སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་པར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་པ། ལྟེ་བར་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཧུར་ཐག་བསྒྱུར་ནས་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོའི་ནང་ཧུར་ཐག་ཞུགས་པས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་ཡོད། ད་ཆ་ལྗོངས་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་དང་། སྤྱི་ཚོགས་ལས་ཞུགས་ཀྱི་ཐབས་ལམ་གཙོ་བོ། ས་གནས་ནོར་སྲིད་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ། ཚོང་འགུགས་མ་འདྲེན་གྱི་ཁྱབ་ཁོངས་གཙོ་བོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་དར་རྒྱས་གཏོང་བའི་སྟོབས་ཤུགས་གཙོ་བོ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཀྱི་གཙོ་རྐང་སྟོབས་ཤུགས་བཅས་སུ་གྱུར་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དར་རྒྱས་གཏོང་རྒྱུ་དང་། ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཧེ་བག་ཆུང་དུ་གཏོང་རྒྱུ། དམངས་འཚོ་ལེགས་སུ་གཏོང་རྒྱུ། སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཡོད། དེ་རིང་ཕུལ་བྱུང་བ་འབོར་ཆེན་ཞིག་ཐོན་ཞིང་། ཁོང་ཚོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་བསམ་གཞིག་མཐའ་འཁྱོངས་བྱས་པ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ནས་སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱ་རྒྱུ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ། སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ། དུས་བབ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་སོགས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།
སྤྱི་ཁྱབ་ཧུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱ་རྒྱུ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་། 《དུས་བབ་གསར་པའི་འོག་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཤུཌ་སྣོན་རྒྱག་རྒྱུ་དང་ལེཌ་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར 》(ཀྲུང་འགྲེམས་ཡིག་ཆ [2010]ཨང་16པ )ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ། རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་མི་སྣ་སྐྱོན་བྲལ་ངང་འཚར་ལོང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྨན་ལྷ་ཆོས་སྒྲོན་སོགས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་100ལ་སྐབས་དང་པོའི “བོད་རང་སྐྱོང་ལྗོངས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐྲུན་མཁན་ཕུལ་བྱུང ”གི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
གཟེངས་བསྟོད་ཐོབ་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་ཚོས་གཟི་བརྗིད་ལ་གཅེས་སྤྲད་བྱེད་པ་དང་། ཁེངས་སྐྱུང་གཟབ་ནན་བྱེད་པ། ང་རྒྱལ་དང་འཚབ་འཚུབ་སྤོང་བ། ཡང་འབད་བསྐྱར་འབད་བྱེད་པ་དང་དུས་མཚུངས་སུ་རྒྱལ་ཁབ་ལ་དགའ་ཞེན་དང་། ལས་རིགས་ལ་བརྩི་འཇོག ཁ་དན་ཚིག་གནས། ཁྲིམས་ལུགས་སྲུང་སྐྱོང་། ལེགས་སྐྱེས་བསྐྱར་འབུལ་བཅས་ཀྱི་འཛུགས་སྐྲུན་པ་ཕུལ་བྱུང་གི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣའི་ཁྲོད་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། གོ་སྐབས་དམ་འཛིན་དང་འཕེལ་རྒྱས་མགྱོགས་པོ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་འབྱོར་དང་། མི་དམངས་འབྱོར་ཕྱུག མི་རིགས་དར་རྒྱས་བཅས་ཀྱི་ཧུར་བརྩོན་ཆེ་བའི་ལག་ལེན་པ་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་བྱས་ནས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བ་བྱེད་པའི་ནང་ཧུར་བརྩོན་ཆེན་པོས་ཞུགས་མཁན་ཞིག མཐུན་སྦྱོར་ལྡན་པའི་ངལ་རྩོལ་འབྲེལ་བ་རང་རྟོགས་ངང་འཛུགས་མཁན་ཞིག སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་མ་ལག་འཛུགས་སྐྱོང་བྱ་རྒྱུར་སྐུལ་མ་ནུས་ལྡན་གཏོང་མཁན་ཞིག མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་མཁན་བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་ཞིག་བཅས་སུ་འགྱུར་བ་བྱ་རྒྱུའི་རེ་བ་ཡོད།
ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣར་གཟེངས་བསྟོད་ཐོབ་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་མིག་དཔེར་འཛིན་ཏེ་འཕེལ་རྒྱས་ཀྱི་བསམ་གཞིག་གསར་གཏོད་བྱེད་པ་དང་། འཕེལ་རྒྱས་གཏོང་བའི་ཡིད་ཆེས་ཀྱི་བསམ་པ་སྲ་བརྟན་དུ་གཏོང་བ། བྱ་གཞག་གསར་གཏོད་དང་། གསར་བཟོ། གསར་སྐྲུན་བཅས་ཀྱི་སྤྲོ་སེམས་འཕེལ་བ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐྲུན་མཁན་ཕུལ་བྱུང་ཞིག་ཧུར་བརྩོན་ཆེན་པོས་བྱེད་པ་དང་ཆབས་ཅིག་གྲུབ་འབྲས་སྔར་བས་གཟེངས་སུ་ཐོན་པའི་ཐོག་ནས་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱ་ཕྱིར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།