དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྐབས་ལྔ་པའི“ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུའི་མཐུན་སྒྲིལ་ཡར་ཐོན་བྱ་དགའ”སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་བའི་ལོ་འགའི་རིང་གི་རང་ལྗོངས་ཀྱི་གཞོན་ནུའི་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་ཀྱི་ལས་ཀའི་གྲུབ་འབྲས་དྲིལ་བསྒྲགས་དང་འགྲེམས་སྟོན་གང་ལེགས་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་མཐུན་སྦྱོར་ལྡན་པའི་རྣམ་པ་ཤུགས་ཆེན་གཏོད་དེ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གཏིང་ཟབ་འཕེལ་རྒྱས་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་དང་། རང་ལྗོངས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ་རང་ལྗོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ། མི་རིགས་ས་ཁུལ་གྱི་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཁྲིད་སྟོན་བྱེད་པ། རང་ལྗོངས་ཀྱི་མི་རིགས་ཁག་གི་གཞོན་ནུར “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་གཏིང་ཟབ་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་པ་དང་འཇོན་ཐང་ཅན་དུ་འགྱུར་བར་སྐུལ་མ་གཏོང་བ་བཅས་ཀྱི་ཆེད་དུ་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཐུབ་བསྟན་ཟླ་བ་སོགས་མི་བཅུར་སྐབས་ལྔ་པའི “ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུའི་མཐུན་སྒྲིལ་ཡར་ཐོན་བྱ་དགའི ”ཕུལ་བྱུང་མི་སྒེར་གྱི་མཚན་སྙན་སྤྲོད་རྒྱུ་དང་། ངག་དབང་བྱང་ཆུབ ·བསྟན་འཛིན་རྒྱལ་མཚན་སོགས་མི་ལྔ་བཅུར་སྐབས་ལྔ་པའི “ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུའི་མཐུན་སྒྲིལ་ཡར་ཐོན་བྱ་དགའི ”ཕུལ་བྱུང་མི་སྒེར་གྱི་མཚན་སྙན་སྤྲོད་རྒྱུ། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་ཚན་པ་བཅུར་སྐབས་ལྔ་པའི “ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུའི་མཐུན་སྒྲིལ་ཡར་ཐོན་བྱ་དགའི ”་སྔོན་ཐོན་མཉམ་སྡེབ་ཀྱི་མཚན་སྙན་སྤྲོད་རྒྱུ་བཅས་གཏན་འབེབས་བྱས་ཡོད།

        ཐེངས་འདིར་གཟེངས་བསྟོད་བྱས་པའི་མཉམ་སྡེབ་དང་མི་སྒེར་ནི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཕུལ་བྱུང་འཐུས་ཚབ་ཡིན་པ་དང་། ཁོང་ཚོས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་ནན་ཏན་དང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་ལག་བསྟར་ཧུར་ཐག་གིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་དང་། ཁོང་ཚོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ངང་ལག་བསྟར་དོན་འཁྱོལ་གྱིས་སྔོན་གཏོད་ལེགས་བརྩོན་དང་། གསར་འབྱེད་གསར་གཏོད། དཀའ་སྤྱད་ལས་གཏོད། སྒེར་སེམས་མེད་པའི་སྒོ་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཁོང་ཚོའི་དཔེ་སྟོན་བྱས་རྗེས་ཀྱིས་རང་ལྗོངས་མི་རིགས་ཁག་གི་གཞོན་ནུའི་མེས་རྒྱལ་ལ་དགའ་ཞེན་དང་མཐུན་སྒྲིལ་འབད་བརྩོན་གྱི་དུས་རབས་ཀྱི་ཀུན་སྤྱོད་གཅིག་སྡུད་ཐོག་མངོན་ཡོད་པ་མ་ཟད་མི་རིགས་ཁག་གི་གཞོན་ནུའི་དུས་བསྟུན་འཕེལ་རྒྱས་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ཀྱང་གང་ལེགས་མངོན་ཡོད།

        གཟེངས་བསྟོད་བྱས་པའི་མཉམ་སྡེབ་དང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ་ཡང་འབད་བསྐྱར་འབད་ཀྱིས་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་བརྩོན་ལེན་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུས་ཁོང་ཚོ་མིག་དཔེར་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་བྱ་གཙོ་བོ་ཁོང་དུ་དམ་པོ་ཆུད་པ་བྱེད་པ། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོར་འཛུགས་པ་བཅས་ཀྱིས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་གྱི་ལམ་བུའི་ཐོག་མི་རིགས་མཐུན་སྒྲིལ་གྱི་དུས་རབས་ཀྱི་གླུ་དབྱངས་ལེན་དགོས།

        གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་།

        བོད་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།

        བོད་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས།

        2011ལོའི་ཟླ་9ཚེས་23ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།