དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་ཡོང་འགྱུར་ལྡོག་གནས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ཉེར་བཞི་པས་གྲོས་ཞིབ་བྱས་པ་དང་འབྲེལ་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཞིབ་བཤེར་སྙན་སྒྲོན་ལ་གཞིགས་པ་བརྒྱུད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་ཨའེ་ཅུན་ཐའོ་ཡིས་གནང་བའི 《བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་གི་འགྱུར་ལྡོག་གནས་ཚུལ་སྐོར་གྱི་སྙན་སྒྲོན 》ལ་ཆོག་མཆན་གནང་བ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་ནོར་ཤུགས་བསྡོམས་འབོར་དེ་ལོ་འགོའི་སྒོར་ཁྲི་5,319,760.3ནས་སྒོར་ཁྲི་7,694,128.4བར་ལེགས་སྒྲིག་བྱ་རྒྱུ་དང་། ཐེབས་རྩའི་སྔོན་རྩིས་དེ་ལོ་འགོའི་སྒོར་ཁྲི་119,442.8ནས་སྒོར་ཁྲི་198,082.8བར་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།