སྲིད་འཛིན་ཀུང་ཧྲུའུ་ཁག་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་། རང་སྐྱོང་ལྗོངས་ཀྱི་པུའུ་ཨུད་ཐིང་ཅུས་ཁག་བཅས་ལ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་བཅའ་ཁྲིམས 》ཀྱི་དོན་ཚན་ང་བརྒྱད་པའི “འོས་འགན་དམག་མིས་དམག་སྐུལ་དང་ལེན་བྱེད་རིང་དེའི་ཁྱིམ་ཚང་ལ་ས་གནས་དེ་གའི་སྲིད་གཞུང་གིས་གཟིགས་སྐྱོང་བྱེད་དགོས་པ་དང་གཟིགས་སྐྱོང་གི་ཚད་གཞི་ནི་ས་གནས་དེ་གའི་ཆ་སྙོམས་འཚོ་བའི་ཆུ་ཚད་ལས་མི་དམའ་བ་བྱེད་དགོས། ཞིབ་ཕྲའི་བྱེད་ཐབས་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱེད་དགོས ”ཞེས་པར་གཞིགས་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་ཐེམ་ཁུངས་རང་ལྗོངས་ནས་ཡིན་པའི་འོས་འགན་དམག་མིས་དམག་སྐུལ་དང་ལེན་བྱེད་རིང་ཁྱིམ་ཚང་གི་གཟིགས་སྐྱོང་ཚད་གཞི་དེ་2011ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལོ་གཉིས་ནང་སྒོར་1200ནས་ལོ་གཉིས་ལ་སྒོར་24000བར་ལེགས་སྒྲིག་བྱས་པ་དང་སྤྲོད་སྟངས་ཞིབ་ཕྲ་ནི་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་དམངས་སྲིད་ཐིང་གིས་ཟུར་དུ་བཟོ་དགོས་པའི་གཏན་འབེབས་བྱས་པར་བརྩི་སྲུང་ཞུས་ནས་ལག་བསྟར་ཡོད་པ་ཞུ།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས།
2011ལོའི་ཟླ་11ཚེས་8ཉིན།