དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།   པ་སངས་དོན་གྲུབ།  

        ཟླ་1ཚེས་8ཉིན་ཚོགས་འགོ་ཚུགས་པའི་སྲིད་གྲོས་སྐབས་དགུ་པའི་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།

        ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ།

        ངས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་ཡོད་པ་ཞུ།

        2010ལོའི་ལས་ཀར་ཕྱིར་མིག་བལྟ་བ།

        ལོ་གཅིག་རིང་། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དུས་སྐབས་གསར་པ་དང་དུས་མཚམས་གསར་པར་ཏང་གིས་མི་དམངས་སྲིད་གྲོས་ལས་དོན་ཐད་བཏོན་གནང་བའི་སྤྱིའི་བླང་བྱར་སྲུང་བརྩི་ཞུས་ཏེ་འགན་འཁྲི་ནན་སྒྲུབ་དང་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་ཕྱིར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

        གཅིག བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་རྒྱུར་འཕེལ་རྒྱས་གསར་པ་བྱུང་ཡོད།

        ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་ལ་དམ་འཛིན་དང་ངོས་འཛིན་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་བཏང་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། རྨང་གཞིའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས། མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་བཅས་སློབ་སྦྱོང་ནན་ཏན་བྱས་པ་དང་། ཚོགས་འདུའི་དགོངས་དོན་ལག་བསྟར་དམ་འཛིན་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་དང་ལྗོངས་ཏང་ཨུད་སྐབས་བཅུ་བདུན་པའི་ཚོགས་འདུ་ཐེངས་དྲུག་པ་དང་ཐེངས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས། ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ། མི་དམངས་སྲིད་གྲོས་ཀྱི་བསམ་བློ་གསར་པ་དང་ལྟ་བ་གསར་པ་སློབ་སྦྱོང་བྱེད་རྒྱུར་དམ་འཛིན་བྱས་ཏེ་སྲིད་གྲོས་ལས་དོན་སྐོར་གྱི་བློ་མཐུན་ཧུའུ་ཅིན་ཐའོ་དང་བློ་མཐུན་ཅཱ་ཆིང་ལིན་གྱི་གལ་ཆེའི་གསུང་བཤད་དང་དེ་བཞིན་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ། སློབ་སྦྱོང་གི་བྱེད་སྒོ་ཁག་སྤེལ་རྒྱུ་དམ་འཛིན་བྱས་ཏེ་སློབ་སྦྱོང་བྱེད་རྒྱུ་དེ་སྔོན་ཐོན་གཏོད་པ་དང་ཕུལ་བྱུང་བརྩོན་གཉེར་བྱེད་རྒྱུ་དང་། ནུས་ཕྱོད་ཆེར་སྐྱེད། སློབ་སྦྱོང་གི་རྣམ་པ་ལྡན་པའི་སྲིད་གྲོས་ཀྱི་སྒྲིག་འཛུགས་ལེགས་སྐྱོང་བྱེད་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་རྒྱུ་བཅས་ཀྱི་ནང་འཁྱོལ་བ་དང་། རང་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཁག་ནང་འཁྱོལ་བ། རང་ལྗོངས་སྲིད་གྲོས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་བྱེད་རྒྱུའི་ནང་འཁྱོལ་བ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱི་ཐོག་ནས་ལག་ལེན་ལ་མཛུབ་ཁྲིད་ཐུབ་པ་བྱས་ཏེ་སྲིད་གྲོས་ལས་དོན་ལ་སྐུལ་འདེད་གཏོང་བའི་འགུལ་ཤུགས་སྟོབས་ཆེ་ཞིག་ཏུ་འགྱུར་བ་བྱས་ཡོད། སློབ་སྦྱོང་བྱས་པ་བརྒྱུད། བོད་ལྗོངས་གོང་འཕེལ་འགྲོ་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་། འགལ་ཟླ་གཙོ་བོ། ལེགས་གྲུབ་ཀྱི་ཉམས་མྱོང་། མཛུབ་ཁྲིད་བསམ་བློ། དམིགས་ཚད་ལས་འགན། དེ་བཞིན་གལ་ཆེའི་བྱ་ཐབས་བཅས་ལ་ངོས་འཛིན་བྱེད་རྒྱུ་གཏིང་ཟབ་ཏུ་སོང་ནས་ཏང་གི་འགོ་ཁྲིད་འོག་2020ལོར་སླེབས་དུས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་བརྗིད་ཆེའི་དམིགས་ཚད་མངོན་གྱུར་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་སོང་བ་དང་། མི་དམངས་སྲིད་གྲོས་ཀྱི་གལ་ཆེའི་གནས་བབ་དང་ནུས་པར་ངོས་འཛིན་བྱེད་རྒྱུ་གཏིང་ཟབ་ཏུ་སོང་ནས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་གཟི་བརྗིད་ཀྱི་བསམ་པ་དང་། ལས་སྐལ་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་ཤུགས་ཆེར་སོང་བ། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དུས་བབ་གསར་པ་དང་ལས་འགན་གསར་པར་ངོས་འཛིན་བྱེད་རྒྱུ་གཏིང་ཟབ་ཏུ་སོང་སྟེ་གོ་སྐབས་ཀྱི་འདུ་ཤེས་དང་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཤུགས་ཆེར་སོང་ནས་མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་ལེགས་སྒྲུབ་བྱེད་དགོས་པའི་ལྟེ་བ་དང་སྤྱི་ཡོངས་ཁ་གསལ་བྱུང་ཡོད། སློབ་སྦྱོང་བྱས་པ་བརྒྱུད། སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་ལས་བཟོའི་སྙིང་སྟོབས་དང་ལས་ཀའི་སྤྲོ་སེམས་སྔར་བས་ཇེ་ཆེར་འཕེལ་བ་དང་། ཐུན་མོང་ཐོག་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་སྲ་བརྟན་དུ་སོང་ནས་ཏང་དང་སྲིད་གཞུང་དང་ཁ་ཕྱོགས་གཅིག་མཐུན་དང་། དམིགས་ཚད་གཅིག་མཐུན། ལས་དོན་གཅིག་མཐུན་བཅས་བྱུང་སྟེ་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

        གཉིས། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་ཞབས་འདེགས་ཞུ་རྒྱུར་ལེགས་སྐྱེས་གསར་པ་ཕུལ་ཡོད།

        ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཐོག “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐབས་ཇུས་དང་“འཕར་སྣོན་འགན་སྲུང་དང་། དམངས་འཚོ་འགན་སྲུང་། བརྟན་ལྷིང་འགན་སྲུང་”བཅས་ཀྱི་བླང་བྱར་དམིགས་ཏེ་འགན་ནུས་ལག་བསྟར་ནན་ཏན་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་རམ་འདེགས་ཧུར་ཐག་བྱས་ཡོད།

        གཅིག་ནི་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྤྱི་ཡོངས་ལ་དམིགས་ནས་འགན་འཁྲི་ལེགས་སྒྲུབ་བྱས་པ། གལ་ཆེའི་མཛད་ཇུས་ཐད་བསམ་འཆར་དང་གྲོས་འཆར་འདོན་རྒྱུར་དམ་འཛིན་བྱས་པ་དང་། “གཞུང་གཅིག་ཁང་གཉིས ”ཀྱི་སྙན་སྒྲོན་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་གཞི། ནོར་སྲིད་ཀྱི་སྔོན་རྩིས་ངེས་རྩིས་ཀྱི་སྙན་སྒྲོན་བཅས་ལ་གྲོས་བསྡུར་ནན་ཏན་བྱས་ཏེ་ཕྱོགས་གང་ཐད་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་ལེགས་སྒྲིག་བྱས་ཐོག ཕྱོགས་གང་ཐད་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས་གྲོས་གཞི་ཁག་309བཏོན་ཡོད་པ་མ་ཟད་དུས་ཐོག་ཏུ་གཉེར་སྒྲུབ་དང་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་བར་བརྟེན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྲིད་ཞུགས་སྲིད་གླེང་བྱེད་པའི་སྤྲོ་སེམས་དང་ཧུར་སེམས་འདོན་སྤེལ་བྱས་པ་གང་ལེགས་མཚོན་ཡོད། དོན་གནད་ཆེ་གྲས་ལ་གྲོས་འཆར་འདོན་རྒྱུར་དམ་འཛིན་བྱས་ཏེ་ལོ་འཁོར་མོར་ཁྱོན་བསྡོམས་བསམ་འཆར་དང་གྲོས་འཆར་སྣ་ཚོགས་ཁག་243བཏོན་ཡོད་པས་དེའི་ཐོག་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རང་ལྗོངས་ཀྱི་གལ་ཆེའི་དོན་གནད་ལ་ཚད་མཐོའི་མཐོང་ཆེན་བྱས་པ་གང་ལེགས་མཚོན་ཡོད། ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ལ་གྲོས་འཆར་འདོན་རྒྱུ་དམ་འཛིན་བྱེད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་ཐབས་ལམ་བརྒྱུད་དེ་རང་ལྗོངས་ལ་རྒྱལ་ཡོངས་ཀྱི་ངོས་ནས་ཐག་གཅོད་བྱེད་དགོས་པའི་གལ་ཆེའི་གནད་དོན་སྙན་སེང་ཧུར་ཐག་ཞུས་ཡོད། ན་ནིང་ཁྱོན་བསྡོམས་རྒྱལ་ཡོངས་སྲིད་གྲོས་ལ་གྲོས་གཞི་ཁག་32ཞུ་འབུལ་བྱས་ཡོད་པས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་ནས་ཚད་མཐོའི་མཐོང་ཆེན་གནང་ཡོད།

        གཉིས་ནི་ཚན་རིག་དང་མཐུན་པའི་སྒོ་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་སྒྲིག་བྱེད་རྒྱུར་ཐབས་འདོན་ཇུས་འདོན་བྱས་པ། རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་“བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་སྣོད་བཅུད་སྲུང་བཅད་འཛུགས་རྒྱུ ”སོགས་གལ་ཆེའི་ལས་གྲྭའི་རྣམ་གྲངས་སྐོར་ལ། རྒྱུན་ལས་ཨུ་ལྷན་གྱིས་ཆེད་དོན་གྲོས་མོལ་ཚོགས་འདུ་ཚོགས་ཏེ་སྲིད་གླེང་བྱས་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་ཚན་རིག་ཞིབ་འཇུག་ཚན་པའི་ནང་ཡོད་པའི་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཨུ་ཡོན། དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་སྒྲིག་འཛུགས་ཀྱིས་སྲིད་གླེང་གྲོས་འདོན་བྱས་པ་དང་། ཕྱོགས་མི་འདྲ་བའི་ཐད་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་བཅད་འཛུགས་སྐྱོང་བྱེད་རྒྱུའི་གལ་ཆེའི་དོན་སྙིང་དང་ཞིབ་ཕྲའི་བྱ་ཐབས་རྒྱས་བཤད་བྱས་ནས་རང་ལྗོངས་ཀྱི་སྣོད་བཅུད་སྲུང་བཅད་སྐྲུན་རྒྱུའི་སྐོར་ལ་ཕྱོགས་བདུན་ཐད་ནས་གྲོས་འཆར་དང་བསམ་འཆར་ཁག་21བཏོན་ཡོད། ན་ནིང་ཟླ་བ་7པར། བོད་ལྗོངས་སྲིད་གྲོས་དང་། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ལྷན། མི་རྒྱུན་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག “སྲིད་གྲོས་ཀྱི་2010ལོའི་བོད་ཀྱི་དཔལ་འབྱོར་གོང་འཕེལ་གྱི་གླེང་སྟེགས ”གཙོ་གཉེར་བྱས་པ་དང་། ཚོགས་འདུར་ཞུགས་མཁན་གྲགས་ཅན་རིགས་གཅིག་མཁས་པ་ཅན་དང་མཁས་དབང་རྣམ་པས་གཞི་ཆེའི་སྙོམས་སྒྲིག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ནུབ་གློག་ཤར་འདྲེན་གྱི་མཐུད་སྦྲེལ་ནུས་ཁུངས་རྟེན་གཞི་འཛུགས་རྒྱུ། ས་མཐོའི་སྣོད་བཅུད་སྲུང་བཅད་སྐྲུན་རྒྱུ། ཁྱད་ལྡན་བཟང་ཆའི་ཐོན་ལས་གོང་འཕེལ་གཏོང་རྒྱུ། རྨང་གཞིའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་བ་བྱེད་རྒྱུ། བོད་ཀྱི་གདོད་མའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ནུས་པ་གཙོ་གནད་དུ་བཟུང་ནས་ཆེ་རུ་གཏོང་རྒྱུ་སོགས་གལ་ཆེའི་གནད་དོན་ཐད་ལ་གཞུང་ལུགས་ཀྱི་ལུང་འདྲེན་ས་བཏོན་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་ཇུས་ཐག་གཅོད་རྒྱུར་དཔྱད་ཡིག་གལ་ཆེ་མཁོ་འདོན་བྱས་ཡོད་པ་དང་། བསམ་འཆར་ཁག་གཅིག “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་གྲོས་འཆར་ནང་དུའང་འཁོད་ཡོད།

        གསུམ་ནི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ཏེ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ན་ནིང་གི་ལས་ཀའི་གཙོ་གནད་དང་དུས་བབ་ཀྱི་ལས་འགན་གོང་འཕེལ་འགྲོ་ཕྱོགས་ལ་གཞིགས་ཏེ་ཆེད་དོན་ཨུ་ལྷན་ཁག་ལ་རྒྱབ་རྟེན་དང་སྲིད་གྲོས་ཨུ་ཡོན་གཙོ་བོར་བྱས་པའི་ས་གནས་གྲོང་ཁྱེར་ཁག་དང་རྫོང་སྲིད་གྲོས་དང་མཉམ་འབྲེལ་གྱི་ཐོག་ནས་ལས་ཁུངས་དང་། སློབ་གྲྭ ཤང་གྲོང་སྡེ་ཁུལ། ཚན་རིག་ཞིབ་འཇུག་ཚན་པ། བཟོ་གཏེར་ཁེ་ལས། མཐའ་མཚམས་སོ་ལྟ་ཁང་། དགོན་པ་སོགས་སུ་ཟབ་འཇུག་བྱས་ནས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་ཡོད། ལོ་འཁོར་མོར་ཁྱོན་བསྡོམས་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་ཁག་15དང་། བསམ་འཆར་དང་གྲོས་འཆར་ཁག་113ཕུལ་ཡོད་པ་དེ་དག་དམངས་འཚོ་ལེགས་བཅོས་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། གྲོང་བརྡལ་ཆུང་གྲས་དང་གྲོང་ཁྱེར་འཛུགས་སྐྲུན། ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན། ཁྱད་ལྡན་དམིགས་བསལ་ཐོན་ལས་གོང་འཕེལ། བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་བྱ་གཞག་གོང་འཕེལ། གཏེར་རྫས་ཐོན་ཁུངས་གསར་སྤེལ་དང་དོ་དམ། རིག་གནས་སློབ་གསོ། དགོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཁྲིམས་ལུགས་སློབ་གསོ། ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ལམ་སྲོལ་སོགས་ཐད་དང་འབྲེལ་བ་ཡོད་པའི་ནང་དོན་ཤ་སྟག་ཡིན། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་བརྟག་ཞིབ་ཀྱི་སྙན་ཞུར་གདེང་འཇོག་ཆེན་པོ་གནང་བ་མ་ཟད་སྙན་ཞུའི་ནང་བཏོན་པའི་གནད་དོན་དང་གྲོས་འཆར་ལ་གལ་ཆེའི་བཀའ་མཆན་གནང་ནས་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་འཇུག་ནན་ཏན་དང་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་བླང་བྱའང་བཏོན་ཡོད། དེའི་ནང་ནས་རང་ལྗོངས་སྲིད་གྲོས་ཀྱི “བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་དཔྱད་དོན་བརྟག་ཞིབ་སྙན་ཞུའི ”གྲུབ་འབྲས་དེ་རྒྱལ་ཡོངས་སྲིད་གྲོས་ཀྱིས་དང་ལེན་བྱས་ཏེ “བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་སྐོར་གྱི་གྲོས་འཆར ”ཞིག་བྱུང་བ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ལ་སྙན་འབུལ་ཞུས་པས་དེར་ཆེས་མཐོའི་མཐོང་ཆེ་གནང་ཡོད། 《བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར 》གྱི་ནང་དུའང་བརྟག་ཞིབ་སྙན་ཞུ་དང་བསམ་འཆར་གྲོས་འཆར་མང་ཆེ་བ་བསྡུ་ལེན་བྱས་ཡོད།

        བཞི་ནི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ཏེ་དམངས་གཙོའི་ལྟ་སྐུལ་བྱས་པ། སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་ཀྱིས་ཀྲུང་གོའི་སྲོག་རྟེན་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི་དང་། ཀྲུང་གོའི་མི་དམངས་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སི། ལྷ་སའི་གློག་ལས་སྡེ་ཚན། ཆབ་མདོའི་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཚན་སོགས་སུ་ཆེད་དོན་རྟོག་ཞིབ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་དང་མཉམ་འབྲེལ་ཐོག་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་། ལྕགས་ལམ་བསྐྲུན་རྗེས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། དེ་བཞིན་ལྕགས་ལམ་དང་ལས་རིགས་ཀྱི་ཀུན་སྤྱོད་སོགས་ཀྱི་ཐད་རྟོག་ཞིབ་བྱས་ནས་འབྲེལ་ཡོད་ཀྱི་གནད་དོན་སྐོར་བསམ་འཆར་དང་གྲོས་འཆར་ཡང་བཏོན་ཡོད། ལྗོངས་སྲིད་གྲོས་འགོ་ཁྲིད་ཀྱིས་རྟོག་ཞིབ་ཚོགས་ཆུང་སྣེ་ཁྲིད་དེ་སྔོན་གྱི་ལོ་གཉིས་ནང་ལྗོངས་སྲིད་གྲོས་ནས་བཏོན་པའི “གཞི་རྩའི་ཆ་གཉིས ”ཀྱི་སློབ་གསོ་དང་། ལྷ་སའི “གསུམ་པའི་བཅུ་བཞིའི ”དོན་རྐྱེན་ནང་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་སློབ་ཆུང་ལ་གྱོང་གུན་ཕོག་པའི་གནས་ཚུལ་དང་སློབ་ཁྲིད་སླར་གསོ་བྱས་ཚུལ། དེ་མིན་མཐོ་རིམ་སློབ་ཆེན་དང་། བོད་ཀྱི་གསོ་བ་རིག་པ་དང་སྨན་རྫས་ལས་རིགས་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་ཐད་བཏོན་པའི་བརྟག་ཞིབ་ནང་གི་བསམ་འཆར་གྲོས་འཆར་རྣམས་དང་ལེན་དོན་འཁྱོལ་བྱས་ཚུལ་ལ་ཕྱིར་མིག་བལྟས་ཡོད་པས་བསམ་འཆར་དང་གྲོས་འཆར་རྣམས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་ནུས་ལྡན་བྱུང་ཡོད། འཛམ་གླིང་གི་ཡུལ་སྐོར་བྱེད་གནས་ཁུལ་སྐྲུན་རྒྱུར་དམིགས་ཏེ་ས་གནས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་སྲིད་གྲོས་ཨུ་ཡོན་དང་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་སྒྲིག་འཛུགས་བྱས་ཏེ་རྟོག་ཞིབ་དང་ལྟ་སྐུལ་བྱས་ནས་ལྷ་སའི་གྲོང་ཪྙིང་ཁུལ་གྱི་ཚད་གཞི་ལས་བརྒལ་བའི་ཨར་སྐྲུན་དང་རིག་དངོས་གནའ་ཤུལ་ཉེ་འཁོར་དུ་གཞི་མཐུན་མེད་པའི་ཨར་སྐྲུན་སྒྲིག་བཀོད་ཐད་དུས་ཐོག་ཏུ་སྐྱོན་བརྗོད་བསམ་འཆར་བཏོན་པར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་ཁས་ལེན་གང་ལེགས་བྱས་པ་དང་སྦྲགས་འབྲེལ་ཡོད་སྡེ་ཚན་ལ་ཆེད་དོན་ཞིབ་འཇུག་གིས་ལེགས་བཅོས་བྱེད་རྒྱུའི་བླང་བྱ་བཏོན་ཡོད་པས་ལྷ་སའི་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་གྱི་སྔར་རྣམ་སྲུང་སྐྱོབ་བྱེད་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།

        ལྔ་ནི་གོང་འཕེལ་གྱི་གྲུབ་འབྲས་ལ་དམིགས་ཏེ་དྲིལ་བསྒྲགས་བྱས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་གཞིར་བཟུང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྒྱུན་ལས་ཨུ་ལྷན་གྱིས་ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཚོགས་པར་སྣེ་ཁྲིད་ཀྱིས་ན་ནིང་ཟླ་7པར་པེ་ཅིན་དུ་གཉེར་བའི “ནུབ་རྒྱུད་ཐོན་འབྱེད་ཆེ་མོ་བྱས་ནས་ལོ་10འཁོར་བའི་སྣོད་བཅུད་ཁོར་ཡུག་དང་མི་འཚོ་སྡོད་ཀྱི་ཁོར་ཡུག་གྲུབ་འབྲས་འགྲེམས་སྟོན ”ཞེས་པའི་ནང་ཧུར་ཐག་ཞུགས་ཡོད། བོད་ཀྱི་འགྲེམས་ཁུལ་དུ་ཐུན་མོང་མ་ཡིན་པའི་ཇུས་འགོད་དང་། གྲུབ་ཚུལ་ལུགས་མཐུན། ཁྱད་ཆོས་མངོན་གསལ། བརྗིད་ཉམས་རྣམ་པར་བཀྲ་བ་བཅས་ཡོད་པའི་ཁར། དཔེ་མཚོན་གྱི་དངོས་རིགས་དང་། མཛེས་སྡུག་ལྡན་པའི་པར་རིས། གསོན་ཉམས་ལྡན་པའི་ཡི་གེ མཚར་དུ་མངར་བའི་འགྲེལ་བཤད་བཅས་ཅུང་ཆ་ཚང་བའི་སྒོ་ནས་རང་ལྗོངས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ཆེན་པོ་མཚོན་པར་བྱས་ཡོད་སྟབས། ཕྱོགས་གང་ཐད་ཀྱི་རྒྱ་ཁྱབ་ངང་དོ་འཁུར་དང་ཆེས་མཐོའི་བསྔགས་བརྗོད་ཐོབ་ཡོད་པ་མ་ཟད། ཅཱ་ཆིང་ལིན་དང་། ཝང་ཀང་། ཧུའེ་ལེང་གཡུད་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ནས་མགྲིན་དབྱངས་གཅིག་མཐུན་གྱི་ཁས་ལེན་དང་གདེང་འཇོག་གནང་ཡོད་པས་སྒྲིག་འཛུགས་ཨུ་ལྷན་ནས “རྩེར་སོན་བྱ་དགའ ”གནང་ཡོད་པར་བརྟེན་རང་ལྗོངས་ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད་པས་ལྗོངས་ཏང་ཨུད་ནས་ཀྱང་ཁས་ལེན་གང་ལེགས་གནང་ཡོད།

        གསུམ། གཞི་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཡོད།

        སྤྱི་ཚོགས་གཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ནི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་མངོན་གྱུར་བྱེད་པའི་གལ་ཆེའི་སྔོན་འགྲོ་ཞིག་ཡིན་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཡང་ཡིན། ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་དང་མཐུན་སྒྲིལ་ཤུགས་ཆེར་གཏོང་རྒྱུ། གཞི་མཐུན་ལ་སྐུལ་འདེད་བཅས་བྱ་རྒྱུ་དེ་གལ་ཆེའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ལ་བརྩིས་ཏེ་འགན་འཁྲི་ལེགས་སྒྲུབ་གང་ལེགས་བྱས་ནས་གཟེངས་སུ་ཐོན་པའི་ལས་ཀའི་གྲུབ་འབྲས་འབོར་ཆེན་བསྒྲུབས་ཡོད།

        གཅིག་ནི་བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་མཛད་ཕྱོགས་ལག་བསྟར་བྱས་པ། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་རྒྱུའི་དར་ཆ་མཐོན་པོར་བསྒྲེངས་ཤིང་། དར་ཆ་གསལ་སྟོན་དང་། མདུང་རྩེ་ཁ་སྤྲོད། རང་འགུལ་ཐོག་བཏང་འཛིན་བྱེད་པ། མི་སེམས་འགུགས་ཐབས། རྨང་རྩ་གཉིས་བརྟན་བཅས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྤྱིའི་བླང་བྱ་གཞིར་བཟུང་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱེད་སྒོ་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ ”དང་། “ལྟ་བ་བཞི་དང་སྨྲ་བ་གཉིས ” “གསར་པ་བཞི་དང་ལེགས་པོ་དྲུག ”བཅས་ཀྱི་སློབ་གསོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་རྒྱུའི་འཐབ་རྩོད་ཀྱི་དུས་བབ་སློབ་གསོ་གཏིང་ཟབ་སྤེལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་སྟབས་བརྟན་ལྷིང་སྲུང་སྐྱོབ་ཀྱི་བསམ་བློའི་སློབ་གསོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་བསམ་བློ་མི་སེམས་སུ་སྔར་བས་གཏིང་ཟབ་ཟུག་པ་དང་། འདྲ་མཉམ་མཐུན་སྒྲིལ་དང་རོགས་ལས་གཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་སོང་བ། “མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་དང་ཟིང་སློང་ནི་ཆག་སྒོ་ཡིན་པའི ”འདུ་ཤེས་སྔར་བས་སྲ་བརྟན་དུ་སོང་བ་བཅས་བྱུང་ནས་སེམས་ཐག་གཙང་བཅད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། མི་རིགས་མཐུན་སྒྲིལ་ཤུགས་ཆེར་གཏོང་བ། བརྟན་ལྷིང་ལ་སྲུང་སྐྱོབ་ཏན་ཏིག་བཅས་བྱས་ཏེ་ངོས་འཛིན་གསལ་ལ་མི་གསལ་མིན་པ་དང་། རྣམ་འགྱུར་གྱ་རི་གྱུ་རི་མིན་པ། བྱ་སྤྱོད་འགོར་པོ་མིན་པ། འཐབ་རྩོད་སེམས་ཐག་ཆོད་པོ་བཅས་བྱུང་ཡོད།

        གཉིས་ནི་དམིགས་བསལ་ཁྱད་ཆོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་སྲིད་གྲོས་ཀྱི་ཏང་ཕྱིའི་ཀྲུའུ་ཞི་གཞོན་པ་དང་། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣ་ལས་གྲུབ་པའི་བཤད་ཁྲིད་ཚོགས་ཆུང་མངགས་གཏོང་གིས་ལྷ་ས་དང་། ནག་ཆུ། ཆབ་མདོ། ཉིང་ཁྲི་བཅས་ས་གནས་དང་གྲོང་ཁྱེར་ཁག་བཞི་དང་རྫོང་བརྒྱད་ཀྱི་དགོན་སྡེ་40ཟབ་འཇུག་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས། དེ་བཞིན་རྒྱལ་ཁབ་ཀྱི་ཆོས་ལུགས་ཐད་ཀྱི་ཁྲིམས་སྲོལ་བཅས་བཤད་ཁྲིད་བྱས་པར་བརྟེན་ཏང་གི་མཛད་ཕྱོགས་སྲིད་ཇུས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་རྒྱ་ཆེའི་གྲྭ་བཙུན་ཚོས་མགྲིན་དབྱངས་གཅིག་མཐུན་གྱིས་བརྩི་བཀུར་ཐོབ་ཡོད། ཕྱོགས་མཚུངས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལུང་དང་གཞུང་ལུགས་འདྲེན་པ་དང་དོན་སྙིང་ཟབ་ལ་གོ་སླ་བའི་ཐོག་ནས་ཆོས་ལུགས་ཀྱི་སྙིང་དོན་ཐད་སྤྱི་ཚོགས་ཡར་ཐོན་གྱི་དགོས་མཁོ་དང་འཚམ་པའི་གསལ་འགྲེལ་བྱས་ཡོད་པས་བག་ཆགས་རྒྱ་ཁྱབ་བྱུང་སྟེ་ཕན་འབྲས་ཀྱང་ལེགས་ཙམ་ཐོབ་ཡོད་ཅིང་། དེར་ལྗོངས་ཏང་ཨུད་ནས་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ་དེ་སྐོར་གྱི་གནས་ཚུལ་རྣམས་ལྗོངས་ཡོངས་སུ་བརྡ་ཁྱབ་ཀྱང་བཏང་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གཞི་མཐུན་ལ་སྐུལ་འདེད་བཅས་ཀྱི་དུས་བབ་དང་ལས་འགན་ཏན་ཏིག་ཁོང་དུ་ཆུད་པ་དང་། སྤྱི་ཡོངས་དང་རང་ངོས་ཀྱི་ལེགས་ཆར་དམིགས་ནས་སྲིད་ཇུས་དྲིལ་བསྒྲགས་དང་། གནས་ཚུལ་ཁོང་དུ་ཆུད་པ། གྲོས་འགོ་འདོན་རྒྱུ། འགལ་ཟླ་སེལ་རོགས་སོགས་ཀྱི་ཐད་ལས་ཀ་འབོར་ཆེན་གནང་སྟེ་མང་ཚོགས་ལ་འབྲེལ་གཏུག་དང་། ངོས་འཛིན་གཅིག་གྱུར། མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་སོགས་ཀྱི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། ལོ་གཅིག་རིང་། མི་རིགས་ཁག་དང་། ཆོས་ལུགས་ཁག ཚོགས་པ་ཁག རིམ་གྲས་ཁག་བཅས་ཀྱི་ཁེ་ཕན་ཐད་ཀྱི་ཞུ་རེ་ཧུར་ཐག་ཞུས་ཡོད་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་སྐོར་ཁག་62འཚོལ་བསྡུ་དང་། ལེགས་བསྒྲིགས། ངོ་འབུལ་བཅས་བྱས་པའི་ཁར་དགེ་མཚན་ལྡན་པའི་སྒོ་ནས་སྲིད་གྲོས་ཀྱི་ཨུ་ཡོན་དང་མང་ཚོགས་ཀྱི་ཡིག་འབུལ་ངོ་བཅར་ཁག་23ཐག་གཅོད་འཚམ་པོ་བྱས་ཡོད།

        གསུམ་ནི་ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་བརྟན་པོའི་སྒོ་ནས་སྤེལ་བ། རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཁབ་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་གཞོགས་འདེགས་བྱས་ཏེ “ནང་དུ་གདན་འདྲེན་ཞུ་བ ”དང་“ཕྱིར་སྐྱོད་རྒྱུའི ”མཛད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཕྱི་ཕྱོགས་སུ་མཉམ་འབྲེལ་མཛའ་མཐུན་དང་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཡོད། ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པ་དང་མཉམ་དུ་ཨ་ཕི་རི་ཁར་འཚམས་འདྲི་དང་ཚོགས་པ་སྒྲིག་འཛུགས་བྱས་ནས་ཨ་རི་སོགས་སུ་འཚམས་འདྲིར་སྐྱོད་དེ་འབྲེལ་ཡོད་ཚོགས་པ་དང་། མི་སྒེར། རིགས་གཅིག་མཁས་ཅན་དང་མཁས་དབང་དེ་བཞིན་ཕྱིར་སྡོད་ཀྲུང་གོ་བ་བཅས་དང་བཞུགས་མོལ་སྤེལ་རེས་ཀྱིས་བོད་ཀྱི་གནས་ཚུལ་ངོ་མ་ངོ་སྤྲོད་བྱས་པ་དང་། བོད་ཀྱི་གོང་འཕེལ་ཡར་ཐོན་དྲིལ་བསྒྲགས་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱིས་བཟོས་པའི་དཀྲོག་གཏམ་ལ་དགག་རྒྱག་སུན་འབྱིན་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་བྱེད་སྒོ་སྤེལ་ཡུལ་ཇེ་ཆུང་དུ་བཏང་བ་དང་རང་རྒྱལ་གྱིས་རྒྱལ་སྤྱིའི་ཐོག་སྐད་ཆ་ཤོད་དབང་རྒྱ་ཆེར་བཏང་ཡོད། ནེ་པ་ལའི་ལྷ་སར་བཅའ་སྡོད་སྤྱི་ཁྱབ་གཞུང་ཚབ་པའི་དཔོན་རིགས་གཙོ་བོ་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཚོགས་འདུར་ཟུར་ཉན་དུ་གདན་ཞུ་བྱས་པ་དང་། སུའེ་ཙེར་དང་། འཇར་ཕན། ཨ་རི་བཅས་ཀྱི་བོད་སྐྱོད་འཚམས་འདྲི་ཚོགས་པར་སྣེ་ལེན་ཞུས་ཤིང་། ཕྱི་རྒྱལ་གྱི་གྲོགས་པོར་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་འཁོད་ལས་བརྩོན་བཅས་ཀྱི་ཕུན་སུམ་ཚོགས་པའི་འཚོ་བ་མྱོང་ཚོར་ཐོབ་ཏུ་བཅུག་པ་མ་ཟད་ཁོང་ཚོ་དང་མཚམས་སྦྱོར་བརྒྱུད་དེ་འཛམ་གླིང་ཐོག་བོད་ལྗོངས་ངོ་མ་དྲིལ་བསྒྲགས་བྱས་ཡོད།

        བཞི། ཆེད་དོན་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

        རྒྱུན་ལས་ཨུ་ལྷན་གྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱེད་རྒྱུའི་ཁྲོད་སྲིད་གྲོས་ཀྱི་ཆེད་དོན་ལས་ཀ་ཉིན་བཞིན་ཇེ་མང་དུ་འགྲོ་བ་དང་ལས་འགན་ཁག་ཉིན་བཞིན་ལྕི་རུ་འགྲོ་བའི་ཁྱད་ཆོས་ལ་གཞིགས་ཏེ་གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ་དང་། གཙོ་གནད་མངོན་ཆེ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་བཅས་ཁོང་དུ་ཏན་ཏིག་ཆུད་པ་བྱས་ནས་ལྟེ་བར་ཞབས་ཞུ་སྒྲུབ་རྒྱུར་ཕན་འབྲས་ཐོན་པ་དང་ཆེད་དམིགས་ལས་དོན་ལ་ཁྱད་ཆོས་ལྡན་པ་བཅས་བྱུང་ཡོད།

        གཅིག་ནི་ཆེད་དོན་ཨུ་ལྷན་གྱིས་ཆེད་དམིགས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ། ལྗོངས་ཡོངས་ཀྱི་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱི་ཉམས་མྱོང་སྤེལ་རེས་དང་གཟེངས་བསྟོད་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་རང་ལྗོངས་ཀྱི་གྲོས་གཞིའི་ལས་དོན་གྱི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ནས་ཕུལ་བྱུང་གི་གྲོས་གཞི་དང་གྲོས་གཞིའི་ལས་དོན་གྱི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་སྤྲད་པ་དང་། གྲོས་གཞིའི་ལས་དོན་གྱི་བསམ་ཕྱོགས་དང་བྱ་ཐབས་སྔར་བས་འཐུས་ལེགས་སུ་བཏང་བར་བརྟེན་རང་ལྗོངས་ཀྱི་གྲོས་གཞིའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བྱུང་ཡོད་པ་དང་། ལྗོངས་ཡོངས་ཀྱི་རིག་གནས་ལོ་རྒྱུས་སྐོར་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་སྐོང་འཚོགས་བྱས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་སྐོར་གྱི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་བྱས་ནས་ཉེ་དུས་ཀྱི་རིག་གནས་ལོ་རྒྱུས་སྐོར་གྱི་ལས་འགན་གཏན་འཁེལ་བཟོས་པ། རང་ལྗོངས་ཀྱི་རིག་གནས་ལོ་རྒྱུས་སྐོར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་བླང་བྱ་ཁ་གསལ་བཏོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ཀྱི་ལས་དོན་བསམ་འཆར་ལག་བསྟར་བྱེད་རྒྱུའི་བསམ་འཆར་སོགས་ཡིག་ཆ་ཁ་ཤས་བཟོ་འདོན་བཅས་བྱས་ནས་རང་ལྗོངས་ཀྱི་རིག་གནས་ལོ་རྒྱུས་སྐོར་གྱི་ལས་དོན་གཏིང་ཟབ་ངང་སྤེལ་རྒྱུར་ཆ་རྐྱེན་སྐྲུན་པ་དང་རྨང་གཞི་ཡག་པོ་བཏིང་ཡོད། ཕྱོགས་མཚུངས་ང་ཚོས་ཆེད་དོན་ཨུ་ལྷན་གཞན་དག་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་སྲིད་གྲོས་ཀྱི་སྤྱིའི་ལས་དོན་བཀོད་སྒྲིག་གཞིར་བཟུང་སོ་སོའི་ཁྱབ་ཁོངས་ཀྱི་ཁྱད་ཆོས་དང་འགན་ནུས་ཀྱི་བླང་བྱར་བརྩི་སྲུང་གིས་སོ་སོའི་ཁྱད་ཆོས་ལྡན་པའི་ལས་དོན་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

        གཉིས་ནི་རྒྱལ་ཡོངས་སྲིད་གྲོས་དང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ནས་སྒྲུབ་རྒྱུར་སྤྲད་པའི་ཆེད་དམིགས་ལས་དོན་ཁག་ནན་ཏན་གྱིས་ལེགས་གྲུབ་བྱས་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་བཀོད་སྒྲིག་ལྟར་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་རང་ལྗོངས་སུ་འཛམ་གླིང་གི་ཡུལ་སྐོར་བྱེད་གནས་སྐྲུན་རྒྱུར་དམ་པོར་བསྟུན་ནས་ཧྲང་ཧྲའེ་དང་། ཅང་སུའུ། ཧྲན་ཏུང་བཅས་སུ་ཆེད་དོན་རྟོག་ཞིབ་ཏུ་སྐྱོད་དེ་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་གིས་མཉམ་ལས་རྣམ་གྲངས་བརྩོན་ལེན་བྱས་པ་དང་། སློབ་སྦྱོང་དང་རྟོག་ཞིབ་ཀྱི་སྙན་ཞུ་ཞིག་གྲུབ་ཡོད་པ་དེའི་ནང་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུའི་ཐད་གྲོས་འཆར་ཁག་བརྒྱད་བཏོན་ཡོད། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་ཚོགས་པའི་སྣེ་ཁྲིད་དེ་སྔ་རྗེས་སུ་རྒྱལ་སྤྱིའི་ཚོང་དོན་དངོས་མང་ཚོགས་འདུ་དང་། ཀྲུང་གོའི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་མ་འཇོག་ཚོང་དོན་གྲོས་མོལ། དེ་བཞིན་སྐབས་བདུན་པའི་ཀྲུང་གོ་—ཤར་ཕྱོགས་མནའ་འབྲེལ་དངོས་མང་འགྲེམས་ཚོགས་བཅས་ནང་ཞུགས་ནས་བོད་ཀྱི་མ་འཇོག་ཁོར་ཡུག་དང་སྲིད་ཇུས། དེ་བཞིན་ཁྱད་ལྡན་ཐོན་ལས་དང་ཚོང་འགུགས་མ་རྩ་ནང་འདྲེན་གྱི་རྣམ་གྲངས་སོགས་ངོ་སྤྲོད་བྱས་པ་དང་ཚོང་དོན་གྲོས་མོལ་བྱས་ནས་མཉམ་ལས་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

        གསུམ་ནི་ལྗོངས་ཕྱི་ནང་གི་སྲིད་གྲོས་དབར་འགྲོ་འོང་འབྲེལ་གཏུགས་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རྒྱལ་ཡོངས་སྲིད་གྲོས་ལ་རང་འགུལ་ངང་ལས་དོན་སྙན་སེང་ཞུས་ནས་རྒྱལ་ཡོངས་སྲིད་གྲོས་ནས་མཛུབ་ཁྲིད་དང་རོགས་རམ་ཐོབ་ཐབས་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་བོད་དུ་རྟོག་ཞིབ་ཏུ་ཕེབས་རྒྱུར་གདན་ཞུས་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་ལ་གཞོགས་འདེགས་ཀྱིས “གྲངས་ཉུང་མི་རིགས་ས་ཁུལ་དུ་བཅའ་ཁྲིམས་ཐད་ཀྱི་ཤེས་ལྡན་པ་དཀོན་པའི་གནད་དོན ”གྱི་ཆེད་དོན་བརྟག་ཞིབ་ལེགས་གྲུབ་བྱས་ཡོད། ནུབ་རྒྱུད་ཀྱི་ཞིང་ཆེན་དང་། ལྗོངས། གྲོང་ཁྱེར་ཁག་བཅུ་གཉིས་ཀྱི་སྲིད་གྲོས་ཀྱི་སྤྱི་ཚོགས་ཁྲིམས་ལུགས་ལས་དོན་ཞིབ་བསྡུར་ཚོགས་འདུ་དང་། གྲོས་གཞི་མཉམ་གྲོས་ཚོགས་འདུ། ཚན་སློབ་རིག་འཕྲོད་ལུས་རྩལ་བཅས་ཀྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་བཅས་དང་དེ་བཞིན་ཧོ་པེ་ས་ཁུལ་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་ལས་དོན་མཉམ་ལས་ཚོགས་འདུ་སོགས་ནང་ཞུགས་ནས་སྤུན་ཟླའི་ཞིང་ལྗོངས་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཆེད་དོན་ལས་དོན་སྤེལ་ཕྱོགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་ཡང་བྱས་ཡོད། ལྗོངས་ཡོངས་ཀྱི་ས་གནས་དང་གྲོང་ཁྱེར་ཁག་གི་སྲིད་གྲོས་འགོ་ཁྲིད་སྒྲིག་འཛུགས་བྱས་ཏེ་བྱང་ཤར་གྱི་ཞིང་ཆེན་གསུམ་དུ་སློབ་སྦྱོང་དང་རྟོག་ཞིབ་ཏུ་སྐྱོད་དེ་ནང་སའི་སྲིད་གྲོས་ཀྱི་ལས་ཀའི་ཉམས་མྱོང་དཔྱད་གཞི་བྱས་པར་བརྟེན་མིག་རྒྱང་རིང་དུ་སོང་བ་དང་། བསམ་ཕྱོགས་རྒྱ་ཆེར་སོང་བ། ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་སོང་བ་བཅས་བྱུང་ཡོད། སྤུན་ཟླའི་ཞིང་ལྗོངས་དང་གྲོང་ཁྱེར་གྱི་ལས་རིགས་གཅིག་པའི་བོད་སྐྱོད་རྟོག་ཞིབ་ཚོགས་པ་ཁག་60ལྷག་གི་མིའི་ཐེངས་གྲངས་700ཙམ་ལ་སེམས་རྩ་འཁོལ་པོའི་སྣེ་ལེན་ཞུས་པར་བརྟེན་འབྲེལ་བ་ཟབ་ཏུ་སོང་བ་དང་། མཛའ་གྲོགས་ཤུགས་ཆེར་སོང་བ། མཉམ་ལས་ལ་ཤུགས་སྣོན་ཐེབས་པ་བཅས་བྱུང་ཡོད། ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ། ནག་ཆུ། མངའ་རིས་བཅས་ས་གནས་ཀྱི་སྲིད་གྲོས་དབུ་བཪྙེས་ནས་ལོ་50འཁོར་བ་དང་ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་ཡོད་པས་ས་གནས་གྲོང་ཁྱེར་གྱི་སྲིད་གྲོས་དང་འབྲེལ་གཏུག་བྱེད་རྒྱུ་དང་། མཛུབ་ཁྲིད་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་སོང་ཡོད། ས་གནས་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ཀྱིས་རྟོག་ཞིབ་མཉམ་འགུལ་དང་སྲིད་གྲོས་ཀྱི་ཀྲུའུ་ཞིས་ཨུ་ཡོན་ཚང་འཛོམས་ཀྱི་གྲོས་ཚོགས་དང་རྒྱུན་ལས་ཨུ་ལྷན་སོགས་ཀྱི་ནང་ཞུགས་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད་པས་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན་ཧྲིལ་པོའི་འགྲིལ་ཤུགས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།

        ལྔ། རང་ངོས་ལེགས་སྐྱོང་བྱེད་པའི་ཐད་རྣམ་པ་གསར་པ་ཞིག་ཐོན་ཡོད།

        རང་ངོས་ལེགས་སྐྱོང་ལེགས་ཉེས་ཅི་འདྲ་བྱུང་མིན་དེ་ཐད་ཀར་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་ལག་བསྟར་བྱེད་པའི་ཕན་ནུས་དང་འབྲེལ་བ་ཡོད། རྒྱུན་ལས་ཨུ་ལྷན་གྱིས་ལོ་གཅིག་རིང་རང་ངོས་ལེགས་སྐྱོང་བྱེད་རྒྱུར་མཐོང་ཆེ་བྱས་ཏེ་སྲིད་གྲོས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱས་ཡོད།

        གཅིག་ནི “ཕྱོགས་བཞི་གཞི་གཅིག་ཏུ་འགྲིལ་བའི ”ཕྱོགས་བསྡུས་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་ཆེན་པོ་བྱས་པ། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ་དང་། རིགས་ཁོངས་ཀྱི་དམིགས་བསལ་ནུས་པ། ཨུ་ཡོན་གྱི་གཙོ་རྐང་ནུས་པ། ལས་ཁུངས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་བཅས་འདོན་སྤེལ་ཡག་པོ་ཐུབ་ནས་འགན་འཁྲི་ལེགས་སྒྲུབ་བྱེད་པའི་མཉམ་ཤུགས་ཤིག་ཆགས་ཡོད། ང་ཚོས་བྱ་ཐབས་སྣ་ཚོགས་སྤྱད་དེ་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་དོན་མི་སྣའི་བྱང་ཚད་དང་ནུས་པ་གོང་མཐོར་གཏོང་རྒྱུར་མཐོང་ཆེ་བྱས་པ་དང་། ལྗོངས་ནང་ཁོངས་ཀྱི་ཤེས་ལྡན་པ་དང་རིག་སྟོབས་སོགས་ཐད་ཀྱི་ཐོན་ཁུངས་བེད་སྤྱོད་ཀྱིས་ཨུ་ཡོན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་མ་ཟད་ལྗོངས་སྲིད་གྲོས་ལས་ཁུངས་ནས་ཆེད་མི་མངགས་གཏོང་གིས་གཞི་རིམ་གྱི་ཨུ་ཡོན་ལ་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ལྗོངས་ཕྱི་དང་རྒྱལ་ཁབ་ཕྱིའི་སྦྱོང་བརྡར་ཐོན་ཁུངས་དང་རོགས་སྐྱོར་ལ་བརྟེན་ནས་སྲིད་གྲོས་ཨུ་ཡོན་དང་ལས་བྱེད་ལས་བཟོར་སྦྱོང་བརྡར་སྤྲས་པར་བརྟེན། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་དོན་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཡོངས་ཁྱབ་ངང་གོང་མཐོར་སོང་ཡོད། ཆེད་དོན་ཨུ་ལྷན་དང་། ཨུ་ཡོན། རིགས་ཁོངས་དང་ལས་ཁུངས་བཅས་ཀྱི་བཟང་ཆ་དང་ཁྱད་ཆོས་འདོན་སྤེལ་བྱེད་རྒྱུར་མཐོང་ཆེ་བྱས་ནས་ཕན་ཚུན་གཞོགས་འདེགས་དང་། ཕན་ཚུན་སྐུལ་འདེད། མཉམ་ཤུགས་ཆགས་པ་བཅས་བྱས་ཡོད། ཕྱོགས་གང་ཐད་སྐུལ་སྤེལ་དང་། རྒྱ་ཆེའི་ཨུ་ཡོན་དང་ལས་བྱེད་ལས་བཟོའི་འགན་སྒྲུབ་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ་སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཐོག་ཡིད་ཆེས་དང་། འཚོ་བའི་ཐོག་སེམས་འཁུར། བརྩེ་སེམས་ཐད་འབྲེལ་གཏུགས། དོ་དམ་ཐད་ནན་པོ་བཅས་བྱས་སྟབས་དྲོ་སྐྱིད་དང་། གཞི་མཐུན། མཐུན་སྒྲིལ། ཡར་ཐོན་བཅས་ལྡན་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་ཡོད།

        གཉིས་ནི “ཅན་གསུམ ”འཛུགས་སྐྱོང་བྱེད་རྒྱུར་མཐོང་ཆེན་པོ་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་དེ་སེམས་ཐག་གཙང་བཅད་ཀྱིས་ལག་བསྟར་བྱས་ཐོག ཀྲུང་དབྱང་གི “ཡིག་ཆ་ཨང་ལྔ་པ་གཉིས ”དང་ལྗོངས་ཏང་ཨུད་ཀྱི “ལག་བསྟར་བསམ་འཆར ”གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དབྱེ་ཞིབ་ཕྱོགས་བསྡོམས་བྱས་པའི་གནས་ཚུལ་སྙན་སེང་ཞིག་ཆགས་པ་དེ་རྒྱལ་ཡོངས་སྲིད་གྲོས་ལ་གོང་འབུལ་ཞུས་ཡོད། མི་དམངས་སྲིད་གྲོས་ཀྱི་འགན་ནུས་ལམ་ལུགས་ཁག་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ལམ་ལུགས་ཀྱི་གཏན་འབེབས་གཞིར་བཟུང་ལས་དོན་ནན་པོ་སྤེལ་བར་བརྟེན་འགན་ནུས་ལག་བསྟར་བྱེད་རྒྱུར་འགན་ལེན་བྱེད་པའི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་བྱུང་ཡོད། ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་དེ་སྔའི་ལམ་ལུགས་ཁག་32ཡོད་པའི་རྨང་གཞིའི་ཐོག་སླར་ཡང་ལམ་ལུགས་ཁག་3གཏན་འཁེལ་བྱས་ཡོད་པས་ལས་ཁུངས་ཀྱི་དོ་དམ་དང་ལས་ཀའི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད། ལམ་ལུགས་འཛུགས་སྐྱོང་བྱེད་པའི་ལག་ལེན་ཁྲོད། གཞི་རྩའི་ཆབ་སྲིད་ལམ་ལུགས་དང་། འགན་འཁྲི་ལེགས་སྒྲུབ་ཀྱི་ལམ་ལུགས། དེ་བཞིན་ལས་དོན་དོ་དམ་ལམ་ལུགས་བཅས་ལ་ངོས་འཛིན་བྱེད་རྒྱུ་སྔར་བས་གཏིང་ཟབ་ཏུ་སོང་བ་དང་། ལག་བསྟར་སྔར་བས་རང་རྟོགས་བྱུང་བ། དོན་འཁྱོལ་སྔར་བས་ནུས་ཤུགས་ལྡན་པ་བཅས་བྱུང་ཡོད།

        ཨུ་ཡོན་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་རང་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དེ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཤུགས་ཆེའི་མཛུབ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་འོག་ལས་བྱུང་བའི་གྲུབ་འབྲས་ཤིག་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འབྲེལ་ཡོད་སྡེ་ཚན། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་པ། རང་ལྗོངས་སྲིད་གྲོས་རིམ་ཁག་རྩ་འཛུགས་དང་། དེའི་ནང་ཞུགས་མཁན་ཚན་པ་ཁག་དང་རྒྱ་ཆེའི་ཨུ་ཡོན་རྣམ་པས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་ཀྱང་ཡིན། འདིར་ངས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་ཕྱོགས་མཚུངས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ནི། སྲིད་གྲོས་ལས་དོན་ཁྲོད་ད་དུང་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཁག་ཅིག་ཀྱང་ལྷག་བསྡད་ཡོད་པ་དེའང་གཙོ་བོ་ནི་དམངས་གཙོའི་ལྟ་སྐུལ་བྱེད་ཐབས་གཅིག་རང་ལས་མེད་པ་དང་ལྟ་སྐུལ་བྱེད་ཤུགས་མི་འདེང་བ་དང་། རིགས་ཁོངས་སོ་སོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་མི་ཐུབ་པ། རིགས་ཁོངས་སོ་སོའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རྩ་འཛུགས་ཀྱི་རྣམ་པ་དང་བྱེད་སྒོའི་རྣམ་པ་མི་འདང་བ། ཕྱོགས་བསྡུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་གནད་དོན་དམ་འཛིན་གྱིས་བརྟག་ཞིབ་གཏིང་ཟབ་བྱས་ཐོག དོན་གྱི་སྙིང་པོ་ལྡན་པ་དང་། ཤུགས་རྐྱེན་ལྡན་པ། གལ་ཆེའི་དཔྱད་གཞིའི་རིན་ཐང་ལྡན་པ་བཅས་ཀྱི་བརྟག་ཞིབ་སྙན་ཞུ་འབྲི་རྒྱུའི་ཐད་ད་དུང་འབད་བརྩོན་སྔར་ལས་ལྷག་པ་བྱེད་དགོས་ཀྱི་ཡོད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་བྱེད་རྒྱུ་འདང་མེད་པའི་ཁར། ཞིབ་འཇུག་བྱེད་པའི་ཁོར་ཡུག་དང་ཕན་ལྡན་གྱི་ལམ་སྲོལ་བཟང་པོ་ཞིག་ད་དུང་ཆགས་ཐུབ་མེད་པ། སྲིད་གྲོས་ཀྱི་ལས་དོན་དང་འཚམ་པའི་ཆེད་དམིགས་ཤེས་ལྡན་པ་མི་འདང་བ་དང་བྱང་ཚད་ཀྱང་ད་དུང་མཐོ་རུ་གཏོང་དགོས་པ་བཅས་གནད་དོན་དེ་དག་ལ་དམིགས་ཏེ་ང་ཚོས་ཞིབ་འཇུག་ནན་ཏན་བྱས་ནས་ཕན་ནུས་ལྡན་པའི་བྱ་ཐབས་སྤྱད་དེ་སླད་ཕྱིན་གྱི་ལས་ཀའི་ནང་ཐག་གཅོད་བྱེད་རྒྱུ་ཡིན།

        2011ལོའི་ལས་དོན་གཙོ་བོ་བཀོད་སྒྲིག

        2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་ངོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ལ་རང་ལྗོངས་ཀྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་ལོ་དང་པོ་དེའང་ཡིན། ལོ་གསར་པའི་ནང་ང་ཚོས་ལྗོངས་ཏང་ཨུད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་ཅིང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན། དེ་བཞིན་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས་བཅས་ལག་བསྟར་བྱས་ཐོག་གཙོ་དོན་དང་གཙོ་ཕྱོགས་ཏན་ཏིག་ཁོང་དུ་ཆུད་པ་བྱས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་། ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩི་བ། དམངས་ཀྱི་འཚོ་བ་འགན་སྲུང་དང་ཡག་ཏུ་གཏོང་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩི་བ་བཅས་བྱས་ཏེ། དུས་བབ་ལ་ངོས་འཛིན་གསལ་པོ་དང་སེམས་ཤུགས་བརྟན་དུ་བཏང་ནས་ཆབ་སྲིད་ཀྱི་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་སྒྲུབ་ཐོག་འབྲེལ་བ་མཐུན་སྦྱོར་དང་། སྟོབས་ཤུགས་གཅིག་སྒྲིལ། ཐབས་འདོན་ཇུས་འདོན། ཁྱོན་ཡོངས་ལ་ཞབས་ཞུ་བཅས་བྱེད་པའི་ནུས་པ་འདོན་སྤེལ་གྱིས་སྲིད་གྲོས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ་ལྡན་པ། གཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

        གཅིག ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།

        ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་སྲིད་གྲོས་ཀྱི་ལས་འགན་ཨང་དང་པོ་དེ་ཡིན། དང་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་སྙིང་དོན་ཁོང་དུ་ཆུད་པ་དང་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཀྱི་ཐོག་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། གཉིས་པ། སྲིད་གྲོས་དང་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་ཀྱི་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་སྲིད་གྲོས་ལས་དོན་གྱི་རྩ་དོན་རང་བཞིན་དང་། ཆོས་ཉིད་རང་བཞིན། ཚན་རིག་རང་བཞིན་བཅས་ཤུགས་ཆེར་གཏོང་དགོས། གསུམ་པ། དུས་བབ་སྲིད་ཇུས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུ་དམ་འཛིན་ཡག་པོ་བྱས་ནས་ཏང་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་བཏང་འཛིན་ཡག་པོ་བྱས་ཐོག་རིག་པ་དྭངས་གསལ་དང་འཐབ་སེམས་ཆེར་སྐྱེད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བསམ་པ་གཅིག་མཐུན་དང་། ཁ་ཕྱོགས་གཅིག་མཐུན། གོམ་སྟབས་གཅིག་གྱུར། སྟོབས་ཤུགས་གཅིག་སྒྲིལ་བཅས་ཐུབ་པ་བྱེད་དགོས། བཞི་པ། དེང་རབས་ཀྱི་དཔལ་འབྱོར་དང་། ཚན་རྩལ། རིག་གནས། ལོ་རྒྱུས། བཅའ་ཁྲིམས་དང་དོ་དམ་བཅས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་བའི་བྱང་ཚད་དང་ནུས་པ་ཆེ་རུ་གཏོང་དགོས། ལྔ་པ། ཏང་བཙུགས་ནས་ལོ་90འཁོར་བ་དང་། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་སོགས་ཀྱི་བྱེད་སྒོ་དམ་འཛིན་དང་བསམ་བློ་སློབ་གསོ་དང་སློབ་སྦྱོང་གི་ནང་དོན་བྱེད་སྒོའི་ཁྲོད་ཚུད་པ་བྱས་ཏེ་ཏང་གི་འབོད་སྐུལ་བྱེད་ཤུགས་དང་། མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་བཅས་ཆེ་རུ་ཟམ་མི་ཆད་པར་བཏང་ཞིང་། ཏང་གི་བོད་སྐྱོང་ཐབས་ཇུས་དང་དུས་སྐབས་གསར་པའི་མཛུབ་ཁྲིད་བསམ་བློ་ལག་བསྟར་བྱེད་པའི་རང་རྟོགས་བྱེད་སེམས་ཆེ་རུ་རྒྱུན་ཆད་མེད་པ་བཏང་ནས་ཆབ་སྲིད་གྲོས་མོལ་ལམ་ལུགས་ཡག་པོ་ཡོང་བ་དང་། འཐུས་ཚང་ཡོང་བ། གོང་འཕེལ་ཡག་པོ་འགྲོ་བ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་དགོས། རིམ་ཁག་སྲིད་གྲོས་ཀྱིས་ནན་ཏན་སྒོ་ནས་སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་། སློབ་སྦྱོང་གི་ལམ་ལུགས་འཐུས་ཚང་གཏོང་བ། སློབ་སྦྱོང་གི་ནང་དོན་ཞིབ་ཚགས་སུ་གཏོང་བ། སློབ་སྦྱོང་གི་ཐབས་ཤེས་གསར་གཏོད་བྱེད་པ་བཅས་ཀྱིས་ཏན་ཏན་ཏིག་ཏིག་སྒོ་ནས་སློབ་སྦྱོང་ལ་དམ་འཛིན་བྱས་ནས་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་ངོས་འཛིན་མཐོར་གཏོང་དང་བསམ་བློ་གཅིག་གྱུར་ཡོང་བ་དང་། འབད་བརྩོན་ཆེན་པོས་ལག་ལེན་དངོས་ཀྱི་ཁྲོད་འཇོན་ཐང་ཆེ་རུ་གཏོང་བ་དང་ལས་ཀར་སྐུལ་འདེད་གཏོང་དགོས།

        གཉིས། ལྟེ་བའི་བླང་བྱ་ཁོང་དུ་ཆུད་པ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བར་དམ་པོར་དམིགས་ཏེ་འགན་འཁྲི་ལེགས་སྒྲུབ་བྱེད་དགོས།

        མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་དུས་སྐབས་གསར་པར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཐད་བཏོན་པའི་སྤྱིའི་བླང་བྱ་ཞིག་ཡིན་ལ་རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་བརྗོད་དོན་གཙོ་བོ་ལག་བསྟར་བྱེད་པའི་ལྟེ་བའི་བླང་བྱ་ཞིག་ཀྱང་ཡིན་པས་རང་ལྗོངས་སྲིད་གྲོས་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་དོན་ཧུར་ཐག་སྤེལ་དགོས། དང་པོ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་དམ་པོར་དམིགས་ཏེ་འགན་འཁྲི་ལེགས་སྒྲུབ་བྱེད་སྐབས་ངེས་པར་དུ་གཙོ་དོན་དང་གཙོ་ཕྱོགས་གཉིས་བཟུང་རྒྱུར་གཡོ་སྒུལ་གཏོང་མི་རུང་། གཙོ་དོན་དང་གཙོ་ཕྱོགས་གཉིས་གཏན་འཁེལ་བྱེད་པའི་དུས་རབས་ཀྱི་འབྱུང་རྐྱེན་དང་གལ་ཆེའི་དོན་སྙིང་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ་གཙོ་དོན་དང་གཙོ་ཕྱོགས་གཉིས་དམ་བཟུང་བྱེད་རྒྱུར་གཡོ་སྒུལ་མི་གཏོང་བའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་ཁྲོད་ཀྱི་གོང་འཕེལ་སྐོར་གྱི་ངོ་བོའི་བླང་བྱ་དེ་སྲིད་གྲོས་ལས་དོན་ཐད་ཀྱི་ཕྱོགས་ཚང་མའི་ནང་མཚོན་གང་ཐུབ་བྱས་ཐོག་གོང་འཕེལ་གཏོང་རྒྱུ་དམ་བཟུང་བྱེད་རྒྱུར་གཡོ་སྒུལ་མི་གཏོང་བར་བློ་རྩ་བརྟན་པོ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བ། ལས་སྒྲུབ་ཆེར་སྐྱེད་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་བའི་ནང་སེམས་ནུས་ཡོད་རྒུ་འདོན་དགོས། གཉིས་པ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་དམ་པོར་དམིགས་ཏེ་འགན་འཁྲི་ལེགས་སྒྲུབ་བྱེད་སྐབས་ངེས་པར་དུ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་གལ་ཆེའི་རྩ་དོན་དང་ཞིབ་ཕྲའི་བྱ་ཐབས་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། ཏང་ཀྲུང་དབྱང་ནས་བཏོན་པའི “དེ་བས་དོ་སྣང་བྱེད་དགོས་པ་བཞི་དང་མཐའ་འཁྱོངས་ལྔ ”དང་ལྗོངས་ཏང་ཨུད་ནས་བཏོན་པའི “མཐའ་འཁྱོངས་དྲུག་དང་སྐུལ་འདེད་ལྔའི ”ཞིབ་ཕྲའི་བླང་བྱའི་ནང་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་ཁྲོད་ཀྱི་མངོན་ཆེའི་འགལ་ཟླ་དང་འགལ་ཟླ་དེ་རིགས་ཐག་གཅོད་བྱེད་པའི་འགག་གནད་སྒྲོལ་ས་བཟུང་ཡོད་པས་ཆ་ཚང་ལ་གཙོ་གནད་ཀྱང་མངོན་ཆེར་བཏོན་ཡོད་སྟབས་ང་ཚོས་སྲིད་གྲོས་ཀྱི་འགན་འཁྲི་ལེགས་སྒྲུབ་བྱེད་པའི་ལག་ལེན་ནང་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ནན་ཏན་བྱས་ནས་ལས་ཀའི་བརྒྱུད་རིམ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱང་ལྟའི་རང་བཞིན་གསར་གཏོད་རང་བཞིན་བཅས་ཆེ་རུ་ཧུར་ཐག་གཏོང་དགོས། གསུམ་པ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་དམ་པོར་དམིགས་ཏེ་འགན་འཁྲི་ལེགས་སྒྲུབ་བྱེད་སྐབས་ངེས་པར་དུ་རང་ལྗོངས་ཀྱི་དོན་དངོས་ལ་དམིགས་ཐོག་འཇུག་སྒོ་གནད་ལ་འཁེལ་བ་བཙལ་ཏེ་བཀྲག་ཆེ་ས་གསར་གཏོད་བྱེད་དགོས། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་ལྟེ་བའི་བླང་བྱར་དམ་པོར་དམིགས་ཏེ། རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུ་དང་། དམངས་འཚོ་ཡག་ཏུ་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུ། བར་རྒྱུད་འཕེལ་རྒྱས་གཏོང་སྟངས་ལེགས་སྒྱུར་བྱེད་རྒྱུ། ལམ་སྲོལ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་ཐབས་ཇུས་ལག་བསྟར་བྱེད་རྒྱུ། གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གྲོང་བརྡལ་ཅན་དུ་འཛུགས་སྐྲུན་བྱེད་རྒྱུ། དམངས་ཕྱུག་བོད་དར་གྱི་ཐབས་ཇུས་དང་། ཚན་རྩལ་ལ་བརྟེན་ནས་བོད་དར་རྒྱས་གཏོང་བའི་ཐབས་ཇུས། ཤེས་ལྡན་པར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་ཐབས་ཇུས་ལག་བསྟར་བྱེད་རྒྱུ། རིག་གནས་དར་སྤེལ་གཏོང་རྒྱུ་སོགས་གཙོ་གནད་དུ་བཟུང་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གནས་ཚུལ་ངོ་མ་ཤེས་རྟོགས། ཐབས་འདོན་ཇུས་འདོན་བཅས་བྱེད་དགོས། བཞི་པ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་དམ་པོར་དམིགས་ཏེ་འགན་འཁྲི་ལེགས་སྒྲུབ་བྱེད་སྐབས་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་ལྟ་བ་འཛུགས་དགོས། ཁྱོན་ཡོངས་དང་སྤྱི་ཡོངས་ཀྱི་ཐོག་ནས་རང་ལྗོངས་ཀྱི་གོང་འཕེལ་ཐབས་ཇུས་དང་གལ་ཆེའི་བྱ་ཐབས་ཁོང་དུ་ཆུད་པ་བྱེད་པ་དང་། ཕྱོགས་གང་ཐད་ཀྱི་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་བྱེད་མཁས་པོ་བྱས་ནས་ཕྱོགས་གང་ཐད་ཀྱི་བསམ་འདུན་དང་ཞུ་རེར་གཅིག་གྱུར་བསམ་གཞིགས་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བའི་གཞི་རྩའི་བླང་བྱ་དང་ཐབས་ཤེས་ལ་སྲུང་བརྩི་ཞུས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་རྩོད་སྒྲུབ་ཀྱི་བསམ་བློ་གཏོང་ཐབས་ལ་སྲུང་བརྩི་ཞུས་ཏེ་ཕྱོགས་བསྡུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ཀྱི་དཔྱོད་དོན་དམ་པོར་བཟུང་ནས་ལག་ལེན་བསྟར་འཐུས་ཀྱི་བསམ་འཆར་དང་གྲོས་འཆར་འདོན་དགོས། ལྔ་པ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་དམ་པོར་དམིགས་ཏེ་འགན་འཁྲི་ལེགས་སྒྲུབ་བྱེད་སྐབས་ངེས་པར་དུ་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནི་རང་ལྗོངས་ཀྱིས་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་བྱེད་པ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་དུས་སྐབས་ཤིག་ཡིན་པས་དེར་རྣམ་གྲངས་མང་བ་དང་། མ་དངུལ་འཇོག་ཆེ་བ། འབྲེལ་རྒྱ་ཆེ་བ། བག་ཆགས་ཤུགས་ཆེ་བ་བཅས་ཡིན་ཞིང་། ང་ཚོས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ་ལས་གྲྭའི་རྣམ་གྲངས་ཀྱི་སྔོན་གྲབས་ལྟ་སྐུལ་དང་། ལས་སྒོ་སྤེལ་བཞིན་པའི་ནང་གི་ལྟ་སྐུལ་དང་ལས་གྲྭ་མཇུག་སྒྲིལ་རྗེས་བེད་སྤྱོད་ཕན་འབྲས་ཇི་ཐོན་གྱི་ལྟ་སྐུལ་བཅས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག རྒྱལ་ཁབ་ཀྱི་མ་དངུལ་རྣམས་གནད་སྨིན་ཐུབ་པའི་འགན་ལེན་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གང་ཡོད་འདོན་སྤེལ་ཐུབ་པ་བྱས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་དངོས་པོའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས།

        གསུམ། འགན་འཁྲིའི་བསམ་པ་བརྟན་པོར་བཅངས་ཏེ་ཡུན་རིང་བདེ་འཁོད་ཡོང་བར་དམ་པོར་དམིགས་ནས་འགན་འཁྲི་ལེགས་སྒྲུབ་བྱེད་དགོས།

        ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཡིན་ལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་མངོན་འགྱུར་ཐུབ་པའི་གལ་ཆེའི་སྔོན་འགྲོ་ཡང་ཡིན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཛ་དྲག་པོའི་མདུན་དུ་དུས་རྟག་ཏུ་ཚད་མཐོའི་དོགས་ཟོན་ཆེར་སྐྱེད་བྱེད་རྒྱུ་དང་ཐོག་མཐའ་བར་གསུམ་དུ་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་དུས་དང་རྣམ་པ་ཀུན་ཏུ་མི་དམངས་སྲིད་གྲོས་ལས་དོན་གྱི་ཕྱོགས་ཚང་མའི་ནང་ལག་བསྟར་དོན་འཁྱོལ་ཐུབ་པ་བྱེད་དགོས། དང་པོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཛད་ཕྱོགས་སྲིད་ཇུས་དང་གལ་ཆེའི་བྱ་ཐབས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། ཐོག་མཐའ་བར་གསུམ་དུ “སྲུང་སྐྱོང་ལྔའི ”དར་ཆ་མཐོན་པོར་སྒྲེང་བ་དང་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་དང་སྤྱིའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འབྲེལ་ཡོད་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་གལ་ཆེའི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཐོག་སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲིད་གྲོས་ཀྱི་དགེ་མཚན་དང་ཁྱད་ཆོས་འདོན་སྤེལ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་སློབ་གསོ་གཏོང་རྒྱུ་དམ་འཛིན་ཡག་པོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཞིབ་ཕྲའི་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་བའི་འབྱུང་རྩ་དང་། རྩ་བ། རྨང་གཞི་བཅས་ཀྱི་གནད་དོན་དམ་བཟུང་བྱེད་རྒྱུའི་ཐད་ཐབས་འདོན་ཇུས་འདོན་བྱས་ཐོག་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་ཐོབ་པའི་འགན་ལེན་བྱས་ནས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། བློ་གཅིག་སེམས་གཅིག་གིས་གོང་འཕེལ་གཏོང་ཐབས་བཅས་བྱེད་དགོས། གཉིས་པ། གལ་ཆེའི་འབྲེལ་བའི་རིགས་ཐག་གཅོད་ཡག་པོ་བྱས་ཏེ་ཕྱོགས་གང་ཐད་ཀྱི་མཐུན་སྒྲིལ་ཡོང་བར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཆེད་དོན་ཨུ་ལྷན་དང་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ནང་གི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་ཚད་མཐོའི་དོ་སྣང་བྱེད་དགོས་པ་དང་། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་མི་འབོར་ཅུང་ཉུང་བའི་མི་རིགས་གོང་འཕེལ་གཏོང་རྒྱུའི་ཁྲོད་ཀྱི་དཀའ་གནད་སེལ་རོགས་བྱེད་པ་དང་དགོན་སྡེ་དང་ཆོས་ལུགས་ཁྱབ་ཁོངས་ནང་གི་ལས་དོན་གང་ལེགས་སྒྲུབ་ཐོག་དགོན་སྡེ་དོ་དམ་བྱེད་པའི་ཡུན་རིང་གི་ནང་རྐྱེན་ཆ་ཚང་འཛུགས་དགོས་པ། མི་རིགས་ཀྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་བཅས་བྱེད་དགོས། གཞན་ཡང་ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་རྣམས་གོང་བུ་གཅིག་ཏུ་སྒྲིལ་ནས་གཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྒྲིལ་ཤུགས་སྟོབས་ཆེན་ཞིག་ཆགས་པ་བྱེད་དགོས། གསུམ་པ། མང་ཚོགས་ཀྱི་ལས་ཀ་གང་ལེགས་སྒྲུབ་སྟེ་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་ཁྲིད་སྟོན་བྱེད་དགོས། ཡུན་རིང་བདེ་འཁོད་ཡོང་བའི་རྩ་བའི་སྟོབས་ཤུགས་དེ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་གནས་ཡོད། མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་། དམངས་གཙོ། མི་སེམས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། མི་དམངས་སྲིད་གྲོས་ཀྱི་འབྲེལ་གཏུག་བྱ་ཡུལ་གྱི་མང་ཚོགས་གཙོ་གནད་དུ་བཞག་སྟེ་མང་ཚོགས་ཀྱི་ལས་ཀ་གཏིང་ཟབ་སྤེལ་ནས་དམངས་ཀྱི་འཚོ་བར་དོ་འཁུར་དང་། དམངས་ཀྱི་འདོད་བློ་མཚོན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་འཁུར་བྱེད་པའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཐོག་གཞི་རིམ་དུ་ཟབ་སྐྱོད་དང་མང་ཚོགས་ཁྲོད་དུ་སྐྱོད་དེ་སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས་ཏེ་མི་རིགས་ཁག་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ནང་ཞུགས་པའི་སེམས་ཤུགས་འཕེལ་བ་བྱས་ནས། མི་དམངས་མང་ཚོགས་ཀྱིས་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་དགོས་པ་དང་། ཕྱོགས་གང་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་ཡོང་བ་བྱས་ཏེ་ཐུན་མོང་ཐོག་མདུན་སྐྱོད་བྱེད་པའི་ནང་གི་དཀའ་ཉེན་རྣམས་ཁྱད་བསད་བྱེད་དགོས། མི་དམངས་ནང་ཁུལ་གྱི་འགལ་ཟླར་ངོས་འཛིན་དང་ཐག་གཅོད་ཡང་དག་པ་བྱས་ཐོག་དེའི་ཁྱད་ཆོས་དང་ཐབས་ཤེས་ཁོང་དུ་ཆུད་པ་བྱས་ནས་འབྲེལ་བ་མཐུན་སྦྱོར་དང་། འགལ་ཟླ་སེལ་བ། བསམ་པའི་འབྲེལ་འཛིང་བསངས་བ་བཅས་ཀྱི་ལས་ཀ་ཡག་པོ་སྒྲུབ་སྟེ་མཐུན་སྒྲིལ་དང་། གཞི་མཐུན། བརྟན་ལྷིང་བཅས་ཁྱོན་ཡོངས་སྲུང་སྐྱོང་བྱེད་དགོས། བཞི་པ། ཕྱི་ཕྱོགས་དང་འགྲོ་འོང་འབྲེལ་གཏུག་ལས་དོན་ཡག་པོ་སྒྲུབ་ནས་བོད་ལྗོངས་དྲིལ་བསྒྲགས་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས། སྲིད་གྲོས་ཀྱི་དགེ་མཚན་འདོན་པ་དང་། “ནང་དུ་གདན་དྲངས་བ ”དང་“ཕྱིར་སྐྱོད་རྒྱུ ”མཐའ་འཁྱོངས་བྱས་ཏེ་ཕྱི་རྒྱལ་གྱི་འབྲེལ་ཡོད་མི་སྣ་དང་འབྲེལ་ཡོད་ཚོགས་པའི་དབར་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་གསར་པར་བྱུང་བའི་འགྱུར་ལྡོག་ཥ་ཅང་ཆེན་པོ་དེ་འཛམ་བུ་གླིང་གི་མདུན་དུ་མངོན་པར་བྱས་ཐོག་བོད་ལྗོངས་གསར་པ་དང་། གོང་འཕེལ་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ་བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་ནང་གི་གཏམ་བཤད་ཀྱི་དབང་ཆ་དང་གཙོ་ཁྲིད་དབང་ཆ་རང་ལག་ཏུ་དམ་པོར་བཟུང་སྟེ་རང་ཕྱོགས་སུ་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་ཅིག་བཟོས་ནས་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ཀྱི་ཕྱི་འབྲེལ་ལས་དོན་ཡག་པོ་སྒྲུབ་ཕྱིར་ལེགས་སྐྱེས་གསར་པ་འབུལ་རྒྱུར་གཞོགས་འདེགས་བྱེད་དགོས།

        བཞི། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ལས་དོན་ཁག་མཐུན་སྦྱོར་ངང་གོང་འཕེལ་གཏོང་དགོས།

        རང་ལྗོངས་སྲིད་གྲོས་ཀྱིས་ལྟེ་བར་དམིགས་རྒྱུ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་འགན་ནུས་སྒྲུབ་པའི་ནང་ད་དུང་རྒྱུན་ལྡན་རང་བཞིན་གྱི་ལས་ཀ་མང་པོ་ཞིག་བྱེད་དགོས་པས་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་མཛུབ་ཁྲིད་དུ་བྱས་ཏེ་ཕྱོགས་གང་ཐད་ཀྱི་ལས་ཀར་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོགས་བྱེད་དགོས།

        དང་པོ། གྲོས་གཞི་གཉེར་སྒྲུབ་བྱེད་རྒྱུའི་ལས་ཀ་དམ་འཛིན་ཤུགས་ཆེ་བྱས་ཏེ་སྲིད་གླེང་གི་ཐབས་ལམ་རྒྱ་ཆེར་གཏོང་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་གཞི་གཉེར་སྒྲུབ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། སྲིད་གྲོས་ཀྱི་ཨུ་ཡོན་དང་། རིགས་ཁོངས། ཆེད་དོན་ཨུ་ལྷན་བཅས་ཀྱིས་གྲོས་གཞི་བཟོ་འབྲི་བྱེད་པའི་ནང་གི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གྲོས་གཞི་རྩེ་གྲ་བཟོ་འབྲི་བྱེད་རྒྱུ་དར་སྤེལ་ཤུགས་ཆེ་བཏང་སྟེ་བག་ཆགས་ཆེ་བའི་གཙོ་གནད་གྲོས་གཞི་ཁག་གཅིག་འདོན་ཐབས་གང་ཐུབ་བྱེད་དགོས། གྲོས་གཞི་གཉེར་སྒྲུབ་ལྟ་སྐུལ་གྱི་མཇུག་འདེད་ལས་ཀ་དམ་འཛིན་ཡག་པོ་བྱས་ཏེ་ཨུ་ཡོན་རྣམས་ཀྱི་གྲོས་གཞིར་འདི་བྱས་འདི་མིན་གྱི་རྩད་ཆོད་ཡོད་པ་དང་། ལན་འདེབས་ཡོད་པ། དོན་འཁྱོལ་ཡོད་པ། ཕན་འབྲས་ཡོད་པ་བཅས་འགན་ལེན་བྱེད་དགོས། གྲོས་གཞི་གཉེར་སྒྲུབ་བྱེད་པའི་འབྲེལ་ཡོད་ལམ་ལུགས་ལག་བསྟར་ནན་ཏན་བྱེད་པ་དང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་གཙོ་གནད་གྲོས་གཞི་གཉེར་སྒྲུབ་བྱེད་རྒྱུར་ལྟ་སྐུལ་མཐའ་འཁྱོངས་བྱས་ཐོག་གསར་འགྱུར་གྱི་མཚམས་སྦྱོར་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས། ངར་སྐུལ་ལམ་སྲོལ་བཅས་ཀྱི་ནུས་པར་བརྟེན་ནས་གྲོས་གཞི་གཉེར་སྒྲུབ་བྱེད་པའི་ཕན་འབྲས་ཆེ་རུ་བཏང་སྟེ་སྲིད་གླེང་གི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་དགོས།

        གཉིས་པ། རྟོག་ཞིབ་བྱེད་རྒྱུའི་ལས་དོན་དམ་འཛིན་ཤུགས་ཆེ་བྱས་ནས་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཨུ་ཡོན་གྱིས་རྟོག་ཞིབ་བྱེད་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་རྒྱུན་གཏན་རང་བཞིན་གྱི་ལས་ཀ་ཞིག་ཡིན་ལ་དམངས་གཙོས་ལྟ་སྐུལ་བྱེད་པའི་ཕན་ནུས་ལྡན་པའི་ཐབས་རྣམ་ཞིག་ཀྱང་ཡིན། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱི་བྱ་གཞག་ཁག་གོང་འཕེལ་མྱུར་པོ་འགྲོ་བ་དང་ཪྙོག་འཛིང་ཆེ་ཞིང་འགྱུར་བ་མང་བའི་གནས་ཚུལ་འདྲ་མིན་ལ་གཞིགས་ནས་རྟོག་ཞིབ་ཀྱི་རྣམ་གྲངས་དང་ནང་དོན་མང་དུ་གཏོང་བ་དང་། རྟོག་ཞིབ་བྱེད་ཤུགས་དངོས་འབྲེལ་ཆེ་རུ་བཏང་སྟེ་རྟོག་ཞིབ་ལས་དོན་གྱི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་དངོས་འབྲེལ་བྱས་ཐོག་རྟོག་ཞིབ་ལས་དོན་དེ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བ་བྱས་ནས་དམངས་གཙོའི་ལྟ་སྐུལ་བྱེད་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

        གསུམ་པ། གཙོ་གནད་ཀྱི་ཆེད་དོན་བརྟག་ཞིབ་བྱེད་རྒྱུ་དམ་འཛིན་ཤུགས་ཆེ་བྱས་ཏེ་ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་གནས་ཚུལ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་གཞིར་བཟུང་རང་ལྗོངས་ཀྱི་ལྟེ་བ་དང་ཁྱོན་ཡོངས་དང་། གཙོ་དོན་དང་གཙོ་ཕྱོགས། འཕེལ་ཕྱོགས་དང་ཁྱད་ཆོས་བཅས་ལ་དམ་པོར་དམིགས་ཤིང་། གཙོ་གནད་ཀྱི་ཆེད་དམིགས་བརྟག་ཞིབ་རྣམ་གྲངས་འདོན་པ་དང་བརྟག་ཞིབ་ཀྱི་འཆར་གཞི་ཞིབ་ཚགས་བཟོས་ཏེ་སྲིད་གྲོས་ཀྱི་ཨུ་ཡོན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སྒྲིག་འཛུགས་ཀྱིས་གཞི་རིམ་དང་འཐབ་ཕྱོགས་དང་པོར་བསྐྱོད་དེ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་གི་ལས་ཀ་ཡག་པོ་བྱས་ཏེ་གནས་ཚུལ་ཡོད་པ་དང་། དབྱེ་ཞིབ་ཡོད་པ། ཐབས་ཇུས་ཡོད་པ། བག་ཆགས་ཆེན་པོ་ཡོད་པ་བཅས་ཀྱི་བརྟག་ཞིབ་སྙན་ཞུ་ཁག་གཅིག་བཟོ་གང་ཐུབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་ཕྱིར་གཞི་འཛིན་ས་མཁོ་འདོན་དང་ཞབས་ཞུ་གང་ལེགས་སྒྲུབ་དགོས།

        བཞི་པ། རིག་གནས་ལོ་རྒྱུས་དཔྱད་ཡིག་ལས་དོན་དམ་འཛིན་ཤུགས་ཆེ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་དགོས། ན་ནིང་ང་ཚོས་རིག་གནས་ལོ་རྒྱུས་དཔྱད་ཡིག་གི་ལས་དོན་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ནས་འབྲེལ་ཡོད་ཡིག་ཆ་གཤམ་སྤེལ་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཡོད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་དང་ཨུ་ཡོན་རྣམས་ཀྱིས་ངེས་པར་དུ་ལས་དོན་འདིའི་གལ་ཆེའི་རང་བཞིན་དང་དུས་གཏུག་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ནས་ཉེན་ཁ་ཚོར་སེམས་དང་འགན་འཁྲིའི་འདུ་ཤེས་བཙུགས་ཤིང་། ལོ་རྒྱུས་ལ་འགན་འཁུར་བའི་ཐོག་ནས་དཔྱད་ཡིག་འཚོལ་བསྡུ་དང་། ལེགས་སྒྲིག སྤྱན་བསྟར། དཔེ་སྐྲུན་སོགས་ཀྱི་ལས་དོན་དམ་འཛིན་བྱས་ཐོག་གཤམ་སྤྲོད་བྱས་པའི་ལས་འགན་རྣམས་སྤུས་འབོར་གཉིས་ལྡན་གྱིས་ལེགས་སྒྲུབ་བྱས་ཏེ་རང་ལྗོངས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ལས་དོན་ལ་གྲུབ་འབྲས་མྱུར་དུ་ཐོབ་པ་དང་གྲུབ་འབྲས་ཡག་པོ་ཐོབ་པ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་དང་ཡུན་རིང་བདེ་འཁོད་ཡོང་བར་ཞབས་འདེགས་ཞུ་དགོས།

        ལྔ། རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ལས་དོན་དེ་ཚན་རིག་ཅན་དུ་འགྱུར་རྒྱུའི་ཆུ་ཚད་མཐོ་རུ་གཏོང་དགོས།

        རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་ཡག་པོ་འཁུར་རྒྱུ་དང་འོད་སྟོང་འཕྲོ་བའི་བྱས་རྗེས་གཏོད་རྒྱུའི་འགན་ལེན་ཞིག་ཡིན། རང་ལྗོངས་སྲིད་གྲོས་ཀྱི་དོན་དངོས་གཞིར་བཟུང་ང་ཚོས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རིགས་ཁོངས། ཆེད་དོན་ཨུ་ལྷན་དང་ལས་ཁུངས་བཅས་ལེགས་སྐྱོང་བྱེད་རྒྱུ་དམ་འཛིན་གང་ལེགས་བྱེད་པ་དང་“ཕྱོགས་བཞི་གཞི་གཅིག་ཏུ་སྒྲིལ་རྒྱུ ”ཕྱོགས་ཡོངས་ནས་སྤེལ་ཐུབ་པ་བྱས་ཏེ་སྲིད་གྲོས་ལས་དོན་དེ་ཚན་རིག་ཅན་དུ་འགྱུར་རྒྱུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དང་པོ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཀྱི་ཨུ་ཡོན་དང་ལས་བྱེད་ལས་བཟོའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས། སྲིད་གྲོས་ལས་དོན་དེ་ཚན་རིག་ཅན་དུ་འགྱུར་རྒྱུའི་ཆུ་ཚད་མཐོ་རུ་གཏོང་བར་མིའི་བྱང་ཚད་དང་ནུས་པ་ནི་གནད་འགག་ཆེ་ཤོས་ཀྱི་རྒྱུ་རྐྱེན་ཞིག་ཡིན། ཕུགས་ཇུས་ཀྱི་རྩ་བ་ནི་ཤེས་ལྡན་པར་ཐུག་ཡོད་པ་དང་སྲིད་གྲོས་ཀྱི་བྱ་གཞག་ཆེན་པོ་གཏོད་པར་ཤེས་ལྡན་པ་ནི་རྨང་གཞི་ཡིན། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་རང་ལྗོངས་སྲིད་གྲོས་ཀྱི་ཤེས་ལྡན་པའི་དཔུང་ཁག་གི་ད་ལྟའི་གནས་ཚུལ་དང་། ཁྱད་ཆོས། འཕེལ་ཕྱོགས་བཅས་ཁོང་དུ་ཡག་པོ་ཆུད་པ་བྱས་ཐོག་ཕྱོགས་ཡོངས་ནས་ཤེས་ལྡན་པར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་ཐབས་ཇུས་ལག་བསྟར་བྱས་ཏེ་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་བ་དང་། ཤེས་ལྡན་པ་སྔོན་འགྲོར་བྱེད་པ། སྒྲིག་སྲོལ་གསར་གཏོད་བྱེད་པ། རྩེར་སོན་རིགས་ཀྱིས་ཁྲིད་སྟོན་བྱེད་པ། ཁྱོན་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མཛད་ཕྱོགས་དོན་འཁྱོལ་ནན་ཏན་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་གཞིར་བཟུང་སྲིད་གྲོས་ཨུ་ཡོན་དང་ལས་བྱེད་ལས་བཟོའི་བྱང་ཚད་མཐོ་རུ་གཏོང་རྒྱུ་རྩ་བར་འཛིན་པ་དང་འགན་འཁྲི་ལེགས་སྒྲུབ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་འགག་གནད་སྒྲོལ་སར་བརྩིས་ཐོག་ཆབ་སྲིད་གསལ་རྟོགས་ཡག་པོ་བྱེད་པའི་ནུས་པ་དང་། ཐབས་འདོན་ཇུས་འདོན་བྱེད་པའི་ནུས་པ། བརྟག་དཔྱད་ཞིབ་འཇུག་བྱེད་པའི་ནུས་པ། བྱ་བ་མཉམ་ལས་མཉམ་སྒྲུབ་བྱེད་པའི་ནུས་པ། སྒྲིག་འཛུགས་མཐུན་སྦྱོར་བྱེད་པའི་ནུས་པ། ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་བྱེད་པའི་ནུས་པ། ལམ་བཤངས་གསར་གཏོད་བྱེད་པའི་ནུས་པ་དང་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པའི་ནུས་པ་བཅས་དངོས་འབྲེལ་ཆེ་རུ་བཏང་ཐོག་བསམ་པའི་ཉམས་འགྱུར་གསར་པའི་ཐོག་ནས་དུས་བབ་གསར་པ་དང་འཚམ་ཐུབ་པ་བྱས་ཏེ་མི་དམངས་སྲིད་གྲོས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་ཕྱིར་ཤེས་ལྡན་པ་མཁོ་འདོན་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་པ། ཚན་རིག་དང་མཐུན་པའི་ལམ་ལུགས་ཀྱི་མ་ལག་རིམ་པས་འཐུས་ཚང་དུ་བཏང་སྟེ་ལམ་ལུགས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་གང་ལེགས་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུ་ནི་སྲིད་གྲོས་ཀྱི་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་པས་ངེས་པར་དུ་དམ་འཛིན་གང་ལེགས་བྱེད་དགོས། གཞན་ཡང་འགན་ནུས་སྒྲུབ་རྒྱུའི་ལམ་ལུགས་ལག་བསྟར་ནན་ཏན་བྱེད་དགོས། དུས་རབས་གོང་མའི་ལོ་རབས་80 པ་ནས་བཟུང་ཀྲུང་དབྱང་གིས་སྔ་རྗེས་སུ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་སྐོར་གྱི་ཡིག་ཆ་མང་པོ་ཞིག་བཟོས་ནས་འགྲེམ་བསྒྲགས་བྱེད་པ་དེས་མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་རྒྱུའི་ཐད་ཅུང་ཆ་ཚང་བའི་ལམ་ལུགས་ཀྱི་མ་ལག་ཅིག་བཟོས་ཡོད། ལམ་ལུགས་དེ་དག་ནང་མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་སྒྲུབ་རྒྱུའི་རྩ་དོན་དང་། ནང་དོན། ཐབས་རྣམ། གོ་རིམ། བླང་བྱ་བཅས་གཏན་འབེབས་ཞིབ་ཚགས་བྱས་ཡོད་པ་དེས་མི་དམངས་སྲིད་གྲོས་ཀྱིས་གོ་རིམ་ལྡན་པའི་ངང་འགན་འཁྲི་སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད། དེར་བརྟེན་ང་ཚོས་མུ་མཐུད་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱིས་འགན་ནུས་ནན་ཏན་སྒྲུབ་དགོས། གཞན་ཡང་མི་དམངས་སྲིད་གྲོས་ཀྱི་ཚོགས་འདུ་སྣ་ཚོགས་ཀྱི་ལམ་ལུགས་ལག་བསྟར་ནན་ཏན་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་རྒྱུའི་གལ་ཆེའི་ཐབས་རྣམ་ནི་ཚོགས་འདུ་སྣ་ཚོགས་ལ་བརྟེན་ནས་མཚོན་པ་ཞིག་དང་། རྒྱལ་ཡོངས་སྲིད་གྲོས་དང་རང་ལྗོངས་སྲིད་གྲོས་ཀྱིས་སྲིད་གྲོས་ལས་དོན་གྱི་ལག་ལེན་དང་ཟུང་འབྲེལ་བྱས་ནས་ཚང་མས་ཅུང་ཆ་ཚང་བའི་ཚོགས་འདུའི་ལས་དོན་ལམ་ལུགས་བཟོས་ཡོད་པས་ལམ་ལུགས་དེ་དག་དུས་བབ་ཀྱི་འགྱུར་ལྡོག་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་འགྲོ་བ་དང་ཆབས་ཅིག་བཟོ་བཅོས་ཡང་ཡང་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན། རང་ལྗོངས་ཀྱི་སྲིད་གྲོས་ཀྱིས་ངེས་པར་དུ་ཚོགས་འདུའི་ལམ་ལུགས་དང་ཚོགས་འདུའི་གོ་རིམ་དམ་ནན་བཟུང་སྟེ་སྲིད་གྲོས་ཨུ་ཡོན་གྱིས་སྲིད་ཞུགས་སྲིད་གླེང་གི་དབང་ཆ་ནུས་ལྡན་ངང་སྤྱོད་ཐུབ་པ་བྱེད་དགོས། དེ་བཞིན་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་རྒྱུའི་ཞིབ་ཕྲའི་ལས་དོན་ལམ་ལུགས་ཁག་ལག་བསྟར་ནན་ཏན་བྱེད་དགོས། ཨུ་ཡོན་གྱི་རྟོག་ཞིབ་དང་། ཆེད་དོན་བརྟག་ཞིབ། གྲོས་གཞི་གཉེར་སྒྲུབ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཚོན་པ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་ཕྱིར་རྒྱལ་ཡོངས་སྲིད་གྲོས་དང་དེ་བཞིན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་དེ་མཚུངས་ཀྱི་འབྲེལ་ཡོད་ལས་ཀའི་ལམ་ལུགས་བཟོས་ཡོད། ལག་ལེན་གྱི་ཐོག་ནས་ལམ་ལུགས་དེ་དག་གིས་སྲིད་གྲོས་ཀྱིས་དེ་མཚུངས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་གལ་ཆེའི་འགན་སྲུང་བྱས་པ་ར་སྤྲོད་བྱུང་ཡོད་པས་ང་ཚོས་མུ་མཐུད་ལག་ལེན་གྱི་ཁྲོད་དུ་ལས་ཀའི་ལམ་ལུགས་ཁག་སྔར་བས་ཚགས་ཚུད་དུ་གཏོང་བ་དང་འབྲེལ་བསམ་བློ་ཆ་ཚང་པོ་དང་ཕྱོགས་བསྡུས་ངང་ཐབས་ཇུས་ལག་བསྟར་རྒྱུན་འཁྱོངས་བྱེད་དགོས། ལམ་ལུགས་ཁག་བཟོ་རྒྱུ་དང་ཚགས་ཚུད་དུ་གཏོང་རྒྱུ་དམ་འཛིན་ནན་པོ་བྱེད་པ་དང་འབྲེལ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཐོག་ཆབ་སྲིད་གྲོས་མོལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་སྐྱེ་སྟོབས་ཀྱི་ནུས་པ་གང་ལེགས་མཚོན་པ་བྱས་ཐོག་སྲིད་གྲོས་ཨུ་ཡོན་གྱི་བསམ་པའི་ཉམས་འགྱུར་དང་བྱང་ཚད་ཀྱི་ནུས་པ་མཚོན་པར་བྱས་ཏེ་དུས་བབ་གསར་པ་དང་ལས་འགན་གསར་པས་སྲིད་གྲོས་ལས་དོན་ཐད་བཏོན་པའི་བླང་བྱ་གསར་པ་དང་འཚམ་ཐུབ་པ་བྱེད་དགོས། གསུམ་པ། སྲིད་གྲོས་ལས་ཁུངས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་ཁུངས་ཀྱི་ཞབས་ཞུ་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། སྲིད་གྲོས་ལས་ཁུངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་ལྟར་ཉམས་མྱོང་ཕྱོགས་བསྡོམས་དང་མི་ལྡེང་བའི་ཆ་རྩད་འཚོལ་བྱེད་པ་དང་། འཆར་གཞི་བཟོ་འགོད་དང་བྱ་ཐབས་ཚགས་ཚུད་དུ་བཏང་ཐོག་ལས་ཁུངས་ཀྱི་བསམ་བློ་དང་། སྤྱོད་ཚུལ། རྩ་འཛུགས་དང་ལས་སྒོ་བཅས་ལེགས་སྐྱོང་བྱེད་པ། དེ་བཞིན་དེ་མཚུངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་གང་ལེགས་ཀྱིས “སློབ་སྦྱོང་གི་རྣམ་པ་ལྡན་པ་དང་། གསར་གཏོད་ཀྱི་རྣམ་པ་ལྡན་པ། ཞབས་ཞུའི་རྣམ་པ་ལྡན་པ། ནུས་ཕྱོད་ཀྱི་རྣམ་པ་ལྡན་པ། སྤྱོད་གཙང་གི་རྣམ་པ་ལྡན་པ ”བཅས་ཀྱི་སྲིད་གྲོས་ལས་ཁུངས་ཤིག་འཛུགས་སྐྱོང་ཧུར་ཐག་བྱས་ནས་ལས་ཁུངས་ཀྱི་ལས་ཀའི་ཁ་ཕྱོགས་སྔར་བས་གསལ་བ་དང་། བསམ་གཞི་སྔར་བས་གསལ་བ། འཁོར་སྐྱོད་བྱེད་ནུས་སྔར་བས་ཆེ་བ་བཅས་བྱས་ཏེ་སྲིད་གྲོས་ལས་ཁུངས་ཀྱི་ཞབས་ཞུ་དང་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་དངོས་འབྲེལ་ཐུབ་པ་བྱེད་དགོས།

        ཨུ་ཡོན་རྣམ་པ། དུས་བབ་གསར་པའི་འོག་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་ལ་མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ཡོད་པ་དང་ལས་འགན་ནི་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང་། ལམ་བཤངས་གསར་གཏོད། ལས་ཀ་ཏན་ཏིག་བཅས་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ཏེ་ལོ་ངོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་60འཁོར་བར་ལེགས་སྐྱེས་འབུལ་དགོས།

                                                                                      (ལྗོངས་སྲིད་གྲོས་རྩོམ་སྒྱུར་ཁང་གིས་བསྒྱུར )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།