དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • རྟེན་འབྲེལ་ཡི་གེ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        གསར་འགོད་པའི་དུས་ཆེན་ཐེངས་བཅུ་གཉིས་པ་ཤར་བའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་འཐབ་ཕྱོགས་དང་བོད་དུ་བཅའ་སྡོད་ཀྲུང་དབྱང་གསར་འགྱུར་ཚན་པའི་ལས་བྱེད་པ་དང་ལས་བཟོ་ཡོངས་རྫོགས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དུས་ཡུན་རིང་པོའི་ནང་གསར་འགྱུར་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་བོད་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་ཕུལ་བའི་ལེགས་སྐྱེས་གལ་ཆེན་དང་གཏོད་པའི་སྣང་ཚུལ་བཟང་པོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        གསར་འགྱུར་དྲིལ་བསྒྲགས་ལས་དོན་ནི་ང་ཚོའི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་བྱ་གཞག་ཁག་ནང་དམིགས་བསལ་གྱི་ནུས་པ་གལ་ཆེན་བཏོན་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་གསར་འགོད་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དེ་གོ་སྐབས་སུ་བྱས་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བས་གཅིག་འདོམས་བྱེད་པ། ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐད་ནས་རང་རྟོགས་དང་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་རྒྱུ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བཅས་བྱེད་དགོས། “དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཡོངས་ལ་བསྟུན་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད ”བཅས་ཀྱི་སྤྱིའི་བླང་བྱར་གཞིགས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བས་ལས་དོན་གྱི་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་རྒྱུ་དེ་གསར་འགྱུར་ལས་དོན་པའི་རྩ་བར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཡང་དག་པའི་ཁྲིད་སྟོན་མཐའ་འཁྱོངས་བྱེད་རྒྱུ་དེ་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་བླ་སྲོག་ལྟ་བུར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་རྒྱུ་དེ་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ལས་འགན་ཨང་དང་པོར་བརྩི་བ། གཞི་རིམ་དུ་སྐྱོད་པ་དང་། སྤྱོད་ཚུལ་སྒྱུར་བ། རྩོམ་སྲོལ་སྒྱུར་བ། དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་བྱེད་པ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། དར་ཆ་གསལ་སྟོན་གྱི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དར་ཆ་གསལ་སྟོན་གྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཁྲིད་སྟོན་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག་དང ”“དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་དོན་འཁྱོལ་བྱེད་པའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། སྟོབས་ཤུགས་རྣམས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཐོག་གོང་བུ་སྒྲིལ་བ་བཅས་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

                                                        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས།

                                                               2011ལོའི་ཟླ་11ཚེས་7ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།