགག་སྒོ་མདུན་དུ་སྤོས་ནས་གཙོ་གནད་ལས་གནས་དང་། གཙོ་གནད་ཁྱབ་ཁོངས། འགག་རྩའི་ལྷུ་ཚིགས་བཅས་ཀྱི་དབང་ཆ་སྤྱོད་ཕྱོགས་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་ནང་གི་ལྟ་སྐུལ་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཐོག ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་དབང་ཆ་སྤྱོད་ཕྱོགས་ལ་ལྟ་འདོམས་བྱེད་ལམ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། གཞི་རིམ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་འགོ་ཁྲིད་ཚན་ཁག་གིས་དམངས་གཙོའི་ཐོག་ནས་ཇུས་ཐག་གཅོད་རྒྱུ་དང་། ཤང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་ནོར་དོན་དོ་དམ་སོགས་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་གཞི་རིམ་གྱི་ཏང་དོན་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཤང་དང་གྲོང་རྡལ་གྱི་སྲིད་དོན་ཡོངས་བསྒྲགས་དང་། གྲོང་དོན་ཡོངས་བསྒྲགས། བཟོ་གྲྭའི་ལས་དོན་ཡོངས་བསྒྲགས་བཅས་བྱེད་རྒྱུའི་ལས་ཀ་སྔར་བས་ཚད་ལྡན་བཟོས་ཡོད།

        ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀ་ཡག་པོ་བྱས་པ་དང་ཆབས་ཅིག་ང་ཚོས་ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་ལས་བྱེད་དཔུང་ཁག་རང་ངོས་འཛུགས་སྐྱོང་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། “ཏང་གི་སྲུང་དམག་ལྷག་བསམ་རྣམ་དག་ཅིག་དང་མང་ཚོགས་ཀྱི་གྲོགས་པོ་བློས་ཐུབ་ཅིག་བྱེད་པའི ”བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་སྒྲིག་བཤེར་ལས་བྱེད་དཔུང་ཁག་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། ལས་བྱེད་པར་སློབ་གསོ་དང་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལོ་ལྔའི་ནང་སྒྲིག་བཤེར་ལས་བྱེད་པ་ཚང་མར་རེས་མོས་སྦྱོང་བརྡར་ཐེངས་རེ་སྤྲོས་རྒྱུའི་དམིགས་ཚད་རྩ་བའི་ཆར་མངོན་གྱུར་ཐུབ་པ་བྱུང་བ་དང་། ལྗོངས་ཐད་གཏོགས་ལས་ཁུངས་35ལ་མངགས་གཏོང་བཅའ་སྡོད་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚན་པར་གཅིག་གྱུར་དོ་དམ་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་བྱེད་སྤྱོད་ཚད་གཞི 》སོགས་སྒྲིག་བཤེར་ལས་ཁུངས་ནང་ཁུལ་དོ་དམ་གྱི་ལས་ཀའི་ལམ་ལུགས་དང་སྒྲིག་ཁྲིམས་ཀྱི་གཏན་འབེབས་ཁག་གཅིག་གཏན་འཁེལ་བྱས་ཡོད། ཀྲུང་སྒྲིག་སྤེལ [2009]ཡིག་ཨང་9པ་དང་10པ་ལག་བསྟར་དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་སྒྲིག་བཤེར་ལས་ཁུངས་ཀྱི་གཞུང་ལས་གྲོན་དངུལ་དང་སྒྲིག་ཆས་མཐུན་སྦྱོར་ཐག་གཅོད་བྱས་པ་དང་། རྫོང (ཆུད་དང་གྲོང་ཁྱེར )ལ་སྒྲིག་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ཤང་དང་གྲོང་རྡལ་ཁག་ལ་འགན་གཅིག་ལྕོགས་ཀྱི་སྒྲིག་ཨུད་ཧྲུའུ་ཅི་དང་ཆེད་འགན་སྒྲིག་བཤེར་ལས་བྱེད་པ་བཀོད་སྒྲིག་བྱས་ཐོག་རང་སྐྱོང་ལྗོངས་དང་། ས་གནས། རྫོང་། ཤང་བཅས་རིམ་པ་བཞིའི་སྒྲིག་བཤེར་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད།

        ལོ་ལྔའི་རིང་ཀྲུང་དབྱང་སྒྲིག་ཨུད་དང་ལྗོངས་ཏང་ཨུད་ཀྱིས་སྔ་བར་ཕྱི་གསུམ་དུ་རང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་མཐོང་ཆེན་གནང་བ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་བློ་མཐུན་ཧོ་གོ་ཆང་གིས་2010ལོར་བོད་དུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་ནས་སྒྲིག་བཤེར་ལས་བྱེད་པར་གཟིགས་ཞིབ་འཚམས་འདྲི་གནང་བ་དང་། རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བའི་ཐོག སྒྲིག་བཤེར་ལས་ཁུངས་ནས་སྔར་ལས་ལྷག་པའི་སྒོ་ནས་ལྟ་སྐུལ་ཞིབ་བཤེར་གྱི་འགན་ནུས་ལག་བསྟར་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་བ་རེད། ཀྲུང་དབྱང་སྒྲིག་ཨུད་ཀྱི་འགོ་ཁྲིད་བློ་མཐུན་མང་པོ་ཞིག་གིས་ཀྱང་སྔ་རྗེས་སུ་བོད་དུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་ཡོད། ལྷ་སར “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ཐོན་པའི་འགག་རྩའི་དུས་སྐབས་སུ་ཀྲུང་དབྱང་སྒྲིག་ཨུད་ཀྱིས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལ་འཚམས་འདྲིའི་ཏར་འཕྲིན་བཏང་གནང་སྟེ་ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལས་ཁུངས་དང་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་མ་ཟད། ང་ཚོར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་སྲུང་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ད་དུང་ལྗོངས་སྒྲིག་ཨུད་དུ་སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་ཁག་གསུམ་ལས་གནས་འཁུར་བར་བཏང་ཞིང་། གྲོན་དངུལ་དང་། འགྲིམ་འགྲུལ་ཡོ་བྱད། གཞུང་ལས་ཁང་གི་སྒྲིག་ཆས་སོགས་ཐད་ལ་རྒྱབ་སྐྱོར་གནང་ཡོད། ལྗོངས་ཏང་ཨུད་ཀྱིས་སྒྲིག་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དུས་བཀག་ཐོག་ལས་དོན་སྙན་ཞུ་གསན་པ་མ་ཟད་གལ་ཆེའི་མཛུབ་སྟོན་གནང་བ་དང་། ལས་ཀའི་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་གནང་ཡོད། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ལོ་ལྟར་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་ཚོགས་འདུར་ཞུགས་པ་མ་ཟད་གལ་ཆེའི་གསུང་བཤད་གནང་ནས་ལྗོངས་ཡོངས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཐད་བཀོད་སྒྲིག་དང་བླང་བྱ་བཏོན་གནང་ཡོད། ཀྲུང་དབྱང་སྒྲིག་ཨུད་དང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་བརྟེན། ང་ཚོར་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་སྤྲད་གནང་ཡོད།

        ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཇུས་ཐབས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཐོག སྒྲིག་འཛུགས་དང་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཏན་ཏིག་ནུས་ལྡན་ངང་སྤེལ་ཡོད། སྤྱི་ཚོགས་ལས་རིགས་ཁག་གིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་ཚད་མཐོའི་དོ་ཁུར་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ནང་རྒྱ་ཁྱབ་ཐེ་ཞུགས་བྱས་པ་མ་ཟད། ཤུགས་ཆེའི་རྒྱབ་སྐྱོར་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ཤུགས་ཤིག་ཆགས་པ་བྱས་ཡོད། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལས་བྱེད་པས་འགན་འཁྲི་ནན་ཏན་སྒྲུབ་པ་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་ཏེ་བོད་ཀྱི་དོན་དངོས་དང་མཐུན་པའི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

        ལོ་ལྔའི་རིང་འབད་འཐབ་ལྷོད་མེད་དང་དཀའ་སྤྱད་འཚོལ་ཞིབ་བྱས་པ་བརྒྱུད་རང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་གྱི་ཁྱབ་ཁོངས་རྒྱ་ཆེར་སོང་བ་དང་། མ་ལག་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་སོང་བ། ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་བཅས་ཀྱི་ཐོག ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བས་རུལ་སུངས་ཀྱི་སྣང་ཚུལ་བཀག་འགོག་སྔར་ལས་ལྷག་པ་ཐུབ་པ་དང་ཏང་ཡོན་ལས་བྱེད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཉུང་དུ་སོང་བ། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་ཡག་ཏུ་མངོན་གསལ་དོད་པོ་སོང་བ། མི་དམངས་མང་ཚོགས་བློ་མོས་བྱུང་ཚད་མཐོ་རུ་ཟམ་མི་ཆད་པར་སོང་བ་བཅས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་རིམ་པས་སྐྱོད་ཐུབ་པ་བྱུང་ཡོད། དེ་དང་ཕྱོགས་མཚུངས་ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་བར། རང་ལྗོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་དང་། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུ་དེ་ཀྲུང་དབྱང་གི་བླང་བྱ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འདུན་པ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད། དེའི་མཚོན་ཚུལ་གཙོ་བོ་ནི། ཏང་ཡོན་ལས་བྱེད་པ་རེ་ཟུང་གི་ཆབ་སྲིད་འདུ་ཤེས་ཟབ་པོ་མེད་པ་དང་། སྒྲིག་ཁྲིམས་ཀྱི་ལྟ་བ་ཞན་པ། ཆབ་སྲིད་སྒྲིག་ཁྲིམས་དང་འགལ་བའི་གྱོད་གཞི་ཐོན་རྟག་པ་བཅས་ཡིན་པ་དང་། འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ཀྱིས་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་འགན་དབང་གང་བྱུང་དུ་སྤྱོད་པ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལས་གནས་ཐོག་རུལ་སུངས་ཀྱི་གྱོད་གཞི་སྔར་བཞིན་ཐོན་མང་དུ་འགྲོ་བ། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་མང་ཚོགས་ལྟ་བ་ཞན་པ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ཚུལ་མིན་སྤྱོད་ཚུལ་ད་དུང་རྟག་ཏུ་ཐོན་གྱི་ཡོད་པ། དཔོན་ཉམས་རིང་ལུགས་དང་། ཕྱི་ཚུལ་རིང་ལུགས། སྤྱོད་ཚུལ་ཡག་པོ་མེད་པ། ལས་ཕྱོད་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་རིགས་ས་གནས་ཁ་ཤས་དང་སྡེ་ཚན་ཁག་གཅིག་གི་ཁྲོད་དུ་ཚད་གཞི་མི་འདྲ་བའི་སྒོ་ནས་ད་དུང་ལྷག་བསྡད་ཡོད་པ། དེ་བཞིན་སྒྲིག་བཤེར་ལྟ་ཞིབ་ལས་དོན་རང་ངོས་ལའང་ད་དུང་མི་འདེང་བ་དང་ཞན་ཆ་ཡོད། དེར་བརྟེན་ངེས་པར་དུ་དེར་ཚད་མཐོའི་མཐོང་ཆེན་བྱས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་བྱེད་དགོས་ཀྱི་ཡོད།

        གཉིས། འདས་ཟིན་པའི་ལོ་ལྔའི་རིང་གི་རྩ་བའི་ཉམས་མྱོང་།

        གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཞིག་རེད། འདས་ཟིན་པའི་ལོ་ལྔའི་རིང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལག་ལེན་དངོས་ཀྱི་ཐོག་ནས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་འཐབ་རྩོད་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་ན་གཤམ་གསལ་ལྟར་བྱེད་དགོས་པ་སྟེ།

        ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ལྷག་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགོ་ཁྲིད་ལམ་སྲོལ་དང་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ཐོག ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་སྒྲིལ་སྤྱོད་ནུས་ལྡན་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།

        ངེས་པར་དུ་ལྟེ་བར་བསྟུན་པ་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་ཏང་ཡོངས་དང་། རྒྱལ་ཡོངས། ལྗོངས་ཡོངས་བཅས་ཀྱི་ལས་དོན་ཧྲིལ་པོའི་ཐོག་བཞག་ནས་བསམ་གཞིགས་དང་། འཆར་འགོད། བཀོད་སྒྲིག་བཅས་བྱས་ཐོག ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་སྲུང་སྐྱོང་དང་ལག་བསྟར་བྱེད་རྒྱུ་ཨང་དང་པོར་བརྩིས་ཏེ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས་སྲིད་ཇུས། གྲོས་ཆོད་བཅས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་བཀོད་པ་ལུང་དུ་འགྲོ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་ཆབ་སྲིད་ཀྱི་འགན་ལེན་སྲ་ཞིང་བརྟན་པ་ཞིག་བྱེད་དགོས།

        ངེས་པར་དུ་མི་རྩ་བར་འཛིན་པ་དང་སྲིད་སྐྱོང་དམངས་ཕན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྒྲུབ་པ་དང་། སྲུང་སྐྱོང་། གོང་འཕེལ་བཅས་ཡག་པོ་གཏོང་རྒྱུ་དེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩི་དགོས་པ་དང་། མི་དམངས་མང་ཚོགས་བློ་མོས་བྱུང་ཡོད་མེད་དང་། དགའ་པོ་བྱུང་ཡོད་མེད། ཁས་ལེན་བྱེད་ཀྱི་ཡོད་མེད་བཅས་དེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལས་དོན་ལ་ཕན་འབྲས་ཇི་ཐོན་ཞིབ་དཔྱད་བྱེད་པའི་རྩ་བའི་ཚད་གཞིར་བཟུང་སྟེ་སྤྱི་ཚོགས་ཀྱི་གླེང་ཆ་ཆེ་སར་དོ་ཁུར་ཆེན་པོ་བྱེད་པ་དང་མང་ཚོགས་ཀྱི་ཞུ་རེ་དུས་ཐོག་ཏུ་སྙན་སེང་ཞུས་ཏེ་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་དངོས་ཕན་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་དགོས་པ། ཏང་སྲིད་ལས་ཁུངས་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་མང་ཚོགས་ཀྱིས་གླེང་ཆ་ཧ་ཅང་ཆེ་བའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་རྒྱུར་ཤུགས་རྒྱག་དགོས་པ་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་དང་ཆུ་ཚད་གོང་མཐོར་གཏོང་དགོས་པ། མང་ཚོགས་རྣམས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ནང་ཞུགས་རྒྱུའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་མང་ཚོགས་ཀྱི་བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

        ངེས་པར་དུ་རྩ་ལག་མཉམ་བཅོས་དང་། ཆད་གཅོད་དང་འགོག་ཟོན་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐབས་འཕྲལ་གྱི་བཅོས་སྐྱོང་དང་རྩ་བ་ནས་བཅོས་སྐྱོང་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས་ཤིང་། སྐབས་འཕྲལ་གྱི་བཅོས་སྐྱོང་བྱེད་རྒྱུ་དམ་འཛིན་གྱིས་རུལ་སུངས་ཀྱི་བྱ་སྤྱོད་འདྲ་མིན་རིགས་ལ་ཆད་པ་ནན་པོ་བཅད་དེ་ཁྱབ་ཁོངས་ཁ་ཤས་ནང་རུལ་སུངས་ཀྱི་སྣང་ཚུལ་ཐོན་སླ་བ་དང་ཐོན་མང་བའི་གནས་ཚུལ་བཀག་སྡོམ་ནན་ཏན་བྱེད་དགོས་ལ། རྩ་བ་རང་ནས་བཅོས་སྐྱོང་བྱེད་རྒྱུར་ཤུགས་བརྒྱབ་སྟེ་འབྱུང་རྩ་རང་ནས་རུལ་སུངས་ཀྱི་སྣང་ཚུལ་ཐོན་ས་ཡང་མེད་པ་བཟོ་དགོས། ཆད་གཅོད་དང་སྔོན་འགོག་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཏེ་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་རུལ་སུངས་པར་ཆད་གཅོད་ནན་པོ་བྱས་ནས་ཉེན་ཟོན་དྲན་སྐུལ་དང་། ཐ་ཚིག་སྒྲོག་ནས་སྐུལ་ལྕག་གཏོང་བ། ཞེད་སྣང་སྐྱེ་ཐུབ་པ་བཅས་ཀྱི་ནུས་པ་ཆེན་པོ་ཐོན་པ་བྱེད་དགོས་ལ་འགོག་ཟོན་སྔོན་ལ་བྱེད་པ་དང་བཀག་སྡོམ་སྔོན་ཚུད་ནས་བྱས་ཏེ་རུལ་སུངས་ཀྱི་སྣང་ཚུལ་འཕེལ་ཕྱོགས་དང་ཆོས་ཉིད་ལ་དུས་ཐོག་ཏུ་དབྱེ་ཞིབ་བྱས་ཐོག དམིགས་ས་ཡོད་པའི་སྒོ་ནས་སྔོན་འགོག་བྱ་ཐབས་སྤྱད་དེ་གནད་དོན་ཐོན་དུས་ཆད་གཅོད་བྱེད་ཐུབ་པ་དང་ཆུ་མ་ཤོར་གོང་ནས་རགས་རྒྱག་ཐུབ་པ་བྱེད་དགོས།

        ངེས་པར་དུ་བསྒྱུར་བཅོས་གསར་གཏོད་དང་དུས་བསྟུན་ཡར་རྒྱས་ཡོང་བ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་མཛད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་དང་། ཏང་གིས་བོད་དུ་ཏང་སྲོལ་སྲིད་གཙང་དར་སྤེལ་གཏོང་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཉམས་མྱོང་སྤྱོད་མཁས་པོ་བྱས་ཏེ་གཞི་རིམ་དང་མང་ཚོགས་ཀྱིས་ལག་ལེན་ནང་གསར་སྐྲུན་བྱས་པའི་ཕན་ལྡན་གྱི་བྱེད་ཐབས་དང་ཉམས་མྱོང་གསར་པ་དུས་ཐོག་ཏུ་ཕྱོགས་བསྡོམས་བྱེད་རྒྱུ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཞིབ་འཇུག་ནན་ཏན་གྱིས་རུལ་སུངས་ཀྱི་སྣང་ཚུལ་ཐོན་སྟངས་ཀྱི་ཆོས་ཉིད་དང་ཁྱད་ཆོས་སྟངས་འཛིན་གནད་དུ་འཁེལ་བ་བྱས་ནས་བསམ་གཞིའི་ལྟ་བ་དང་། ལམ་སྲོལ་ལག་བསྟར་བྱེད་སྟངས། བྱེད་ལུགས་བྱེད་སྟངས་བཅས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་ཀྱིས་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ཚན་རིག་དང་མཐུན་པའི་ཆུ་ཚད་མཐོ་རུ་གཏོང་དགོས།

        ངེས་པར་དུ་རེ་བ་ནན་པོ་དང་། སློབ་གསོ་ནན་པོ། དོ་དམ་ནན་པོ། ལྟ་སྐུལ་ནན་པོ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག “ཏང་གི་བློ་དཀར་སྲུང་དམག་དང་། མང་ཚོགས་ཀྱི་སྙིང་གྲོགས་བྱེད་པའི ”གཙོ་དོན་དང “ཏང་དང་རྒྱལ་ཁབ་ལ་ལྷག་བསམ་ཟོལ་མེད་བྱེད་རྒྱུ་དང་། རུལ་སུངས་པ་དང་ལེ་ལོ་སྒྱིད་ལུག་གི་རུལ་སུངས་སྣང་ཚུལ་རིགས་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་རྒྱུ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་བྱམས་སྐྱོང་བྱེད་རྒྱུ། རང་ཉིད་དང་གཉེན་ཉེར་བླང་བྱ་ནན་པོ་འདོན་རྒྱུ ”བཅས་ཀྱི་གཞི་རྩའི་བླང་བྱ་གཞིར་བཟུང་བསམ་བློ་ལེགས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་བ་དང་། འཇོན་ཐང་ཆེ་རུ་གཏོང་རྒྱུ་འགག་རྩར་བརྩི་བ། རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུ་རྨང་གཞིར་བྱེད་པ། སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་བ། ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུ་འགན་སྲུང་དུ་བྱེད་པ་བཅས་བྱས་ནས་སྒྲིག་བཤེར་ལས་བྱེད་པའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག སྒྲིག་བཤེར་ལས་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་ལས་སྒོའི་ཆུ་ཚད་གོང་མཐོར་ཟམ་མི་ཆད་པར་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏིང་ཟབ་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

        གོང་གསལ་ཕྱོགས་དྲུག་པོ་དེ་ནི་ང་ཚོས་བོད་ཀྱི་དོན་དངོས་དང་མཐུན་པའི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལག་ལེན་དངོས་ཀྱི་ནང་བསགས་པའི་རྩ་ཆེའི་ཉམས་མྱོང་ཡིན་པ་དང་། མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་ངེས་པར་དུ་སྲུང་བརྩི་ཞུ་དགོས་པའི་གལ་ཆེའི་རྩ་དོན་ཞིག་ཡིན་པས་ང་ཚོས་གཅེས་འཛིན་ཧ་ཅང་ཆེན་པོ་དང་ལག་བསྟར་ཡང་དག་པ་བྱེད་དགོས་པ་མ་ཟད། ལག་ལེན་གསར་པའི་ནང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། འཐུས་སྒོ་ཇེ་ཚང་དུ་གཏོང་བ། གོང་འཕེལ་ཟམ་མི་ཆད་པར་གཏོང་བ་བཅས་བྱེད་དགོས།

        གསུམ།     ཕྱིས་འབྱུང་ལོ་ལྔའི་རིང་གི་ལས་དོན་གྲོས་འཆར།

        ཕྱིས་འབྱུང་ལོ་ལྔའི་རིང་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་། རྒྱལ་ཡོངས་གོང་འཕེལ་འགྲོ་བའི་གོམ་སྟབས་མུ་མཐུད་རྗེས་བསྙེགས་བྱེད་པར་རག་ལས་སའི་དོན་སྙིང་ལྡན་པའི་དུས་སྐབས་གལ་ཆེན་ཞིག་ཡིན། དུས་བབ་གསར་པ་དང་ལས་འགན་གསར་པས་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཐད་དེ་བས་ནན་པའི་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་གནང་བའི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་ལ་གནང་བའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོར་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་རྩ་བར་འཛིན་རྒྱུ་དང་སྲིད་སྐྱོང་དམངས་ཕན་བྱེད་རྒྱུ་མཐའ་འཁྱོངས་དང་། “རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་འགོག་ཟོན་མཉམ་འཛིན། སྔོན་འགོག་གཙོར་བཟུང ”བཅས་ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ་དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་གཙོ་དོན་དུ་བཟུང་བ་དང་། སྤྱོད་ཚུལ་ལེགས་སྐྱོང་གཏིང་ཟབ་བྱེད་རྒྱུ་དང་། རུལ་སུངས་ལ་ཆད་གཅོད་དང་འགོག་ཟོན་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་བའི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ཤུགས་ཆེ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་རུལ་སུངས་ཀྱི་སྣང་ཚུལ་བཅོས་སྐྱོང་ཤུགས་ཆེ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་འགག་གནས་སུ་ཐོན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་རྩད་ཞིབ་ཐག་གཅོད་ཤུགས་ཆེ་བྱེད་པ་བཅས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་སྲུང་ནུས་ལྡན་བྱེད་དགོས།

        (གཅིག )ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། དེ་ནི་ཏང་གི་སྒྲིག་ཡིག་གིས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ལ་དཀྲིས་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་ལ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། ནུས་པ་འདོན་སྤེལ་བཅས་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་ཡིན། ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལམ་སྲོལ་དང་སྒྲིག་ཁྲིམས་འགན་ལེན་བྱེད་རྒྱུའི་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་ལམ་སྲོལ་ཅན་དང་ཚད་ལྡན་ཅན་དུ་གྱུར་རྒྱུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་། མཛད་ཕྱོགས་སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ་དང་སྲིད་བཀའ་ལུང་དུ་འགྲོ་ཐུབ་པ་བྱེད་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུ་བཅས་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཇུས་ཐག་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་དོ་དམ་དང་དགོན་སྡེ་དོ་དམ་གསར་གཏོད་བྱེད་པའི་ཇུས་ཐག་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གཟིགས་སྐྱོང་སྲིད་ཇུས་དང་། རྣམ་གྲངས་ལག་བསྟར། མ་དངུལ་དོན་འཁྱོལ་དང་དོ་དམ་བེད་སྤྱོད་བཅས་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་ཇུས་དང་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། མ་དངུལ་དང་རྣམ་གྲངས་ཁག་ལས་ཕྱོད་ཆེ་བ་དང་། སྐྱོན་བྲལ། སྤྱོད་གཙང་བཅས་ཀྱི་ཐོག་ནས་སྒྲུབ་སྤྱོད་ཐུབ་པའི་འགན་སྲུང་བྱེད་དགོས། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཟོག་གོང་ཚོད་འཛིན་བརྟན་གནས་ཐུབ་པ་བྱེད་རྒྱུ། དབུལ་སྐྱོར་གསར་སྤེལ་བྱེད་རྒྱུ་སོགས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས། ག་སྦྱར་བོད་སྐྱོར་གྱི་རྣམ་གྲངས་དང་མ་དངུལ་དོ་དམ་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

        དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུར་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུའི་ལས་དོན་མུ་མཐུད་སྤེལ་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་ཕྱོགས་ཀྱི་གཙོ་དོན་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་སྒྱུར་རྒྱུའི་གཙོ་རྐང་དེར་དམ་པོར་དམིགས་ནས་ལྟ་སྐུལ་གྱི་མཐུན་རྐྱེན་སྒྲིལ་སྤྱོད་ནུས་ལྡན་དང་ལས་ཀའི་གཙོ་གནད་མངོན་ཆེར་བཟུང་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་དོན་འཁྱོལ་བྱས་ཚུལ་དང་། དེ་བཞིན་ཆུ་བེད་བསྒྱུར་བཅོས་དང་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུ། གཙོ་གནད་ཐོན་ལས་དར་རྒྱས་གཏོང་རྒྱུ། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་སོགས་ཐད་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་བཀག་སྡོམ་བྱས་ཀྱང་བཀག་མི་ཐུབ་པའི་བྱེད་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཕན་འདོགས་པའི་སྒོ་དབྱེའི་ཁོར་ཡུག་དང་། ཁྲིམས་སྐྱོང་ཁོར་ཡུག སྲིད་ཇུས་ཀྱི་ཁོར་ཡུག སྤྱི་ཚོགས་ཀྱི་ཁོར་ཡུག་བཅས་གཏོད་དགོས།

        ཏང་ཡོན་ལས་བྱེད་པས་ཆབ་སྲིད་སྒྲིག་ལམ་ལ་བརྩི་སྲུང་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་སྒྲིག་ལམ་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་། དམིགས་ཡུལ་གྱི་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཤུགས་ཆེར་གཏོང་རྒྱུའི་ཁྲིད་སྟོན་གྱིས་རང་འགུལ་ཐོག་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་རྒྱུ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་ཤིན་ཏུ་བརྟན་པ་དང་། དར་ཆ་ཧ་ཅང་གིས་གསལ་སྟོན། བྱ་སྤྱོད་ཤིན་ཏུ་ཐག་ཆོད་པོ་བཅས་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ལམ་དང་འགལ་བའི་གྱོད་དོན་རིགས་ནན་ཞིང་མྱུར་བའི་སྒོ་ནས་རྩད་བཤེར་ཐག་གཅོད་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ལངས་ཕྱོགས་བརྟན་པོ་མེད་པ་དང་། ཏཱ་ལའི་རྗེས་སུ་མངོན་སུམ་གྱིས་འབྲངས་བ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་ལྡོག་ཕྱོགས་པ་དེ་རིགས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ནས་གཙང་འབུད་གཏོང་དགོས།

        (གཉིས )སྒྲིག་འཛུགས་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོར་ཕན་འབྲས་དངོས་ཐོན་ཐུབ་པའི་འགན་ལེན་བྱེད་དགོས། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་རྒྱུ་ནི་ལས་ཁུངས་ཀྱི་ལས་བྱེད་པའི་སྤྱོད་ཚུལ་འགྱུར་ལྡོག་དང་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་གལ་ཆེན་ཞིག་ཡིན། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བའི་ནང་སྒྲིག་འཛུགས་མཐུན་སྦྱོར་བྱེད་པའི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་ལ་མཐུན་སྦྱོར་མཛུབ་ཁྲིད་ལས་དོན་སྤེལ་རོགས་བྱས་ཏེ་དུས་ཐོག་ཏུ་བྱེད་སྒོ་སྤེལ་ཚུལ་ཤེས་རྟོགས་བྱས་ནས་བྱེད་སྒོ་སྤེལ་བའི་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་རིགས་ཞིབ་འཇུག་ཐག་གཅོད་བྱས་ཏེ་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།

        བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཚན་པ་ཁག་དང་སྡེ་ཚན་ཁག་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་ཕྱོགས་ཐད་ལྗོངས་ཏང་ཨུད་ཀྱིས་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་སྣ་དང་། མ་དངུལ། འགན་ལེན་བྱ་ཐབས་བཅས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་དོན་ཚགས་ཚུད་པོ་མ་བྱུང་བ་དང་བྱ་ཐབས་ནུས་ལྡན་མ་བྱུང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུར་ལྟ་སྐུལ་བྱས་ཏེ “གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ། ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱེད་པ། བཀའ་དྲིན་ཚོར་ཤེས་ཀྱི་སློབ་གསོ་སྤེལ་བ། བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ ”བཅས་ལས་འགན་ཁག་ལྔ་པོ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྔོན་ཐོན་མཉམ་སྡེབ་དང་མི་སྒེར་མཐོང་ཐུབ་པ་དང་གསོ་སྐྱོང་བྱེད་རྒྱུར་དོ་སྣང་བྱས་ཏེ་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་དཔེ་མཚོན་ཉམས་མྱོང་ཁྱབ་སྤེལ་བཏང་ནས་བྱེད་སྒོ་སྐྱོན་བྲལ་ངང་སྤེལ་ཐུབ་པའི་ཁྲིད་སྟོན་བྱེད་དགོས། གྲོང་ཚོར་བཅའ་སྡོད་ཀྱི་ལས་ཀའི་སྒྲིག་ཁྲིམས་ནན་པོ་སྲུང་དགོས་པ་དང་། མང་ཚོགས་མོས་པོ་མ་བྱུང་བའམ་ཡང་ན་བག་ཆགས་ངན་པ་བཟོས་རིགས་ལ་དེ་འབྲེལ་གྱི་འགན་འཁྲི་ཡོད་མཁན་དང་ཚན་པའི་འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།

        རིམ་ཁག་ཏང་རྩ་འཛུགས་ཀྱིས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་སྤེལ་བའི་ནང་དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཕན་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་དང་མཉམ་ཟ་དང་། མཉམ་སྡོད། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བཅས་བྱེད་པའི་ལེགས་ཆ་འདོན་སྤེལ་བྱེད་རྒྱུར་མཛུབ་ཁྲིད་བྱེད་པ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་རྒྱུ་དང་། དངོས་ཡོད་གནད་དོན་ཐག་གཅོད་བྱེད་རྒྱུ། ཁྲིམས་ལུགས་ལྟ་བ་ཤུགས་ཆེར་གཏོང་རྒྱུ། དཔེ་མཚོན་ཁྲིད་སྟོན་ཡག་པོ་བྱེད་རྒྱུ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནས་ལག་ལེན་དངོས་ཀྱི་ནང་བཏོད་པའི་ཉམས་མྱོང་བཟང་པོ་དང་ཕན་ལྡན་བྱེད་ཐབས་ལ་ཕྱོགས་བསྡོམས་དང་བེད་སྤྱོད་བྱེད་རྒྱུར་སྐུལ་ལྕག་བྱས་ཐོག་དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ལ་ཞིབ་འཇུག་བྱས་ཏེ་མི་རྩ་བར་འཛིན་རྒྱུ་དང་། སྲིད་སྐྱོང་དམངས་ཕན་གྱི་ཚན་རིག་དང་མཐུན་པའི་ཇུས་གཞིའི་ལམ་སྲོལ་དང་། ཁེ་ཕན་མཐུན་སྦྱོར་གྱི་ལམ་སྲོལ། ཞུ་རེ་མཚོན་པའི་ལམ་སྲོལ། འགལ་བ་འདུམ་གཅོད་བྱེད་པའི་ལམ་སྲོལ། ཁེ་དབང་འགན་སྲུང་བྱེད་པའི་ལམ་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་ལས་དོན་སྤེལ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

        རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་གོ་སྐབས་སུ་བཟུང་ནས་ཏང་སྲིད་ལས་ཁུངས་ཀྱི་སྤྱོད་ཚུལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ནུས་ཕྱོད་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་གནས་འགན་འཁྲིའི་ལམ་ལུགས་དང་དུས་བཅད་ནང་གྱོད་དོན་གཅོད་པ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་བྱ་བ་བསྒྲུབ་པའི་བརྒྱུད་རིམ་ལེགས་སྒྱུར་བྱེད་པ་དང་། ཞབས་ཞུ་སྒྲུབ་སྟངས་ལེགས་སུ་གཏོང་བ། ཞིབ་དཔྱད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཚན་པ་རེ་ཟུང་དང་ཞབས་ཞུའི་ལས་རིགས་ཁག་གི་ཐེམ་པ་མཐོ་བ་དང་། རྣམ་འགྱུར་ངན་པ། དོན་དག་སྒྲུབ་ཁག་པ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་ལས་ཀའི་སྤུས་ཚད་དང་དོན་དག་སྒྲུབ་པའི་ནུས་ཕྱོད་ཆེ་རུ་གཏོང་དགོས། སྲོལ་ངན་རིགས་བཅོས་སྒྲིག་བྱས་ནས་འབྲེལ་ཡོད་ཚན་པ་དང་གཞོགས་འདེགས་ཀྱིས་མངོན་ཞིབ་ལྐོག་འདྲི་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆེད་དོན་བྱ་སྤྱོད་སྤེལ་ནས་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ཀྱིས་གཉེན་སྟོན་འདས་མཇུག་དང་རྟེན་འབྲེལ་གྱི་སྐབས་དང་བསྟུན་ནས་རྒྱས་གཤོམ་རྒྱས་སྤྲོས་བྱས་ཏེ་རྒྱུ་དངུལ་གསོག་སྒྲུབ་བྱེད་པ་དང་། རྒྱན་འགྱེད་ནང་ཞུགས་པ། གཞུང་དངུལ་སྤྱད་དེ་རྒྱས་སྤྲོས་ཟ་རྒྱགས་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྤྱི་ཚོགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་དགོས། ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་ཏང་ཡོན་ལས་བྱེད་པར་ལྟ་སྐུལ་དང་དོ་དམ་བྱེད་པའི་སྒྲིག་སྲོལ་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས་པ་མ་ཟད་ལག་བསྟར་ནན་ཏན་བྱས་ཏེ་ཏང་ཡོན་ལས་བྱེད་པར་ལས་དུས་ཆུ་ཚོད་8ཕུད་པའི་ནང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱི་སྒྲིག་ལམ་ཟབ་ཟོབ་དང་རྩེད་མོར་དབྱིངས་ཞུགས་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ་བྱ་གཞག་གསར་གཏོད་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་དགོས།

        (གསུམ ) རུལ་སུངས་ལ་ཆད་གཅོད་མཐའ་གཅིག་ཏུ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ་ཕན་འབྲས་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས། རུལ་སུངས་པར་ཆད་གཅོད་བྱེད་རྒྱུ་དང་རུལ་སུངས་ཀྱི་སྣང་ཚུལ་བཅོས་སྐྱོང་བྱེད་རྒྱུ་ནི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བར་ཕན་འབྲས་ཆེ་ཤོས་ཐོན་པའི་བྱ་ཐབས་ཤིག་རེད། གྱོད་གཞི་ཞིབ་གཅོད་བྱེད་རྒྱུའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་། རུལ་སུངས་ལ་ཆད་གཅོད་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་སྤུ་ཙམ་མི་གཏོང་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

        སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་གཅོད་ནན་པོ་བྱེད་དགོས། གྱོད་གཞི་ཡོད་ཚེ་ངེས་པར་དུ་རྩད་བཤེར་བྱེད་པ་དང་། རུལ་སུངས་ཡོད་ཚེ་ངེས་པར་དུ་ཆད་གཅོད་བྱེད་པ། འགན་འཁྲི་ཡོད་ཚེ་ངེས་པར་དུ་བདའ་འདེད་གཏོང་བ་བཅས་བྱས་ནས་དམིགས་བསལ་མི་བྱེད་པ་དང་། ཚད་གཞི་དམའ་རུ་མི་གཏོང་བ། ཆད་པ་གཅོད་ཤུགས་ཆུང་དུ་མི་གཏོང་བ་བཅས་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་གྱོད་གཞི་ཞིབ་གཅོད་ཤུགས་ཆེ་བྱས་ཐོག རུལ་སུངས་པ་ཡིན་ཕྱིན་རྩད་བཤེར་མཐའ་གཅིག་ཏུ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་མི་གཏོང་བ་དང་སྙིང་རྗེ་གཏན་ནས་བྱེད་རྒྱུ་མེད་པར་རུལ་སུངས་པ་གང་ཞིག་ཡིན་རུང་ཏང་ཁྲིམས་དང་རྒྱལ་ཁྲིམས་ཀྱི་འོག་ནས་ཐར་དུ་གཏན་ནས་འཇུག་རྒྱུ་མེད། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ་ཐོན་པའི་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་། ལྐོག་ཟ་ལྐོག་ལེན། རུལ་སུངས་ངན་འགྱུར། རང་འགན་འཐུས་ཤོར་དང་ཟོལ་འཇོག་བཅས་བྱེད་པའི་གྱོད་གཞི་དང་། གཙོ་གནད་ཁྱབ་ཁོངས་དང་འགག་གནས་ཁྲོད་ཀྱི་གྱོད་གཞི། ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་མི་དོན་གྱི་སྒྲིག་ལམ་ལས་ཚབས་ཆེ་འགལ་བའི་གྱོད་གཞི། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གྱོད་གཞི་བཅས་ཞིབ་གཅོད་ནན་པོ་བྱེད་དགོས།

        རུལ་སུངས་ཀྱི་སྣང་ཚུལ་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་མངོན་གསལ་དོད་པའི་གནད་དོན་དང “དངུལ་སྦས་ཁུང ”ཆེད་དོན་བཅོས་སྒྲིག་བྱེད་རྒྱུ་མུ་མཐུད་གཏིང་ཟབ་སྤེལ་ཐོག་ཏང་སྲིད་ལས་ཁུངས་ཀྱིས་གཞུང་དོན་གྱི་མོ་ཊ་སྤྱོད་རྒྱུའི་ཐད་ཐོན་པའི་གནད་དོན་ཆེད་དམིགས་བཅོས་སྒྲིག་དང་། རྟེན་འབྲེལ་མཛད་སྒོ་དང་། ཞིབ་གྲོས་ཚོགས་འདུ། གླེང་སྟེགས་བཅས་གཙང་བཤེར་ཚད་ལྡན་བཟོ་བའི་ལས་དོན་ནན་ཏན་སྤེལ་ཏེ་བཅོས་སྐྱོང་འབྲས་བུ་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། མ་འཇོག་གི་མངོན་མེད་ཁོར་ཡུག་ཆེད་དམིགས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་རྐང་བཙུགས་ནས་བཀག་རྒྱ་བཟོ་བ་དང་། གཟིགས་སྐྱོང་སྲིད་ཇུས་བཀག་ཉར་བྱེད་པ། ཟ་བསྙད་ཧམ་འཁྱེར། ཟ་རྒྱགས་ལེན་གསུམ་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་དམངས་འཚོའི་ཁྱབ་ཁོངས་ནང་གི་མངོན་གསལ་དོད་པའི་གནད་དོན་ཆེད་དམིགས་བཅོས་སྐྱོང་བྱེད་དགོས་ཤིང་། སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་། ཁོར་ཡུག་སྲུང་སྐྱོང་། ཉེན་མེད་ཐོན་སྐྱེད། ས་ཆ་བསྡུ་ལེན་དང་བཤིག་སྤོ་བཅས་བྱེད་པ་དང་། དེ་བཞིན་ཞིང་ལས་ལ་ཤུགས་སྣོན་དང་དམངས་འཚོར་ཕན་འདོགས་པའི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་སོགས་ཀྱི་ཐད་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་གཙོ་གནད་དུ་ཐག་གཅོད་བྱས་ཏེ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

        གྱོད་གཞི་ཞིབ་གཅོད་བྱེད་རྒྱུའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས། སྒྲིག་ཁྲིམས་དང་ཁྲིམས་ལུགས་ལ་བརྟེན་ནས་བདེ་འཇགས་དང་ཡ་རབས་ཚུལ་ལྡན་ངང་གྱོད་དོན་སྒྲུབ་པ་དང་། གྱོད་ཞིབ་ཀྱི་གོ་རིམ་དང་བྱེད་སྤྱོད་སྔར་བས་ཚད་ལྡན་བཟོས་ནས་གྱོད་དོན་ཞིབ་གཅོད་ཀྱི་མཐུན་སྦྱོར་ལམ་སྲོལ་དང་ལས་ཀའི་ལམ་སྲོལ་ཚགས་ཚུད་དུ་གཏོང་དགོས། ཆད་གཅོད་དང་རྩ་བཅོས་བྱེད་ནུས་འདོན་སྤེལ་བྱས་ཏེ་གྱོད་དོན་ཞིབ་གཅོད་བྱེད་པའི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་ཟམ་མི་ཆད་པ་གཏོང་དགོས། ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བྱེད་པའི་ལས་ཀ་ཡག་པོ་སྒྲུབ་པ་དང་ཡིག་འབུལ་ཞུ་བཅར་གྱི་དབྱེ་འབྱེད་དང་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་ཐོག་ཏུ་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་བྱས་རིགས་ཐག་གཅོད་བྱེད་པ་དང་གྱོད་ཁུངས་འཚོལ་ལམ་རྒྱ་ཆེར་བཏང་སྟེ་ཡིག་འབུལ་ཞུ་བཅར་ཐག་གཅོད་བྱེད་རྒྱུ་དང་འགལ་ཟླ་དང་རྩོད་གཞི་འདུམ་གཅོད་བྱེད་རྒྱུའི་ནུས་པ་ཆེ་རུ་གཏོང་དགོས།

        (བཞི ) ཕྱོགས་བསྡུས་ཀྱི་བྱ་ཐབས་སྤྱད་དེ་རུལ་སུངས་སྔོན་འགོག་བྱེད་པའི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བར་ཤུགས་སྣོན་དང་སྔོན་འགོག་བྱེད་རྒྱུ་ནི་རྩ་བ་ནས་བཅོས་སྒྲིག་བྱེད་པའི་ཐབས་ཇུས་བཟང་པོ་ཞིག་རེད། ཏང་སྲོལ་སྲིད་གཙང་དར་སྤེལ་གཏོང་རྒྱུའི་འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་སྣེ་འདྲེན་དུ་བྱེད་དགོས་ཤིང་། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་ཚགས་ཚུད་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དང་འགོག་ཟོན་བྱེད་རྒྱུ་ལྟེ་བར་བཟུང་སྟེ། སློབ་གསོ་དང་། ལྟ་སྐུལ། ལམ་ལུགས་བཅས་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་ཕན་པའི་བསམ་བློའི་ལྟ་བ་དང་། རིག་གནས་ཀྱི་ཁོར་ཡུག ལམ་སྲོལ་གྱི་ཆ་རྐྱེན། ཁྲིམས་ལུགས་ཀྱི་འགན་ལེན་བཅས་བྱེད་རྒྱུ་རིམ་པས་ཆགས་པ་བྱེད་དགོས།

        རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་སློབ་གསོའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་སློབ་གསོ་དེ་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་དང་། གདམ་གསེས་གནས་སྤར། དོ་དམ་བེད་སྤྱོད་བཅས་བྱེད་པའི་ཕྱོགས་ཚང་མའི་ནང་ཁྱབ་པ་བྱས་ཏེ། དཔེ་མཚོན་གྱི་སློབ་གསོ་དང་། དྲན་སྐུལ་གྱི་སློབ་གསོ། ལས་ཐོག་སྤྱོད་གཙང་གི་སློབ་གསོ་བཅས་སྤེལ་རྒྱུ་གཞི་རྟེན་དུ་བྱེད་པ་དང་། ཏང་གཤིས་ཏང་སྲོལ་ཏང་ཁྲིམས་བཅས་ཀྱི་སློབ་གསོར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་ཡོན་ལས་བྱེད་པས་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པའི་བསམ་བློ་ཀུན་སྤྱོད་ཀྱི་སྲུང་རགས་བརྟན་པོ་འཛུགས་དགོས། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་གོ་སྐབས་སུ་བཟུང་བ་དང་ཕྱོགས་ཡོངས་ནས་སྤྱོད་གཙང་རིག་གནས་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་གཙང་རིག་གནས “དྲུག་སླེབས་ཐུབ་པ ”བྱེད་རྒྱུའི་བྱེད་སྒོ་གཏིང་ཟབ་སྤེལ་ཐོག་སྤྱོད་གཙང་དར་སྤེལ་གཏོང་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།

        རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལམ་ལུགས་ཀྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་རྒྱུའི་མ་ལག་གི་ལམ་ལུགས་ཁག་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་རྒྱུ་ལྟེ་བར་འཛིན་པ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དམ་བཟུང་བྱེད་པ་བཅས་བྱས་ནས་སྤྱི་ཡོངས་འཆར་འགོད་དང་གཙོ་གནད་འགག་སྒྲོལ་ཐུབ་པ་བྱས་ཐོག ནང་དོན་ཚན་རིག་དང་མཐུན་པ་དང་། གོ་རིམ་དམ་ནན། ཆ་ལག་ཚང་སྒྲིག ཕན་ལྡན་སྤྱོད་གོ་ཆོད་པ་བཅས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལམ་ལུགས་ཀྱི་མ་ལག་ཅིག་རིམ་པས་འཛུགས་ཐུབ་པ་བྱས་ཏེ་ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་བྱེད་པ་དང་། ལམ་ལུགས་གཞིར་བཟུང་བྱ་བ་སྒྲུབ་པ། ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་བྱེད་པ་བཅས་ཀྱི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཆ་ཚང་ཞིག་ཆགས་ཐུབ་པ་བྱེད་དགོས།

        དབང་ཆ་སྤྱོད་ཕྱོགས་ལ་ལྟ་འདོམས་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དབང་ཆ་སྤྱོད་པར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། དོན་གནད་ཆེ་རིགས་དང་། གལ་ཆེའི་ལས་བྱེད་པ་བསྐོ་འཐེན། རྣམ་གྲངས་ཆེ་རིགས་བཀོད་སྒྲིག མ་དངུལ་འབོར་ཆེན་བེད་སྤྱོད་སོགས་བྱེད་པའི་གནད་དོན་གཙོ་ཆེའི་རིགས་ཐད་ཐུན་མོང་ཐོག་ཞིབ་འཇུག་གིས་གྲོས་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལས་འགན་བསྒྲུབས་ཚུལ་དང་སྤྱོད་གཙང་བསྐྱངས་ཚུལ་གསལ་ཞུ་དང་། དྲན་སྐུལ་སློབ་གསོའི་གླེང་མོལ། ཡིག་སྤྲིངས་འདྲི་རྩད། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སོ་སོའི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་སོགས་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲིར་རྩིས་བཤེར་བྱེད་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཐོག་འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་གིས་རང་འགན་འཁུར་བ་དང་གཞུང་ཞེན་རྣམ་དག་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐོར་ཞིབ་བྱེད་ཁོངས་ཆེ་རུ་བཏང་ནས་འགོ་ཁྲིད་ཚན་ཁག་དང་ཚན་ཁག་གི་ཁོངས་མིར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་དོན་ཡོངས་བསྒྲགས་དང་། སྲིད་དོན་ཡོངས་བསྒྲགས། བཟོ་གྲྭའི་ལས་དོན་ཡོངས་བསྒྲགས། གྲོང་དོན་ཡོངས་བསྒྲགས་བཅས་བྱེད་པའི་ལས་ཀ་གཏིང་ཟབ་ཏུ་སྤེལ་ནས་ཏང་ནང་གི་དམངས་གཙོའི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས།

        (ལྔ )བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཚན་རིག་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་དང་། སྤྱོད་གཙང་དར་སྤེལ་གཏོང་རྒྱུ། ཚན་རིག་དང་མཐུན་པའི་ངང་གོང་འཕེལ་གཏོང་རྒྱུ་བཅས་ནི་ཏང་ལེགས་སྐྱོང་བྱེད་པའི་གལ་ཆེའི་དོན་གནད་ཅིག་ཡིན་ལ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཀྱང་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་བསམ་ཕྱོགས་དང་། སྒྲིག་སྲོལ་དང་ལམ་སྲོལ། བྱེད་ཐབས་བཅས་གསར་གཏོད་བྱས་ནས་བོད་ཀྱི་དོན་དངོས་དང་མཐུན་པའི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཚན་རིག་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་གང་ཐུབ་བྱེད་དགོས།

        ལྟ་བ་དང་བསམ་ཕྱོགས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་རྒྱུ་དང་འགན་སྲུང་བྱེད་རྒྱུའི་བསམ་བློ་བརྟན་པོ་བཙུགས་ནས་རང་འགུལ་ངང་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུ་དེ་ལྗོངས་ཏང་ཨུད་ཀྱི་ལས་དོན་ཧྲིལ་པོའི་ནང་བཅུག་སྟེ་འཆར་འགོད་བྱེད་པ་དང་སྐུལ་འདེད་བཏང་ནས་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་སྤྱི་ཡོངས་ལ་བསྟུན་པ་དང་ཞབས་ཞུ་གང་ལེགས་བསྒྲུབ་དགོས། མི་རྩ་བར་འཛིན་རྒྱུའི་བསམ་བློ་བརྟན་པོ་བཙུགས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་མངོན་གསལ་དོད་རིགས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་ཕྱོགས་མཚུངས་གྱོད་དོན་ཞིབ་གཅོད་བྱེད་པ་སོགས་ཀྱི་ལས་དོན་ཁྲོད་ཏང་ཡོན་ལས་བྱེད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཡག་པོ་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་རྒྱུའི་བསམ་བློ་བརྟན་པོ་བཙུགས་ཏེ་ཆད་གཅོད་བྱེད་རྒྱུ་དེ་དམིགས་བསལ་གྱི་སྔོན་འགོག་བྱེད་ཐབས་ཤིག་ལ་བརྩི་བ་དང་། སྔོན་འགོག་བྱེད་རྒྱུ་དེ་རྩ་བའི་བྱ་ཐབས་ཤིག་ལ་བརྩིས་ནས་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་རྒྱུར་གཅིག་གྱུར་ཐོག་སྐུལ་འདེད་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་སྤྱི་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཤུགས་ཆེར་གཏོང་དགོས།

        སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་གནས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་། ལམ་སྲོལ་གྱི་འགོག་རྐྱེན་དང་ལམ་ལུགས་ཀྱི་སྐྱོན་ཆ་ཉུང་དུ་གཏོང་གང་ཐུབ་བྱས་ཏེ་འབྱུང་རྩ་རང་ནས་རུལ་སུངས་ཐོན་ས་མེད་པ་བཟོ་དགོས། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་རྒྱུ་ལྟེ་བར་བརྩིས་ནས་དབང་ཆའི་མཚམས་ཚད་དབྱེ་བ་གསལ་པོ་ཕྱེ་སྟེ་འགན་འཁྲི་འཁུར་མཁན་གཙོ་རྐང་ཁ་གསལ་བཟོས་ཐོག་ཇུས་ཐག་གཅོད་དབང་དང་། ལག་བསྟར་བྱེད་དབང་། ལྟ་སྐུལ་དབང་ཆ་བཅས་ཕན་ཚུན་ཚོད་འཛིན་ཐུབ་དགོས་ལ་ཕན་ཚུན་མཐུན་སྦྱོར་ཐུབ་པའི་དབང་ཆའི་གྲུབ་ཆ་དང་སྤྱོད་ཕྱོགས་ལམ་སྲོལ་ཞིག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆ་སྤྱོད་ཕྱོགས་གོ་རིམ་ལྡན་པ་དང་ཡོངས་བསྒྲགས་ཁ་གསལ་བྱེད་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས།

        བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། དེང་དུས་ཀྱི་དོ་དམ་རིག་པ་དང་། སེམས་ཁམས་རིག་པ། རྩ་འཛུགས་རིག་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ཤེས་བྱ་སློབ་སྦྱོང་བྱས་ནས་དེའི་གཞི་རྩའི་ལྟ་བ་དང་ཐབས་ཤེས་དེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ལས་ཀའི་ཁྲོད་བེད་སྤྱོད་ཐུབ་པ་བྱེད་དགོས། ཉེན་ཟོན་ཚོད་སྐོར་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ཐབས་ཤེས་བེད་སྤྱོད་མཁས་པོ་བྱས་ནས་རུལ་སུངས་སྔོན་འགོག་བྱེད་རྒྱུའི་ཆ་འཕྲིན་བརྗེ་རེས་དང་མཉམ་སྤྱོད་ཐུབ་པའི་ལམ་སྲོལ་བཙུགས་ཐོག་རུལ་སུངས་ཐོན་ཉེན་ཆེ་བའི་ཁྱབ་ཁོངས་དབྱེ་འབྱེད་བྱེད་པའི་བྱ་ཐབས་ཞིབ་འཇུག་དང་། རུལ་སུངས་མི་ཐོན་པ་བྱེད་རྒྱུའི་ཉེན་ཟོན་སྔོན་བརྡ་གཏོང་ལམ་ཞིག་འཚོལ་ཞིབ་བྱེད་དགོས། དེང་དུས་ཀྱི་ཚན་རིག་དང་ཆ་འཕྲིན་དྲ་རྒྱ་སོགས་དེང་དུས་ཀྱི་ལག་རྩལ་སྤྱོད་མཁས་པོ་བྱས་ནས་སྲིད་ལས་ཞབས་ཞུ་དང་ཐོན་ཁུངས་ཉོ་འཚོང་ཞབས་ཞུའི་མ་ལག་དང་ལྟ་སྐུལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་གཙང་ཉེན་ཟོན་དང་སྟངས་འཛིན་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུའི་ཚན་རིག་ཅན་གྱི་ལག་རྩལ་འགན་སྲུང་མ་ལག་ཅིག་འཛུགས་དགོས།

        དུས་བབ་གསར་པའི་འོག་ཏང་གི་སྒྲིག་བཤེར་ལས་ཀ་ཡག་པོ་སྒྲུབ་དགོས་ན་འགག་རྩ་ནི་བྱང་ཚད་མཐོ་བའི་སྒྲིག་བཤེར་ལས་བྱེད་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་རྒྱུར་ཐུག་ཡོད། རིམ་ཁག་ཏང་ཨུད་ཀྱིས་སྒྲིག་བཤེར་ལས་ཁུངས་དང་། ལྷག་པར་དུ་གཞི་རིམ་སྒྲིག་བཤེར་ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ས་གནས་ཀྱི་རྫོང་རིམ་པའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཐོག་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལས་ཁུངས་ཀྱིས་འབད་བརྩོན་ལྷོད་མེད་ངང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་སྒྲུབ་ནུས་དང་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྒྲིག་བཤེར་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་དང་། ལྷག་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་ནན་ཏན་བྱས་ཏེ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་མ་ལག་གིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་སྒྲིག་བཤེར་ལས་ཁུངས་ཁག་ཆབ་སྲིད་ཐད་ལངས་ཕྱོགས་བརྟན་པ་དང་། གོང་བུ་འགྲིལ་ཤུགས་ཆེ་བ། འཐབ་རྩོད་བྱེད་ནུས་ཆེ་བ་བཅས་ཀྱི་འགོ་ཁྲིད་ཚན་ཁག་ཅིག་ཏུ་འཛུགས་སྐྱོང་བྱེད་དགོས། རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། སྒྲིག་བཤེར་ལས་ཁུངས་ཀྱི་ལས་བྱེད་མི་དོན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ལས་གནས་བརྗེ་རེས་དང་གནས་སྦྱར་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ལས་བྱེད་པ་ལུགས་མཐུན་བསྐོ་སྒྲིག་བྱས་ཏེ་མི་ནུས་གང་ཡོད་འདོན་ཐུབ་པ་དང་དེ་གང་ཡོད་བེད་སྤྱོད་གཏོང་ཐུབ་པ་བྱེད་དགོས། འཇོན་ཐང་དང་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། སློབ་སྦྱོང་རྣམ་པའི་ལས་ཁུངས་གསར་གཏོད་ཤུགས་ཆེ་བྱས་ཏེ་ལག་ལེན་ཁྲོད་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ཐོག་སྒྲིག་བཤེར་ལས་བྱེད་པས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བར་ཞབས་ཞུ་སྒྲུབ་རྒྱུ་དང་། འགན་སྲུང་བྱེད་རྒྱུ། སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ནུས་པ་དང་། མང་ཚོགས་ཀྱི་ལས་ཀ་ཡག་པོ་སྒྲུབ་རྒྱུ་དང་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ནུས་པ། རུལ་སུངས་ལ་འགོག་ཟོན་བྱེད་པའི་ནུས་པ་བཅས་ཆེ་རུ་གཏོང་དགོས། སྤྱོད་ཚུལ་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ལས་བྱེད་པར་དོ་དམ་ནན་པོ་བྱེད་རྒྱུ་དང་དཔུང་ཁག་སྣེ་ཁྲིད་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ལས་ཀའི་སྒྲིག་ཁྲིམས། གསང་སྲུང་གི་སྒྲིག་ཁྲིམས་བཅས་ཤུགས་ཆེར་བཏང་ཐོག ནང་ཁོངས་ཀྱི་དོ་དམ་དང་ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ལྟ་སྐུལ་དང་ཚོད་འཛིན་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་རང་ངོས་ཀྱི་སྤྱོད་ཚུལ་ཐད་ལྷག་པའི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་ཡག་པོ་བྱས་ཏེ་གཞུང་དྲང་བློས་འཁེལ་དང་། མི་དམངས་ལ་ཞབས་ཞུ་སྒྲུབ་པ། སྒྲིག་བཤེར་དྲང་གཞག་བྱེད་པ་བཅས་ཀྱི་སྒྲིག་བཤེར་ལས་བྱེད་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རྒྱ་ཆེའི་སྒྲིག་བཤེར་ལས་བྱེད་པས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་རང་འགུལ་ངང་ལྟ་སྐུལ་དང་ལེན་ཞུ་བ་དང་། སྒྲིག་བཤེར་དྲང་གཞག་བྱེད་པ། བཅའ་ཁྲིམས་གཞིར་བཟུང་ལས་དོན་སྒྲུབ་པ་བཅས་བྱས་ནས་སྙིང་ཉེ་བ་དང་། ཡིད་རྟོན་རུང་བ། གུས་བཀུར་ཐོབ་པ་བཅས་ཀྱི་མཚན་སྙན་བཟང་པོ་ཞིག་གཏོད་དགོས། ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས་གཞི་རིམ་གྱི་འཐབ་ས་དང་པོའི་ཐོག་སྦྱོང་བརྡར་དང་འཚར་ལོངས་ཐུབ་པ་བྱེད་དགོས་ཤིང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ལག་ལེན་ཁྲོད་དུ “ཏང་གི་སྲུང་དམག་ལྷག་བསམ་རྣམ་དག་ཅིག་དང་མང་ཚོགས་ཀྱི་སྙིང་ཉེ་བའི་མི་ཞིག ”བྱེད་རྒྱུའི་ཁས་ལེན་དམ་བཅའ་དོན་ལ་འཁྱོལ་བ་བྱེད་དགོས།

        རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་རིམ་ཁག་ཏང་རྩ་འཛུགས་ཀྱི་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ཞིག་དང་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ཕྲག་ཐོག་ཏུ་ཁུར་བའི་གཟི་བརྗིད་ཆེ་བའི་འགན་འཁྲི་ཞིག་ཡིན་པས་ང་ཚོས་ངེས་པར་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་དབྱང་སྒྲིག་ཨུད་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་ལས་དོན་ཧུར་ཐག་སྤེལ་ཏེ་བསྒྱུར་བཅོས་དང་གསར་གཏོད་བྱེད་པའི་སྙིང་སྟོབས་ཀྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་སྐུལ་སྤེལ་བཏང་ཐོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།

        (ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།