དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

     ཁྲེན་ཆོན་གོ   

        ཟླ་11ཚེས་12ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་བོད་ལྗོངས་མི་དམངས་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཁྲེན་ཆོན་གོས་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ།

        བློ་མཐུན་རྣམ་པ།

        ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་གཟབ་རྒྱས་ངང་སྐོང་ཚོགས་བྱས་པ་རེད། ད་ལྟ། ངས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྙན་སྒྲོན་ཞུ་རྒྱུ་ཡིན།

        ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་གྱི་ལས་འགན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པའི་སྐབས་སུ་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཚུན་གྱི་ལས་ཀར་ཕྱོགས་སྡོམ་དང་ཕྱི་མིག་བལྟ་བ་དང་། ཕྱིས་འབྱུང་ལོ་ལྔའི་རིང་གི་ལས་འགན་བཀོད་སྒྲིག་བྱས་ཐོག ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་སྒྲིག་འཛུགས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་སྐུལ་སློང་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དེ་ཡིན།

        གཅིག      བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་མཚོན་རྟགས་སུ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚུལ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད།

        རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་འཚོགས་ཚུན་གྱི་ལོ་ལྔ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་ཕྱིན་པའི་ ལོ་ལྔ་ཡིན་པ། སྤྱི་ཚོགས་ཀྱི་དུས་བབ་རྩ་བའི་ཆར་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་སྲ་བརྟན་དུ་སོང་བའི་ལོ་ལྔ་ཡིན་པ། དམངས་འཚོར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་དང་མི་རིགས་ཁག་གི་མི་དམངས་ལ་ཕན་པ་མང་པོ་ཐོབ་པའི་ལོ་ལྔ་བཅས་ཡིན། རྒྱལ་ཁབ་ཕྱི་ནང་གི་ཪྙོག་འཛིང་ཆེ་བ་དང་འཕོ་འགྱུར་ཆེ་བའི་དུས་བབ་ཀྱི་མདུན་དང་། གོང་འཕེལ་གཏོང་རྒྱུ་དང་བརྟན་ལྷིང་ཡོང་བ་བྱེད་པའི་དཀའ་ཚེགས་ཆེ་ཞིང་ལས་འགན་ཧ་ཅང་ལྕི་བའི་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཚན་རིག་དང་མ ཐུན་པའི་གོང་འཕེལ་ལྟ་བས་བཀོད་ཁྱབ་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་ལེགས་སྐྱོང་། འབྱུང་ཁམས་དཔལ་ཡོན་ལེགས་སྐྱོང་། ཏང་འཛུགས་སྐྱོང་བཅས་བྱེད་རྒྱུར་སྐུལ་སྤེལ་བཏང་བས་བྱ་གཞག་ཁག་ལ་གལ་ཆེའི་གྲུབ་འབྲས་གསར་པ་ཐོབ་ཡོད།

        —— དཔལ་འབྱོར་རྒྱུན་མཐུད་ནས་གོང་འཕེལ་མྱུར་པོ་བྱུང་བ། ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་པར་སླེབས་ཤིང་། 2010ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དང་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ཁག་སོ་སོར་སྒོར་དུང་ཕྱུར་507.46དང་སྒོར་དུང་ཕྱུར་36.65ཟིན་པ་དེ་2005ལོའི་ལྡབ་1.8 དང་ལྡབ་3ཡིན་པ་དང་། ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་ཞིང་ཐོན་ལས་གསུམ་གྱི་གྲུབ་ཆ་དེ་13.5:32.3:54.2བཅས་སུ་ལེགས་སྒྲིག་བྱས་པ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ཤུགས་ཆེ་འཕར་ཞིང་ལོ་ལྔའི་ནང་ཁྱོན་བསྡོམས་སྒོར་དུང་ཕྱུར་1656.14ལེགས་གྲུབ་བྱུང་བ་དེ་ནི “ལོ་ལྔ་ཚན་བཅུ་པའི ”ལྡབ་2.4ཡིན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་མངོན་གསལ་དོད་པོས་ཤུགས་ཆེར་སོང་ཞིང་། མཚོ་བོད་ལྕགས་ལམ་དང་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་སྐྱོད་གཞུང་ལམ་སོགས་ཀྱིས་མཚོན་པའི་འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད། མདོང་ལམ་སོགས་གལ་ཆེའི་རྣམ་གྲངས་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ཀྱིས་སྐྲུན་པ་དང་། བོད་ལྗོངས་མཁའ་འགྲུལ་ཀུང་སི་བཙུགས་ནས་ལས་གཉེར་བྱས་པ། གཞུང་ལམ་གྱི་མོ་ཊ་ཤར་བགྲོད་ཐུབ་ཚད་ཁྱོན་བསྡོམས་སྤྱི་ལེ་ཁྲི་5.82 ཟིན་པ་དེ་2005ལོ་ལས་སྤྱི་ལེ་ཁྲི་1.45རིང་དུ་སོང་བ། གློག་འདོན་འཕྲུལ་ཤུགས་ཆན་ཝ་ཁྲི་112.13ཟིན་པ་དེ་2005ལོའི་ལྡབ་2.3ཡིན་པ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་185.3ཟིན་པ་དེ་2005ལོའི་ལྡབ་2.5བཅས་ཡིན།

        —— མང་ཚོགས་ཀྱི་འཚོ་བར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་དེ་2005ལོའི་སྒོར་2078ཡིན་པ་ནས་སྒོར་4139ལ་འཕར་བ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་སྒོར་8411ནས་སྒོར་14980ལ་འཕར་བ། བདེ་སྡོད་ལས་གྲྭས་འཚང་ཁར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། དུད་ཁྱིམ་ཁྲི་27.48དང་ཞིང་འབྲོག་མང་ཚོགས་ཁྲི་140 ལྷག་ཙམ་སྡོད་ཁང་གསར་པར་སྤོས་པ་དང་། ཤང་ཚང་མར་དྲ་ ཆེན་ཤར་གཏོང་ཐུབ་པ་དང་གྲོང་ཚོ་ཚང་མར་ཁ་པར་ཁྲིད་པ། ཤང་གྲོང་99.7%དང་སྲིད་འཛིན་གྲོང་ཚོ་81.2%ལ་གཞུང་ལམ་ཤར་གཏོང་ཐུབ་པ་བྱུང་བ། མི་ཁྲི་88ལ་གློག་སྤྱོད་རྒྱུ་བྱུང་བ་དང་མི་ཁྲི་153ལ་འཐུང་ཆུ་གནོད་མེད་ཡོང་བ་བཟོས་པ། གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་ཚགས་ཚུད་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ལ་རིན་མེད་སྨན་བཅོས་བྱེད་པའི་ལམ་ལུགས་རྩ་བའི་ཆར་བཙུགས་ཟིན་པ། གྲོང་ཁྱེར་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཅིང་། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པ་ཚང་མར་ཁེབས་པ་དང་། གྲོང་ཁྱེར་གྲོང་རྡལ་གྱི་རྒན་གསོ་དང་། ལས་ཤོར། ལས་རྨས། ཕྲུ་གུ་སྐྱེ་གསོ་བཅས་ཀྱི་འགན་བཅོལ་ལམ་ལུགས་ཐོག་མའི་ཆར་བཟོས་ཟིན་པ། རྒྱལ་ཡོངས་ནང་སྔོན་དུ་གྲོང་ཁྱེར་གྲོང་གསེབ་ཀྱི་རིན་མེད་འགན་བབ་སློབ་གསོ་ལག་བསྟར་བྱས་ནས “གཞི་རྩའི་ཆ་གཉིས ”ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་དང་འགན་བབ་སློབ་གསོ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་དོན་འཁྱོལ་བྱས་པ། གྲོང་ཁྱེར་གྲོང་རྡལ་གྱི་ཐོ་འཁོད་ལས་ཤོར་བྱེད་ཚད་དེ་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད།

        —— ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གལ་ཆེའི་རྒྱལ་ཁ་ཐོབ་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལྷ་སའི “གསུམ་པའི་བཅུ་བཞིའི ”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་གི་དོན་རྐྱེན་ཁྲིམས་བཞིན་བློ་ཐག་ཆོད་པོས་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱས་ཡོད། ཏཱ་ལ་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་བཏང་ཞིང་། ཆོས་ལུགས་བྱ་བ་དང་ལྷག་པར་དུ་གཙོ་གནད་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། ཏང་སྲིད་དམག་དང་། ཉེན་རྟོག མང་ཚོགས་བཅས་ལྔ་པོས་མཉམ་སྲུང་མཉམ་འགུལ་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་ཚགས་ཚུད་ཅིག་བཟོས་པ། སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་འགོག་ཟོན་མ་ལག་ཆ་ཚང་པོ་བཟོས་པ། བོད་འབྲེལ་གྱི་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ། སྤྱི་ཚོགས་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་བྱེད་སྟངས་གསར་གཏོད་བྱས་པ་བཅས་ཀྱིས་གལ་ཆེའི་བྱེད་སྒོ་ཁག་དང་འཚུབ་ཆ་ཆེ་བའི་སྐབས་ཀྱི་བརྟན་ལྷིང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱས་ཏེ་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུར་གལ་ཆེའི་གྲུབ་འབྲས་ཐོབ་ཡོད།

        —— མི་རིགས་མཐུན་སྒྲིལ་སྲ་བརྟན་གོང་འཕེལ་བྱུང་བ། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ཞིང་། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་ནས་ལོ་50འཁོར་བ། ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་བཅས་ཀྱི་སྐབས་དང་བསྟུན་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཏཱ་ལ་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་གཙོ་དོན་མི་སེམས་སུ་ཟུག་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་འགྲོ་བ་བཅས་ཀྱི་རྣམ་པ་ཟམ་མི་ཆད་པར་སྲ་བརྟན་གོང་འཕེལ་བྱུང་ཡོད།

        —— རིག་གནས་དར་སྤེལ་གཏོང་རྒྱུར་ཕན་འབྲས་ཆེན་པོ་ཐོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་བ་དང་། བསམ་བློ་ཀུན་སྤྱོད་ལེགས་སྐྱོང་དང་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་བའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་གལ་ཆེའི་དྲིལ་བསྒྲགས་ཀྱི་དམག་འཐབ་རབ་དང་རིམ་པ་དང་མང་ཚོགས་རང་བཞིན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་ཁག་ཏན་ཏིག་ནུས་ལྡན་ངང་སྤེལ་བ་དང་བཀྲག་ཆེན་པོ་བྱུང་ཡོད། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་ཚགས་ཚུད་པོ་བཟོས་ཤིང་། རྫོང་རིམ་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་ཡོངས་སུ་ཁེབས་པ་དང་། རླུང་འཕྲིན་དང་བཪྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར་90.28%དང་91.41%ཟིན་ཡོད། རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་ཧུར་ཐག་བཏང་ནས་རིག་གནས་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་བ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཐུབ་པ་བྱུང་ཡོད། དེ་བཞིན་གསར་འགྱུར་ད པེ་སྐྲུན་དང་། རྩོམ་རིག་སྒྱུ་རྩལ། ལུས་རྩལ་སོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་ཡོད།

        —— ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་འཆར་འགོད་གང་མགྱོགས་ལག་བསྟར་བྱས་ཤིང་། ལོ་ལྔའི་རིང་ཤིང་འཛུགས་ནགས་གསོ་དང་། རྨོ་སྐྱུར་ནགས་གསོ། སྐྱས་སྤོས་རྩྭ་གསོ། བྱེ་སྐྱོན་འགོག་བཅོས་བཅས་མུའུ་ཁྲི་6206བྱས་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་47དང་འབྱུང་ཁམས་ནུས་འདུས་སྲུང་སྐྱོབ་ཁུལ་21བཙུགས་ཡོད། ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་སྟེ་སྦགས་བཙོག་དངོས་རིགས་གཙོ་གྲས་འབུད་གཏོང་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཞིང་། སྒོར་ཁྲིའི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་ཟད་ཚད་དེ་2005ལོ་ལས་12%ཆག་ཡོད་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་མཁའ་རླུང་གཙང་མ་ཡོང་ཚད་98%ཡན་ཟིན་ཡོད།

        —— ཏང་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་བསྟར་བ་དང་། སྔོན་གཏོད་ལེགས་བརྩོན་དང་གཞི་རིམ་འཛུགས་སྐྱོང་ལོའི་བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཏང་གི་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་རིམ་པ་ཁག་གི་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་དཔུང་ཁག ཤེས་ལྡན་པའི་དཔུང་ཁག་བཅས་ལེགས་སྐྱོང་བྱེད་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་བཏང་བ། ཏང་ཡོན་གྱི་དཔུང་ཁག་ཟམ་མི་ཆད་པར་སྟོབས་ཆེར་སོང་ཞིང་། ཏང་ཡོན་བསྡོམས་འབོར་ཁྲི་20.8ཟིན་པ། སྲིད་འཛིན་གྲོང་ཚོ་དང་སྡེ་ཁུལ་ཚང་མར་གཞི་རིམ་ཏང་རྩ་འཛུགས་ཁེབས་པ་དང་གྲོང་ཚོའི (གྲོང་ལྷན )རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ས་5451སྐྲུན་པ། ལས་བྱེད་རྒན་གྲས་ཀྱི་ལས་དོན་སྤེལ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་པ་དང་ཏང་ཡོན་རྒན་གྲས་དང་དཔེ་བཟང་བ་རྒན་གྲས་ལ་དམིགས་བསལ་ཐུགས་ཁུར་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཏང་གིས་བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད ་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པར་འགོ་ཁྲིད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པ ་བཅས་བྱས་ནས་ཏང་གིས་བོད་དུ་སྲིད་སྐྱོང་བྱེད་པའི་གནས་བབ་དེ་བས་སྲ་བརྟན་དུ་གྱུར་ཡོད།

        ལོ་ལྔའི་རིང་གི་གོང་འཕེལ་གྱི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས། བྱས་རྗེས་ནི་འོད་སྟོང་འཕྲོ་བ་ཞིག་དང་། གྲུབ་འབྲས་ནི་མི་སེམས་ལ་ངར་སྐུལ་ཐེབས་པ་ཞིག་བྱུང་ཡོད། དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མཁས་མཛངས་ལྡན་པའི་ཇུས་བཀོད་གནང་བའི་འབྲས་བུ་ཡིན་པ་དང་། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད། ཀྲུང་དབྱང་གི་རྐང་འཛིན་ཁེ་ལས་བཅས་ཀྱིས་ལྷག་བསམ་ཟོལ་མེད་ངང་ཐུགས་ཁུར་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གིས་ཐེ་ཞུགས་ཧུར་ཐག་བྱས་པ་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་འབྲས་བུ་ཡིན་ལ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྙིང་རུས་ཡར་བརྩོན་དང་ཐུན་མོང་ཐོག་འབད་འཐབ་བྱས་པའི་འབྲས་བུའང་ཡིན། ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་ཆེད་དུ་གལ་ཆེའི་ལེགས་སྐྱེས་འབུལ་མཁན་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

        ལོ་ལྔའི་ལག་ལེན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་བརྒྱུད་ང་ཚོར་མྱོང་ཚོར་ཟབ་མོ་ཞིག་བྱུང་བ་ནི། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ན། ངེས་པར་དུ་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་། ངེས་པར་དུ་རྒྱལ་ཁབ་ཕྱི་ནང་གི་དོན་ཆེན་གཉིས་ལ་དམིགས་ཏེ་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་། སྔོན་དཔག་རང་བཞིན། རང་འགུལ་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ། ངེས་པར་དུ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་བཅས་རྣམས་བོད་ཀྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དགོས་པ། ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་གནང་བ་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས་པ། ངེས་པར་དུ་གཙོ་དོན་དང་གཙོ་རྐང་ལ་དམ་པོར་དམིགས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་ཡོང་བ། དམངས་འཚོ་ལེགས་བཅོས་བྱེད་པ། འབྱུང་ཁམས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ། ངེས་པར་དུ་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་བཙུགས་ཏེ་གཏིང་ཟབ་རྒྱུན་བསྲིང་གི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས་པ། ངེས་པར་དུ་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ། ངེས་པར་དུ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་དཔུང་ཁག གཞི་རིམ་རྩ་འཛུགས། དེ་བཞིན་ཏང་ཡོན་དཔུང་ཁག་བཅས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་ཤུགས་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

        གྲུབ་འབྲས་ཐོབ་པར་གདེང་འཇོག་གང་ལེགས་བྱེད་པ་དང་སྦྲགས། འཕྲད་པའི་དཀའ་ངལ་དང་འགྲན་སློང་ལའང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས་ཤིང་། དེ་ཡང་མངོན་གསལ་དོད་ཤོས་ནི། དཔལ་འབྱོར་གོང་འཕེལ་གཏོང་བའི་གོམ་པ་སྤོ་ཕྱི་བ་དང་། རྨང་གཞི་ཞན་པ། གསོག་འཇོག་ཉུང་བ། འབྱོར་སྟོབས་ཞན་པ་བཅས་ཡིན་པ་དང་། སྤྱི་ཚོགས་བྱ་གཞག་གི་སྤྱིའི་ཆུ་ཚད་ཅུང་རྗེས་ལུས་ཡིན་པ་དང་སྤྱི་ཚོགས་ཀྱི་འགན་སྲུང་བྱེད་ནུས་ཅུང་ཞན་པ། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མི་ཁག་གཅིག་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཁག་གཅིག་གི་འཚོ་བ་ད་དུང་དཀའ་ངལ་ཆེ་ཙམ་ཡོད་པ་དང་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་རྨང་གཞི་ཅུང་ཞན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་བཞིན་རྣོ་ངར་དང་ཪྙོག་འཛིང་ཆེ་བ། སྤྱི་ ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ལ་ཧ་ཅང་ལྕི་བ། གཞི་རིམ་ཏང་རྩ་འཛུགས་རེ་ཟུང་ནུས་མེད་གཉོད་ཆུང་ཡིན་པ་དང་། ཏང་ཡོན་ཉུང་ཤས་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་མི་ཐུབ་པ་བཅས་ཡིན་པས། ང་ཚོས་ངེས་པར་དུ་དེ་དག་ལ་མཐོང་ཆེན་བྱས་ཏེ་ཐག་གཅོད་ཏན་ཏིག་བྱེད་དགོས།

        གཉིས།     ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་འགུལ་ཤུགས་སུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་བྱེད་པའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

        སླད་ཕྱིན་ལོ་ལྔ་ནི་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་འགག་རྩའི་དུས་སྐབས་ཤིག་དང་མུ ་མཐུད་དེ་རྒྱལ་ཡོངས་གོང་འཕེལ་འགྲོ་བའི་གོམ་སྟབས་ཀྱི་རྗེས་ཟིན་ཐུབ་པ་བྱེད་རྒྱུར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་གལ་ཆེའི་དུས་སྐབས་ཤིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འགན་འཁྲི་འཁུར་སེམས་དང་། དུས་ལ་གཏུག་སེམས། ལས་འགན་སྒྲུབ་སེམས་བཅས་ཤུགས་ཆེར་བཏང་ནས་དུས་བབ་ལ་ངོས་འཛིན་གསལ་པོ་དང་། ལས་འགན་ཁ་གསལ། གོ་སྐབས་དམ་འཛིན། འབད་བརྩོན་ལྷོད་མེད་བཅས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། ཞི་མཐུན་བོད་ལྗོངས། འབྱུང་ཁམས་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྱོང་བྱེད་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས།

        རང་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་ཤེས་རྟོགས་བྱེད་དགོས་པ་སྟེ། ཕྱོགས་བསྡུས་བྱས་ཏེ་བལྟས་ན། མིག་སྔའི་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་སྔར་བཞིན་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་དངོས་པོ་དང་རིག་གནས་དགོས་མཁོ་དང་རྗེས་ལུས་ཡིན་པའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་དབར་གྱི་འགལ་བ་དེ་ཡིན་པ་དང་ཕྱོགས་མཚུངས་བོད་དུ་ད་དུང་མི་རིགས་ཁག་གི་མི་དམངས་དང་ཏཱ་ལ་རུ་ཚོགས་ཀྱིས་མཚོན་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་འགལ་བ་གནས་ཡོད། རང་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་དེས་བོད་ཀྱི་ལས་དོན་གྱི་གཙོ་གནད་དེ་ངེས་པར་དུ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱས་ཐོག བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་དེ་རེད།

        འཕྲད་དཀའ་བའི་གོ་སྐབས་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་གོ་སྐབས་ཡིན་པ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང། ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་གསུམ་གྱི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྔ་བར་ཕྱི་གསུམ་དུ་བོད་ལྗོངས་ཐུགས་ལ་འཇོག་པ་དང་། བོད་ལ་མཐོང་ཆེན། བོད་ལ་རྒྱབ་སྐྱོར་བཅས་གནང་སྟེ་བོད་ཀྱི་འཛུགས་སྐྲུན་དང་གོང་འཕེལ་གཏོང་ཕྱོགས་ཐད་འཆར་འགོད་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། གཉིས་ནི་ལོ་རྒྱུས་ཀྱི་གོ་སྐབས་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེ ས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་དྲན་གསོ་ཞུས་པ་དང་། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པས་བོད་ཀྱི་མངོན་གསལ་དོད་ཤོས་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་དཀའ་ངལ་ཐག་གཅོད་བྱེད་རྒྱུར་སྲ་ཞིང་བརྟན་པའི་འགན་སྲུང་བྱས་ཡོད། གསུམ་ནི་སྲིད་ཇུས་ཀྱི་གོ་སྐབས་ཡིན་པ། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་སྐོང་ཚོགས་བྱས་ནས་ཆེད་མངགས་བོད་ཀྱི་ལས་དོན་ལ་རོགས་སྐྱོར་བྱེད་རྒྱུའི་བཀོད་སྒྲིག་བྱས་ཤིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་བྱས་ཏེ་དཔལ་འབྱོར་གྱི་བོད་སྐྱོར་དང་། ལས་བྱེད་པའི་བོད་སྐྱོར། ཤེས་ལྡན་པའི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར་བཅས་ཕན་ཚུན་ཟུང་འབྲེལ་གྱི་ལས་ཀའི་ལམ་སྲོལ་བཙུགས་ནས་བོད་འདི་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་འགུལ་ཤུགས་ཆེན་པོ་སྤྲད་ཡོད། བཞི་ནི་གོང་འཕེལ་གྱི་གོ་སྐབས་ཡིན་པ། ལོ་60རིང་འབད་བརྩོན་དང་གོང་འཕེལ་བཏང་བ་བརྒྱུད་བོད་ལ་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ནས་བྱ་གཞག་ཁག་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་གོང་འཕེལ་འགྲོ་བ་དང་མི་དམངས་མང་ཚོགས་བདེ་འཁོད་ལས་བརྩོན་ཐུབ་པའི་རྣམ་པ་བཟང་པོ་ཐོན་བཞིན་ཡོད། ལྷག་པར་དུ་མིག་སྔར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བརྟན་ལྷིང་དང་། མཐུན་སྒྲིལ། ཕྱུག་པོ། གོང་འཕེལ། འབྱོར་འབྲིང་བཅས་ཡོང་རེ་བྱེད་པའི་འདུན་པ་ཧ་ཅང་ཆེན་པོ་ཡོད་པ་དང་། སེམས་ཤུགས་རབ་ཏུ་འཕེལ་ཞིང་། བློ་སེམས་གཅིག་མཐུན་དང་བྱ་གཞག་གསར་གཏོད་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་མ་ཟད། ཀུན་འདུས་གཅིག་སྒྲིལ་དང་གསོན་ཤུགས་ཆེ་བའི་གོང་འཕེལ་གྱི་མདུན་ལམ་མངོན་བཞིན་ཡོད། “གོ་སྐབས་ཐོབ་དུས་མ་བཟུང་ན་བསྐྱར་དུ་གོ་སྐབས་འཕྲད་མི་སྲིད ”དེར་བརྟེན་ང་ཚོས་ངེས་པར་དུ་ཐོབ་པར་དཀའ་བའི་གོ་སྐབས་དེ་དག་གཅེས་འཛིན་ཆེན་པོ་དང་དམ་འཛིན་ལྷོད་མེད་བྱས་ནས་དུས་བསྟུན་ཡར་རྒྱས་དང་ཧུར་ཐག་འབད་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་རྒྱུའི་རླབས་ཆེན་བྱ་གཞག་མདུན་དུ་སྤེལ་དགོས།

        མཛུབ་ཁྲིད་བསམ་བློ་གསལ་པོ་སྟོན་དགོས་པ་སྟེ།

        སླད་ཕྱིན་ལོ་ལྔའི་ནང་ང་ཚོས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེན་མོའི་བྱེད་སྒོར་ཞུགས་སྐབས་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུར་སྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ད པལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱིས་འགན་སྲུང་བྱེད་པ། དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བྱེད་པ་བཅས་བྱས་ཏེ་གོང་འཕེལ་དང་བརྟན་ལྷིང་གི་དོན་ཆེན་གཉིས་དམ་པོར་བཟུང་ནས་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་སྤེལ་ཐུབ་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཙུགས་ཐོག དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བའི་འགན་ལེན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་ཐུབ་པའི་འགན་ལེན། འབྱུང་ཁམས་ཁོར་ཡུག་བཟང་པོ་ཡོང་བའི་འགན་ལེན་བཅས་ཐུབ་པ་བྱས་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

        འབད་འཐབ་དམིགས་ཚད་དོན་འཁྱོལ་བྱེད་དགོས་པ་སྟེ། སླད་ཕྱིན་ལོ་ལྔའི་ནང་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་འཕེལ་ངོ་རྒྱུན་འཁྱོངས་ཐུབ་པ་བྱས་ནས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་12%ཡན་འཕར་ཐུབ་པ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ལོ་རེར་ཆ་སྙོམས་15%ཡན་འཕར་ཐུབ་པ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ལོ་རེར་ཆ་སྙོམས་7.5%ཡན་འཕར་ཐུབ་པ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་འབབ་སྨར་ལོ་རེར་ཆ་སྙོམས་13%ཡན་འཕར་ཐུབ་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་སྤྱི་ཚོགས་འགན་སྲུང་ཁེབས་ཚད་དང་ཆུ་ཚད་མཐོ་རུ་ཤུགས་ཆེ་གཏོང་རྒྱུ། འབྱུང་ཁམས་ཁོར་ཡུག་སྔར་བས་ལེགས་བཅོས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་གོང་འཕེལ་ཆེན་པོ་ཡོང་བ་བྱེད་རྒྱུ། མི་རིགས་ཁག་མཐུན་སྒྲིལ་ཞི་མཐུན་ཡོང་བ་དང་། སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་རྨང་གཞི་དེ་བས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས།

        གསུམ།     དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་དགོས།

        གོང་འཕེལ་གཏོང་རྒྱུ་ནི་དོན་དམ་པ་ཡིན་ལ་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་ཡང་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་བཀོད་ཁྱབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་གོང་འཕེལ་གཏོང་རྒྱུའི་འདུ་ཤེས་གསར་གཏོད་དང་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས་རང་ངོས་ཀྱི་ཁྱད་ཡོན་དང་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་སྟོབས་ཆེ་བ་བཅས་ཀྱི་སྒོ་ནས་གོང་འཕེལ་གཏོང་དགོས།

        (གཅིག )དམིགས་བསལ་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་དགོས། ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད། ཀྲུའུ་དབྱང་གི་གཙོ་གནད་རྐང་འཛིན་ཁེ་ལས་བཅས་ཀྱི་ག་སྦྱར་རོགས་སྐྱོར་ནི་རང་ལྗོངས་གོང་འཕེལ་གཏོང་རྒྱུའི་དགོས་གལ་ཆེ་ཤོས་ཀྱི་ཆ་རྐྱེན་ཡིན་པས་དེ་དམ་འཛིན་ལྷོད་མེད་དང་ཆ་ཚང་བེད་སྤྱོད་ཡག་པོ་བྱེད་དགོས། ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འཁེལ་བྱས་པའི་ནོར་ཁྲལ་རོགས་སྐྱོར་སྲིད་ཇུས་དང་། དངུལ་རྩའི་རོགས་སྐྱོར་སྲིད་ཇུས། མ་འཇོག་གི་འཕར་གཟིགས་སྲིད་ཇུས། ཤེས་ལྡན་པའི་རོགས་སྐྱོར་སྲིད་ཇུས། ག་སྦྱར་རོགས་སྐྱོར་སྲིད་ཇུས་བཅས་རེ་རེ་བྱས་ནས་ཞིབ་འཇུག་དང་། རེ་རེ་བྱས་ནས་དབྱེ་གསེས་བྱས་ཏེ་སྲིད་ཇུས་ཁག་གི་ནང་དོན་དང་། བླང་བྱ། སྙིང་པོ་བཅས་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བྱེད་དགོས། རང་འགུལ་ཐོག་ནས་འབྲེལ་མཐུད་ཡག་པོ་བྱེད་དགོས་ཤིང་། རང་འགུལ་ཐོག་ནས་ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ལ་སྙན་སེང་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཟིགས་སྐྱོང་སྲིད་ཇུས་ཚང་མ་དོན་སྨིན་ཐུབ་པ་དང་གང་མགྱོགས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ག་སྦྱར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་རྐང་འཛིན་ཁེ་ལས་བཅས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་ཆད་ལུས་མེད་པར་དོན་སྨིན་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད། དཔལ་འབྱོར་གྱི་བོད་སྐྱོར་དང་། ལས་བྱེད་པའི་བོད་སྐྱོར། ཤེས་ལྡན་པའི་བོད་སྐྱོར། ཚན་རྩལ་གྱི་བོད་སྐྱོར། ལས་ཞུགས་བོད་སྐྱོར་བཅས་བྱེད་རྒྱུའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། ལེ་ལག་ཚང་སྒྲིག་གི་སྒོ་ནས་དོན་འཁྱོལ་བྱེད་དགོས་ཤིང་། དེ་མཚུངས་ཀྱི་ལེ་ལག་ཚང་སྒྲིག་གི་བྱ་ཐབས་དང་ཞིབ་ཕྲའི་ཐབས་ཤེས་གཏན་འཁེལ་བྱས་ནས་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་སྨིན་ཐུབ་པ་དང་དེའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པའི་འགན་ལེན་བྱེད་དགོས།

        (གཉིས )དམིགས་སུ་བཀར་ནས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་ནི་དཔལ་འབྱོར་ལས་ཀའི་འགག་གནད་ཡིན་པས་རྣམ་གྲངས་དམ་འཛིན་བྱེད་པ་ནི་དཔལ་འབྱོར་ལ་དམ་འཛིན་དང་། གོང་འཕེལ་ལ་དམ་འཛིན། མཆོང་སྐྱོད་ལ་དམ་འཛིན་བཅས་བྱེད་པ་ཞིག་ཡིན། གཙོ་གནད་མངོན་ཆེར་འཛིན་དགོས་ཤིང་། རྒྱལ་ཁབ་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི་”རིང་དམངས་འཚོ་ལེགས་བཅོས་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་གོང་འཕེལ། འབྱུང་ཁམས་སྲུང་སྐྱོབ། སྤྱི་ཚོགས་ལེགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་བོད་ལྗོངས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱེད་པའི་ཁྱོན་མ་དངུལ་སྒོར་དུང་ཕྱུར་3305 བཏང་བ་དང་གལ་ཆེའི་རྣམ་གྲངས་226ལག་བསྟར་བྱས་པ་དེ་ནུས་ཤུགས་གཅིག་སྒྲིལ་གྱིས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ནུས་ཤུགས་གང་ཡོད་བཏོན་ནས་ག་སྦྱར་རོགས་སྐྱོར་གྱི་རྣམ་གྲངས་ཁག་དོན་འཁྱོལ་དམ་འཛིན་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་དགོས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད་དང་། རོགས་སྐྱོར་འཛུགས་སྐྲུན་ཚན་པར་འབྲེལ་མཐུད་བྱེད་རྒྱུར་དམ་དོན་བྱས་ཏེ་རྣམ་གྲངས་རིག་པས་ཁུངས་སྐྱེལ་དང་ཞིབ་མཆན་འགོད་རྒྱུའི་ལས་དོན་གང་མགྱོགས་སྤེལ་རྒྱུ་དང་། ས་ཆ་བསྡུ་ལེན་བྱེད་པར་ཁ་གསབ་སྤྲོད་རྒྱུ་སོགས་རྨང་གཞིའི་ལས་དོན་ཧུར་ཐག་སྤེལ་ཏེ་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་ཐུབ་པ་དང་། སྔ་ཙམ་ལེགས་གྲུབ་ཐུབ་པ། སྔ་ཙམ་ཕན་འབྲས་ཐོན་ཐུབ་པ་བཅས་བྱེད་དགོས། སྤུས་འབོར་གཉིས་ལྡན་ཡོང་བ་བྱེད་དགོས་ཤིང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། ཚན་རིག་དང་མ ཐུན་པའི་ཨར་སྐྲུན་བྱེད་པ། ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ལེགས་ལས་གཞི་དང་དམངས་འདུན་ལས་གཞི་སྐྲུན་ཏེ་ལག་ལེན་དངོས་དང་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བྱེད་དགོས།

        (གསུམ )རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་རྒྱག་དགོས། རྨང་གཞིའི་སྒྲིག་བཀོད་སྔོན་ལ་འཛུགས་སྐྲུན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་གོང་འཕེལ་གཏོང་རྒྱུར་བཅུར་འགག་ཐེབས་རིགས་མེད་པ་ཧུར་ཐག་བཟོ་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་དགོས་ཤིང་། གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་7ཟིན་ཐུབ་པ་དང་། རྫོང་ཚང་མར་སྣུམ་ནག་གཞུང་ལམ་སྐྲུན་ཐུབ་པ། 60%ཡན་གྱི་ཤང་གྲོང་ལ་སྣུམ་ནག (ཨར་འདམ )གཞུང་ལམ་སྐྲུན་ཐུབ་པ་བཅས་བྱེད་དགོས་པ་དང་། ལྕགས་ལམ་བཟོ་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་ཁྲོན་བོད་དང་། ཡུན་བོད་ལྕགས་ལམ་བོད་ཀྱི་དུམ་བུ་བཟོ་སྐྲུན་བྱེད་རྒྱུར་སྐུལ་སྤེལ་དང་ལྗོངས་ནང་ཁུལ་གྱི་ལྕགས་ལམ་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་ལྕགས་ལམ་སྐྱེལ་འདྲེན་གྱི་ནུས་པ་མཐོ་རུ་གཏོང་དགོས། མཁའ་འགྲུལ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བོད་ལྗོངས་མཁའ་འགྲུལ་ཀུང་སི་རྒྱ་སྐྱེད་གཏོང་བ་དང་། ད་ཡོད་ཀྱི་གནམ་ཐང་ཉམས་བཟོ་དང་རྒྱས་སྐྲུན་གང་མགྱོགས་བྱེད་པ། ལྗོངས་ནང་ཁུལ་གྱི་ཡན་ལག་མཁའ་འགྲུལ་གོང་འཕེལ་གཏོང་བ། རྒྱལ་ཕྱི་རྒྱལ་ནང་གི་མཁའ་ལམ་མང་དུ་གཏོང་བ་བཅས་བྱས་ནས་ལྗོངས་ཕྱི་ནང་དང་རྒྱལ་ཁག་ཕྱི་ནང་མཐུན་སྦྱོར་མཉམ་འགུལ་གྱི་མཁའ་འགྲུལ་དྲ་རྒྱ་ཞིག་ཆགས་པ་བྱེད་རྒྱུ། ཕྱོགས་བསྡུས་ནུས་ཁུངས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། སྣུམ་རླངས་ལས་གཞི་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། ཆུ་གློག་དང་། ཉི་ནུས། རླུང་ནུས། ས་འོག་ཚ་ནུས་སོགས་བསྐྱར་སྤྱོད་ནུས་རྒྱུ་གསར་སྤེལ་ཤུགས་ཆེ་བྱེད་པ། གློག་ཤུགས་དྲ་སྒྲོམ་དང་གློག་དྲ་འཛུགས་སྐྲུན་དང་ལེགས་བཅོས་གང་མགྱོགས་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་གློག་ཤུགས་འཕྲུལ་འདོན་ཆན་ཝ་ཁྲི་260ཟིན་ཐུབ་པ་བྱས་ཐོག ལྗོངས་ཡོངས་ཀྱི་མི་ཚང་མར་གློག་རྩ་བའི་ཆར་སྤྱོད་ཐུབ་པའི་འབད་བརྩོན་བྱེད་རྒྱུ། དེང་དུས་ཀྱི་འཕྲིན་གཏོང་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། བོད་ནས་ཕྱིར་གཏོང་དང་བོད་དུ་ནང་འདྲེན་གྱི་འོད་འཆུན་འཕྲིན་ལམ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འགུལ་སྐྱོད་དྲ་རྒྱའི་ཁེབས་རྒྱ་ཆེ་རུ་གཏོང་བ་དང་དྲ་ཆེན་འཕྲིན་གཏོང་ལས་གཞིར་སྐུལ་སྤེལ་བཏང་ནས་ཤང་ཚང་མར་འོད་ཆུན་ཁྲིད་ཐུབ་པ་དང་ཆ་རྐྱེན་ཚང་བའི་སྲིད་འཛིན་གྲོང་ཚོ་ཚང་མར་དྲ་ཆེན་ཁྲིད་ཐུབ་པ་བྱེད་དགོས་པ་དང་། སྦྲག་ལས་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཤང་གྲོང་ཁག་ལ་སྦྲག་ལས་དྲ་ཚུགས་སྤྱིའི་ཆ་ནས་ཡོངས་སུ་ཁེབས་ཐུབ་པ་བྱེད་དགོས། ཆུ་བེད་ཀྱི་འགན་སྲུང་མ་ལག་བསྐྲུན་དགོས་ཤིང་། གནོད་མེད་འཐུང་ཆུ་དང་། ཁུལ་ཁོངས་ཀྱི་ཆུ་ལོག་སྔོན་འགོག གྲོན་ཆུང་ངང་ཞིང་ཆུ་འདྲེན་གཏོང་། ཆུ་འགོ་སྲུང་སྐྱོབ། ཆུ་བེད་གཙོ་རྟེན་ལས་གཞི། དེ་བཞིན་དམིགས་བསལ་ས་ཁུལ་གྱི་ཆུ་བེད་ལས་གཞི་བཅས་གཙོ་གནད་དུ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཆུ་ལོག་སྔོན་འགོག་དང་། ཐན་འགོག ཞིང་ཆུ་འདྲེན་གཏོང་། ཆུ་མཁོ་འདོན། གློག་འདོན་སོགས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་དང་འགན་སྲུང་བྱེད་ནུས་མཐོ་རུ་གཏོང་དགོས།

        (བཞི )ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་དགོས། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གང་མགྱོགས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས། ཐོན་ལས་དང་པོ་གོང་མཐོར་གཏོང་དགོས་ཤིང་། ཞིང་འབྲོག་ལས་ལ་ཤུགས་སྣོན་དང་། ཞིང་འབྲོག་ལས་ལ་ཕན་སྦྱར། ཞིང་འབྲོག་པ་ཕྱུག་སྒྱུར་བཅས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་དང་དོན་འཁྱོལ་བྱས་ནས་འབྲུ་རིགས་ཐོན་འཕར་ཡོང་བའི་འཆར་འགོད་ལག་ལེན་བསྟར་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་འབྲུ་རིགས་ཐོན་ འབོར་དེ་ཀྲོན་ཁྲི་95ཡས་མས་སུ་བརྟན་གནས་ཐུབ་པ་དང་། སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་33ཟིན་པ། རང་ཁ་རང་གསོ་བྱེད་ཚད་90%ཡན་ཟིན་པའི་བརྩོན་ལེན་བྱེད་དགོས་པ། ནགས་ལས་དང་། ནགས་གསེབ་ཀྱི་ཐོན་ལས། འབྲོག་ལས་བཅས་གོང་འཕེལ་ཤུགས་ཆེ་བཏང་ནས་འབྲོག་ལས་ཀྱིས་ཞིང་ལས་ཀྱི་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་50%ཡན་ཟིན་པའི་བརྩོན་ལེན་བྱེད་དགོས་པ། ཞིང་ཞོར་ཐོན་རྫས་བཟོ་སྣོན་ཞིབ་ཚགས་དང་ཞིང་ལས་ཐོན་ལས་ཅན་དུ་གཉེར་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་40%ཡན་ཟིན་པ་བཅས་བྱེད་དགོས། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་དགོས་ཤིང་། ནུས་རྒྱུའི་ཐོན་ལས་དང་། ཁྱད་ལྡན་གཏེར་ལས། བོད་ལུགས་གསོ་རིག་སྨན་རྫས་ལས་རིགས། ས་མཐོའི་ཁྱད་ལྡན་བཟའ་བཅའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་གཙོ་རྟེན་ཐོན་ལས་དམིགས་སུ་བཀར་ནས་དམ་འཛིན་བྱེད་པ་དང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གོར་མོའི་བོད་མཚོ་བཟོ་ལས་ཁུལ་གང་མགྱོགས་བཙུགས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་ཁེ་ལས་ཚོགས་པ་ཆེ་གྲས་10ཡན་འཛུགས་ཐུབ་པ་དང་བཟོ་ལས་ཀྱི་རིན་ཐང་འཕར་མས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་15%ཡན་ཟིན་པ་བྱེད་དགོས། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་དགོས་ཤིང་། ཁྱད་ལྡན་ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་འཛུགས་སྐྱོང་ཧུར་ཐག་གིས “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་ཡུལ་སྐོར་བ་མི་ཐེངས་ཁྲི་1500 ལ་སྣེ་ལེན་བྱེད་ཐུབ་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་ཀྱིས་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་20%ཡན་ཟིན་ཐུབ་པ་བྱེད་རྒྱུ། ཚོང་དོན་ཟོག་འགྲེམས་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འགྲེམས་མ་ལག་དང་། ཞིང་འབྲོག་ཁུལ་གྱི་ཚོང་དོན་འཁོར་རྒྱུགས་ཞབས་ཞུའི་དྲ་རྒྱ། མཚོ་བོད་ལྕགས་ལམ་ནག་ཆུའི་ཟོག་འགྲེམས་ཁུལ་བཅས་གང་མགྱོགས་འཛུགས་སྐྲུན་བྱས་ཏེ་སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་བྱེད་ཚད་ཀྱི་སྤྱི་འབོར་དེ་ལོ་རེར་ཆ་སྙོམས་15%ཡན་འཕར་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། དངུལ་རྩའི་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་སྟེ། བོད་ཀྱི་དོན་དངོས་དང་མཐུན་པའི་དངུལ་རྩའི་དོ་དམ་ཞབས་ཞུའི་མ་ལག་ཅིག་འཛུགས་རྒྱུ་དང་འཛིན་ལོར་དང་། འགན་བཅོལ། ཡིད་རྟོན་མངགས་བཅོལ། ཁག་ཐེག་སོགས་དངུལ་རྩའི་ལས་སྒོ་ཧུར་ཐག་སྤེལ་ནས་དངུལ་རྩ་གཉེར་མཁན་མང་དུ་གཏོང་བ་དང་སྟོབས་ཆེར་གཏོང་བའི་ཐོག དངུལ་རྩའི་ཐོན་རྫས་གསར་གཏོད་ཀྱིས་ཁེ་ལས་ཁྲོམ་རའི་ནང་ཞུགས་ཏེ་མ་རྩ་མཉམ་འདུས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཁེ་ལས་ཁག་5ཡན་ཁྲོམ་རའི་ནང་ཞུགས་ཐུབ་པའི་བརྩོན་ལེན་བྱེད་དགོས། དུས་མཚུངས་སུ་གློག་རྡུལ་ཚོང་དོན་དང་། ཟོག་འབྲེལ་དྲ་བ། ཆ་འཕྲིན། ཞབས་ཞུ། གཟུགས་བདེ་ལུས་སྦྱོང་། ཁྱིམ་སྐྱོང་རྒན་གསོ། ས་ཁོངས་དང་ཟོག་འགྲེམས་དོ་དམ་སོགས་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་དགོས།

        (ལྔ )ཚན་རྩལ་ཡར་ཐོན་དང་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། ཚན་རིག་ལག་རྩལ་གྱིས་དཔལ་འབྱོར་གོང་འཕེལ་གཏོང་བའི་ནང་གི་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྔོན་ཐོན་སྤྱོད་གོ་ཆོད་པའི་ལག་རྩལ་ནང་འདྲེན་བྱེད་རྒྱུར་མཐོང་ཆེན་གྱིས་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་དང་གསར་གཏོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལས་སྟེགས་སྐྲུན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གཙོ་གནད་ཚོད་ལྟ་ཁང་དང་། ལས་གྲྭའི་ལག་རྩལ་ལྟེ་གནས། ཚན་རྩལ་གསོ་ཆས། ཚན་རྩལ་འདུས་ཤུགས་ཆེ་བའི་ཐོན་ལས་ཁུལ། དཔེ་མཚོན་རྟེན་གཞི་བཅས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་རྣམ་པའི་ཁེ་ལས་ཁག་40གཙོ་གནད་དུ་འཛུགས་སྐྱོང་དང་རོགས་སྐྱོར་བྱེད་དགོས། ཆེད་དོན་རྣམ་གྲངས་བརྩོན་ལེན་བྱེད་དགོས་ཤིང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། སྐྱེ་དངོས་ཐོན་ལས། བོད་ལུགས་གསོ་རིག་སྨན་རྫས་ལས་རིགས། ནུས་རྒྱུ་གསར་པ། མདོག་ལྡན་ལྕགས་རིགས་ལས་རིགས་སོགས་ཀྱི་ཐད་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་ཆེད་དོན་རྣམ་གྲངས་ཆེ་རིགས་8ལག་བསྟར་བྱེད་རྒྱུ་དང་། ཚན་རྩལ་འགག་སྒྲོལ་རྣམ་གྲངས་45སྤེལ་ཏེ་ལྟེ་བའི་ལག་རྩལ་ཁག་གཅིག་སྔར་མེད་གསར་གཏོད་ཐུབ་པ་བྱེད་དགོས། དངོས་སྒྱུར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཚན་རྩལ་འབྲས་བུ་དངོས་སྒྱུར་བེད་སྤྱོད་གང་མགྱོགས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་ཚན་རྩལ་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ལེགས་སྐྱེས་འབུལ་ཚད་40%ཡན་ཟིན་པ་བྱེད་དགོས། ཁྱབ་གདལ་རྒྱ་ཆེར་གཏོང་དགོས་ཤིང་། ཚན་རྩལ་ཁྱབ་གདལ་རྟེན་གཞི་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔོན་ཐོན་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་ཤུགས་ཆེ་གཏོང་རྒྱུ་དང་ཉེར་མཁོའི་ཚན་རྩལ་ཤེས་བྱ་ཁྱབ་གདལ་བཏང་ནས་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་ཚད་མཐོ་རུ་གཏོང་དགོས།

        (དྲུག )ས་ཁོངས་གཅིག་གྱུར་ཐོག་འཆར་འགོད་དང་མཐུན་སྦྱོར་ལྡན་པའི་ངང་གོང་འཕེལ་གཏོང་དགོས། དབུས་ཤར་ནུབ་གསུམ་གྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ཤིང་། བོད་དབུས་རྒྱུད་ས་ཁུལ་གྱིས་སྟོད་ངོས་སུ་ཧྲན་ཤི་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་དང་སྦྲེལ་བ་དང་། སྨད་ངོས་སུ་ཨེ་ཤེ་ཡ་ལྷོ་མ་དང་སྦྲེལ་བའི་དགེ་མཚན་འདོན་སྤེལ་བྱས་ནས་ཕྱི་ནང་གཉིས་ཀ་དང་དཔལ་འབྱོར་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ཀྱི་མཐོ་ས་ཞིག་དང་། རྒྱལ་ཁབ་ཀྱི་ནུབ་རྒྱུད་ས་ཁུལ་གྱི་ཤུགས་རྐྱེན་ཆེན་པོ་ལྡན་པའི་དཔལ་འབྱོར་ལྟེ་གནས། རྒྱལ་སྤྱིའི་ཐོག་བག་ཆགས་ཆེ་བའི་ཡུལ་སྐོར་དམིགས་ས་ཞིག་བཅས་སུ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་རྒྱག་དགོས། བོད་ཤར་རྒྱུད་ས་ཁུལ་གྱིས་སི་ཁྲོན་དང་། ཡུན་ནན། མཚོ་སྔོན་བཅས་དང་ས་སྦྲེལ་གྱི་དགེ་མཚན་འདོན་སྤེལ་བྱས་ནས་ཁྲེན་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་ཁོངས་སུ་ཚུད་ཐུབ་པ་བྱེད་རྒྱུ་དང་། གཏེར་ལས་དང་ཆུའི་ཐོན་ཁུངས་གསར་སྤེལ་གང་མགྱོགས་བྱས་ནས་ས་ཁོངས་ཀྱི་ཚོ ང་དོན་ལྟེ་གནས་དང་། མདོག་ལྡན་ལྕགས་རིགས་ཀྱི་ཐོན་སྐྱེད་རྟེན་གཞི། “ནུབ་གློག་ཤར་སྐྱེལ ”གྱི་ནུས་རྒྱུ་འབྲེལ་མཐུད་རྟེན་གཞི། “གཙང་གསུམ ”རྒྱུགས་ཁུལ་གྱི་རྩ་ཆེན་ཡུལ་སྐོར་ཁུལ་བཅས་སུ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་རྒྱག་དགོས། བོད་ནུབ་རྒྱུད་ས་ཁུལ་གྱིས་མཐའ་མཚམས་སྒོ་མོ་འབྱེད་པའི་དགེ་མཚན་འདོན་སྤེལ་བྱས་ནས་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ཐོག འབྲོག་ལས་དང་། གཏེར་ལས། ཁྱད་ལྡན་ཡུལ་སྐོར། མཐའ་མཚམས་ཚོང་དོན་བཅས་ཀྱི་ཁུལ་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་རྒྱག་དགོས། གྲོང་རྡལ་ཅན་དུ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས་ཤིང་། ལྷ་ས་གྲོང་ཁྱེར་ལྟེ་བར་བྱེད་པ་དང་། ས་གནས་གནས་ཡུལ་ཡན་ལག་ཏུ་བྱེད་པ། རྫོང་གྲོང་དང་། མཐའ་མཚམས་གྲོང་རྡལ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་བཅས་ཀྱིས་དྲ་རྒྱ་བྱས་པའི་གྲོང་རྡལ་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་མི་འབོར་རུབ་འདུས་བྱེད་ཚད་རན་པོ་ཡོང་བར་སྐུལ་འདེད་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་གྲོང་རྡལ་ཅན་དུ་སྒྱུར་ཚད་30%ཡན་ཟིན་པ་བྱེད་དགོས།

        རྫོང་ཁོངས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་དགོས་ཤིང་། མ་དངུལ་དང་། རྣམ་གྲངས། ཤེས་ལྡན་པ་བཅས་རྫོང་ཁོངས་སུ་འབྱོར་ཐུབ་པའི་ཁྲིད་སྟོན་བྱས་ཏེ་གཅིག་འདུས་ཐོག་འགྲིམ་འགྲུལ་སྟབས་བདེ་བ་དང་། རྨང་གཞིའི་ཆ་རྐྱེ ན་བཟང་བ། ཟེར་འགྱེད་བྱེད་རྒྱ་ཆེ་བ། སྐུལ་ཁྲིད་བྱེད་ནུས་ཆེ་བ་བཅས་ཀྱི་ལྟེ་བའི་རྫོང་གྲོང་དང་དཔལ་འབྱོར་སྟོབས་ཆེའི་རྫོང་ཁག་གཅིག་གཏོད་དགོས། མཐའ་དར་དམངས་ཕྱུག་གི་ལས་གཞིར་སྐུལ་སྤེལ་གཏོང་དགོས་ཤིང་། མཐའ་མཚམས་རྫོང་དང་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གང་མགྱོགས་གཏོང་བ་དང་། དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་ཚགས་ཚུད་པོ་བཟོ་བ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་སླེབས་ཐུབ་པའི་བརྩོན་ལེན་བྱེད་དགོས།

        བཞི།     སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་མཐའ་གཅིག་ཏུ་སྒྲུབ་དགོས་པའི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་ཡུན་རིང་བདེ་འཁོད་ཡོང་བའི་འབད་བརྩོན་བྱེད་དགོས།

        བོད་ལྗོངས་ཀྱི་བརྟན་ལྷིང་དེ་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་པ་དང་། བོད་ལྗོངས་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། བརྟན་ལྷིང་ནི་མཐའ་དག་ལས་ལྷག་པ་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ་མགྱོགས་ལ་མྱུར་བའི་སྒོ་ནས་སྔ་ཙམ་དམ་འཛིན་དང་ཆུང་ཙག་ནས་དམ་འཛིན་བྱེད་རྒྱུ་གཞི་རྐང་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་བདག་དབང་ཆ་དམ་པོ་འཛིན་ཐུབ་པ་བྱས་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

        (གཅིག )ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མེས་རྒྱལ་གོང་བུ་གཅིག་གྱུར། མཐའ་མཚམས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཡིན་པའི་གནད་དོན་དེའི་ཐོག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། བློ་ཐག་ཆོད་པོ། གོམ་སྟབས་གཅིག་མཐུན་བཅས་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ལ་དམ་པོར་བརྟེན་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་བྱ་སྤྱོད་སྔོན་ལ་སྤེལ་ཐུབ་པ་བྱས་ཐོག ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་འགོག་ཟོན་དང་བཀག་སྡོམ་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་བོད་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་འཚེ་གཏོང་བའི་ལྐོག་གཡོའི་ངན་ཇུས་མཐའ་དག་རྩ་མེད་མཐར་ཕྱིན་པ་གཏོང་དགོས།

        (གཉིས )ཁྲིམས་བཞིན་དགོན་སྡེར་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་ཁྲིམས་ལུགས་ཀྱིས་ཚད་འཛིན་ས་བྱེད་པ་དང་། སྲིད་ཇུས་ཀྱིས་གཞི་འཛིན་ས་བྱེད་པ། དེ་བཞིན་དོ་དམ་དང་ཞབས་ཞུ་སྒྲུབ་རྒྱུ་དམིགས་ཡུལ་དུ་བྱེད་པ་བཅས་བྱས་ནས་དགོན་སྡེར་དོ་དམ་བྱེད་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་དགོས། དགོན་སྡེར་དོ་དམ་བྱེད་རྒྱུ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། དགོན་སྡེའི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག་དགོན་སྡེའི་དོ་དམ་ལ་སྟོབས་ཤུགས་གསབ་སྣོན་བྱས་ཏེ་དགོན་སྡེ་དོ་དམ་ཡག་པོ་ཐུབ་པ་དང་། བརྟན་ལྷིང་ཐུབ་པ། ཞི་མཐུན་ཐུབ་པ་བཅས་བྱས་ནས་དགོན་སྡེའི་དོ་དམ་གྱི་དབང་ཆ་དེ་ཏང་དང་སྲིད་གཞུང་གིས་དམ་པོར་བཟུང་ཐུབ་པ་བྱེད་དགོས། དཔེ་སྟོན་དགོན་སྡེ་གཏོད་རྒྱུའི་བྱེད་སྒོ་སྤེལ་དགོས་ཤིང་། དགོན་སྡེའི་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ཞི་མཐུན་དཔེ་སྟོན་གྱི་དགོན་སྡེ་གཏོད་རྒྱུ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་འདེམས་རྒྱུའི་བྱེད་སྒོ་སྤེལ་ནས་དཔེ་སྟོན་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་ལ་དུས་བཀག་ཐོག་གཟེངས་བསྟོད་བྱ་དགའ་སྤྲད་དེ་ཁོང་ཚོར་ཆབ་སྲིད་ཐད་མཚན་སྙན་ཡོད་པ་དང་དཔལ་འབྱོར་ཐོག་ནས་སྐུལ་ལྕག་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་སྔར་བས་ཤུགས་ཆེར་བཏང་ནས་རང་འགུལ་ངང་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བློ་སྦྱོང་གོང་དུ་འཕེལ་བ་བཅས་བྱེད་ཐུབ་པ་བྱས་ཐོག་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་ལ་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ནང་མི་ཞུགས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ནང་མི་ཞུགས་པ། སྲིད་འཛིན་དང་། ཁྲིམས་འཛིན། སློབ་གསོ། སྤྱི་ཚོགས་དོ་དམ་བཅས་ཀྱི་བྱེད་སྒོར་ཐེ་ཇུས་མི་བྱེད་པ་བཅས་བྱེད་དགོས། དགོན་སྡེའི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་དགོས་ཤིང་། དགོན་སྡེའི་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། གློག་དང་ཆུ། འཕྲིན་གཏོང་། རླུང་འཕྲིན་བཪྙན་འཕྲིན་སོགས་འཁྲིད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང། གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་གྲྭ་བཙུན་གྱི་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱས་ནས་རྒན་གསོ་དང་། སྨན་བཅོས། མ་མཐའི་འཚོ་བ་འགན་སྲུང་བཅས་བྱེད་རྒྱུ་རིམ་གྱིས་ཡོངས་སུ་ཁེབས་ཐུབ་པ་བྱས་ཏེ་ཁོང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་། སྤྱི་ཚོགས་རིང་ལུགས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་དང་། མཐུན་སྒྲིལ་དང་། གོང་འཕེལ། ཞི་མཐུན། བརྟན་ལྷིང་བཅས་ཀྱི་འབྲས་བུ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།

        (གསུམ ) གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་དགོས། རྒྱ་ཁྱབ་ངང་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། “ཆ་ཚང་ལ་ཁེབས་ཐུབ་པ་གཅིག ”མངོན་གྱུར་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་དང་། ས་གནས (གྲོང་ཁྱེར )རྫོང (གྲོང་ཁྱེར་དང་ཆུས )དེ་བཞིན་ཤང་གྲོང་བཅས་རིམ་བཞི་མཉམ་འགུལ་ཐོག་ཀྲུང་དབྱང་ཐད་གཏོགས་བོད་སྡོད་ཚན་པ་དང་ཁེ་ལས་བྱ་གཞག་སྡེ་ཚན་དང་མཉམ་དུ་འཇོན་ཐང་ཡོད་པའི་ལས་བྱེད་པ་21000འཐེན་ནས་ལས་དོན་རུ་ཁག་བཙུགས་ཏེ་རང་ལྗོངས་ཀྱི་སྲིད་འཛིན་སྒྲིག་ཚུད་གྲོང་ཚོ (གྲོང་ལྷན )5451ལ་བཅའ་སྡོད་བྱས་ཐོག སྲིད་འཛིན་སྒྲིག་ཚུད་གྲོང་ཚོར (གྲོང་ལྷན )བཅའ་སྡོད་བྱེད་པའི་ལས་དོན་ཡོངས་སུ་ཁེབས་ཐུབ་པ་བྱེད་དགོས། “ལས་འགན་ཁག་ལྔ ”ལེགས་སྒྲུབ་བྱེད་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུར་རོགས་རམ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ འི་ལས་དོན་ཡག་པོ་སྒྲུབ་པ། ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་བྱེད་པ། ཏང་གི་བཀའ་དྲིན་ཚོར་ཐུབ་པའི་སློབ་གསོ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་པ་བཅས་བྱེད་དགོས། “ལམ་སྲོལ་གཅིག ”འཛུགས་དགོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་བརྟན་པོའི་ངང་གོང་འཕེལ་གཏོང་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ཞིག་བཙུགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྩ་བ་བརྟན་པོ་ཞིག་འཛུགས་དགོས།

        (བཞི )སྤྱི་ཚོགས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས། བརྟན་ལྷིང་ཡོང་བའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་ཤིང་། རིམ་ཁག་ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་བློ་མཐུན་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་ཀའི་འགན་འཁྲི་ཨང་དང་པོ་འཁུར་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆེད་དོན་འགོ་ཁྲིད་ཚན་ཁག་གིས་ཐད་ཀའི་འགན་འཁུར་ནས་བརྟན་ལྷིང་སྲུང་ སྐྱོང་གི་ལས་ཀའི་འགན་འཁྲིའི་ལམ་ལུགས་རིམ་པ་བཞིན་དོན་འཁྱོལ་ཐུབ་པ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་ཚགས་ཚུད་འཐུས་ལེགས་སུ་གཏོང་དགོས་ཤིང་། ཏང་སྲིད་དམག་གསུམ་དང་། ཉེན་རྟོག་པ་དང་མང་ཚོགས་བཅས་ཀྱིས་མཉམ་འགོག་མཉམ་འགུལ་བྱེད་པའི་ལས་ཀའི་ཐབས་རྣམ་སྔར་བས་འཐུས་ཚང་དུ་བཏང་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་བཀག་འགོག་བྱེད་པ་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དེ་བཞིན་གློ་བུར་དུ་ཐོན་པའི་སྤྱི་པའི་བདེ་འཇགས་དོན་རྐྱེན་ཐག་གཅོད་བྱེད་པ་བཅས་ཀྱི་སྒྲིལ་ཤུགས་སྟོབས་ཆེན་ཞིག་ཆགས་པ་བྱེད་དགོས། ནུས་ཤུགས་ཡོད་རྒུས་དོ་དམ་དང་ཚོད་འཛིན་བྱེད་པའི་བྱ་ཐབས་ཤུགས་ཆེར་གཏོང་དགོས་ཤིང་།

        གཙོ་གནད་ས་ཁུལ་དང་། གཙོ་གནད་ཁུལ། གཙོ་གནད་ས་ཁོངས་བཅས་དོ་དམ་དང་ཚོད་འཛིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། འཕྲལ་སྡོམ་ལམ་སྲོལ་འཛུགས་རྒྱུར་དམ་འཛིན་ཡག་པོ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆེད་དོན་སྟོབས་ཤུགས་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཡོངས་སུ་ཁེབས་ཐུབ་པ་བྱས་ཏེ་ཁུག་མ་ལུས་པ་དང་། གསང་མ་ལུས་པ། སྟོང་ཆ་མ་ལུས་པ་བཅས་བྱེད་དགོས། བདེ་འཇགས་ཀྱི་རྐྱེན་ངན་ཡོང་གཞི་མཐའ་གཅིག་ཏུ་མེད་པ་བཟོ་དགོས་ཤིང་། འགལ་ཟླ་འདུམ་གཅོད་བྱེད་རྒྱུའི་ལས་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་མང་ཚོགས་ཀྱི་ལུགས་མཐུན་ཞུ་རེ་ཁོང་དུ་ཆུད་ཐུབ་པ་བྱས་ཏེ་ཡིག་འབུལ་ཞུ་བཅར་ཐད་ཀྱི་བརྟན་ལྷིང་ལས་ཀ་ཡག་པོ་སྒྲུབ་རྒྱུར་མཐོང་ཆེན་བྱེད་དགོས། བདེ་འཇགས་ཀྱི་རྐྱེན་ངན་ཡོང་གཞི་ཕྱོགས་ཡོངས་ནས་ལེབ་བཤེར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་བདེ་འཇགས་ཐད་ཀྱི་གནད་དོན་མངོན་གསལ་དོད་རིགས་དང་གཙོ་གནད་ས་ཁུལ་གཅིག་སྡུད་བཅོས་སྒྲིག་བྱས་ཏེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་བཏང་ཐོག་འགལ་བ་དང་གནད་དོན་རྣམས་འཕྲལ་མར་སེལ་དགོས་པ་དང་། མྱུ་གུ་འབུར་བཅོམ་ཐུབ་པ་བྱེད་དགོས།

        (ལྔ ) རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུར ་རྒྱབ་སྐྱོར་བྱེད་དགོས། རྒྱལ་སྲུང་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་ རྒྱག་པ་དང་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་དམག་ཉེན ་དམངས་གསུམ་མཐུན་འདྲེས་རྣམ་པའི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག མཐའ་སྲུང་། མེ་ཟོན། སྤྱི་བདེ། ཡུལ་དམག་གྲ་སྒྲིག་དམག་ཞབས་དཔུང་སྡེ་བཅས་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་སྲུང་འཛུགས་སྐྱོང་བྱེད་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་དགེ་མཚན་ལྡན་པའི་ངང་མཉམ་འགུལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། དམག་ཉེན་དམངས་གསུམ་མཉམ་འདུས་ཀྱིས་དངོས་པོའི་གྲབས་གསོག་མ་ལག་བཙུགས་ཏེ་འགན་སྲུང་ལམ་སྲོལ་གཞི་གཅིག་ཏུ་སྒྲིལ་བ་དང་། འགན་སྲུང་བྱེད་སྟངས་སྤྱི་ཚོགས་ཅན་དུ་འགྱུར་བ། འགན་སྲུང་བྱེད་ཐབས་ཆ་འཕྲིན་ཅན་དུ་འགྱུར་བ། རྒྱབ་ཕྱོགས་ཞབས་ཞུའི་དོ་དམ་ཚན་རིག་ཅན་དུ་འགྱུར་བ་བཅས་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ལྟེ་བའི་དམག་འཐབ་ནུས་པ་དང་དམག་འཐབ་མིན་པའི་དམག་དོན་བྱ་སྤྱོད་སྤེལ་ནུས་ཆེ་རུ་གཏོང་རྒྱུ་མངོན་ཆེར་བཟུང་ནས་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་སྲུང་གི་རྗེས་གྲབས་སྟོབས་ཤུགས་ཀྱི་རྒྱུན་དུ་གོང་འཕེལ་དང་བརྟན་ལྷིང་ལ་ཞབས་ཞུ་སྒྲུབ་པ་དང་དམག་འཐབ་སྐབས་སུ་དེང་རབས་མི་དམངས་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་ནུས་པ་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས།

        ལྔ།     དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་མྱུར་པོ་གཏོང་དགོས།

        དམངས་ཕྱུག་བོད་དར་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཕྱོགས་བཅུའི་ཐད་ཀྱི་བྱ་བ་དངོས་གཙོ་གནད་དུ་བཟུང་ནས་ལེགས་སྒྲུབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་བཟོས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དེ་བས་མང་བ་ཞིག་ཚོར་བ་བྱེད་དགོས།

        (གཅིག ) བདེ་འཁོད་ལས་གཞི་སྤེལ་དགོས། གྲོ་མོ་སོགས་ས་ཡོམ་གྱི་གནོད་འཚེ་བྱུང་ཁུལ་བསྐྱར་སྐྲུན་ལས་ཀ་ཚད་གཞི་མཐོ་པོའི་ངང་ཡག་པོ་བསྒྲུབ་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་དང་། ལུགས་མཐུན་ཇུས་འགོད། ལག་བསྟར་མགྱོགས་མྱུར། སྤུས་ཚད་འགན་ལེན་བཅས་བྱས་ཏེ་ལོ་གསུམ་གྱི་ནང་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་18.55ཡི་བདེ་སྡོད་ཁང་པ་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཚང་མ་གོང་ཁེ་དང་། བདེ་འཇགས། གོ་ཆོད་བཅས་ཀྱི་སྡོད་ཁང་ལ་སྤོ་ཐུབ་པ་བྱེད་དགོས་པ་དང་། ལོ་ལྔའི་ནང་གྲོང་ཁྱེར་གྲོང་རྡལ་གྱི་འ གན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི་4.93གསར་རྒྱག་བྱས་ནས་གྲོང ་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་གི་སྡོད་ཁང་ག ནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས།

        (གཉིས )ཞིང་འབྲོག་ཁུལ་གྱི་ཆ་རྐྱེན་ལེགས་སུ་གཏོང་དགོས། ཞིང་དུད་ལ་ཆུ་དང་། གློག ལམ། རྫབ་རླངས། འཕྲིན་གཏོང་། སྦྲག་ལས། རླུང་འཕྲིན་བཪྙན་འཕྲིན། ཁོར་ཡུག་བཀོད་གཙང་བཟོ་རྒྱུ་བཅས “བརྒྱད་འཛོམས་པ་བཟོ་རྒྱུའི་ལས་གཞི ”གང་མགྱོགས་ལག་བསྟར་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་ཞིང་འབྲོག་མང་ཚོགས་ཚང་མར་གནོད་མེད་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་མི་འབོར་ཡོངས་ལ་རྩ་བའི་ཆར་གློག་སྤྱོད་རྒྱུ་ཡོད་པ། ཆ་རྐྱེན་ཡོད་པའི་སྲིད་འཛིན་སྒྲིག་ཚུད་གྲོང་ཚོ་དང་། ཞིང་ར་ནགས་ར། མཐའ་སྲུང་ས་ཚིགས་བཅས་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ། གྲོང་གསེབ་ཀྱི་དུད་ཚང་ཁྲི་20ཡན་ལ་རྫབ་རླངས་སྤྱོད་རྒྱུ་ཡོད་པ་དང་། ཁ་པར་ཡོད་པའི་དུད་ཚང་93%ཡན་ཟིན་པ་བྱེད་རྒྱུ། སྲིད་འཛིན་སྒྲིག་ཚུད་གྲོང་ཚོར་སྦྲག་འཕྲིན་ཤར་གཏོང་ཐུབ་ཚད་90%ཡན་དང་རླུང་འཕྲིན་བཪྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁེབས་ཚད་95%ཡན་ཟིན་པ་བྱས་ནས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྩ་བའི་ཆར་འགྱུར་ལྡོག་གཏོང་ཐུབ་པ་དང་། ཐབས་མང་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས།

        (གསུམ )འབྱུང་ཁམས་ཁོར་ཡུག་ལ་བལྟོས་ནས་གནས་སྤོ་བྱེད་དགོས། འབྱུང་ཁམས་སྲུང་སྐྱོང་དང་། བདེ་སྡོད་ལས་གཞི། གྲོང་ཁྱེར་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་བཅས་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ནས་འགྲིམ་འགྲུལ་ལམ་རྒྱུད་དང་། གྲོང་ཁྱེར་གྲོང་རྡལ་གྱི་ཉེ་འཁོར་སོགས་གཙོ་གནད་གནས་སྤོ་བྱ་ཡུལ་གྱི་ས་ཁོངས་གཙོར་བཟུང་གིས་བརྟན་པོའི་ངང་འབྱུང་ཁམས་བཟང་ཁུལ་དུ་གནས་སྤོ་བྱེད་རྒྱུར་སྐུལ་འདེད་བཏང་ཐོག་ལོ་ལྔའི་ནང་དུད་ཚང་10000 གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་ཀྱི་འགན་སྲུང་བྱེད་དགོས།

        (བཞི )ལས་ཞུགས་རྒྱ་ཆེར་ཧུར་ཐག་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་གཞུང་ལས་པའི་ལས་གནས་མང་དུ་གཏོང་བ་ དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་བས་མང་བ་ཉོ་སྒྲུབ་བྱེད་པ། ཁེ་ལས་ཀྱིས་ལས་ཞུགས་སྐོང་འགུགས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ལས་ཞུགས་ཐད་བོད་སྐྱོར་གྱི་དགེ་མཚན་འདོན་སྤེལ་བྱེད་པ་བཅས་བྱས་ཐོག མཐོ་རིམ་སློབ་ཆེན་གྱི་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་བ་འགྱུར་ལྡོག་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་སྐྱེ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ཚང་མ་ལས་ཞུགས་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་དང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་འགྱུར་ལྡན་གྱི་མེད་པ་བཟོ་རྒྱུ། ལོ་རེའི་ནང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི་35ཡན་ལས་ཞུགས་ཁ་སྒྱུར་ཐུབ་པ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2%ཡས་མས་སུ་ཚོད་འཛིན་ཐུབ་པ་བྱས་ནས་དུད་ཚང་ཚང་མར་ལས་ཞུགས་ཀྱི་ཐབས་ལམ་ཡོད་པ་དང་། མི་ཚང་མར་ལས་ཀ་ཡོད་པ། དུས་རྒྱུན་དུ་ཡོང་འབབ་ཡོད་པ་བཅས་བཟོ་ཐུབ་པ་བྱེད་དགོས།

        (ལྔ )ཟོག་གོང་བརྟན་གནས་ཐུབ་རྒྱུར་ཤུགས་རྒྱག་དགོས། ཁྲོམ་རའི་རིན་གོང་ལ་བརྡ་གཏོང་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་ཞོར་ཐོན་རྫས་གྲབས་གསོག་དང་ཁྲོམ་རར་འགྲེམས་ཤུགས་ཆེ་རུ་གཏོང་རྒྱུ་དང་། རིན་གོང་གི་ཉེན་ཟོན་སྙོམ་སྒྲིག་ཐེབས་རྩ་བཙུགས་ནས་རིན་གོང་འཕྲལ་བསྟུན་མཐུན་སྦྱོར་བྱེད་ལམ་འཐུས་ཚང་དུ་བཏང་ཐོག སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་གི་ཚད་གཞི་དེ་ཟོག་གོང་འཕར་ཕྱོགས་དང་སྦྲེལ་མཐུད་བྱེད་པའི་མཉམ་འགུལ་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་ཡུལ་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དེ་མང་ཚོགས་ཀྱི་འབྱོར་འཁོས་ལ་དཔག་ནས་ཚོད་འཛིན་ཧུར་ཐག་ བྱེད་དགོས།

        (དྲུག )སྨན་བཅོས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་ཐོག གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིན་མེད་སྨན་བཅོས་བྱེད་རྒྱུ་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་བཏང་ནས་2013ལོར་སླེབས་སྐབས་རྫོང་ཚང་མར་ཚད་ལྡན་ཅན་གྱི་སྨན་ཁང་ཡོད་པ་དང་། ཤང་གྲོང་ཚང་མར་སྨན་བཅོས་ཁང་ཡོད་པ། སྲིད་འཛིན་སྒྲིག་ཚུད་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ། ཁྲོམ་གཞུང་དོན་གཅོད་ཁང་ཚང་མར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཡོད་པ་བཅས་བྱེད་རྒྱུའི་ཐོག་དེ་མཚུངས་ཀྱི་སྨན་བཅོས་མི་སྣ་བཀོད་སྒྲིག་བྱས་ཏེ་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།

        (བདུན )སྤྱི་ཚོགས་འགན་སྲུང་མ་ལག་ཚགས་ཚུད་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཡོངས་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་བྱེད་རྒྱ་ཆེ་རུ་བཏང་ཐོག གྲོང་ཁྱེར་གྲོང་རྡལ་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ། ཕྲུ་གུ་སྐྱེ་གསོའི་འགན་བཅོལ་བཅས་བྱེད་ལམ་འཐུས་ཚང་དུ་བཏང་སྟེ་ཉེན་ཟོན་འགན་བཅོལ་ཁག་ལ་ཞུགས་ཚད་95%ཡན་ཟིན་པ་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་བྱེད་ལམ་གསར་པ་འཐུས་ཚང་དུ་བཏང་ཐོག་གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་འཚོ་སྐྱོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་གཅིག་སྡུད་དུ་འཚོ་སྐྱོང་བྱེད་ཚད་50%ཡན་ཟིན་པ་བྱེད་དགོས།

        (བརྒྱད ) དབུལ་སྐྱོར་གསར་སྤེལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། དབུལ་སྐྱོར་གསར་སྤེལ་གྱི་ཆེད་དོན་འཆར་འགོད་བཟོས་ནས་དབུལ་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་དང་། ཡུལ་ནད་ཕོག་ཁུལ། མཐའ་མཚམས་ས་ཁུལ། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་བཅས་ལ་འཕར་གཟིགས་བྱས་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་ཡོང་འབབ་དམའ་བའི་མི་འབོར་གྱིས་ཞིང་འབྲོག་ཁུལ་གྱི་སྤྱིའི་མི་འབོར་ནང་བཟུང་བའི་བསྡུར་ཚད་12%མན་ལ་ཆག་ཐུབ་པ་བྱེད་དགོས།

        (དགུ )སློབ་གསོ་དམིགས་བཀར་གྱིས་སྔོན་ལ་གོང་འཕེལ་གཏོང་དགོས། རྨང་གཞིའི་སློབ་གསོ་སྲ་བརྟན་དུ་བཏང་ནས་སློབ་ལོ་མ་སོན་གོང་གི “སྐད་གཉིས ”སློབ་གསོ་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ་དང་། འགན་བབ་སློབ་གསོ་སྲ་བརྟན་གོང་མཐོར་གཏོང་རྒྱུ། མཐོ་རིམ་སློབ་གསོ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭ (སློབ་གྲྭ )ཡག་པོ་གཉེར་རྒྱུ་བཅས་ཀྱི་ཐོག སློབ་ཡོན་མི་དགོས་པའི་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་སློབ་ལོ་མ་སོན་གོང་གི་སློབ་གསོའི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་60%ཟིན ་པ་དང་། སློབ་ཆུང་གི་སློབ་ཞུགས་བྱེད་ཚད་99.5%ཟིན་པ། དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་ཞུགས་བྱེད་ཚད་99%ཟིན་པ། མཐོ་རིམ་སློབ་འབྲིང་གི་སློབ་ཞུགས་བྱེད་ཚད་80%ཡན་ཟིན་པ་བཅས་བྱེད་རྒྱུ། ལས་རིགས་སློབ་གསོ་གོང་འཕེལ་གཏོང་དགོས་ཤིང་། ལས་རིགས་སློབ་གསོའི་ཁྲོམ་ར་ལྷུག་གློད་ཀྱིས་སློབ་གཉེར་གྱི་གཞི་ཁྱོན་རྒྱ་ཆེར་ཟམ་མི་ཆད་པ་བཏང་སྟེ་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མའི་བསྡུར་ཚད་4:6ཟིན་པའི་བརྩོན་ལེན་བྱེད་རྒྱུ། མཐོ་རིམ་སློབ་གསོའི་སྤུས་རིམ་ལེགས་སུ་གཏོང་དགོས་ཤིང་། ཁྱད་ལྡན་རིག་ཚན་དང་། མཐུན་རྐྱེན་བཟང་བའི་ཆེད་ལས། གཙོ་གནད་ཚོད་ལྟ་ཁང་བཅས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་མཐོ་རིམ་སློབ་གསོའི་སློབ་གཉེར་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་རྒྱལ་ནང་དུ་བག་ཆགས་ཆེ་ལ་ཆུ་ཚད་མཐོ་བའི་སློབ་ཆེན་1—2བར་གཉེར་ཐུབ་པའི་བརྩོན་ལེན་བྱེད་དགོས།

        (བཅུ ) གནོད་འགོག་གེགས་སེལ་དང་བདེ་འཇཌ་ཐོན་སྐྱེད་དམ་འཛིན་ཡག་པོ་བྱེད་དགོས། གནོད་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབས་ཏེ་ས་ཡོམ་དང་། རི་རུད། ཁ་ཆར་རླུང་འཚུབ་ཀྱི་འཁྱགས་སྐྱོན་སོགས་རང་བྱུང་གི་གནོད་འཚེར་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་། འགྲོ་ལམ་འགྲིམ་འགྲུལ་དང་ནགས་ཚལ་མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་ལས་འཛོལ་ཐོན་གྲངས་དང་མི་ཤི་བྱུང་ཚད “གཉིས་ཉུང་དུ་འགྲོ་བ ”བྱེད་རྒྱུ་དང་། བདེ་འཇགས་ཐད་ཀྱི་ལས་འཛོལ་ཚབས་ཆེའི་རིགས་མི་ཐོན་པའི་བཀག་སྡོམ་མཐའ་གཅིག་ཏུ་བྱེད་དགོས།

        དྲུག     མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་གཙོ་གནད་དུ་བཟུང་ནས་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ཤུགས་ཆེ་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས།

        མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བ་བྱེད་རྒྱུ་ནི་བོད་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་བའི་འགག་རྩ་ཡིན། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་བཏང་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།

        (གཅིག )མི་རིགས་མཐུན་སྒྲིལ་ཆེ་མོ་སྲ་བརྟན་དང་གོང་འཕེལ་གཏོང་དགོས། ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་གཙོ་དོན་རྒྱུན་འཁྱོངས་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་རྒྱུ་དེ་སྤྱི་དམངས་ཀྱི་ཀུན་སྤྱོད་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་སྟེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས་ཤིང་། ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་རེ་སྐོང་ཚོགས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས “ཁ་བྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོར་བཙུགས་ཐོག་སྔ་ཕྱི་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཐུབ་པ་དང་། མི་རིགས་གུ་དོག་གི་འདུ་ཤེས་འདྲ་མིན་རིགས་རང་འགུལ་ཐོག་བཀག་འགོག་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཏོགས་སེམས་དང་ཀྲུང་ཧྭའི་རིག་གནས་ལ་མོས་སེམས་ཤུགས་ཆེར་འགྲོ་བ་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་སེམས་ཤུགས་ཆེར་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁ་ཕྲལ་རིང་ལུགས་པ་ཆེས་ཉུང་ཤས་གྲོགས་མེད་ཁེར་རྐྱང་དུ་འཇོག་པ་དང་དེར་རྡུང་རྡེག་གཏོང་གང་ཐུབ་བྱེད་དགོས་པ་དང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་གང་ཐུབ་ཅི་ཐུབ་བྱེད་དགོས།

        (གཉིས )དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་དགོས། ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་དང་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་སྐོར་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་ལུགས་ལྟར་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་སྲུང་སྐྱོབ་དང་། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ས། དེ་བཞིན་ཆོས་ཕྱོགས་མི་སྣ། དད་ལྡན་མང་ཚོགས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། ཚད་གཞི་མཐོ་པོའི་ངང་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེ་མོ་ཡག་པོ་གཉེར་ནས་དེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྐྱོན་བྲལ་ངང་གོང་འཕེལ་གཏོང་བའི་འཐབ་ས་ཞིག་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཐབ་ས་ཞིགལྗོངས་ཡོངས་ཀྱི་དགོན་སྡེ་ཁག་ལ་བྱང་ཚད་མཐོ་བའི་གྲྭ་བཙུན་སྐྱེད་བསྲིང་བྱེད་པའི་འཐབ་ས་ཞིག་བཅས་ཆགས་པ་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་འཐུས་ཚབ་མི་སྣའི་སློབ་གསོ་དང་གསོ་སྐྱོང་ལས་གཞི་སྤེལ་ནས་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐོག་རྟོགས་པ་མཐོ་བ། སྤྱོད་ལམ་ཐོག་ཀུན་གྱིས་མོས་པ་བཅས་ཀྱི་ཆོས་ཕྱོགས་ཀྱི་རྒྱལ་གཅེས་ཆོས་གཅེས་མི་སྣའི་དཔུང་ཁག་ཅིག་སྐྱེད་སྲིང་ཧུར་ཐག་བྱེད་དགོས། ཁྲིམས་ལུགས་ལྟར་བླ་སྤྲུལ་ཡང་སྲིད་བྱ་བར་དོ་དམ་བྱེད་དགོས་པ་དང་། བླ་སྤྲུལ་ཡང་སྲིད་བྱ་བའི་རང་དབང་སྟངས་འཛིན་ནན་པོ་བྱས་ཏེ་བླ་སྤྲུལ་ཡང་སྲིད་བྱ་བའི་ཐད་ཏཱ་ལའི་རུ་ཚོགས་ལ་ཐེ་ཇུས་གཏན་ནས་བྱེད་དུ་འཇུག་རྒྱུ་མེད། བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་མཚན་གནས་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཆོས་ཕྱོགས་ལས་རིགས་ཀྱིས་འདུལ་ཁྲིམས་དང་བསྟན་དོན་ཐད་དུས་རབས་ཡར་རྒྱས་འགྲོ་བའི་བླང་བྱ་དང་མཐུན་པའི་འཆད་འགྲེལ་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི ་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་དགོས།

        (གསུམ ) དམངས་གཙོའི་ཁྲིམས་ལུགས་འཛུཌ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཐག་རང་གཅོད་བྱེད་པ། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འགན་ནུས་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་དབང་སྤྱོད་རྒྱུར་འགན་སྲུང་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་མི་དམངས་སྲིད་གྲོས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་བྱེད་པའི་འགན་ནུས་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། བཟོ་ཚོང་མཉམ་ལྷན་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་དགེ་མཚན་འདོན་སྤེལ་བྱེད་རྒྱུར་མཐོང་ཆེན་བྱེད་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ཐོག་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དྲིལ་བསྒྲགས་དང་དེའི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་འབོར་ཅུང་ཉུང་བའི་མི་རིགས་ལ་རྒྱབ་ སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མི་དམངས་མ ང་ཚོགས་ཀྱིས་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་འགན་སྲུང་བྱེད་དགོས།

        བདུན།     མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་རིག་གནས་དར་འཕེལ་ཆེན་པོ་ཡོང་བ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

        རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ལྟ་བུ་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། རིག་གནས་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་རིག་གནས་དར་འཕེལ་ཆེན་པོ་ཡོང་བ་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི 《གཏན་འབེབས 》ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་སུ་རིག་གནས་དར་སྤེལ་གཏོང་བའི་མཐོ་རླབས་གསར་པ་ཞིག་འཕྱུར་བ་བྱས་ཐོག་རིག་གནས་ཀྱི་ཐོན་ཁུངས་མང་བའི་བོད་ལྗོངས་ནས་རིག་གནས་གོང་འཕེལ་གཏོང་བའི་སྟོབས་ལྡན་བོད་ལྗོངས་ལ་སྒྱུར་ཐུབ་པ་བྱེད་དགོས།

        (གཅིག ) ལྟེ་བའི་རིན་ཐང་མ་ལག་གི་ཁྲིད་སྟོན་བྱེད་ནུས་ཆེ་རུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དེ་རྒྱལ་དམངས་སློབ་གསོ་དང་། བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུ། ཏང་འཛུགས་སྐྱོང་བྱེད་རྒྱུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་འདྲེས་ཐུབ་པ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་དང་། ལྗོངས་ཡོངས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་ འཕེལ་ལྟ་བ་བཅས་གཞི་རིམ་དང་། བསླབ་གཞི། སློབ་ཁང་། བསམ་བློ་བཅས་ཀྱི་ནང་ཁྲིད་སྟོན་ཐུབ་པ་བྱས་ནས་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རང་འགུལ་གྱི་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་དང་། དངོས་གཙོ་སྨྲ་བ་དང་། ལྷ་མེད་སྨྲ་བ། དེ་བཞིན་བོད་གསར་ཪྙིང་བསྡུར་བ་བྱེད་པ་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་མོས་སེམས། ཀྲུང་ཧྭའི་རིག་གནས་ལ་མོས་སེམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་མོས་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་། བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་སྲོག་ཤིང་དུ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་འཐབ་བྱེད་རྒྱུ་སྲོག་ཤིང་དུ་བྱེད་པའི “བོད་སྐྱོད་རྒན་རབས་པའི ”སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སེམས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ཐུབ་པ་བྱེད་དགོས། བོད་ཀྱི་གལ་ཆེའི་རིག་གཞུང་དང་། ལོ་རྒྱུས། དངོས་ཡོད་གནད་དོན་བཅས་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་དང་བོད་རིག་པ་ཞིབ་འཇུག་བྱེད་པའི་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

        (གཉིས )འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དམག་འཐབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་ང་ཚོར་ལོག་སྤྱོད་ཀྱི་བསམ་བློའི་སིམ་འཛུལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བའི་གནས་ཚུལ་གསར་པར་དམིགས་ཏེ་དར་ཆ་གསལ་སྟོན་དང་མདུང་རྩེ་ཁ་སྤྲོད་བྱེད་པ་དང་། བྱ་ཐབས་ཤུགས་ཆེ་སྤེལ་བ་དང་རང་འགུལ་སྟངས་འཛིན་ཐུབ་པ་བཅས་བྱས་ནས་བོད་ཀྱི་འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྱབ་ཁོངས་ནང་ཤུགས་རྐྱེན་ངན་པ་གཏན་ནས་མི་ཕོག་པའི་འགན་ལེན་བྱེད་དགོས། འཐབ་ས་བཟུང་ཐུབ་པ་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལ་བརྟེན་ནས་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་འཐབ་ས་བཟུང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ལ་དགའ་ཞེན་བཅས་བྱེད་པའི་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་ཐོག་བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་ཐད་ཀྱི་འཐབ་རྩོད་བྱེད་པའི་སྐད་ཆ་ཤོད་དབང་དང་རང་འགུལ་དབང་ཆ་རང་ལག་ཏུ་དམ་པོར་བཟུང་དགོས། ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས་ཤིང་། ཏཱ་ལའི་རུ་ཚོགས་ཀྱི “རང་བཞིན་གསུམ ”(ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུན་རང་བཞིན། བྱེད་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས )གྱི་ཁ་ཕྲལ་གྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། ཕྱོགས་ཡོངས་ལ་ཁེབས་ཐུབ་པ་བྱེད་དགོས་ཤིང་། རླུང་འཕྲིན་བཪྙན་འཕྲིན་དང་། ཚགས་པར་དུས་དེབ། དྲ་རྒྱ་བཅས་ཡོངས་སུ་ཁེབས་ཐུབ་པ་བྱས་ཏེ་ཁུག་མ་ལུས་པ་དང་སྟོང་ཆ་མ་ལུས་པའི་འགན་ལེན་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་ཁག་དུས་ཐོག་ཏུ་བརྒྱུད་བསྒྲགས་ནུས་ལྡན་ཐུབ་པ་བྱེད་རྒྱུ་དང་། ལྗོངས་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་མ་ཁྲི་120ཟིན་པའི་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་འདིར་ཏང་དང་སྲིད་གཞུང་གི་གསུང་སྒྲ་ཁྱབ་ཐུབ་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དུད་ཚང་ཁྲི་སྟོང་མང་པོར་དུས་ཐོག་དང་ནུས་ལྡན་ངང་བརྒྱུད་བསྒྲགས་བྱེད་དགོས། དོ་དམ་སྟངས་འཛིན་ནན་པོ་བྱེད་དགོས་ཤིང་། བེད་སྤྱོད་ཧུར་ཐག་དང་། ཚན་རིག་དང་མཐུན་པའི་གོང་འཕེལ། ཁྲིམས་ལྟར་དོ་དམ་བཅས་བྱས་ནས་བདེ་འཇགས་འགན་སྲུང་བྱེད་རྒྱུའི་མཛད་ཕྱོགས་རྒྱུན་འཁྱོངས་ཀྱིས་གླེང་ཕྱོགས་ཀྱི་ཁོར་ཡུག་དྭངས་གཙང་བཟོ་ཐུབ་པ་བྱེད་དགོས། འགོག་ཟོན་བྱེད་རྒྱུ་དོན་ཐོག་ཏུ་འཁྱོལ་དགོས་ཤིང་། ཁ་ཕྲལ་རིང་ལུགས་པས་བོད་ཀྱི་ས་ཁོངས་སུ་འཛུལ་ནས་ལོག་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་རིགས་ལ་འགོག་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་བཏང་སྟེ “བོད་རང་བཙན ”གྱི་ལོག་སྤྱོད་ཀྱི་པར་སྐྲུན་དངོས་པོ་དང་དྲིལ་བསྒྲགས་དངོས་རིགས་མཐའ་གཅིག་ཏུ་གཙང་བཤེར་དང་མེད་པ་བཟོས་ཏེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་སྲ་ཞིང་བརྟན་པའི་སྲུང་རགས་ཤིག་བཟོ་དགོས།

        (གསུམ ) གཙོ་རྒྱུན་གླེང་ཕྱོགས་ཀྱི་མཚམས་སྦྱོར་ཚན་པའི ་བརྒྱུད་གཏོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་རྒྱུ་ཁོང་དུ་ཆུད་པ་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་གིས་མཚམས་སྦྱོར་ཚན་པར་དོ་དམ་བྱེད་རྒྱུ་གཡོ་འགུལ་མེད་པར་མཐའ་འཁྱོངས་ཀྱིས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་རྒྱུ་གཙོ་བོར་བྱེད་པ་དང་མཐུན་སྒྲིལ་སྐུལ་ལྕག་གཏོང་བའི་མཛད་ཕྱོགས་ལག་བསྟར་བྱས་ནས་སྤྱི་ཚོགས་ཡོངས་ལ་གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། བསྒྱུར་བཅོས་སྒོ་དབྱེ་ཡག་པ། རླབས་ཆེན་མེས་རྒྱལ་ཡག་པ། མི་དམངས་དམག་དཔུང་ཡག་པ། མི་རིགས་ཁག་གི་མི་དམངས་ཡག་པ་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་དུ་འཛིན་དགོས། གཙོ་རྒྱུན་མཚམས་སྦྱོར་ཚན་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། ཆབ་སྲིད་མཁས་ཅན་གྱིས་ཚགས་པར་དང་བཪྙན་འཕྲིན་རླུང་འཕྲིན་གཉེར་རྒྱུ་དང་། གསར་འགྱུར་ལ་བརྟེན་ནས་ཚགས་པར་དང་། བཪྙན་འཕྲིན་རླུང་འཕྲིན་ཁང་། གསར་འགོད་ས་ཚུགས་བཅས་འཛུགས་གཉེར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚགས་པར་དང་། ཏང་གི་དུས་དེབ། རླུང་འཕྲིན་ཁང་། བཪྙན་འཕྲིན་ཁང་། དཔེ་སྐྲུན་ཁང་སོགས་རྒྱ་སྟོབས་ཆེ་རུ་བཏང་ཐོག ཏང་གི་ཚགས་པར་དང་དུས་དེབ་གཟིགས་འབུལ་སྤྲོད་པའི་ལས་གཞི་ལག་བསྟར་བྱས་ཏེ་དྲིལ་བསྒྲགས་སློབ་གསོའི་ཡིད་དབང་འགུགས་ནུས་དང་། སེམས་ལ་ཟུག་ཤུགས། དམིགས་སའི་རང་བཞིན། སྐབས་བསྟུན་ཕན་འབྲས་རང་བཞིན་བཅས་ཆེ་རུ་གཏོང་དགོས། ལག་ཁྱེར་ཁ་པར་དང་ཨིན་སྦྲེལ་དྲ་རྒྱ་སོགས་གསར་དར་མཚམས་སྦྱོར་རིགས་འཛུགས་སྐྱོང་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱས་ཏེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་བརྒྱུད་གཏོང་བྱེད་རྒྱུ་ཚད་ལྡན་བཟོས་ནས་སྤྱི་པའི་ཁེ་ཕན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། རྒྱ་བོད “སྐད་གཉིས ”ཐོག་ནས་བརྒྱུད་བསྒྲགས་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས་ཤིང་། ལྗོངས་ཡོངས་ཀྱི་གསར་འགྱུར་མཚམས་སྦྱོར་ཚན་པ་ཚང་མས་རྒྱ་བོད “སྐད་གཉིས ”ཐོག་ནས་རྩོམ་སྒྲིག་པར་འདེབས་དང་གཏོང་སྤེལ་བྱེད་རྒྱུ་ལག་བསྟར་བྱེད་དགོས་པ་དང་། བོད་སྐད་བཪྙན་ཕབ་དངོས་རིགས་དང་དུས་དེབ་ཚགས་པར་པར་སྐྲུན་འགྲེམས་སྤེལ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པ། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་གྱི་ལེ་ཚན་བོད་སྐད་དུ་ཕབ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚང་མས་བལྟ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། སེམས་ནང་ཟུག་ཐུབ་པ། སློབ་གསོ་ཐེབས་ཐུབ་པ་བཅས་བྱེད་དགོས། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། བོད་ཀྱི་རིག་གནས “ཕྱིར་གཏོང་”བྱེད་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཕྱིའི་མཚམས་སྦྱོར་དང་ལྷག་པར་དུ་ཕྱིར་སྡོད་ཀྲུང་གོ་བའི་རིག་གནས་མཚམས་སྦྱོར་དང་མཉམ་ལས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། མཐའ་འཁོར་རྒྱལ་ཁབ་དང་མཐའ་མཚམས་ས་ཁུལ་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཏཱ་ལའི་རུ་ཚོགས་ཀྱི་གླེང་ཕྱོགས་དང་བྱེད་སྒོ་སྤེལ་ས་བཅུར་བཀག་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བཪྙན་བཟང་པོ་གཏོད་ཐུབ་པ་བྱེད་དགོས།

        (བཞི ) སྤྱི་པའི་རིག་གནས་ཞབས་ཞུའི་ཟེར་འགྱེད་ནུས་པ་ཆེ་རུ་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དེ་དམངས་འཚོ་ལེགས་བཅོས་བྱེད་པའི་གལ་ཆེའི་ནང་དོན་ཞིག་ལ་བརྩིས་ནས་རང་སྐྱོང་ལྗོངས་དང་། ས་གནས (གྲོང་ཁྱེར )རྫོང (གྲོང་ཁྱེར་དང་ཆུད )ཤང (གྲོང་རྡལ ) གྲོང་ཚོ་བཅས་རིམ་པ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས།

        རིག་གནས་ལ་བརྟེན་ནས་དམངས་ལ་ཕན་འདོགས་པའི་ལས་གཞི་སྤེལ་རྒྱུར་སྐུལ་སྤེལ་གཏོང་དགོས་ཤིང་། ལོ་2ནས་3བར་འབད་བརྩོན་བྱེད་པ་བརྒྱུད་ས་གནས (གྲོང་ཁྱེར )ཚང་མར་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། གྲངས་འཛིན་གློག་བཪྙན་ཁང་བཅས་ཡོད་པ་བྱེད་རྒྱུ་དང་། རྫོང་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང། གློག་བཪྙན་ཁང་། ཤིན་ཧྭ་དཔེ་ཚོང་ཁང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཅས་ཡོད་པ་བྱེད་རྒྱུ། ཤང་དང་གྲོང་རྡལ (ཞིང་ར་ནགས་ར )ལ་ཕྱོགས་བསྡུས་རིག་གནས་ས་ཚུགས་ཡོད་པ་བྱེད་རྒྱུ། གྲོང་ཚོ་ཚང་མར་རིག་གནས་བྱེད་སྒོ་ཁང་དང་། ཞིང་པའི་དཔེ་ཁང་། གློག་བཪྙན་སྟོན་ས་བཅས་ཡོད་པ་བྱེད་དགོས། སྔོན་ཐོན་རིག་གནས་དགོན་སྡེ་ཁག་ནང་སླེབས་རྒྱུར་སྐུལ་སྤེལ་བཏང་ནས་དགོན་སྡེ་ཚང་མའི་ནང་རིག་གནས་དཔེ་ཁང་རེ་རྒྱག་རྒྱུ་དང་། དགོན་པ་ཚང་མར་ཚགས་པར་དུས་དེབ་དང་། རླུང་འཕྲིན། གློག་བཪྙན་བཪྙན་འཕྲིན་བཅས་གང་མགྱོགས་ཁྱབ་ཐུབ་པ་བྱེད་དགོས། བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། “གོམས་གཤིས་ངན་པ་སྒྱུར་བ་དང་། ཤེས་དཔལ་ལ་སྣང་ཆེན་བྱེད་པ། སྲོལ་བཟང་དར་སྤེལ་གཏོང་བ ”བཅས་བྱས་ཏེ་སྤྱི་དམངས་ཀྱི་ཀུན་སྤྱོད་དར་སྤེལ་གཏོང་རྒྱུའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུའི་བྱེད་སྒོ་ཁག་རྒྱ་ཁྱབ་ཏུ་སྤེལ་དགོས།

        (ལྔ ) ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་དགོས། ཕྱོགས་གཅིག་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་དགོས་ཤིང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ནས་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་རིག་གནས་སྔོག་འདོན་དང་། སྲུང་སྐྱོབ། ལེགས་སྒྲིག་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་ཞིག་སྐྲུན་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རིག་གནས་བསྒྱུར་བཅོས་དང་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། རིག་གནས་སྐྱོན་མེད་འགན་ལེན་བྱེད་རྒྱུ་སྔོན་འགྲོར་བྱེད་པ་དང་། རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་བ། ཧུར་ཞིང་བརྟན་པོའི་སྒོ་ནས་སྤྱི་ཕན་རང་བཞིན་གྱི་རིག་གནས་བྱ་གཞག་ཚན་པར་ནང་ཁུལ་གྱི་བསྒྱུར་བཅོས་བྱེད་རྒྱུ་དང་ཁེ་གཉེར་རང་བཞིན་གྱི་རིག་གནས་ཚན་པ་ཁེ་ལས་སུ་བརྗེ་སྒྱུར་དང་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། དེ་བཞིན་རིག་གནས་གསར་གཏོད་དང་། རིག་གནས་ཡུལ་སྐོར། གློག་བཪྙན་བཪྙན་འཕྲིན་བཟོ་སྒྲིག རིག་རྩལ་འཁྲབ་སྟོན་དང་རོལ་རྩེད། པར་སྐྲུན་འགྲེམས་སྤེལ། མི་རིགས་ལག་ཤེས་བཟོ་རྩལ། ས་མཐོའི་མཐར་ཟད་ལུས་རྩལ་སོགས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་ནས་རིག་གནས་དེ་ཡུལ་སྐོར་དང་། ཚན་རྩལ། འབྱུང་ཁམས་བཅས་ཀྱི་ཐོན་ལས་དང་ཟུང་འབྲེལ་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་2015ལོར་སླེབས་སྐབས་རིག་གནས་ཐོན་ལས་ཀྱི་འཕར་ཐང་དེ་ཐོན་སྐྱེད་སྤྱིའི་རིན་ཐང་ནང་གི་བསྡུར་ཚད་3%ཡན་ཟིན་པ་བྱས་ནས་དེ་ལྗོངས་ཡོངས་ཀྱི་ཁྱད་ལྡན་གཙོ་རྟེན་ཐོན་ལས་གསར་པ་ཞིག་ཏུ་རིམ་པས་ཆགས་ཐུབ་པའི་འབད་བརྩོན་བྱེད་དགོས།

        (དྲུག ) སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཞབས་འདེགས་གཉིས ”ཀྱི་ཁ་ཕྱོགས་དང་“བརྒྱ་གཉིས ”ཀྱི་མཛད་ཕྱོགས་ལག་བསྟར་ནན་ཏན་བྱས་ནས “ལེགས་པོ་ལྔའི ”ལས་གཞི་ལག་བསྟར་བྱེད་རྒྱུ་སྣེ་འདྲེན་དུ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཐོན་རྫས་རྩེ་གྲ་བརྩམ་རྒྱུའི་ཕན་སྐུལ་ལམ་སྲོལ་བཙུགས་ནས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་བཅས་བརྗོད་དོན་གཙོ་བོར་བྱས་ཏེ་བོད་ལྗོངས་གསར་པ་དང་། གོང་འཕེལ་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བསྟོད་པའི་བརྩམ་བྱ་ཡག་པོ་དེ་བས་མང་བ་བརྩམས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་འཐབ་ས་བཟུང་ཐོག མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་བོད་ཀྱི་རིག་གནས་དེ་རྒྱལ་ཕྱི་རྒྱལ་ནང་དུ་སྐད་གྲགས་ཆོད་པ་དང་བག་ཆགས་ཆེན་པོ་བཟོ་དགོས།

        བརྒྱད།     འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང ་ལེགས་སྐྱོང་བྱེད་རྒྱུ་གཞི་རྟེན་དུ་བྱས་ཏེ་ས་མཐོའི་འབྱུང་ཁམས་སྲུང་བཅད་སྐྲུན་དགོས།

        འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ལྗོངས་རྒྱུན ་མཐུད་གོང་འཕེལ་འགྲོ་བའི་གལ་ཆེའི་འགན་སྲུང་ཞིག་ཡིན། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་སྔོན་འགྲོར་བྱས་ཏེ། གོང་འཕེལ་གཏོང་བའི་ནང་སྲུང་སྐྱོབ་བྱེད་རྒྱུར་མཐོང་ཆེན་བྱེད་རྒྱུ་དང་། སྲུང་སྐྱོབ་བྱེད་པའི་ནང་གོང་འཕེལ་ཡོང་ཐབས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག འབྱུང་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་ལྡན་པའི་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་དགོས།

        (གཅིག )གཙོ་གནད་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། གཙང་ཆེན་ཆུ་ཆེན་གྱི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། གཤེར་ས། རང་བྱུང་ནགས་ཚལ། དེ་བཞིན་སྐྱེ་དངོས་སྣ་མང་ཅན་བཅས་ལ་སྲུང་སྐྱོབ་བྱེད་རྒྱུར་དམ་འཛིན་བྱས་ཏེ་ས་ཆུ་ཤོར་བ་དང་། ས་ཆ་དང་རྩྭ་ར་བྱེ་གྱུར་སོང་རིགས་ལ་ཕྱོགས་བསྡུས་བཅོས་ སྐྱོང་དང་བཙོག་སྐྱོན་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས “ ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཤིང་འཛུགས་ནགས་གསོ་སྤྱི་ཆིང་ཁྲི་26ཡན་ཟིན་པ་དང་། སྐྱས་སྤོས་རྩྭ་གསོ་སྤྱི་ཆིང་ཁྲི་480 ཡན་ཟིན་པ། ས་ཞིང་བྱེ་གྱུར་བཅོས་སྐྱོང་བྱེད་རྒྱུ་སྤྱི་ཆིང་ཁྲི་18 ཡན་ཟིན་པ། ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་སྤྱི་ཆིང་ཁྲི་3ཡན་ཟིན་པ་བཅས་ཐུབ་པ་བྱེད་རྒྱུ་དང་། དེ་བཞིན་གྲོང་ཁྱེར་གྲོང་རྡལ་གཙོ་བོའི་བཙོག་ཆུ་གཅིག་སྡུད་ཐོག་གཙང་གསིང་བཟོ་ཚད་60%ཡན་ཟིན་པ་དང་གཙོ་བོའི་སྦགས་བཙོག་འབུད་ཚད་སྤྱི་འབོར་དེ་རྒྱལ་ཁབ་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་དགོས། (གཉིས ) ཁོར་ཡུག་ལ་ཞིབ་དཔྱད་ཚད་ལེན་བྱེད་ནུས་ཆེ་རུ་གཏོང་དགོས། གཙང་ཆུ་གཙོ་བོ་དང་གཙོ་གནད་ཁུལ་ཁོངས་ཀྱི་ཆུའི་སྤུས་ཚད་དང་། མཁའ་རླུང་གི་སྤུས་ཚད་ལ་འཕྲུལ་ཐབས་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་པའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ནགས་ཚལ་རྩྭ་ཐང་དང་། ས་ཆུ་ཤོར་བ། ས་གཤིས་ཀྱི་གནོད་འཚེ། གནམ་གཤིས་ཀྱི་གནོད་འཚེ་སོགས་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་དྲ་རྒྱ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་རྒྱུ་དང་གནམ་གཤིས་འགྱུར་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གནས་ཚུལ་སྔ་ཙམ་ནས་ཤེས་རྟོགས་དང་། འགོག་སྲུང་གི་གྲ་སྒྲིག་སྔ་ཙམ་ནས་བྱེད་པ། སྔ་ཙམ་ནས་འཕྲལ་མྱུར་ཁ་གཏད་གཅོག་ཐབས་བཅས་བྱེད་དགོས།

        (གསུམ )རྒྱུན་འཁོར་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་འབྱུང་ཁམས་སྲུང་སྐྱོབ་བྱེད་རྒྱུར་བྱ་དགའ་སྤྲོད་པའི་ལམ་སྲོལ་ཚགས་ཚུད་དུ་གཏོང་བ་དང་། གཏེར་འདོན་ཁོར་ཡུག་བཅོས་སྐྱོང་དང་འབྱུང་ཁམས་སླར་གསོ་བྱེད་རྒྱུའི་འགན་འཁྲིའི་ལམ་སྲོལ། འབྱུང་ཁམས་ཕན་འབྲས་སྐྱོང་གསབ་བྱེད་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཅས་འཛུགས་དགོས། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ་བཅས་ཁྱབ་གདལ་དང་བཀོལ་སྤྱོད་ཤུགས་ཆེ་བྱས་ནས་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་ལ་སྐུལ་སྤེལ་གཏོང་རྒྱུ་དང་། རྗེས་ལུས་ཀྱི་ཐོན་སྐྱེད་ནུས་རྒྱུ་དོར་ནས་འབྱུང་ཁམས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁ་ཙམ་མིན་པའི་སྒོ་ནས་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་ཡག་པོ་བྱས་ནས་རྒྱལ་ཁབ་དང་། མི་དམངས། ཕ་ཚ་བུ་རྒྱུད་བཅས་ལ་བདེ་སྐྱིད་སྐྲུན་ཐུབ་པ་བྱེད་དགོས།

        དགུ      སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་རྒྱུ་འགག་སྒྲོལ་དུ་བྱས་ཏེ་བསྒྱུར་བཅོས་ལ་བརྟེན་ནས་སྐུལ་སྤེལ་གཏོང་བ་དང་སྒོ་དབྱེས་སྐུལ་ཁྲིད་བྱེད་པའི་དགེ་སྟོབས་གསར་པ་ཞིག་གཏོད་དགོས།

        བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་རྒྱུ་ནི་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བའི་གལ་ཆེའི་ཐབས་ལམ་ཞིག་ཡིན་ཞིང་། བསམ་བློར་བཅིངས་འགྲོལ་དང་ལྟ་བ་གསར་བརྗེས་སྔར་ལས་ལྷག་པ་བྱས་ཏེ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་ཐད་འགག་སྒྲོལ་གསར་པ་ཡོང་རྒྱུར་སྐུལ་སྤེལ་གཏོང་བ་དང་། ནང་ས་དང་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་རྒྱུའི་ཐད་གོམ་སྟབས་གསར་པ་སྤོ་ཐུབ་པ་བྱེད་དགོས།

        (གཅིག ) མུ་མཐུད་དེ་གཙོ་གནད་ཁྱབ་ཁོངས་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས། ཞིང་འབྲོག་ཁུལ་དུ “ཡུན་རིང་འགྱུར་བ་མི་གཏོང་རྒྱུ་གསུམ ”གྱི་གཞི་རྩའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས་རྩྭ་ར་འགན་གཙང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་པོ་བཟོ་བ་དང་དོན་འཁྱོལ་བྱས་ཏེ་མཉམ་སྡེབ་ཀྱི་ནགས་དབང་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས་པ་དང་། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བསྐྱར་སྒྲིག་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་དེང་རབས་ཀྱི་ཁེ་ལས་ལམ་ལུགས་ཚགས་ཚུད་དུ་གཏོང་དགོས་པ། སྲིད་འཛིན་ཞིབ་མཆན་འགོད་ལམ་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་ཏན་ཏིག་བྱེད་དགོས།

        (གཉིས )སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལྷུག་པོར་གློད་ནས་གོང་འཕེལ་གཏོང་དགོས། ཆབ་སྲིད་ཐད་བློས་འགེལ་བ་དང་། བསམ་བློའི་ཐད་བཀག་རྒྱ་གློད་པ། སྲིད་ཇུས་ཐད་ལྷུག་ཏུ་གཏོང་བ། འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ་བྱེད་པ། ལས་ཀའི་ཐད་སྲབ་མདའ་གློད་པ་བཅས་བྱས་ཏེ་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་གཟིགས་སྐྱོང་སྲིད་ཇུས་ཁག་འཐུས་ཚང་དང་དོན་འཁྱོལ་བྱས་ཐོག ཐེམ་པ་དམའ་བ་དང་། མ་མེད་དེབ་སྐྱེལ། ཁྲལ་ཡང་བ། སྐྱོར་ཤུགས་ཆེ་བ། ཞིབ་བཤེར་ཉུང་བ། སྐུལ་ལྕག་ལ་བརྩི་མཐོང་བཅས་བྱེད་ཐུབ་པ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་དང་ཆེན་པོ་ཡོང་རྒྱུར་སྐུལ་སྤེལ་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་རྐང་འཛིན་ཁེ་ལས་100ཡན་ཟིན་པ་བྱེད་རྒྱུ་དང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕར་ཐང་དང་གོང་འབུལ་ཁྲལ་འབབ་དེ་ལྡབ་གཅིག་ཡན་འཕར་བ་བྱས་ཏེ་ལོ་རེར་ཁག་སོ་སོར་ཆ་སྙོམས་15%ཡན་འཕར་ཐུབ་པ་བྱེད་དགོས།

        (གསུམ )ནང་ས་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ནང་ས་དང་། ལྷག་པར་དུ་ག་སྦྱར་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་སྤེལ་རེས་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྷོ་ནུབ་ཀྱི་དཔལ་འབྱོར་ཁུལ་ཆེ་མོའི་ནང་གང་མགྱོགས་འཛུལ་ཐུབ་པ་བྱེད་དགོས། ཨེ་ཤེ་ཡ་ལྷོ་མའི་སྐམ་སའི་ཚོང་འགྲུལ་བགྲོད་ལམ་ཆེ་མོ་དང་འབྲེལ་མཐུད་བྱེད་རྒྱུ་དང་འགག་སྒོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཐོག་མཐའ་མཚམས་རྫོང་དང་ལྷག་པར་དུ་མཐའ་མཚམས་ཤང་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་སྒྲུབ་རྒྱུར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ས་བབ་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་མཐའ་མཚམས་ཚོང་དོན་གོང་འཕེལ་ཧུར་ཐག་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྤྱི་འབོར་ལྡབ་གཅིག་ཡན་འཕར་ཐུབ་པ་བྱེད་དགོས། མ་འཇོག་ཁོར་ཡུག་ལེགས་སྒྱུར་བྱས་ནས་ལྗོངས་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་བོད་དུ་མ་འཇོག་ལས་གཉེར་བྱེད་པར་ཡོང་རྒྱུ་འདྲེན་འགུགས་ཧུར་ཐག་བྱས་ཏེ་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་ཐུབ་ཚད་མཐོ་རུ་གཏོང་དགོས།

        (བཞི )བོད་འབྲེལ་ཕྱི་དོན་ལས་ཀ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་ཆབ་སྲིད་དང་། དཔལ་འབྱོར། ཕྱི་འབྲེལ། དྲིལ་བསྒྲགས་སོགས་ཐབས་ལམ་སྣ་མང་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་མཐའ་འཁོར་རྒྱལ་ཁབ་དང་གཙོ་གནད་རྒྱལ་སྤྱིའི་རྩ་འཛུགས་དང་མཛའ་མཐུན་སྤེལ་རེས་བྱེད་རྒྱུའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། ཕྱིར་སྡོད་བོད་རིགས་སྤུན་ཟླའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱ་ཆེར་བཏང་སྟེ་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་ཅིག་ཧུར་ཐག་སྐྲུན་དགོས།

        བཅུ།     ཚན་རིག་དང་མཐུན་པའི་སྒོ་ནས་ཏང་འཛུགས་སྐྱོང་བྱེད་པའི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

        བོད་ཀྱི་ལས་ཀ་ཡག་པོ་བསྒྲུབ་རྒྱུའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཐོག་ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་ཏང་འཛུགས་སྐྱོང་བྱེད་པའི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

        (གཅིག )སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་འཛུགས་རྒྱུར་དམིགས་ཏེ་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། སློབ་སྦྱོང་རྣམ་པའི་སྲིད་ཏང་འཛུགས་རྒྱུའི་བླང་བྱ་གཞིར་བཟུང་སློབ་སྦྱོང་རྣམ་པའི་ཏང་རྩ་འཛུགས་དང་སློབ་སྦྱོང་རྣམ་པའི་འགོ་ཁྲིད་ཚན་ཁག་འཛུགས་རྒྱུའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས་ཤིང་། རིམ་ཁག་ཏང་ཨུད (ཏང་ཙུའུ )ཀྱི་རིགས་པའི་གཞུང་ལུགས་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་གཞི་རྒྱ་ཆེ་བའི་ལས་བྱེད་པར་སྦྱོང་བརྡར་སྤྲོས་རྒྱུའི་འཆར་གཞི་ལག་བསྟར་བྱས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་རྒྱུ་དང་། སློབ་ཁང་དང་སློབ་གསེང་ཟུང་འབྲེལ་བྱེད་རྒྱུ། ལྗོངས་ཕྱི་ནང་གཉིས་ཟུང་འབྲེལ་བྱེད་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ལོ་ལྟར་ལས་བྱེད་པ་མི་ཐེངས་ཁྲི་2ལ་རེས་མོས་ཀྱིས་སྦྱོང་བརྡར་སྤྲོས་པ་དང་ལོ་ལྔའི་ནང་ལྗོངས་ཡོངས་ཀྱི་ལས་བྱེད་པར་རེས་མོས་སྦྱོང་བརྡར་ཐེངས་གཅིག་སྤྲོས་ཐུབ་པ་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྣེ་ཁྲིད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་མཐའ་འཁྱོངས་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ནང་དོན་གཙོ་བོར་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་ཚོར་ནུས་དང་ཆབ་སྲིད་ཀྱི་དབྱེ་གསལ་འབྱེད་ནུས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་། ལངས་ཕྱོགས་བརྟན་པོ། དར་ཆ་གསལ་སྟོན། བྱ་སྤྱོད་བློ་ཐག་ཆོད་པོ་བཅས་བྱེད་དགོས། བསམ་བློ་ཀུན་སྤྱོད་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ལག་ལེན་བྱེད་མཁན་གྱི་མིག་དཔེར་འགྱུར་བ་བྱེད་དགོས།

        (གཉིས )དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱེད་རྒྱུར་དམིགས་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཕྱོགས་གཅིག་ནས་དྲག་འདེམས་ཧྲག་སྒྲིག་བྱེད་དགོས་ཤིང་། སྤྱོད་ཡོན་གཉིས་ལྡན་དང་། གྲུབ་ཆ་ལེགས་སྒྱུར། བྱེད་ནུས་གོང་མཐོར་གཏོང་བ། གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཪྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་ནུས་ཆེ་བ། ལས་ཀ་བྱས་འབྲས་མངོན་གསལ་དོད་པ། མང་ཚོགས་ཀྱི་ཆ་འཇོག་བྱེད་ས་དང་ལྟ་སྟངས་ཡག་པོ་ཡོད་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་རིམ་ཁག་འགོ་ཁྲིད་ཀྱི་ལས་གནས་ཐོག་གདམ་གསེས་གནས་སྤར་བྱས་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་དེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་བཅས་ལག་བསྟར་ནན་ཏན་བྱེད་མཁན་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་འགོ་ཁྲིད་བྱེད་མཁས་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་མཁན་བཅས་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་མཉམ་སྡེབ་ཅིག་ཏུ་འགྱུར་བ་བྱེད་དགོས། ཕྱོགས་གཞན་ཞིག་ནས་དོ་དམ་ཚད་ལྡན་བཟོ་དགོས་ཤིང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས་མཉམ་སྡེབ་ཀྱི་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། ཟུར་དུ་གྲོས་མོལ། ཚོགས་འདུའི་ཐོག་གཏན་འཁེལ་བཅས་བྱེད་པའི་རྩ་དོན་གཞིར་བཟུང་རིམ་ཁག་ཏང་ཨུད་ཀྱི་དོན་གྲོས་དང་ཇུས་ཐག་གཅོད་སྲོལ་ཚགས་ཚུད་དུ་གཏོང་བ་དང་། མཉམ་སྡེབ་ཀྱིས་འགོ་ཁྲིད་བྱེད་རྒྱུ་དང་སྒེར་གྱི་འགན་བགོས་ཟུང་འབྲེལ་བྱེད་པའི་ཞིབ་ཕྲའི་ལམ་ལུགས་འཐུས་ཚང་དུ་བཏང་ཐོག འགོ་ཁྲིད་ཚན་ཁག་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་དབང་ཡོད་ལ་སྒྲིག་ཁྲིམས་ཀྱང་ཡོད་པ་དང་། དམངས་གཙོ་ཡོད་ལ་གཅིག་སྡུད་ཀྱང་ཡོད་པ། གཅིག་གྱུར་གྱི་འདོད་བློ་ཡོད་ལ་སྒེར་གྱི་བསམ་བློ་གཏོང་ཕྱོགས་དང་གསོན་ཉམས་ཀྱང་ལྡན་པ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

        (གསུམ )སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་ཆེར་འཛིན་པའི་མི་སྣ་བཀོལ་སྤྱོད་ཀྱི་ཚད་གཞི་དོན་འཁྱོལ་བྱེད་རྒྱུར་དམིགས་ཏེ་ལས་བྱེད་པའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། གཅིག་གྱུར་འཆར་འགོད་བྱེད་དགོས་ཤིང་། ལས་བྱེད་པ “ ཅན་བཞིར་གྱུར་བའི ”མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་ཆེར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་བསྐོ་བཞག་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་མཁན། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མཁན། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་ཕོད་མཁན་བཅས་ཀྱི་ཕུལ་བྱུང་བོད་རིགས་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གཞན་དག ཡུན་རིང་བོད་དུ་ལས་ཀ་བྱེད་མཁན་གྱི་ཕུལ་བྱུང་རྒྱ་རིགས་ལས་བྱེད་པ་བཅས་གསོ་སྐྱོང་དང་། གདམ་གསེས་གནས་སྤར། བེད་སྤྱོད་བཅས་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་པ་དང་། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་དང་བུད་མེད་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས་གནས་སྤར་ཤུགས་ཆེ་བྱེད་དགོས་པ། ཏང་ཕྱིའི་ལས་བྱེད་པ་བེད་སྤྱོད་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་པ། རྗེས་གྲབས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་གང་ལེགས་བྱེད་དགོས། བོད་སྐྱོར་ལས་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་དགོས་ཤིང་། ལས་ཀ་བྱེད་སྟངས་ལ་དཔྱད་ཞིབ་དང་ཤེས་རྟོགས་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་ཁོང་ཚོར་དོ་དམ་ནན་པོ་བྱེད་དགོས་ལ་ལྟ་རྟོག་གཅེས་སྐྱོང་ཡང་བྱས་ཐོག ལས་ཀ་ཕུལ་བྱུང་དང་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་རྣམས་དུས་ཐོག་ཏུ་གལ་ཆེའི་ལས་གནས་ཐོག་གདམ་གསེས་གནས་སྤར་བྱས་ཏེ་ཁོང་ཚོའི་དགེ་མཚན་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཁོང་ཚོར་ཡུན་རིང་བོད་དུ་རྩ་བ་འཛུགས་པ་དང་བོད་ལ་ལེགས་སྐྱེས་འབུལ་རྒྱུའི་སྐུལ་ལྕག་བྱེད་དགོས། མཐོ་རིམ་སློབ་གྲྭ་ཆེ་ཁག་གི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ཆབ་སྲིད་མཁས་ཅན་གྱིས་སློབ་གསོ་གཉེར་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་གཉེར་རྒྱུའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་མཐོ་རིམ་སློབ་གྲྭ་ཆེ་ཁག་གི་འགོ་ཁྲིད་དབང་ཆ་དེ་ཏང་དང་སྲིད་གཞུང་གི་ལག་ཏུ་དམ་པོར་བཟུང་དགོས། གཙོ་གནད་མངོན་ཆེ་ཡོ ང་བ་བྱེད་དགོས་ཤིང་། ས་གནས (གྲོང་ཁྱེར )དང་། རྫོང (གྲོང་ཁྱེར་དང་ཆུས )ཤང་གྲོང་རྡལ་བཅས་ཏང་སྲིད་ཀྱི་གོ་གནས་རྒན་པ་འཛིན་མཁན་གྱི་དཔུང་ཁག་ལེགས་སྐྱོང་བྱས་ཐོག ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན། མང་ཚོགས་ཀྱི་ལས་ཀ་བྱེད་པའི་འཇོན་ཐང་ཆེ་བ་དང་ཪྙོག་འཛིང་ཆེ་བའི་གནས་བབ་བཏང་འཛིན་བྱེད་ནུས་ཆེ་བ། མི་རིགས་དང་ཆོས་ལུགས་ཀྱི་ལས་ཀར་རྒྱུས་མངའ་ཆེ་བ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཐུན་སྒྲིལ་བྱེད་མཁས་པ། སྤྱོད་ཚུལ་ལེགས་པ། གཞུང་དྲང་སྤྱོད་གཙང་ཡོད་པ་བཅས་གལ་ཆེའི་ཆ་རྐྱེ ན་དུ་བརྩིས་ཐོགལྗོངས་ཡོངས་ཀྱི་ལས་བྱེད་པའི་ཡོང་ཁུངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ལས་བྱེད་པ་ཕུལ་བྱུང་ནང་གི་རྩེ་ གྲ་དང་འཚམ་ཤོས་ནང་གི་འོས་ཤོས་རྣམས་ས་གནས (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )ཤང་གྲོང་རྡལ་བཅས་ཀྱི་ཏང་སྲི ད་ཀྱི་གོ་གནས་རྒན་པའི་ལས་གནས་ཐོག་གདམ་གསེས་གནས་སྤར་བྱེད་དགོས་པ་དང་། རིམ་པ་གསུམ་གྱི་ཏང་སྲིད་གོ་གནས་རྒན་པའི་འགོ་ཁྲིད་ལས་བྱེད་པ་རྣམས་གཙོ་གནད་དུ་གསོ་སྐྱོང་དང་། གཙོ་གནད་དུ་བསྐོ་སྒྲིག གཙོ་གནད་དུ་དོ་དམ་བཅས་བྱེད་དགོས། རྫོང (གྲོང་ཁྱེར་དང་ཆུས )ཏང་སྲིད་ཀྱི་གོ་གནས་རྒན་པའི་ལས་གནས་ཐོག་ལས་ཀ་བྱས་ཡུན་རིང་པོ་ཡིན་པ་དང་། གོང་འཕེལ་དང་བརྟན་ལྷིང་གི་རྣམ་པ་བཟང་པོ་གཏོད་ཡོད་པ། གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པར་རྩ་འཛུགས་ཀྱིས་དཔྱད་ཞིབ་བྱས་ནས་ཚད་ལོན་བྱུང་རིགས་ལ་གོ་གནས་རིམ་པ་མཐོ་རུ་གཏོང་ཆོག བསྒྱུར་བཅོས་གཏིང་ཟབ་བྱེད་དགོས་ཤིང་། ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད་དྲག་འདེམས་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཐོག འགོ་ཁྲིད་ལས་བྱེད་པ་ཡོངས་བསྒྲགས་སུ་གདམ་གསེས་གནས་སྤར་བྱེད་པ་དང་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་ ལས་གནས་འགྲན་འཁུར་བྱེད་ལམ་ལ་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་དང་། ས་ཁུལ་བརྒལ་བ་དང་སྡེ་ཚན་ལས་སྒྲོལ་ཏེ་ལས་བྱེད་པ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕུལ་བྱུང་གི་ལས་བྱེད་པ་རིགས་འདྲ་མིན་འབུར་དུ་ཐོན་པ་བྱེད་རྒྱུར་ཆ་རྐྱེན་སྐྲུན་དགོས་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་ན་གཞོན་ལས་བྱེད་པ་དཀའ་ཚེགས་ཆེ་བའི་ས་ཁུལ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོ་དང་གནད་ཆེའི་ལས་གནས་ཐོག་བདམས་གཏོང་བྱས་ནས་འཚར་ལོངས་སྦྱོང་བརྡར་ཐུབ་པ་བྱེད་རྒྱུ་དང་། གཞི་རིམ་གྱི་འཐབ་ས་དང་པོ་ནས་ཡོང་བའི་ཏང་སྲིད་ལས་བྱེད་པ་གསོ་སྐྱོང་བྱེད་ལམ་འཛུགས་དགོས།

        ཁྲིད་སྟོན་ཡག་པོ་བྱེད་དགོས་ཤིང་། སྤྱོད་ལམ་ལ་མཐོང་ཆེ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ། དམ་པ་དོན་གཉེར་བྱེད་རྒྱུར་གཙིགས་ཆེན། གཞི་རིམ་ལ་མཐོང་ཆེ། གསར་གཏོད་ལ་སྐུལ་ལྕག མང་ཚོགས་ཀྱིས་བློ་མོས་བྱེད་པ་བཅས་ཀྱི་མི་སྣ་བེད་སྤྱོད་རྒྱུའི་ཁྲིད་སྟོན་བྱས་ཏེ་ལས་ཀ་བྱེད་འདོད་ཡོད་པ་དང་། ལས་ཀའི་འཇོན་ཐང་ཡོད་པ། ལས་ཀ་སྒྲུབ་ཐུབ་པ་བཅས་ཀྱི་རིགས་ལ་གོ་སྐབས་སྤྲོད་དགོས་པ་དང་། མགོ་བདེ་ཁེ་འདོད་བྱེད་མཁན་ལ་ཁེ་བཟང་རག་ཏུ་འཇུག་རྒྱུ་མེད་པ། ཡུན་རིང་ཆ་རྐྱེན་ཧ་ཅང་ཞན་པོ་དང་དཀའ་ངལ་ཆེ་བའི་ས་ཁུལ་དུ་ལས་ཀ་བྱེད་མཁན་ལས་བྱེད་པ་དང་། ཁེ་གྲགས་མི་གཉེར་བ་དང་ལས་ཀ་ཏན་ཏིག་སྒྲུབ་མཁན་གྱི་ལས་བྱེད་པ། དཀའ་སྤྱད་སྙིང་རུས་བྱེད་པ་དང་ཕུགས་ཀྱི་གོང་འཕེལ་དང་བརྟན་ལྷིང་ཡོང་བའི་རྨང་གཞི་འདིང་རྒྱུར་དོ་སྣང་བྱེད་མཁན་གྱི་ལས་བྱེད་པ་བཅས་ལ་གྱོང་མི་རག་པ་བྱས་ནས་སྤྱོད་གཙང་སྲོལ་བཟང་ལྡན་པའི་མི་སྣ་བེད་སྤྱོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།

        ལྟ་རྟོག་གཅེས་སྐྱོང་བྱེད་དགོས་ཤིང་། བོད་ཀྱི་ལས་བྱེད་པའི་ལས་ཀའི་ཆ་རྐྱེན་ཧ་ཅང་ཞན་པ་དང་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བས་བློ་མཐུན་མང་པོ་ཞིག་གིས་རང་གི་ལང་ཚོ་ཕུལ་བས་མ་ཚད་ཚེ་གང་ཡང་ཕུལ་བ་དང་། ཚེ་གང་ཕུལ་བས་མ་ཚད་རང་གི་བུ་རྒྱུད་ཀྱང་ལེགས་སྐྱེས་སུ་ཕུལ་ཡོད་པས་བླ་ན་མེད་པའི་བསམ་བློའི་རྟོགས་པ་དང་བློས་གཏོང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དེ་རིགས་ཏང་དང་སྲིད་གཞུང་གིས་ནམ་ཡང་བརྗེད་མི་སྲིད་ལ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྱང་ནམ་ཡང་བརྗེད་མི་སྲིད། དེར་བརྟེན་ང་ཚོས་ངེས་པར་དུ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཁོང་ཚོ་འཚར་ལོངས་དང་ཡར་རྒྱས་ཡོང་བར་དོ་ཁུར་དང་ཁོང་ཚོ་གཟུགས་གཞི་བདེ་ཐང་ཡོང་རྒྱུར་ལྟ་རྟོག་གང་ཐུབ་བྱས་ཐོག ཁོང་ཚོའི་ལས་ཀ་དང་། འཚོ་བ། ཁྱིམ་ཚང་བཅས ་ཀྱི་དངོས་ཡོད་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱས་ནས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ཕན་བདེའི་ཐོབ་ཐང་འོས་འཚམ་གྱིས་མཐོ་རུ་བཏང་སྟེ་ཁོང་ཚོ་སེམས་ལྷོད་པོས་ལས་ཀ་བྱེད་པ་དང་མཐའ་མཚམས་སུ་རྩ་བ་འཛུགས་ཐུབ་པ་བྱས་ནས་གངས་ལྗོངས་ས་མཐོའི་ཐོག་མི་ཚེའི་ངོ་མཚར་ཆེ་བའི་བྱས་རྗེས་འཇོག་ཏུ་འཇུག་དགོས། དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བོད་ཀྱི་དོན་དངོས་དང་མཐུན་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་གདེང་བྱེད་པའི་ལམ་སྲོལ་ཞིག་འཚོལ་ཞིབ་བྱས་ཐོག ལས་བྱེད་པར་དོ་དམ་བྱེད་པའི་ཚན་རིག་དང་མཐུན་པའི་ལམ་ལུགས་ཤིག་བཙུགས་ནས་རྒྱ་ཆེའི་ལས་བྱེད་པས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ཡོང་བར་བྱས་རྗེས་འཇོག་རྒྱུའི་ཧུར་སེམས་འདོན་སྤེལ་གང་ལེགས་བྱེད་དགོས། དེ་དང་ཕྱོགས་མཚུངས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྤེལ་ཕྱོགས་ལེགས་བཅོས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐོག་བརྩི་འཇོག་དང་། བསམ་བློའི་ཐོག་མཐོང་ཆེ། བརྩེ་སེམས་ཟབ་ཏུ་གཏོང་བ། ཐོབ་ཐང་དོན་འཁྱོལ་བྱེད་པ། ཞབས་ཞུ་ཚགས་ཚུད་པོ་ཡོང་བ་བཅས་བྱས་ནས་རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཀྱི་སེམས་ནང་དུ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས།

        (བཞི )ཏང་གིས་བོད་ལ་སྲིད་སྐྱོང་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུར་དམིགས་ནས་གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རྩ་འཛུགས་ཀྱི་ཁེབས་རྒྱ་ཆེ་རུ་གཏོང་དགོས་ཤིང་། སློབ་གྲྭ་དང་། ཁེ་ལས། ལས་ཁུངས་དང་བྱ་གཞག་ཚན་པའི་ཏང་འཛུགས་ལས་ཀར་གཅིག་གྱུར་ངང་སྐུལ་འདེད་གཏོང་དགོས་པ་དང་། མཐོ་རིམ་སློབ་གྲྭ་ཆེ་མོའི་ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁྲོད་ཏང་རྩ་འཛུགས་འཛུགས་ཤུགས་ཆེ་རུ་གཏོང་དགོས་པ་དང་ལོ་གཅིག་ནས་གཉིས་བར་འབད་བརྩོན་བྱས་པ་བརྒྱུད་ཏང་རྩ་འཛུགས་དང་བཟོ་ཚོགས་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་སྒྲིག་འཛུགས་དང་། ཆེད་ལས་མཐུན་ཚོགས། ཐོན་ལས་འཁོར་འབྲེལ། ཕྱི་ལ་ལས་ཀ་འཚོལ་བར་འགྲོ་མཁན་དང་ཚོང་རྒྱག་མཁན་རུབ་འདུས་བྱེད་ས་བཅས་སུ་ཏང་རྩ་འཛུགས་འཛུགས་རྒྱུའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་སའི་རྟེན་གཞི་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ “ཡོད་པ་དྲུག ”(སྒོ་བྱང་ཡོད་པ་དང་། ལས་བྱ་ཡོད་པ། བྱེད་སྒོ་སྤེལ་ས་ཡོད་པ། འགྲོ་གྲོན་ཡོད་པ། ལམ་ལུགས་ཡོད་པ། བྱེད་སྒོ་ཡོད་པ་བཅས )དེ་ཁྱོན་ཡོངས་ལ་ཁེབས་ཐུབ་པ་བྱེད་དགོས། ཏང་ཡོན་དཔུང་ཁག་སྟོབས་ཆེར་གཏོང་དགོས་ཤིང་། ཚད་གཞི་མཐའ་འཁྱོངས་དང་སྤུས་ཚད་འགན་ལེན། གྲུབ་ཆ་ལེགས་སུ་གཏོང་བ། གཟབ་ནན་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀའི་འཆར་འགོད་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། གཞི་རིམ་དུ་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས “གསོ་སྐྱོང་གསུམ ”གྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་པ། ཞིང་འབྲོག་མང་ཚོགས་དང་། ཁེ་ལས། ཐོན་སྐྱེད་འཐབ་ས་དང་པོ་དང་དེ་བཞིན་གཞོན་ནུ། སློབ་གྲྭ་ཆེ་འབྲིང་གི་སློབ་མ་སོགས་ཀྱི་ཁྲོད་དུ་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀ་ཡག་པོ་བསྒྲུབས་ཏེ་སྲིད་འཛིན་སྒྲིག་ཚུད་གྲོང་ཚོ (གྲོང་ལྷན )ཚང་མ་དང་མཐོ་རིམ་སློབ་གླིང་གི་འཛིན་གྲྭ་ཁག་ཚང་མར་ཆ་རྐྱེན་ཚང་བའི་མི་སྣའི་ཁྲོད་ནས་ལོ་ལྟར་ཏང་ཡོན་གསར་པ་མི་གྲངས་2ནས་5བར་འཕེལ་རྒྱས་གཏོང་ཐུབ་པའི ་བརྩོན་ལེན་བྱེད་དགོས་པ། ཏང་ཡོན་ལ་སློབ་གསོ་གཏོང་རྒྱུ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏ ང་སྟེ་གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དེང་དུས་རྒྱང་ཁྲིད་སློབ་གསོ་སྤེལ་ཤུགས་ཇེ་མགྱོགས་སུ་བཏང་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་སྲིད་འཛིན་སྒྲིག་ཚུད་གྲོང་ཚོ (གྲོང་ལྷན )ཡོངས་ལ་སློབ་གསོའི་ལས་སྟེགས་དང་ས་ཚུགས་ཁེབས་ཐུབ་པ་བྱེད་དགོས་པ། སྐུལ་ལྕག་དོ་ཁུར་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་ཏང་ཡོན་རྒན་གྲས་དང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ཐུགས་ཁུར་གཅེས་སྐྱོང་དང་ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་བྱེད་དགོས་པ། ཏང་འཛུགས་སྐྱོང་བྱེད་པའི་ཐོག་ནས་སྡེ་ཚོགས་འཛུགས་སྐྱོང་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་སྐྱོང་། བཟོ་ཚོགས་འཛུགས་སྐྱོང་བཅས་བྱེད་རྒྱུར་སྐུལ་ཁྲིད་བྱེད་པའི་ལས་ཀ་སྤེལ་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། སྣེ་འདྲེན་ལས་གཞི་ལག་བསྟར་བྱེད་དགོས་ཤིང་། “ལེགས་པོ་ལྔ ”དམིགས་ཚད་དུ་བྱས་ཏེ་གཅིག་སྡུད་ངང་ནུས་མེད་གཉོད་ཆུང་གི་གཞི་རིམ་ཏང་རྩ་འཛུགས་ལེགས་སྒྲིག་གིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲངས་མཁན་དང་། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མཁན། རང་འགུལ་ངང་བརྟན་ལྷིང་སྲུང་སྐྱོབ་བྱེད་མཁན། ཕྱུག་འགྱུར་དང་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་ཀྱི་འཇོན་ཐང་ཆེ་བ། མང་ཚོགས་ཀྱིས་ཆ་འཇོག་བྱེད་པ་བཅས་ཀྱི་ཕུལ་བྱུང་ཏང་ཡོན་རྣམས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་ལས་གནས་ཐོག་བསྐོ་བཞག་བྱེད་དགོས་པ་དང་། གྲོང་ཚོར་གནས་སྐབས་རིང་ཏང་ཀྲི་པུའི་ཧྲུའུ་ཅིར་འོས་པའི་མི་མེད་ན་རྫོང་དང་ཤང་གི་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པའམ་ཡང་ན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནང་ནས་བདམས་གཏོང་བྱས་ཐོག་ཁ་ཙམ་མིན་པའི་སྒོ་ནས་གྲོང་ཚོ “ཨུ་ལྷན་གཉིས ”ཀྱི་འགོ་ཁྲིད་ཚན་ཁག་འདེམས་བསྐོ་བསྐོ་སྒྲིག་ཡག་པོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་དགོས་ཤིང་། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་ཤུགས་ཆེ་སྤེལ་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་མང་ཚོགས་ལ་ཞབས་ཞུ་སྒྲུབ་དགོས་པ་མ་ཟད། ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་སྤྲས་ནས་ཁྱད་ཆོས་ལྡན་པ་དང་གྲུབ་འབྲས་ཐོབ་པ་བྱས་ཏེ་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་དེ་རྒྱ་ཁྱབ་དང་གཏིང་ཟབ་པའི་ཕྱོགས་སུ་སྤེལ་ཐུབ་པ་བྱེད་དགོས།

        (ལྔ )ཤེས་ལྡན་པར་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལ་དམིགས་ཏེ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་པར་བརྩི་འཇོག གསར་གཏོད་ལ་བརྩི་འཇོག་བཅས་བྱས་ནས་ཤེས་ལྡན་པའི་ལས་དོན་དེ་གོང་འཕེལ་དང་། བརྟན་ལྷིང་། སྤྱི་ཡོངས་བཅས་དང་འབྲེལ་བའི་མངོན་ཆེའི་གནས་བབ་ཐོག་འཇོག་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྤྱིའི་འཆར་འགོད་ནང་བཅུག་ནས་བྱ་ཐབས་སྣ་མང་སྤྱད་དེ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་དང་། སྲིད་ཇུས་ཚགས་ཚུད་དུ་བཏང་ནས་ཤེས་ལྡན་པ་འདྲེན་འགུག་བྱེད་རྒྱུ། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཤེས་ལྡན་པ་གནས་ཐུབ་པ་བྱེད་རྒྱུ། ཐབས་ལམ་འདྲ་མིན་གྱི་ཐོག་ནས་ཤེས་ལྡན་པ་བེད་སྤྱོད་ཡག་པོ་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས། དེ་བཞིན་ཏང་སྲིད་འགོ་ཁྲིད་བྱེད་རྒྱུར་མཁས་པ་དང་། ཁེ་ལས་གཉེར་སྐྱོང་དོ་དམ་བྱེད་རྒྱུར་མཁས་པ། ཆེད་ལས་ལག་རྩལ་ལ་མཁས་པ། ཞིང་འབྲོག་ཁུལ་ལ་གོ་ཆོད་པའི་ཤེས་ལྡན་པ། རྩལ་ནུས་ཆེ་བའི་ཤེས་ལྡན་པ། སྤྱི་ཚོགས་དོ་དམ་བྱེད་རྒྱུར་མཁས་པ། གཞི་རིམ་སྲིད་དབང་འཛུགས་སྐྱོང་གི་དོ་དམ་བྱེད་མཁས་པ། དགོན་སྡེ་འཛུགས་སྐྱོང་གི་དོ་དམ་བྱེད་མཁས་པ། རིག་གནས་སྒྱུ་རྩལ་ལ་མཁས་པ་བཅས་ཀྱི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་ཐོག གཞི་རྒྱ་ཆེ་བ་དང་། གྲུབ་ཆ་ལེགས་སྒྱུར། བཀོད་སྒྲིག་འཚམ་པོ། བྱང་ཚད་ལེགས་པ་བཅས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་ཀྱི་ཤེས་ལྡན་པའི་སྤྱིའི་འབོར་ཁྲི་32.6ཟིན་ཐུབ་པའི་བརྩོན་ལེན་བྱེད་དགོས།

        (དྲུག )རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་རྒྱུར་དམིགས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ནི་ཏང་དར་རྒུད་ཇི་ཡོང་དང་འབྲེལ་བ་ཡོད་པས་གནད་དོན་དེའི་ཐད་བོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་སྟབས་ངེས་པར་དུ་བློ་བརྟན་འགྱུར་མེད་དང་། རེ་བ་གང་ནན། མཐའ་གཅིག་ཏུ་ལག་བསྟར་བཅས་བྱེད་དགོས་ཀྱི་ཡོད། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་། ཏང་འཛུགས་སྤྱི་ཕན་དང་སྲིད་སྐྱོང་དམངས་ཕན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བྱ་བ་དངོས་བསྒྲུབས་ནས་བོད་ལྗོངས་དར་རྒྱས་གཏོང་བ་དང་དམངས་ཕྱུག་དམངས་གཅེས་བྱེད་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ། དེ་བཞིན་ཡང་དག་པའི་དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུའི་སློབ་གསོ་རྒྱག་དགོས་པ། མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བ་བརྟན་པོ་འཛུགས་དགོས་པ། ཏང་གི་ཕུལ་བྱུང་སྲོལ་བཟང་དར་སྤེལ་གཏོང་དགོས་པ་བཅས་བྱས་ནས་དངོས་འབྲེལ་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ཀྱི་དོན་དུ་ཁེ་ཕན་སྒྲུབ་པ་བཅས་བྱས་ཏེ་དུས་བབ་གསར་པའི་འོག་གི་མང་ཚོགས་ལས་ཀ་ཡག་པོ་བསྒྲུབས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དབར་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། སྤྱོད་གཙང་རང་འདོམས་ནན་པོ་བྱེད་དགོས་ཤིང་། སྲིད་གཙང་སློབ་གསོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་གཙང་རིག་གནས་དེ་ལས་ཁུངས་དང་། སྡེ་ཁུལ། ཁྱིམ་ཚང་། སློབ་གྲྭ ཁེ་ལས། ཞིང་འབྲོག་ཁུལ་བཅས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་རྒྱུའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱོད་གཙང་སྲིད་སྐྱོང་གི་ཚད་འཛིན་ལག་བསྟར་ནན་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་སྤྱོད་གཙང་ཐུབ་པ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ནན་པོ་སྲུང་དགོས་ཤིང་། རང་འགུལ་ངང་ཏང་གི་ཆབ་སྲིད་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ་དང་ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གལ་ཆེའི་རྩ་དོན་གྱི་གནད་དོན་འདིའི་ཐོག་ལངས་ཕྱོགས་བརྟན་པོ་དང་ཁ་ཞེ་གཉིས་མེད་བྱས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་དགོས་པ་དང་། རང་འགུལ་ངང་ཏང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་། དཔལ་འབྱོར་གྱི་སྒྲིག་ཁྲིམས། མང་ཚོགས་ལས་དོན་གྱི་སྒྲིག་ཁྲིམས་བཅས་ལ་བརྩི་སྲུང་ཞུས་ནས་ལས་ཀ་ཏན་ཏན་ཏིག་ཏིག་སྒྲུབ་པ་དང་། མི་བདེན་པ་བདེན་ཐུབ་བྱེད་པ། དཔོན་སྤྱོད་པ་གཙང་མ་བྱེད་པ་བཅས་ཀྱི་ཐོག་ནས་སྔ་བར་ཕྱི་གསུམ་དུ་གཞུང་དྲང་ཚུལ་ལྡན་དང་སྤྱོད་གཙང་བབས་ཆགས་པའི་མི་ཞིག་བྱེད་དགོས། ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཏང་ཡོན་ལས་བྱེད་པས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་གནོད་འཚེ་གཏོང་བ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་དང་ལྕི་པོ་བྱེད་དགོས་པ་དང་། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་ཁྲོད་དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ་དང་། ལྐོག་ཟ་ལྐོག་རྔན་ལེན་པ། ངན་ལྷུང་རུལ་སུངས་སུ་སོང་བ། རང་འགན་ཟོལ་འཇོག་དང་འགན་འཛོལ་ཤོར་བ་བཅས་ཀྱི་གྱོད་གཞིའི་རིགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་ཚུལ་མིན་གྱི་སྤྱོད་ཚུལ་འདྲ་མིན་རིགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། རུལ་སུངས་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་གཅོད་དང་འགོག་ཟོན་མཉམ་འཛིན། སྔོན་འགོག་གཙོར་བཟུང་བཅས་བྱེད་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་འབྱུང་རྩ་རང་ནས་རུལ་སུངས་འགོག་བཅོས་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས་པ་དང་། སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བཏང་སྟེ་སློབ་གསོ་དང་། ལྟ་སྐུལ། སྔོན་འགོག ཆད་གཅོད་བཅས་ཀྱི་ལམ་ལུགས་ཚགས་ཚུད་དུ་བཏང་ཐོག་བོད་ཀྱི་དོན་དངོས་དང་མཐུན་པའི་སྒོ་ནས་རུལ་སུངས་ལ་ཆད་གཅོད་དང་འགོག་ཟོན་བྱེད་པའི་མ་ལག་ཅིག་བཙུགས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས།

        བློ་མཐུན་རྣམ་པ། དུང་བརྡ་གསར་པ་བཏང་ཟིན་པ་དང་འཐབ་ལམ་གསར་པར་སྐྱོད་འགོ་ཚུགས་ཤིང་། རླབས་ཆེའི་བྱ་གཞག་གིས་ང་ཚོར་ངར་སྐུལ་དང་མི་དམངས་ཀྱི་རེ་བས་ང་ཚོར་སྐུལ་ལྕག་བྱེད་བཞིན་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཐོག་མཐུན་སྒྲི ལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་དང་། དེ་བས་ངོ་མཚར་ཆེ་བ་དང་། དེ་བས་འོད་སྟོང་འབར་བ། དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་མ་འོངས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

        (ཚོགས་འདུའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།