བོད་རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་།
འཐུས་མི་རྣམ་པ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངག་ལྟར་བོད་རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་། 2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་འདི་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
གཅིག 2010ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།
2010ལོ་ནི་“ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་མཇུག་འགྲིལ་བའི་ལོ་ཞིག་རེད། ལོ་གཅིག་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་པ་མེད་པའི་འགོ་ཁྲིད་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ཐད་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་གཏོང་ཡོང་གྲུབ་ཆ་ལེགས་འགྱུར་བྱས་པ་དང་། སྔོན་རྩིས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། ནོར་ཁྲལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། གཞི་ཆེའི་སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་བྱས་ནས་བསྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་དང་། དམངས་འཚོ་ལེགས་བཅོས། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་རྒྱུར་འབྱོར་སྟོབས་ཀྱི་འགན་ལེན་བློས་འགེལ་ཆོག་པ་བྱས་ཡོད་པར་བརྟེན་ལྗོངས་ཡོངས་ཀྱི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཡག་པོ་བྱུང་ཡོད།
རང་སྐྱོང་ལྗོངས་མི་དམས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་ནི། ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་སྤྱིའི་འབྱོར་སྟོབས་སྒོར་ཁྲི་4,054,556ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་བརྩིས་ན་2009ལོའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་368,416མང་བ་ཡོད་པས་14%འཕར་ཡོད། དེའི་ནང་ནས་ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི 203,000བྱུང་བ་དེ་2009ལོའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་33,800 མང་བྱུང་ཡོད་པས་20%འཕར་ཡོད། ཀྲུང་དབྱང་གིས་ཁ་གསབ་རོགས་དངུལ་ཁག་ཁྱོན་བསྡོམས་སྒོར་ཁྲི་2,802,760གནང་བ་དེ་2009ལོའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་334,616མང་བ་ཡོད་པས་13.6%འཕར་ཡོད། ལོ་གོང་མའི་འབབ་ལྷག་འཕྲོས་སྒྱུར་བྱས་པ་སྒོར་ཁྲི་1,048,796ཡོད།
སྔོན་རྩིས་དོན་འཁྱོལ་བྱས་འབྲས་ནི། རང་སྐྱོང་ལྗོངས་ནོར་སྲིད་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་6,874,785ཟིན་ཡོད་པ་དེ་ལོ་འགོའི་སྔོན་རྩིས་ཀྱི་འབྱོར་སྟོབས་སྒོར་ཁྲི་4,054,556ཡིན་པ་དེ་ལས་སྒོར་ཁྲི་2,820,229མང་བ་ཡོད་པས་69.59%འཕར་ཡོད་པ་དེ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་ཆོག་མཆན་ཐོབ་པའི་འགྱུར་གཏོང་འབྱོར་སྟོབས་སྒོར་ཁྲི་5,533,809ཡིན་པ་དེ་ལས་སྒོར་ཁྲི་1,340,976མང་བ་ཡོད་པས་24.23%འཕར་ཡོད། དེའི་ནང་ནས་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་366,473བྱུང་ཡོད་པ་དེ་ལོ་གོང་མའི་ཡོང་འབབ་དངོས་ལས་21.8%འཕར་ཡོད། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི་5,509,484སོང་བ་དེ་ལོ་གོང་མའི་ངེས་རྩིས་གཏོང་སྒོ་སྒོར་ཁྲི་4,701,322ཡིན་པ་དེ་ལས་སྒོར་ཁྲི་808,162མང་བ་སོང་ཡོད་པས་17.19%འཕར་ཡོད། གོང་འཕོས་གཏོང་སྒོ་སྒོར་ཁྲི་2,367ཡིན་པ་བཅས་གཏོང་ཡོང་མགོ་ཐུག་བཏང་རྗེས་ཕྱི་ལོའི་གཏོང་སྒོར་འཕྲོས་སྒྱུར་བྱས་པ་སྒོར་ཁྲི་1,349,947ཕུད་ན་འགྲིལ་གསོག་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་40,674ཡོད་པ་དང་ལོ་དེ་གའི་ལྷག་འཕྲོས་སྒོར་ཁྲི་12.987ཡོད། དེའི་ནང་ནས་རང་སྐྱོང་ལྗོངས་རིམ་པའི་ལོ་དེ་གའི་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་11,512ཡོད་པ་དང་། ས་གནས་དང་རྫོང་རིམ་པའི་ལོ་དེ་གའི་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་1,475ཡོད་པ་བཅས་གཏོང་ཡོང་མགོ་ཐུག་བྱུང་ཁར་ད་དུང་ལྷག་འཕྲོས་ཕྲན་བུ་ཡོད།
ལྗོངས་ཡོངས་ཀྱི་སྤྱིའི་འབྱོར་སྟོབས་ནང་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་366,473བྱུང་ཡོད་པ་དེ་ལོ་གོང་མའི་ཡོང་འབབ་དངོས་ལས་21.8%འཕར་ཡོད། ཀྲུང་དབྱང་ནས་ཁ་གསབ་རོགས་དངུལ་གནང་བ་སྒོར་ཁྲི་5,279,658ཡིན་པ་དེ་ལོ་གོང་མ་ལས་12.4%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི་5,509,484སོང་བ་དེ་ལོ་གོང་མའི་གཏོང་སྒོ་དངོས་ལས་17.2%འཕར་ཡོད། དེའི་ནང་ནས་རང་སྐྱོང་ལྗོངས་རིམ་པས་གཏོང་སྒོ་སྒོར་ཁྲི་3,444,024བཏང་ཡོད་པ་དེ་ལོ་གོང་མ་ལས་15.88%འཕར་ཡོད་པས་གཏོང་སྒོ་སྤྱིའི་62.51%བཟུང་ཡོད། ས་གནས་དང་རྫོང་རིམ་པས་གཏོང་སྒོ་སྒོར་ཁྲི་2,065,460བཏང་ཡོད་པ་དེ་ལོ་གོང་མ་ལས་19.45%འཕར་ཡོད་པས་གཏོང་སྒོ་སྤྱིའི་37.49%བཟུང་ཡོད།
སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་ཁྲི་141,359བྱུང་ཡོད་པ་དེའི་ནང་ནས་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་54,583བྱུང་ཡོད་པ་དང་། ཐེབས་རྩའི་སྔོན་རྩིས་གཏོང་སྒོ་ཚོད་རྩིས་སྒོར་ཁྲི་105,561སོང་ཡོད།
གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ཀྱི་དུས་ཚོད་ནི་2010ལོའི་ཟླ་12ཚེས་31ཕན་ཆད་ཡིན། ས་གནས་ཀྱི་ནོར་སྲིད་ངེས་རྩིས་ཕྱོགས་བསྡུས་བྱས་རྗེས་ད་དུང་འགྱུར་བ་ཕྲན་བུ་ཡོང་སྲིད།
2010ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་ནོར་སྲིད་ལས་དོན་ཐད་ཀྱི་གནས་ཚུལ་གཙོ་བོ།
(གཅིག )དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ།
གཅིག རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་གཏོང་ཆ་ཤུགས་ཆེ་རུ་བཏང་བ། གཞི་རྩའི་འཛུགས་སྐྲུན་ཐད་ནོར་སྲིད་མ་དངུལ་སྒོར་ཁྲི་1,468,734དོན་འཁྱོལ་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་166,838མང་བ་ཡོད་པས་12.8%འཕར་ཡོད་ཅིང་། དེའི་ནང་གཙོ་གནད་རྣམ་གྲངས་ཀྱི་སྔོན་གྲབས་མ་དངུལ་བཀོད་སྒྲིག་བྱས་པ་སྒོར་ཁྲི་55,540དང་། ས་གནས་ཀྱི་སྔོན་རྩིས་ནང་ནས་གཞི་རྩའི་འཛུགས་སྐྲུན་གྱི་གཏོང་སྒོ་དོན་འཁྱོལ་བྱས་པ་སྒོར་ཁྲི་159,682དེ་བཞིན་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་དོན་འཁྱོལ་བྱས་པ་སྒོར་ཁྲི་1,253,512བཅས་ཡིན། འགྲིམ་འགྲུལ་དང་། ནུས་རྒྱུ། འཕྲིན་གཏོང་ལ་སོགས་པའི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་ཁག་འཛུགས་སྐྲུན་བྱེད་ཚད་མྱུར་དུ་བཏང་བ་དང་། ལས་ཤག་དང་ཁང་གླ་ཁེ་བའི་སྡོད་ཁང་གཙོ་གནད་དུ་འཛིན་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་རྒྱག་རྒྱུ་ནུས་ཤུགས་གང་ཡོད་ཀྱིས་ལག་བསྟར་བྱས་པར་བརྟེན་རྨང་གཞིའི་སྒྲིག་བཀོད་ཀྱི་གཅུར་འགག་དེ་ཞི་ལྷོད་དུ་སོང་ཡོད། གཉིས། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་གང་ཐུབ་བྱས་པ། མ་དངུལ་སྒོར་ཁྲི་5,346དོན་འཁྱོལ་བྱས་ཏེ་ཁྱིམ་སྤྱོད་གློག་ཆས་དང་། འཛིན་ཆས། མོ་ཊ། སྦག་སྦག་བཅས་གྲོང་གསེབ་ལ་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱས་པ་དང་དེ་བཞིན་མོ་ཊ་དང་ཁྱིམ་སྤྱོད་གློག་ཆས་ཪྙིང་པ་གསར་བརྗེས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས་འཛད་སྤྱོད་ཀྱི་གདིང་ནུས་བསྔོག་འདོན་ཤུགས་ཆེ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་འཛད་སྤྱོད་གྲུབ་ཆའི་སྤུས་རིམ་འཕར་བར་ཕན་སྐུལ་བཏང་ཡོད། མ་དངུལ་སྒོར་ཁྲི་3,934དོན་འཁྱོལ་བྱས་ནས་“གྲོང་ཁྲི་ཤང་སྟོང་ཁྲོམ་ར ”དང་“བརྒྱ་གཉིས ”ཁྲོམ་རའི་ལས་གཞི་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་བ་དེས་གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་སོང་ཡོད། ཚད་ལྡན་ཅན་གྱི་ཚལ་ཁྲོམ་དཔེ་མཚོན་ལས་གཞི་དང “གྲོང་གསེབ་གསར་པའི་ཟོག་དྲའི་ལས་གཞིའི ”རྣམ་གྲངས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས་པར་བརྟེན་གྲོང་ཁྱེར་གྱི་ཟོག་འགྲེམས་མ་ལག་ཁག་སྔར་བས་འཐུས་སྒོ་ཚང་དུ་སོང་ཡོད། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དང་། མ་མཐའི་གླ་ཕོགས་ཀྱི་ཚད་གཞི། ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་འཚོ་དོད་བཅས་མཐོ་རུ་བཏང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་གནས་སྐབས་ཀྱི་ཟོག་གོང་འཕར་བའི་ཁ་གསབ་སྤྲད་པ། གཞུང་ཁོངས་ཁེ་ལས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་དང་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་རྣམས་ལ་དམངས་ཕན་ཉོ་ཆའི་གཱ་(འཛིན་ཤོག )སྤྲད་པ་བཅས་ཡོང་འབབ་དམའ་གྲས་ཀྱི་སྐབས་ཐོག་འཛད་སྤྱོད་བྱེད་ནུས་ཆེ་རུ་བཏང་ཡོད། ལས་ཞུགས་དང་། སྨན་བཅོས། རྒན་གསོ། སློབ་གསོ་སོགས་དམངས་ཀྱི་འཚོ་བའི་ཐད་གཏོང་ཆ་ཤུགས་ཆེ་རུ་གཏོང་གང་ཐུབ་བྱས་པ་དེས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་འཛད་སྤྱོད་སྔོན་དཔག་བཞིན་བརྟན་གནས་ཐུབ་པ་བྱུང་ཡོད། གསུམ། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་བཏང་བ། མ་དངུལ་སྒོར་ཁྲི་7,128དོན་འཁྱོལ་བྱས་ནས་སྐྱིད་རོང་འགག་སྒོའི་རྒྱལ་མཚམས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུ་དང་། དེ་བཞིན་གཞིས་རྩེ་དང་མངའ་རིས་ས་གནས་ཀྱི་མཐའ་མཚམས་ཉོ་འཚོང་ཁྲོམ་ར་འཛུགས་རྒྱུ་སོགས་ཀྱི་གཙོ་གནད་རྣམ་གྲངས་ཁག་ལག་བསྟར་བྱས་ཏེ་མཐའ་མཚམས་ཉོ་འཚོང་གི་ཁོར་ཡུག་ཡག་ཏུ་བཏང་བ་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་བཏང་ཡོད། བཞི། འཐབ་ཇུས་འདེགས་སྐྱོར་ཐོན་ལས་ལ་རོགས་སྐྱོར་ཤུགས་ཆེ་བྱས་པ། ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་མ་དངུལ་སྒོར་ཁྲི་50,000དང་། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་མ་དངུལ་སྒོར་ཁྲི་20,000 དཔལ་འབྱོར་འཁོར་སྐྱོད་བྱེད་དམིགས་མ་དངུལ་སྒོར་ཁྲི་50,000 ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དང་དེ་ཐད་ཀྱི་དྲིལ་བསྒྲགས་བྲིན་སྐུལ་བྱེད་རྒྱུར་མ་དངུལ་སྒོར་ཁྲི་7,000བཅས་བཀོད་སྒྲིག་བྱས་ནས་ཁྱད་ལྡན་དང་དགེ་སྟོབས་ཆེ་བའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དང་། བོད་ལྗོངས་ཡུལ་སྐོར་ཚོགས་པ་དང་། བོད་ལྗོངས་གཡུ་ཐོག་བོད་སྨན་ཐོན་ལས་འཕེལ་རྒྱས་ཚོགས་པ། བོད་ལྗོངས་ཚོང་དོན་ཚོགས་པ་བཅས་འཛུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། མཁོ་སྤྱོད་ལག་རྩལ་དང་དེ་རིགས་གསར་སྤེལ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་11,000དོན་འཁྱོལ་བྱས་ཏེ་གསེར་ཉི་དང་། གསེར་གཡག བོད་སྨན་ཐོན་ལས་ཚན་རྩལ་གསར་གཏོད་མཉམ་འབྲེལ། བོད་ལྗོངས་ས་མཐོའི་འབྱུང་འཕྲོད་བཟའ (བཏུང )བཅའི་ཐོན་ལས་ཀྱི་ལག་རྩལ་གསར་གཏོད་མཉམ་འབྲེལ་ལས་གཞི་སོགས་གཙོ་གནད་ཀྱི་ཚན་རྩལ་རྣམ་གྲངས་ཁག་135ལ་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་དང་ཐོན་རྫས་ཞིབ་འཇུག་གསར་འདོན་བྱེད་རྒྱུར་སྐུལ་འདེད་བཏང་བར་བརྟེན་ཁེ་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཆེ་རུ་སོང་ཡོད། ལྔ། རྒྱལ་ཁབ་ཀྱི་ས་ཁམས་ཐོན་ཁུངས་དོ་དམ་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ། མ་དངུལ་སྒོར་ཁྲི་5,900དོན་འཁྱོལ་བྱས་ཏེ་དགེ་སྟོབས་ཆེ་བའི་གཏེར་ཁའི་ཐོན་ཁུངས་གཙོ་གནད་དང་གཏེར་འདུས་ཆེ་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་ས་གཤིས་གནོད་འཚེ་འགོག་བཅོས་བྱས་ཡོད། མ་དངུལ་སྒོར་ཁྲི་4,000དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཐེངས་གཉིས་པའི་རྒྱལ་ཡོངས་ཀྱི་ས་ཆ་ཞིབ་བཤེར་ལས་དོན་ལེགས་གྲུབ་ཡོང་བ་དང་། གྲོང་གསེབ་ཀྱི་ཁང་སའི་བདག་དབང་གཏན་འཁེལ་ཐོ་འགོད་ཀྱི་སྔོན་གྲབས་ལས་ཀ་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
(གཉིས )སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རྒྱུ་ཁྱབ་སྤེལ་ཏན་ཏིག་བཏང་བ།
ལྗོངས་ཡོངས་སུ་ནོར་སྲིད་ཀྱི་ཞིང་སྐྱོར་གཏོང་སྒོ་བཏང་བ་སྒོར་ཁྲི་880,974ཟིན་པ་དེ་བསྡུར་གཞི་མེད་པའི་རྒྱུ་རྐྱེན་ཕུད་དུས་མཚུངས་དང་བསྡུར་ན་ལོ་གོང་མ་ལས་སྒོར་ཁྲི་153,874མང་བ་ཡོད་པས་21.16%འཕར་ཡོད། གཅིག ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་སྐྲུན་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ། མ་དངུལ་སྒོར་ཁྲི་77,207འགྲིལ་སྤྱོད་བྱས་ཏེ་20%མང་དུ་བཏང་བའི་དུད་ཚང་ཁྲི་4.3ལ་ཁང་པ་རྒྱག་རྒྱུའི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་པ་མ་ཟད། དེ་དག་ལ་ཡོམ་ཟོན་བརྟན་སྐྱོར་གྱི་ལས་གཞི་དུས་མཉམ་དུ་ལག་བསྟར་བྱས་པ་དང་བརྒྱབ་ཟིན་པའི་རྣམ་གྲངས་ཁང་པར་ཡོམ་ཟོན་བརྟན་སྐྱོར་བྱས་ཡོད། ད་ཆ་ལྗོངས་ཡོངས་ཀྱི་སྡོད་ཁང་ཆ་རྐྱེན་ཞན་ཙམ་ཡིན་པའི་དུད་ཚང་ཁྲི་27,48ཀྱི་ཞིང་འབྲོག་མང་ཚོགས་ཁྲི་140ཉེན་མེད་གོ་ཆོད་ཀྱི་ཁང་པར་སྡོད་རྒྱུ་བྱུང་ཡོད། གཉིས། “ཞིང་དུད་ལ་རིགས་བརྒྱད་བཟོ་འཁྲིད ”ལས་གཞི་ཁྱབ་སྤེལ་ཇེ་མགྱོགས་སུ་བཏང་བ། མ་དངུལ་སྒོར་ཁྲི་181,800བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་ཆུ་དང་། གློག ལམ། འཕྲིན་གཏོང་། རྫབ་རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་ལས། དེ་བཞིན་ཁོར་ཡུག་མཛེས་བཟོ་བཅས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བས་མི་གྲངས་ཁྲི་31ལ་འཐུང་ཆུ་གཙང་མ་སྤྱོད་རྒྱུ་བྱུང་བ་དང་། ཞིང་འབྲོག་མི་གྲངས་ཁྲི་23.3ལ་གློག་སྤྱོད་རྒྱུ་ཡོད་པ་བཟོས་པ། དུད་ཚང་ཁྲི་15ཡི་ཞིང་འབྲོག་མང་ཚོགས་ཁྲི་75ཙམ་ལ་ནུས་རྒྱུ་གཙང་མ་སྤྱོད་རྒྱུ་བྱུང་ཡོད། མ་དངུལ་སྒོར་ཁྲི་19,480བཀོད་སྒྲིག་བྱས་ནས་རྫབ་རླངས་རྒྱག་རྒྱུ་གཙོ་གནད་དུ་འཛིན་པའི་གྲོང་གསེབ་ཀྱི་འབུད་ཤིང་རྒྱུ་ཚབ་འདོན་སྤྱོད་ལས་གཞི་ཁྱབ་སྤེལ་ཏན་ཏིག་བཏང་བ་དང་། མ་དངུལ་སྒོར་ཁྲི་34,649བཀོད་སྒྲིག་བྱས་ནས་སྲིད་འཛིན་གྲོང་ཚོ་500ཡི་གྲོང་གསེབ་ལ་མི་འཚོ་སྡོད་ཀྱི་ཁོར་ཡུག་སྐྲུན་རྒྱུ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུའི་ཚོད་ལྟ་བྱས་ཡོད། 2010ལོར་གཞུང་ལམ་ཤར་གཏོང་ཐུབ་པའི་ཤང་གྲོང་155དང་གྲོང་ཚོ་1,608མང་དུ་སོང་བ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་ཁ་པར་དང་། རླུང་འཕྲིན་བཪྙན་འཕྲིན་ཤར་གཏོང་ཐུབ་པ། ཤང་ཚང་མར་འོད་ཆུན་(དྲ་ཆེན )འཁྲིད་ཐུབ་པའི་དམིགས་ཚད་མངོན་གྱུར་བྱུང་བ། ཤང་གྲོང་ཁག་ལ་སྦྲག་བསྐུར་ཤར་གཏོང་ཐུབ་ཚད་85%ཟིན་པ་བཅས་བྱུང་ཡོད། གསུམ། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་རྒྱག་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ། མ་དངུལ་སྒོར་ཁྲི་9,200བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་607བརྒྱབ་པ་དེས་ན་སྲིད་འཛིན་གྲོང་ཚོ་ཚང་མར་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་ཡོད་པ་བྱེད་རྒྱུའི་དམིགས་ཚད་ཡོངས་སུ་མངོན་གྱུར་བྱུང་ཡོད། བཞི། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ནས་འཕར་སྣོན་བརྟན་པོ་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་བ། མ་དངུལ་སྒོར་ཁྲི་61,415དོན་འཁྱོལ་བྱས་ནས་ཤང་ཧྲིལ་པོར་དབུལ་སྐྱོར་དང་གཅིག་སྡུད་ཡུག་སྦྲེལ་གྱི་གསར་སྤེལ་བྱེད་རྒྱུ་ཁྱབ་སྤེལ་གཏིང་ཟབ་བཏང་སྟེ་དབུལ་པོ་ཉུང་དུ་གཏོང་རྒྱུ་དང་དཀའ་གནད་ལས་སྒྲོལ་ཐབས་བྱེད་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་ཡོད། མ་དངུལ་སྒོར་ཁྲི་27,038དོན་འཁྱོལ་བྱས་ཏེ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་རྣམ་གྲངས་ཁག་22ལག་བསྟར་བྱས་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་ཡོད། མ་དངུལ་སྒོར་ཁྲི་15,000དོན་འཁྱོལ་བྱས་ཏེ་ཞིང་ལས་ཐོན་རྫས་གསར་སྤེལ་ཚོང་སྒྱུར་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་། དེང་རབས་ཞིང་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས་“ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང ”གང་ཐུབ་བྱས་ཡོད། ཆུ་སྐྱོན་དང་ཐན་སྐྱོན་འགོག་སེལ་བྱེད་རྒྱུར་མ་དངུལ་སྒོར་ཁྲི་3,212དོན་འཁྱོལ་བྱས་པ་དང་ཞིང་ཁའི་ཆུ་བེད་ཆུང་གྲས་སྐྲུན་རྒྱུར་མ་དངུལ་སྒོར་ཁྲི་20,772དོན་འཁྱོལ་བྱས་ཏེ་ཞིང་ཁའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་གསར་སྐྲུན་བྱས་པ་བཅས་ཞིང་འབྲོག་ལས་ཀྱི་ཐོན་འབབ་བརྟན་པོ་དང་ཡོང་འབབ་འཕར་སྣོན་ཡོང་བའི་རྨང་གཞི་བརྟན་དུ་གཏོང་གང་ཐུབ་བྱས་ཡོད། མ་དངུལ་སྒོར་ཁྲི་12,134དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་15ལ་སྤྱོད་གོ་ཆོད་པའི་ལག་རྩལ་སྦྱོང་བརྡར་སྤྲས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཁག་235འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱས་པར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་བྱེད་པའི་འཇོན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད། འབྲུ་རིགས་ཀྱི་ཐད་གསབ་དང་། ཞིང་ལས་འཕྲུལ་ཆས་ཉོ་རྒྱུའི་ཁ་གསབ། སོན་བཟང་གི་ཁ་གསབ། ཕྱུགས་བཤས་པའི་ཁ་གསབ་སོགས་ཐད་ཀའི་ཁ་གསབ་སྣ་ཚོགས་དོན་འཁྱོལ་བྱས་པར་སྒོར་ཁྲི་224,000ཟིན་པ་དང་ད་དུང་གཞན་གྱི་ཐོག་ནས་ཁ་གསབ་སྣ་ཚོགས་སྤྲད་པ་བཅས་ཁྱོན་ཞིང་འབྲོག་མང་ཚོགས་མི་རེར་ཆ་སྙོམས་ལོ་རེར་ཁ་གསབ་རགས་པ་སྒོར་1,800ཡན་ཟིན་ཡོད། ལྔ། གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱས་པ། གནོད་སེལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་14,386དོན་འཁྱོལ་བྱས་ཏེ་གནོད་འཚེ་ཕོག་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་གནོད་ཤུལ་བསྐྱར་སྐྲུན་བྱེད་རོགས་བྱས་ནས་ཁོང་ཚོའི་སྤྱིར་བཏང་གི་ཐོན་སྐྱེད་དང་འཚོ་བ་འགན་སྲུང་བྱས་ཡོད། ཞིང་འབྲེལ་ཚོང་ལས་འགན་བཅོལ་བྱེད་ཁྱོན་ལྗོངས་ཡོངས་ཀྱི་རྫོང་ཁག་ཚང་མར་ཁྱབ་པ་དང་། གནོད་འཚེ་ཐོན་སླ་བའི་རྫོང་དང་ཤང་ཁག་ལ་གེགས་སེལ་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་བཅས་ཞིང་འབྲོག་མང་ཚོགས་ཀྱི་རང་བྱུང་གནོད་འཚེ་འགོག་ཟོན་བྱེད་ནུས་ཆེ་རུ་མངོན་གསལ་དོད་པོ་སོང་ཡོད།
(གསུམ ) ཕྱོགས་ཡོངས་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་པ།
དེའི་ཐད་མ་དངུལ་སྒོར་ཁྲི་311,915དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་སྒོར་ཁྲི་64,737མང་བ་ཡོད་ཅིང་26.19%འཕར་ཡོད་པས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ལེགས་བྱུང་ཡོད། གཅིག དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་པ། རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་27,335དོན་འཁྱོལ་བྱས་ཏེ་སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་སློབ་ཆེན་ཐོན་པའི་སློབ་མ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་གྲས། དེ་བཞིན་དམག་སློག་བཅས་ལས་ཞུགས་ཐུབ་པ་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་འབྲེལ་ལས་ཞུགས་ཀྱི་གཟིགས་བཟོས་སྐུལ་ལྕག་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པར་བརྟེན་སློབ་ཆེན་ཐོན་པའི་སློབ་མ་ལས་ཀར་ཞུགས་ཚད་83%ཡན་ཟིན་པ་དང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་ཐོ་འཁོད་ལས་ཤོར་བ་4.0%ལས་མི་བརྒལ་བ་བྱས་ཡོད། གཉིས། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ། མ་དངུལ་སྒོར་ཁྲི་25,921དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དེ་གྲོང་ཁྱེར་གྱི་མི་རེར་ཟླ་རེར་སྒོར་330དང་གྲོང་གསེབ་ཀྱི་མི་རེར་ལོ་རེར་སྒོར་1,300བར་སྤར་ཡོད། མ་དངུལ་སྒོར་ཁྲི་14,483དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཚད་གཞི་མཐོ་རུ་ཤུགས་ཆེ་བཏང་བ་མ་ཟད། ནད་ཀྱིས་རྐྱེན་པས་འཚོ་བ་རང་སྐྱ་མི་འཕེར་བའི་འགན་ལེན་ལྔ་འཚོ་སྐྱོང་བྱེད་རྒྱུའི་ནད་གཡོག་གི་ཁ་གསབ་དེ་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ཀྱི་ཁོངས་སུ་བཅུག་ཡོད། མ་དངུལ་སྒོར་ཁྲི་6,655དོན་འཁྱོལ་བྱས་ནས་རང་ལྗོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་རིགས། ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔ་འཚོ་སྐྱོང་བྱེད་རྒྱུ་སོགས་ལ་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་སྤྲད་ཡོད། གསུམ། སྤྱི་ཚོགས་འགན་བཅོལ་ཁག་གི་འགན་སྲུང་ཚད་གཞི་སྔར་བས་མཐོ་རུ་བཏང་བ། མ་དངུལ་སྒོར་ཁྲི་1,881གཤམ་སྤྲོད་བྱས་ཏེ་ཁེ་ལས་ཀྱི་རྒན་གསོའི་རོགས་དངུལ་ཚད་གཞི་སླར་ཡང་མཐོ་རུ་བཏང་ཡོད་པས་ད་ཆ་ཟླ་རེར་མི་རེར་ཆ་སྙོམས་སྒོར་2,165ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད་གཞི་ལས་སྒོར་800ཙམ་གྱིས་མང་བ་ཡོད། མ་དངུལ་སྒོར་ཁྲི་7,374དོན་འཁྱོལ་བྱས་ནས་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་བྱེད་ལམ་གསར་པའི་ཚོད་ལྟ་ཁྱབ་སྤེལ་ཤུགས་ཆེ་བཏང་བས་འགན་བཅོལ་ཁྱོན་ཡོངས་ལ་ཁེབས་པ་དེ་རྒྱལ་ཡོངས་ལས་ལོ་གཉིས་ཀྱིས་མགྱོགས་པ་བྱུང་ཡོད། གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ལས་ཤོར་འགན་བཅོལ་འདི་གཉིས་རང་སྐྱོང་ལྗོངས་རིམ་པས་གཅིག་གྱུར་གྲབས་གསོག་བྱེད་ཐུབ་པ་བྱུང་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་གི་ཐོབ་ཐང་འགྲོ་གྲོན་སྒོར་ཁྲི་146,029དོན་འཁྱོལ་བྱས་པ་དེས་སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་ཁག “གཏོང་ཡོང་མགོ་ཐུག་བྱུང་ཁར་ལྷག་འཕྲོས་ཕྲན་བུ་ཡོད་པའི ”འགན་ལེན་བྱས་ཡོད། བཞི། ཞིང་འབྲོག་ཁུལ་གྱི་འབྲེལ་ཡོད་མི་སྣའི་ཁ་གསབ་རོགས་དངུལ་ཚད་གཞི་སླར་ཡང་མཐོ་རུ་བཏང་བ། འགན་ལེན་ལྔའི་འཚོ་སྐྱོང་ཚད་གཞི་དེ་སྔ་ལོ་རེར་མི་རེར་ཆ་སྙོམས་སྒོར་1,800ཡིན་པ་ནས་སྒོར་2,000བར་སྤར་ཡོད་པ་དང་། “རྒན་གྲས་གསུམ ”གྱི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཟླ་རེར་མི་རེའི་ཆ་སྙོམས་ཚད་གཞི་དེ་ཁག་སོ་སོར་སྒོར་400དང་། སྒོར་250 སྒོར་200བཅས་ལ་སྤར་ཡོད། ལྔ། མ་དངུལ་སྒོར་ཁྲི་94,775དོན་འཁྱོལ་བྱས་ནས་ལས་བྱེད་ལས་བཟོའི་ཕན་བདེའི་ཐོབ་ཐང་མཐོ་རུ་བཏང་བ། ལྗོངས་ཡོངས་ཀྱི་ལས་བྱེད་ལས་བཟོའི་དམིགས་བསལ་ཕོགས་སྣོན་ཟླ་རེར་མི་རེར་ཆ་སྙོམས་སྒོར་400སྤར་ཡོད་པ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་ལས་བཟོའི་གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་ཚད་གཞི་ལོ་རེར་མི་རེར་ཆ་སྙོམས་སྒོར་700ཡིན་པ་ནས་སྒོར་800བར་སྤར་ཡོད། དྲོད་དོད་སྤྲོད་ཚོད་རིང་གི་ཟླ་རེའི་དྲོད་དོད་ཀྱི་ཁ་གསབ་ཚད་གཞི་དེ་སྒོར་142ཡིན་པ་ནས་སྒོར་160བར་སྤར་ཡོད།
(བཞི )ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་བ།
དེ་ཐད་མ་དངུལ་སྒོར་ཁྲི་1,068,210དོན་འཁྱོལ་བྱས་པ་དེ་བསྡུར་གཞི་མེད་པའི་རྒྱུ་རྐྱེན་ཕུད་དུས་མཚུངས་དང་བསྡུར་ན (གཤམ་ལ་གཅིག་མཚུངས )ལོ་གོང་མ་ལས་སྒོར་ཁྲི་181,590མང་བ་ཡོད་ཅིང་། 20.48%འཕར་ཡོད་པས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་འགན་ལེན་བྱས་ཡོད། གཅིག སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ། སློབ་གསོའི་གཏོང་ཆ་སྒོར་ཁྲི་594,412ཟིན་པ་དེ་ལོ་གོང་མ་ལས་12.69%འཕར་ཡོད། ཆེད་སྤྱོད་མ་དངུལ་སྒོར་42,536དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་གྲོང་ཁྱེར་དང་གྲོང་བརྡལ་གྱི་འགན་བབས་སློབ་གསོའི་སློབ་གྲྭ་སྐྱོ་གྲས་འཛུགས་སྐྲུན་བྱེད་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་ཁང་དང་ཉལ་ཁང་ཉེན་མེད་བཟོ་རྒྱུའི་ལས་གཞི་ལག་བསྟར་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་བ་མ་ཟད་སློབ་གྲྭའི་སྒྲིག་བཀོད་ཡོ་བྱད་ཁག་གསར་བརྗེས་བྱས་ཡོད། མ་དངུལ་སྒོར་ཁྲི་3,901དོན་འཁྱོལ་བྱས་ནས་དགེ་རྒན་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ཡོད། མ་དངུལ་སྒོར་ཁྲི་5,524དོན་འཁྱོལ་བྱས་ནས་ལས་རིགས་སློབ་གསོའི་སྦྱོང་བརྡར་རྟེན་གཞི་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི 7,717དོན་འཁྱོལ་བྱས་ནས་སློབ་ཆེན་སློབ་གསོ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་8,394དོན་འཁྱོལ་བྱས་ནས་སློབ་ཆེན་གྱི་དགེ་འོས་དང་། ཞིང་ལས། འབྲོག་ལས། ནགས་ལས། ཆུ་བེད། ས་གཤིས་གཏེར་ལས་ལ་སོགས་པའི་འབྲེལ་ཡོད་ཆེད་ལས་ཀྱི་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོ་དོན་འཁྱོལ་བྱས་ཡོད། འབྲིང་རིམ་ཆེད་ལས་སློབ་གྲྭའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་སློབ་ཡོན་དང་ཞག་སྡོད་གླ་རིན་མི་དགོས་པ་བཟོས་ཡོད། མ་དངུལ་སྒོར་ཁྲི་70,700དོན་འཁྱོལ་བྱས་ནས་“འགན་ལེན་གསུམ ”རྨང་གཞིར་འཛིན་པའི་རིགས་འདྲ་མིན་གྱི་སློབ་ཞུགས་རོགས་དངུལ་དང་སྦྱངས་ཐོན་བྱ་དགའི་དངུལ་སྤྲོད་པ་དང་། དཀའ་ངལ་ཡོད་པའི་སློབ་མར་འཚོ་བའི་ཁ་སྣོན་སྤྲོད་པ། སློབ་ཡོན་ཚབ་འཇལ་བྱེད་པ་སོགས་སློབ་གསོའི་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། གཉིས། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་ཕན་སྐུལ་ཤུགས་ཆེ་བཏང་བ། རྒྱུན་མཁོའི་སྨན་རིགས་ཁེ་བཟང་མེད་པའི་བྲིན་འཚོང་བྱེད་རྒྱུའི་ཚོད་ལྟའི་ལས་ཀ་འགོ་བརྩམ་ཐུབ་པའི་འབད་བརྩོན་བྱས་ནས་རྒྱུན་མཁོའི་སྨན་རིགས་སྤྱོད་པའི་ལམ་ལུགས་ལག་བསྟར་བརྟན་པོ་བྱས་ཡོད། གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་སྒོར་220བར་སྤར་བ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་སྙོམས་སྤྲོད་ཀྱི་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་27བར་སྤར་ཡོད། མ་དངུལ་སྒོར་ཁྲི་5,266དོན་འཁྱོལ་བྱས་ནས་ཤང་གྲོང་འཕྲོད་བསྟེན་ཁང་602ལ་བསྐོར་སྐྱོད་སྨན་བཅོས་མོ་ཊ་སྤྲད་པ་དང་། མཐའ་མཚམས་(ཐག་རིང )རྫོང་28ཀྱི་སྨན་ཁང་ལ་མྱུར་སྐྱོབ་མོ་ཊ་སྤྲད་ཡོད། མ་དངུལ་སྒོར་ཁྲི་43,044དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཐད་ནོར་སྲིད་ནས་ཁ་གསབ་སྤྲོད་པའི་ཚད་གཞི་དེ་སྒོར་140ཡིན་པ་ནས་སྒོར་180བར་སྤར་ནས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལག་བསྟར་བརྟན་པོ་བྱེད་ཐུབ་པའི་འགན་ལེན་བྱས་ཡོད། མ་དངུལ་སྒོར་ཁྲི་2,948དོན་འཁྱོལ་བྱས་ནས་སྨན་དང་བཟའ་བཅའི་རིགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཏེན་རྒྱུ་མི་འདེང་བའི་ནད་དང་། གྲུམ་བུ་ཚེགས་ཆེན་གྱི་ནད། ཧྥོ་ཆུའི་ནད། དེ་བཞིན་སྐྱ་གྲིབ་ལ་སོགས་པའི་ཡུལ་ནད་འགོག་བཅོས་ཀྱི་ལས་དོན་སྤེལ་བས་ཞིང་འབྲོག་ཁུལ་ལ་ཏེན་ཚྭ་མི་མགོར་ཁེབས་ཚད་91.2%ཟིན་ཡོད། གསུམ། ཚན་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ། མ་དངུལ་སྒོར་ཁྲི་1,113དོན་འཁྱོལ་བྱས་ཏེ་ཚན་རྩལ་འབྲས་བུ་དངོས་སྒྱུར་དང་དེ་དག་ཁྱབ་གདལ་གཏོང་རྒྱུ་དང་། ཚན་རྩལ་ལ་བརྟེན་ནས་དམངས་ཕྱུག་རྫོང་དར་བྱེད་རྒྱུའི་ལས་གཞི། ཚན་རིག་ཁྱབ་གདལ་གྱི་ཞིང་ཕན་གྲོང་དར་འཆར་གཞི། ཚན་རིག་ཁྱབ་གདལ་གྱི་ཆེད་དོན་བྱེད་སྒོ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད། བཞི། རིག་གནས་དང་ལུས་རྩལ་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བཏང་བ། མ་དངུལ་སྒོར་ཁྲི་6,984དོན་འཁྱོལ་བྱས་ནས་རྫོང་རིམ་པའི་རིག་གནས་བྱེད་སྒོའི་ལྟེ་གནས་དང་། ཤང་གྲོང་ཕྱོགས་བསྡུས་རིག་གནས་ཁང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཅས་ལ་སྒྲིག་ཆས་ཉོས་ནས་རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་ལས་གཞི་བསྐྲུན་པ་དང་། དངོས་མིན་རིག་གནས་སྲུང་སྐྱོབ་བྱས་པ། འཁྲབ་སྟོན་འདྲ་མིན་རིགས་ལ་གསབ་དངུལ་སྤྲད་པ་བཅས་བྱས་ཡོད། མ་དངུལ་སྒོར་ཁྲི་7,927དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་སྐུད་ཡོད་བཪྙན་འཕྲིན་གྱི་གྲངས་འཛིན་མདུན་ངོས་ལས་ས་སྐྲུན་རྒྱུའི་ལས་གཞིར་རྒྱབ་སྐྱོར་བྱས་ཤིང་། གྲངས་ཉུང་མི་རིགས་སྐད་ཀྱི་གློག་བཪྙན་དང་བཪྙན་འཕྲིན་སྒྱུར་བཟོ་བྱེད་རྒྱུ་དང་། གྲོང་གསེབ་ལ་སྤྱི་ཕན་གློག་བཪྙན་སྟོན་རྒྱུ། དེ་བཞིན་རིགས་འདྲ་མིན་གྱི་ཆེད་དོན་འཁྲབ་སྟོན་དང་ལེ་ཚན་བཟོ་སྒྲིག་བྱེད་རྒྱུ་སོགས་ལ་གསབ་དངུལ་སྤྲད་ཡོད། མ་དངུལ་སྒོར་ཁྲི་9,345དོན་འཁྱོལ་བྱས་ནས་འབྲས་སྤུངས་དང་། སེ་ར། བསམ་ཡས་སོགས་རིག་དངོས་སྲུང་སྐྱོབ་ཀྱི་དགོན་སྡེ་གཙོ་གནད་འགའ་ཞིག་ཉམས་གསོ་བྱས་ཡོད། མ་དངུལ་སྒོར་ཁྲི་1,642དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་སྐབས་བཅུ་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་ལྔ་པའི་རྒྱལ་སྤྱིའི་མཱ་ལཱ་སུང་གི་ལམ་ཚད་ཕྱེད་ཀའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་ཆེ་རིགས་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་1,169དོན་འཁྱོལ་བྱས་ནས་མི་འབོར་དང་འཆར་ལྡན་བུ་བཙའི་དོ་དམ་དང་ཞབས་ཞུའི་ལས་ཀར་རྒྱབ་སྐྱོར་བྱས་ནས་སྐྱེ་གསོ་གཉིས་ལེགས་ཡོང་བར་ཕན་སྐུལ་བཏང་ཡོད།
(ལྔ )སྣོད་བཅུད་ལེགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ།
གཅིག སྣོད་བཅུད་ལེགས་སྐྱོང་བྱེད་རྒྱུ་ཁྱབ་སྤེལ་ཤུགས་ཆེ་བཏང་བ། མ་དངུལ་སྒོར་ཁྲི་30,572 དོན་འཁྱོལ་བྱས་ནས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའ་སྐུལ་ལྕག་བྱེད་ཐབས་མུ་མཐུད་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི་92,464 དོན་འཁྱོལ་བྱས་ནས་ནགས་ཚལ་གྱི་སྣོད་བཅུད་ནུས་པ་གསོ་རྒྱུ་དང་། གཙོ་གནད་ཁུལ་དུ་སྣོད་བཅུད་ལེགས་སྐྱོང་གི་སྤྱི་ཕན་ནགས་འདེབས་བྱེད་རྒྱུ། རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་རྒྱུ། ནགས་སྦོལ་རྩྭ་སྦོལ་གྱི་ཞིང་ཁ་ནགས་སྒྱུར་རྩྭ་སྒྱུར་བྱེད་རྒྱུ་སོགས་ཀྱི་ལས་ཀ་བྱས་ཡོད། གཉིས། ནུས་རྒྱུ་གཙང་མ་འདོན་སྤྱོད་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ། ཆེད་སྤྱོད་མ་དངུལ་སྒོར་ཁྲི་5,950 དོན་འཁྱོལ་བྱས་ནས་ལྷོ་ཁ་ས་གནས་ཀྱི་གྲོང་ཚོ་ཚང་མར་གློག་ཡོད་པའི་དཔེ་མཚོན་རྣམ་གྲངས་གཉེར་བ་དང་། ནོར་སྲིད་ནས་ཁ་གསབ་སྤྲད་དེ་ནུས་ཆེའི་ཤེལ་ཏོག་ཁྲི་100 ཉོ་སྤྲོད་ཁྱབ་གདལ་བཏང་ཡོད། གསུམ། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། མ་དངུལ་སྒོར་ཁྲི་3,135 དོན་འཁྱོལ་བྱས་ནས་བཙོག་སྐྱོན་གཙོ་གྲས་ཉུང་དུ་གཏོང་རྒྱུ་དང་རྒྱལ་ཁབ་ནས་བཀག་སྡོམ་བྱེད་པའི་བཙོག་སྐྱོན་ཆེ་རིགས་ལ་ཞིབ་དཔྱད་ལྟ་སྡོམ་བྱེད་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱས་པ་དང་། ལྗོངས་ཡོངས་ཀྱི་་གཏེར་ས་དཔྱད་འདེམས་བྱེད་ཕྱོགས་དང་གཏེར་ཁ་སྔོག་འདོན་བྱེད་མཁན་ཁེ་ལས་གཙོ་གྲས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་སྒྱུར་འགྲོ་གྲོན་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ལྗོངས་ཡོངས་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་ཞིབ་དཔྱད་བྱ་ཐབས་དང་ཆེད་ལས་ལག་རྩལ་གྱི་ནུས་པ་སྔར་བས་བཟང་དུ་སོང་ཡོད།
(དྲུག )ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བའི་འགན་སྲུང་བྱས་པ།
དེ་ཐད་མ་དངུལ་སྒོར་ཁྲི་411,297 དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་སྒོར་ཁྲི་43,462མང་བ་ཡོད་ཅིང་། 11.82%འཕར་ཡོད་པས་སྲིད་ཁྲིམས་ཐད་ཀྱི་གཏོང་ཆ་མང་དུ་བཏང་ནས་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད། གཅིག སྤྱི་ཚོགས་ཐོག་གི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། དམིགས་བསལ་གྱི་དོན་རྐྱེན་ཐག་གཅོད་བྱེད་རྒྱུར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དེས་ན་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་དམིགས་ཕན་སྲུང་སྐྱོང་ཐུབ་པ་བྱུང་ཡོད། གཉིས། སྲིད་ཁྲིམས་ཚན་པའི་འགྲོ་གྲོན་འགན་སྲུང་ཚད་གཞི་མཐོ་རུ་བཏང་བ། མ་དངུལ་སྒོར་ཁྲི་16,098 དོན་འཁྱོལ་བྱས་ནས་རྫོང་རིམ་པའི་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན་བཅས་ཀྱི་སྤྱི་སྤྱོད་དང་འགན་བབ་ལས་སྒོའི་ལོ་རེར་མི་རེའི་ཆ་སྙོམས་འགྲོ་གྲོན་འགན་ལེན་ཚད་གཞི་དེ་ཁག་སོ་སོར་སྒོར་ཁྲི་3.7དང་། སྒོར་ཁྲི་2.6 སྒོར་ཁྲི་2.6 སྒོར་ཁྲི་2.2བཅས་ལ་སྤར་ཡོད། སྲིད་ཁྲིམས་ཚན་པར་སྒྲིག་བཀོད་སྒྲིག་སྦྱོར་བྱེད་རྒྱུའི་ཚད་གཞི་གཏན་འཁེལ་བྱས་ཏེ་མ་དངུལ་སྒོར་ཁྲི 40,676 དོན་འཁྱོལ་བྱས་ནས་2010ལོར་རྫོང་རིམ་པའི་སྲིད་ཁྲིམས་ལས་ཁུངས་ཀྱི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་རྒྱུའི་འཆར་གཞི་ལག་བསྟར་བྱས་ཡོད། གསུམ། མཉམ་འགོག་མཉམ་བཅོས་བྱེད་རྒྱུའི་ལས་ཀ་ཁྱབ་སྤེལ་ཤུགས་ཆེ་བཏང་བ། མ་དངུལ་སྒོར་ཁྲི་1,817 དོན་འཁྱོལ་བྱས་ནས་མཐའ་མཚམས་ཀྱི་བདེ་འཇགས་མཉམ་སྲུང་རུ་མི་དང་། བདེ་འཇགས་ཉེན་རྟོག་གི་གཞོགས་འདེགས་པ་སོགས་ཉེན་རྟོག་གི་སྟོབས་ཤུགས་ལ་གཞོགས་འདེགས་བྱེད་པའི་མཉམ་འགོག་མཉམ་བཅོས་བྱེད་མཁན་མང་ཚོགས་ཀྱི་སྟོབས་ཤུགས་ཆེ་རུ་བཏང་ཞིང་། མཉམ་འགོག་མཉམ་བཅོས་འགྲོ་གྲོན་འགན་སྲུང་བྱེད་ཐབས་ཀྱང་རགས་ཙམ་བཟོས་ཟིན། བཞི། སྲིད་ཁྲིམས་ཀྱི་འཕྲལ་སྡོམ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ། མ་དངུལ་སྒོར་ཁྲི་55,178བཏང་ནས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཕྱོགས་བསྡུས་འཕྲལ་སྡོམ་གྱི་བཀོད་འདོམས་ལས་ས་རྒྱག་རྒྱུར་སྐུལ་འདེད་བཏང་བ་དང་“སྤྱི་བདེའི་ཆ་འཕྲིན་ལས་གཞི ”དང “རྒྱ་སྲང་གཞི་རྨང་ལས་གཞི ”སྐྲུན་རྒྱུ་མགྱོགས་སུ་བཏང་ཡོད། ལྔ། མཚོ་བོད་ལྕགས་ལམ་སྲུང་རྒྱུའི་ཐད་ཀྱི་དགོས་མཁོ་འགན་སྲུང་བྱས་པ། མ་དངུལ་སྒོར་ཁྲི་3,277 དོན་འཁྱོལ་བྱས་ནས་མཚོ་བོད་ལྕགས་ལམ་ཀྱི་ཆེད་ལས་ལམ་སྲུང་ལས་ཀ་རྒྱུན་གཏན་བཞིན་བྱེད་ཐུབ་པའི་འགན་སྲུང་བྱས་ཡོད།
(བདུན )གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་གཏོང་ཆ་མང་དུ་ཤུགས་ཆེ་བཏང་བ།
དེ་ཐད་མ་དངུལ་སྒོར་ཁྲི་493,990 དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་སྒོར་ཁྲི་74,577 མང་བ་ཡོད་ཅིང་། 17.8%འཕར་ཡོད་པས་གཞི་རིམ་ནོར་སྲིད་ཀྱི་དཀའ་ངལ་ཆུང་དུ་སོང་བ་དང་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་འགན་སྲུང་བྱེད་ཚད་ཆེ་རུ་སོང་བ་བཅས་གཞི་རིམ་གྱི་རྨང་གཞི་བརྟན་དུ་ཕྱིན་ཡོད། གཅིག རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་བྱེད་ཐབས་བཟོས་པ། རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་བྱ་ཁོངས་དང་ཚད་གཞི་ཁ་གསལ་བཟོས་པ་དང་སྦྲགས་རྫོང་དང་ཤང་སྲིད་གཞུང་གིས་སྤྱི་དོན་དོ་དམ་བྱེད་རྒྱུ་དང་། སྤྱི་པའི་ཞབས་ཞུ་སྒྲུབ་རྒྱུ། དམངས་འཚོའི་སྲིད་ཇུས་ཁག་དོན་འཁྱོལ་བྱེད་རྒྱུ་བཅས་ཐད་ཀྱི་གཞི་རྩའི་འབྱོར་སྟོབས་ཀྱི་དགོས་མཁོ་ཁག་འགན་སྲུང་བྱས་ཡོད། གཉིས། འབྱོར་སྟོབས་སྔར་བས་གཞི་རིམ་དང་མཐའ་མཚམས་ལ་འཁྱོག་ཐབས་བྱས་པ། གཞི་རིམ་ལ་ཆ་སྙོམས་རང་བཞིན་གྱི་མ་དངུལ་སྒོར་ཁྲི་432,326སྒྱུར་སྤྲོད་བྱས་པ་དང་གཞི་རིམ་སྲིད་དབང་ལེགས་སྐྱོང་བྱེད་རྒྱུར་སྒོར་ཁྲི་20,840སྒྱུར་སྤྲོད་བྱས་པར་བརྟེན་གཞི་རིམ་གྱི་ནོར་སྲིད་འགན་སྲུང་བྱེད་ནུས་རྒྱུན་མཐུད་ལེགས་བཅོས་བྱུང་ཡོད། ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་20རེ་གཤམ་སྤྲོད་བྱས་ཏེ་ཤང་གྲོང་ལས་ཁུངས་ལ་ཁ་ལག་བཟའ་ས་དང་། ཚལ་ཉོ་ས། གཟུགས་པོ་འཁྲུ་ས་བཅས་མེད་པའི་གནད་དོན་ཐག་གཅོད་བྱས་ཡོད། མཐའ་མཚམས་ཁུལ་ལ་སྒྱུར་སྤྲོད་བྱེད་རྒྱུའི་མ་དངུལ་སྒོར་ཁྲི་23,000དོན་འཁྱོལ་བྱས་པ་དེས་མཐའ་མཚམས་(ཐག་རིང )ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཕན་སྐུལ་ཆེན་པོ་ཐེབས་ཡོད། གསུམ། རྫོང་རིམ་པའི་མཁོ་སྒྲུབ་ཞབས་ཞུའི་བསྒྱུར་བཅོས་ཁྱབ་སྤེལ་ཤུགས་ཆེ་བཏང་བ། རོགས་དངུལ་སྒོར་ཁྲི་3,025བྱ་དགར་སྒྱུར་སྤྲོད་བྱས་ནས་བསྒྱུར་བཅོས་ཀྱི་དམིགས་ཡུལ་སྒྲུབ་པའི་འགན་ལེན་བྱས་ཡོད། བཞི། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་སྲིད་ཇུས་སྔར་བས་ཚགས་ཚུད་དུ་བཏང་བ། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཐད་མ་དངུལ་སྒོར་ཁྲི་21,999སྒྱུར་སྤྲོད་བྱས་ཤིང་། དེའང་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་འཕར་མང་ཉུང་ལ་བལྟས་ནས་ལས་བྱེད་པའི་ལས་རྗེས་ལ་ཞིབ་དཔྱད་བྱ་དགའ་སྤྲོད་རྒྱུ་དེ་དངོས་ཡོད་གནས་ཚུལ་བཞིན་འཕར་ཆག་ཡོད་པ་བཟོས་ཡོད། ལྔ། མ་དངུལ་སྒོར་ཁྲི་4,099དོན་འཁྱོལ་བྱས་ནས་ཤང་གྲོང་གི་སྨན་པ་དང་ཕྱུགས་རིགས་སྨན་པར་གཞི་རྩའི་གླ་ཆ་དང་བྱ་དགའ་སྤྲོད་ལམ་བཟོས་ཡོད།
འཐུས་མི་རྣམ་པ། 2010ལོའི་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་དེ་རིམ་ཁག་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག་“ལོ་ལྔ་ཚན་བཅུ་གཅིག་པའི་”འཆར་འགོད་དུ་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་གཞིར་བཟུང་ནོར་སྲིད་ཀྱི་འབྱོང་སྟོབས་ཆེ་རུ་གཏོང་གང་ཐུབ་དང་། གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན། གཏོང་ཡོང་གྲུབ་ཆ་ལེགས་སྒྱུར། གཅིག་གྱུར་གྲབས་གསོག་བྱེད་ནུས་ཆེར་གཏོང་བཅས་བྱས་ཐོག་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་བབ་བསྟུན་གྱིས་སྟོབས་ཤུགས་གཅིག་སྒྲིལ་ངང་དོན་ཆེན་སྒྲུབ་པ་དང་དོན་དམ་ངོ་མ་བསྒྲུབས་ནས་དམངས་འཚོ་འགན་སྲུང་དང་། བརྟན་ལྷིང་འགན་ལེན། གོང་འཕེལ་ལ་སྐུལ་འདེད་བཅས་བྱས་པར་བརྟེན་ལས་དོན་ཁག་གོང་འཕེལ་ཡར་རྒྱས་ཆེན་པོ་ཕྱིན་ནས་“ལོ་ལྔ་ཚན་བཅུ་གཅིག་པར་”གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད། འོན་ཀྱང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་གནང་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་འགྲོ་བར་འབྱོར་སྟོབས་ཐོག་ནས་དགོས་མཁོ་བསྐོང་ཐུབ་པ་བྱེད་རྒྱུ་དེ་དང་ནོར་སྲིད་ཀྱི་འགན་སྲུང་བྱེད་ནུས་གཉིས་དབར་གྱི་འགལ་ཟླ་དེ་ཡུན་རིང་གནས་སྲིད་པ་དང་། གཞན་ཡང་ས་གནས་དང་སྡེ་ཚན་རེ་འགའི་ནོར་སྲིད་མ་དངུལ་སྤྱོད་འབྲས་མཐོ་པོ་མེད་པའི་ཁར་ནོར་དཔལ་གྱི་སྒྲིག་ལམ་ལས་འགལ་བ་དང་རྒྱས་སྤྲོད་ཆུད་ཟོས་བྱེད་པ་སོགས་ཀྱི་གནད་དོན་སྔར་བཞིན་ཡོད་པ། རིམ་པ་ཁག་དང་སྡེ་ཚན་ཁག་གི་འབྱོར་སྐྱོང་གི་བསམ་བློ་སྔར་བས་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་གནད་དོན་ཡོད་པ་དེ་ཚོའང་ང་ཚོས་ཤེས་གསལ་ཡིན་པས་དེ་དག་གིས་དུས་རབས་གསར་པའི་ནོར་སྲིད་ལས་དོན་ལ་ཚོད་བགམ་ནན་པོ་འཕྲད་རྒྱུ་ཡིན་པར་བརྟེན་ང་ཚོས་ངེས་པར་དུ་བསམ་བློར་བཅིངས་འགྲོལ་དང་། ལྟ་བ་གསར་བརྗེས། བསྒྱུར་བཅོས་གཏིང་ཟབ། དོ་དམ་ལ་ཤུགས་སྣོན་བཅས་སྔར་བས་ལེགས་པ་བྱས་ཏེ་ནོར་སྲིད་ལས་དོན་དེ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པའི་འགན་ལེན་བྱེད་དགོས།
གཉིས། 2011ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན།
2011ལོ་ནི་ལོ་“ལྔ་ཚན་བཅུ་གཉིས་པའི ”་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཞིག་ཡིན། 2011ལོའི་ས་གནས་སོ་སོའི་སྔོན་རྩིས་བཟོ་འགོད་བྱེད་ཕྱོགས་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ནོར་སྲིད་པུའུ་ཡི་བརྡ་ཐོའི་དགོངས་དོན་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། 2011ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་འཆར་ཟིན་འདི་བཟོས་པ་ཡིན།
(གཅིག )སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ།
རང་སྐྱོང་ལྗོངས་ཀྱི་སྤྱི་ཡོངས་བཀོད་སྒྲིག་གཞིར་བཟུང་དུས་བབ་གསར་པའི་ནོར་སྲིད་ལས་དོན་གྱི་ལས་འགན་གསར་པ་དང་ཟུང་འབྲེལ་བྱས་ན་2011ལོའི་ནོར་སྲིད་སྔོན་རྩིས་བཟོ་འགོད་བྱེད་ཕྱོགས་ཀྱི་མཛུབ་ཁྲིད་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གཏོང་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལ་དམ་པོར་དམིགས་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལེགས་སྒྱུར་བྱེད་ཚད་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་འཕར་སྣོན་འགྲོ་བའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཡག་ཏུ་གཏོང་དགོས་དེ་ཡིན། ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་ཟམ་མི་ཆད་པར་བྱས་ཐོག་“ཞིང་གསུམ ”དང་། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ལས་ཞུགས་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་སོགས་ལས་དོན་གཙོ་གནད་རིགས་ལ་གཏོང་ཆ་མང་དུ་གཏོང་གང་ཐུབ་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་སྔར་བས་ཆེ་རུ་གཏོང་དགོས། ནོར་ཁྲལ་ལམ་ལུགས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཐོག་ནོར་སྲིད་ལས་ཀ་དེ་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱིས་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་དོ་དམ་བྱེད་པའི་་ཕན་འབྲས་ཆེ་རུ་གཏོང་དགོས། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་མུ་མཐུད་ཚོད་འཛིན་ནན་པོ་བྱེད་པ་དང་འབྲེལ་འབབ་འཕར་གཏོང་མཁས་བྱེད་རྒྱུ་དམ་འཛིན་བྱས་ནས་གཅིག་གྱུར་འཆར་འགོད་དང་ལྟ་རྟོགས་གང་ཐུབ་ཀྱིས་གཏོང་སྒོ་ཁག་འགན་སྲུང་ཡོད་ལ་ཚོད་འཛིན་ཡང་ཡོད་པ་བྱས་ཏེ་ནོར་སྲིད་མ་དངུལ་སྤྱོད་འབྲས་སྔར་བས་མཐོ་རུ་གཏོང་དགོས།
(གཉིས )2011ལོའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག
2011ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་སྔོན་རྩིས་བཀོད་སྒྲིག་བྱས་པའི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་5,319,760ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་རྩིས་ན་ལོ་གོང་མའི་ལོ་འགོའི་སྔོན་རྩིས་(གཤམ་དུ་གཅིག་མཚུངས )ལས་སྒོར་ཁྲི་964,053མང་བ་ཡོད་པས་32.1%འཕར་ཡོད་ཅིང་། དེའི་ཁོངས་སུ་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི་421,444དང་། ཀྲུང་དབྱང་གི་ཁ་གསབ་ཡོང་འབབ་སྒོར་ཁྲི་3,548,369(ཁྲལ་འབབ་ཕྱིར་སློག་བྱེད་རྒྱུ་སྒོར་ཁྲི་94,795དང་། ལམ་སྲོལ་ཐད་ཁ་གསབ་བྱེད་རྒྱུ་སྒོར་ཁྲི་558,023 ཆ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་1,183,300 མི་རིགས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་148,634 གླ་ཕོགས་བཟོ་སྐྱོར་ཐད་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་188,307 གྲོང་གསེབ་ཀྱི་ཁྲལ་རིན་བསྒྱུར་བཅོས་ཐད་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་15,528 རྫོང་རིམ་པའི་གཞི་རྩའི་སྦྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའི་གསབ་དངུལ་སྒོར་ཁྲི་36,491 དེ་མིན་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་809,540 ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་513,751)ལོ་གོང་མའི་འབྱོར་སྟོབས་འཕྲོས་སྒྱུར་བྱས་པ་སྒོར་ཁྲི་1,349,947བཅས་ཡིན། 2011ལོར་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་421,444(དེའི་ཁོངས་སུ་རིན་ཐང་འཕར་ཁྲལ་དང་། ཁེ་ལས་ཀྱི་འབབ་ཁྲལ། སྒེར་གྱི་འབབ་ཁྲལ་བཅས་ཀྲུང་དབྱང་གིས་གནང་བའི་ཆ་ཤས་ཚུད་མེད )བཀོད་སྒྲིག་བྱས་ཡོད་པ་དེ་2010ལོའི་ཡོང་འབབ་དངོས་ལས་15%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཡོང་འབབ་བཀོད་སྒྲིག་བྱེད་ཕྱོགས་ཐད་ལོ་གོང་མའི་ས་གནས་ནོར་སྲིད་ཀྱི་ཡོང་འབབ་དངོས་བྱུང་ཚུལ་ལ་བསམ་གཞིགས་བྱས་ཡོད་པས་ཡོང་འབབ་བཀོད་སྒྲིག་བྱེད་ཕྱོགས་སྔར་བས་དགེ་མཚན་ཆེ་བ་ཡོད། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་5,319,760བཀོད་སྒྲིག་བྱས་ཡོད་པ་དེ་དག་གཅིག་གྱུར་འཆར་འགོད་དང་ལྟ་རྟོགས་གང་ཐུབ་བྱས་པ་དང་སྦྲགས་གཙོ་གནད་གཙོ་བཟུང་བྱས་ཡོད།
2011ལོའི་སྤྱིར་བཏང་སྔོན་རྩིས་ཀྱི་ནོར་སྲིད་གཏོང་སྒོའི་ནང་ལོ་གོང་མའི་འབྱོར་སྟོབས་འཕྲོས་སྒྱུར་བྱས་པ་ཕུད་རང་སྐྱོང་ལྗོངས་རིམ་པར་གཏོང་སྒོ་སྒོར་ཁྲི་1,920,604བཀོད་སྒྲིག་བྱས་ཡོད་པ་དེ་ལོ་དེ་གའི་འབྱོར་སྟོབས་ཀྱི་48.4%བཟུང་ཡོད་ཅིང་། ལོ་གོང་མ་ལས་སྒོར་ཁྲི་344,676མང་བ་ཡོད་པས་21.9%འཕར་ཡོད་རུང་གཏོང་སྒོའི་བསྡུར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་14.6ཆག་ཡོད། ས་གནས (གྲོང་ཁྱེར )རིམ་པར་གཏོང་སྒོ་སྒོར་ཁྲི་2,049,209བཀོད་སྒྲིག་བྱས་ཡོད་པ་དེ་ལོ་དེ་གའི་འབྱོར་སྟོབས་ཀྱི་51.6%བཟུང་ཡོད་ཅིང་། ལོ་གོང་མ་ལས་སྒོར་ཁྲི 619,377མང་བ་ཡོད་པས་43.3%འཕར་བ་དང་གཏོང་སྒོའི་བསྡུར་ཚད་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་14.6འཕར་ཡོད།
2011ལོའི་རང་སྐྱོང་ལྗོངས་ཀྱི་ཐེབས་རྩའི་སྔོན་རྩིས་ཀྱི་འབྱོར་སྟོབས་སྒོར་ཁྲི་119,443བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་25,200མང་ཡོད་པས་177.7%འཕར་ཡོད་པ་དེའང་གཙོ་བོ་ལྷ་ས་གྲོང་ཁྱེར་གྱི་གཞུང་ཁོངས་ས་ཆ་འཚོང་བཤུག་གཏོང་རྒྱུའི་ཡོང་འབབ་ལོ་གོང་མ་ལས་སྒོར་ཁྲི་16,000མང་བ་ཡོད་པའི་ཐོག་ས་གནས་ཀྱི་གློག་གཏོང་ལས་སྒོའི་ཐེབས་རྩ་སྒོར་ཁྲི་2,000ཡོད་པ་དེ་དག་ཀྱང་ཐེབས་རྩའི་སྔོན་རྩིས་དོ་དམ་བྱེད་ཁོངས་སུ་བཅུག་པ་དེས་ཡིན། རང་སྐྱོང་ལྗོངས་རིམ་པའི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་ཡང་དེ་མཚུངས་བཞིན་སྒོར་ཁྲི་119,443བཀོད་སྒྲིག་བྱས་ཡོད།
(གསུམ )2011ལོའི་ནོར་སྲིད་སྔོན་རྩིས་ཀྱིས་འགན་སྲུང་བྱེད་རྒྱུའི་གཙོ་གནད།
1. “ཞིང་གསུམ ”ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རྒྱུ་ཏན་ཏིག་ངང་སྐུལ་སྤེལ་གཏོང་རྒྱུ། ཞིང་སྐྱོར་ཐད་གཏོང་ཆ་སྒོར་ཁྲི་469,049བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ (ལོ་འགོའི་སྔོན་རྩིས་བཀོད་སྒྲིག གཤམ་དུ་གཅིག་མཚུངས )ལས་སྒོར་ཁྲི་122,725མང་བ་ཡོད་པས་35%འཕར་ཡོད། དེ་ཡང་གཅིག་ནི་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞིའི་སྐྲུན་རྒྱུ་མུ་མཐུད་ལག་བསྟར་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་101,385སྒྲིལ་སྤྱོད་བྱས་ནས་དུད་ཚང་63,928ཀྱི་བདེ་འཁོད་ལས་གཞི་སྐྲུན་རྒྱུའི་ལས་འགན་ལེགས་གྲུབ་བྱེད་རྒྱུ་མ་ཟད། དེ་དག་ལ་དུས་མཉམ་དུ་ཡོམ་ཟོན་བརྟན་སྐྱོར་བཟོ་རྒྱུ། བརྒྱབ་ཟིན་པའི་རྣམ་གྲངས་ཁང་པར་ཡོམ་ཟོན་བརྟན་སྐྱོར་བཟོ་རྒྱུ་བརྟན་པོའི་ངང་ཁྱབ་སྤེལ་བཏང་སྟེ་བདེ་འཁོད་ལས་གཞིའི་ཕན་འབྲས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན། གཉིས་ནི་“ཞིང་དུད་ལ་རིགས་བརྒྱད་བཟོ་འཁྲིད ”བྱེད་རྒྱུའི་ལས་གཞི་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ཡིན། གྲོང་གསེབ་ཀྱི་ཆུ་དང་། གློག འཕྲིན་གཏོང་། ལམ། རྫབ་རླངས། རླུང་འཕྲིན་བཪྙན་འཕྲིན། སྦྲག་ལས། དེ་བཞིན་ཁོར་ཡུག་མཛེས་བཟོ་བཅས་ཀྱི་ཐད་གཏོང་ཆ་མུ་མཐུད་མང་དུ་གཏོང་རྒྱུ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་69,576སྒྲིལ་སྤྱོད་བྱས་ཏེ་སྲིད་འཛིན་གྲོང་ཚོ་1,000ཡི་གྲོང་གསེབ་ལ་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུའི་ལས་དོན་སྤེལ་རྒྱུ་དང་། གྲོང་གསེབ་ཀྱི་ཞིང་དུད་ལ་རྫབ་རླངས་སྤྱོད་རྒྱུའི་ཐད་ལེ་ལག་མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཞིང་དུད་ཀྱི་རྫབ་རླངས་སྐྲུན་རྒྱུའི་ཚད་གཞི་དེ་ཁྱིམ་དུད་རེར་སྒོར་3,800ཡིན་པ་ནས་ཁྱིམ་དུད་རེར་སྒོར་4,200བར་སྤོར་རྒྱུ་ཡིན། གསུམ་ནི་ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་གྱི་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་གང་ཐུབ་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་37,939བཀོད་སྒྲིག་བྱས་ཏེ་རྫས་ལུད་ཀྱི་རིན་གོང་ཧེ་བག་གི་ཁ་གསབ་དང་། སོན་བཟང་དང་རྒྱུད་བཟང་གི་ཁ་གསབ། ཞིང་འཕྲུལ་ཡོ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ། ཞིང་ལས་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཁ་གསབ་སོགས་རིགས་འདྲ་མིན་གྱི་ནོར་སྲིད་ཁ་གསབ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འབྲུ་རིགས་འདེབས་པ་དང་ཕྱུགས་རིགས་གསོ་བའི་ཧུར་སེམས་ཆེ་རུ་གཏོང་རྒྱུ་ཡིན། བཞི་ནི་དབུལ་སྐྱོར་གསར་སྤེལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དེ་ཡིན། དབུལ་སྐྱོར་དང་མཐའ་དར་དམངས་ཕྱུག་བྱེད་རྒྱུའི་ཐད་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི་43,238དང་། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་23,128བཀོད་སྒྲིག་བྱས་ནས་ཤང་ཧྲིལ་པོར་དབུལ་སྐྱོར་དང་གཅིག་སྡུད་ཡུག་སྦྲེལ་གྱི་གསར་སྤེལ་བྱེད་རྒྱུ་ཁྱབ་སྤེལ་གཏིང་ཟབ་བཏང་ནས་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་། ཞིང་འབྲོག་ལས་ཐོན་འཕེལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་ཁའི་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེ་བྱས་ཏེ་འབབ་ཆེའི་ཞིང་ཁའི་རྒྱ་ཁྱོན་ཟམ་མི་ཆད་པ་ཆེ་རུ་བཏང་ནས་ཞིང་ལས་ཐོན་སྐྱེད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། ལྔ་ནི་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་ཡིན། དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་13,000བཀོད་སྒྲིག་བྱས་ཏེ་སྲོལ་རྒྱུན་གྱི་ཞིང་ལས་རིམ་སྤོར་བསྒྱུར་བཀོད་བྱེད་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྤྱི་འབོར་སྒོར་ཁྲི་70,000ཟིན་པ་བྱས་ཏེ་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན། དྲུག་ནི་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཞབས་ཞུ་འགན་སྲུང་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་17,864བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་སྐྱོང་དང་ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་ལ་རྒྱབ་སྐྱོར་བྱེད་རྒྱུ། ཤང་གྲོང་ཁེ་ལས་དང་སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་བྱེད་རྒྱུ། གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚུགས་དང་གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བྱེད་རྒྱུ་བཅས་ཀྱི་ཐད་ཁ་གསབ་སྤྲོད་རྒྱུ། མ་དངུལ་སྒོར་ཁྲི་6,651བཀོད་སྒྲིག་བྱས་ཏེ་གྲོང་ཚོ་རིམ་པའི་སྤྱི་ཕན་བྱ་གཞག་གི་“དོན་གཅིག་གྲོས་གཅིག ”གི་བྱ་དགའི་ཁ་གསབ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་འགྲོ་ལམ་གྱི་ཁ་གསབ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་རྒྱུད་གཞིའི་ལག་རྩལ་ཞིབ་འཇུག གྲོང་ཚོའི་སྤྱི་སྤྱོད་འགྲོ་གྲོན་དང་གྲོང་ཚོ་རིམ་པའི་ལས་སྒོའི་འགྲོ་གྲོན་གྱི་ཚད་གཞི་ལེགས་སྒྲིག་བཅས་བྱེད་རྒྱུའི་ཐད་སྤྱོད་རྒྱུ་ཡིན། བདུན་ནི་ཞིང་འབྲོག་ལས་ཀྱི་གེགས་འགོག་གེགས་སེལ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། ཞིང་འབྲེལ་ཚོང་ལས་འགན་བཅོལ་ཐད་ཀྱི་འགྲོ་གྲོན་ཁ་གསབ་སྒོར་ཁྲི་24,285དང་། ཞིང་ལས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་བྱེད་རྒྱུའི་ཐད་འགྲོ་གྲོན་སྒོར་ཁྲི་6,500 ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་ཐད་མ་དངུལ་སྒོར་ཁྲི་1,500གནམ་གཤིས་ཀྱི་ཞབས་ཞུའི་ཐད་འགྲོ་གྲོན་སྒོར་ཁྲི་3,376བཅས་བཀོད་སྒྲིག་བྱས་ནས་ཞིང་འབྲོག་ལས་ཀྱི་རང་བྱུང་གི་ཉེན་ཁ་འགོག་ནུས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན། བརྒྱད་ནི་ནགས་ལས་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་102,914བཀོད་སྒྲིག་བྱས་ཏེ་ནགས་ཚལ་གྱི་སྣོད་བཅུད་ནུས་པ་གསོ་རྒྱུར་ཁ་གསབ་སྤྲོད་རྒྱུ་དང་། ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་རྒྱུར་ཁ་གསབ་སྤྲོད་རྒྱུ། དེ་བཞིན་ནགས་ཚལ་གྱི་མེ་ཟོན་དང་། བྱེ་སྐྱོན་འགོག་བཅོས། ནགས་ཚལ་ལ་གནོད་པའི་སྐྱེ་དངོས་དང་སྲོག་ཆགས་རིགས་འགོག་བཅོས། ནགས་ལས་ཡོངས་བཤེར་དང་འཆར་འགོད། བདག་མེད་སྲོག་ཆགས་ཀྱིས་མི་ལ་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན་བཟོ་རིགས་བཅས་ལ་ཁ་གསབ་སྤྲོད་རྒྱུ་ཡིན། དགུ་ནི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གྲོང་གསེབ་ཏུ་གཏོང་རྒྱུ་ལག་བསྟར་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་2,659བཀོད་སྒྲིག་བྱས་ནས་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་གཏོང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གྲོང་གསེབ་ཏུ་གཏོང་བའི་ཁ་གསབ་བྱེད་ཁོངས་རྒྱ་ཆེར་བཏང་ནས་གྲོང་གསེབ་ཀྱི་འཛད་སྤྱོད་ལ་ཕན་སྐུལ་གཏོང་རྒྱུ་ཡིན།
2.སྤྱི་ཚོགས་འགན་སྲུང་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་རྒྱུ། དམངས་འཚོའི་ཐད་ཀྱི་གཏོང་ཆ་སྒོར་ཁྲི་351,456བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་74,290མང་བ་ཡོད་པས་27%འཕར་ཡོད། དེ་ཡང་གཅིག་ནི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ་དེ་ཡིན། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩར་ཁ་གསབ་སྒོར་ཁྲི་41,000དང་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་བྱེད་ལམ་གསར་པའི་ཐེབས་རྩར་ཁ་གསབ་སྒོར་ཁྲི་23,900བཀོད་སྒྲིག་བྱས་ཏེ་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་རྒན་གསོའི་རོགས་དངུལ་ཚད་གཞི་སྔར་བས་མཐོ་རུ་བཏང་སྟེ་ཁོང་ཚོའི་རྒན་གསོའི་རོགས་དངུལ་རྣམས་དུས་ཐོག་ཏུ་གྲངས་ཚང་སྤྲོད་ཐུབ་པའི་འགན་ལེན་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་བྱེད་ལམ་གསར་པའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་མ་དངུལ་སྒོར་ཁྲི་39,000དང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མིའི་གཞིའི་རྩའི་སྨན་བཅོས་འགན་བཅོལ་ཐད་མ་དངུལ་སྒོར་ཁྲི་7,680བཀོད་སྒྲིག་བྱེད་རྒྱུ། མ་དངུལ་སྒོར་ཁྲི་14,320གསར་སྣོན་བཀོད་སྒྲིག་བྱས་ཏེ་རང་ལྗོངས་སུ་གྲོང་ཁྱེར་དང་གྲོང་བརྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཚོད་ལྟ་བྱེད་རྒྱུ་ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་སྨན་གྲོན་ཆེ་རིགས་ལ་ཚོང་ལས་འགན་བཅོལ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ལ་ཚོང་ལས་འགན་བཅོལ་བྱེད་རྒྱུ་ཁྱབ་སྤེལ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁེབས་པའི་སྤྱི་ཚོགས་འགན་བཅོལ་མ་ལག་རིམ་པས་འཛུགས་ཐུབ་པ་བྱེད་རྒྱུ་ཡིན། གཉིས་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་ལ་རོགས་སྐྱོབ་བྱེད་རྒྱུའི་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་མཐའི་འཚོ་བ་འགན་སྲུང་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་28,810བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་བརྡལ་གྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ཟླ་རེར་སྒོར་330ཡིན་པ་ནས་ཟླ་རེར་སྒོར་360བར་སྤོར་རྒྱུ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ལོ་རེར་སྒོར་1,300ཡིན་པ་ནས་ལོ་རེར་སྒོར་1,450བར་སྤོར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རོགས་སྐྱོབ་བྱེད་དགོས་ངེས་ཀྱི་མང་ཚོགས་ལ་འཕྲལ་མར་རོགས་སྐྱོབ་བྱེད་ཐུབ་པའི་འགན་ལེན་བྱེད་རྒྱུ། གེགས་སེལ་བྱེད་རྒྱུའི་ཐད་འགྲོ་གྲོན་སྒོར་ཁྲི་2,000བཀོད་སྒྲིག་དང་རིམ་པ་འདི་གའི་སྐབས་འཕྲལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་1,000གསར་སྣོན་བྱས་ཏེ་གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེ་ཐོན་ཁུལ་མང་ཚོགས་ཀྱི་འཚོ་བར་ཁ་གསབ་བྱས་ནས་སྐབས་འཕྲལ་རོགས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་རྒྱུ། མ་དངུལ་སྒོར་ཁྲི་13,272བཀོད་སྒྲིག་བྱས་ཏེ་བོད་ཞི་བའི་བཅིངས་འགྲོལ་འཐོབ་ནས་ལོ་60འཁོར་བའི་རིང་“59.3.28”གོང་དུ་ལས་ཀར་ཞུགས་མཁན་ལས་བྱེད་ལས་བཟོ་དང་“རྒན་གྲས་གསུམ ”གྱི་མི་སྣར་འཚམས་འདྲི་བྱེད་རྒྱུ་དང་། དུས་ཆེན་ཆེན་པོ་གསུམ་རིང་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་བྱེད་རྒྱུ་མ་ཟད། སྤྲང་འཁྱམས་རིགས་དང་འགན་ལེན་ལྔའི་དུད་ཚང་སོགས་ལ་རོགས་སྐྱོབ་བྱེད་རྒྱུའི་ཐད་སྤྱོད་རྒྱུ། དྭ་ཕྲུག་དང་དབང་སྐྱོན་བྱིས་པའི་འཚོ་བ་འགན་སྲུང་བྱེད་རྒྱུའི་ཐད་འགྲོ་གྲོན་སྒོར་ཁྲི་2,400གསར་སྣོན་བཀོད་སྒྲིག་བྱས་ཏེ་སྤྱི་ཚོགས་ཐོག་གྱར་བའི་དྭ་ཕྲུག་གི་གཞི་རྩའི་འཚོ་བ་དང་འཚར་ལོངས་ཡོང་རྒྱུའི་དགོས་མཁོ་འགན་སྲུང་བྱེད་རྒྱུ་ཡིན། གསུམ་ནི་སྤྱི་པའི་ལས་ཞུགས་ཀྱི་ཞབས་ཞུའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། ལས་ཞུགས་ཐད་ཁ་གསབ་རོགས་དངུལ་སྒོར་ཁྲི་25,940བཀོད་སྒྲིག་བྱས་ཏེ་སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་15,700ཉོ་སྒྲུབ་བྱེད་པར་ཁ་གསབ་སྤྲོད་རྒྱུའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ་ཡིན། བཞི་ནི་ཡོང་འབབ་བགོ་འགྲེམས་ལམ་ལུགས་སྔར་བས་ཚགས་ཚུད་དུ་གཏོང་རྒྱུ་དེ་ཡིན། ཁང་གླ་ཁེ་བའི་སྡོད་ཁང་གནས་གཡར་བྱེད་རྒྱུའི་ཐད་ཁ་གསབ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་བརྡལ་གྱི་སྡོད་ཁང་དཀའ་ངལ་ཡོད་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་ལ་ཁང་གླའི་ཁ་གསབ་ལ་སྤྱོད་རྒྱུ་དང་། སྡོད་ཁང་གི་སྤྱི་གསོག་མ་དངུལ་ཐད་ལེ་ལག་མ་དངུལ་སྒོར་ཁྲི་38,359བཀོད་སྒྲིག་བྱས་ནས་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ནོར་སྲིད་ནས་གཏོང་རྒྱུའི་བསྡུར་ཚད་བརྒྱ་ཆའི་གྲངས་གཉིས་མཐོ་རུ་གཏོང་རྒྱུ། “རྒན་གྲས་གསུམ ”གྱི་མི་སྣའི་འཚོ་སྣོན་ཐད་སྒོར་ཁྲི་4,553བཀོད་སྒྲིག་བྱས་ཏེ་“རྒན་གྲས་གསུམ ”གྱི་མི་སྣའི་འཚོ་བའི་ཐོབ་ཐང་རིམ་པས་མཐོ་རུ་གཏོང་རྒྱུ། ཤང་གི་གདན་ཞུས་ལས་བྱེད་པའི་ཐོབ་ཐང་ཚད་གཞི་བཟོ་སྐྱོར་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་1,000བཀོད་སྒྲིག་བྱས་ནས་ཤང་གི་གདན་ཞུས་ལས་བྱེད་པའི་ཐོབ་ཐང་ཐད་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་རྒྱུ་བཅས་ཡིན། ལྔ་ནི་བཟའ་བཅའ་དང་སྨན་རྫས་རིགས་གནོད་ཕོག་མེད་པ་དང་ཟོག་གོང་བརྟན་གནས་ཐུབ་པའི་འགན་སྲུང་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་11,701བཀོད་སྒྲིག་བྱས་ཏེ་འབྲུ་རིགས་དང་། ཞོར་ཟས། ཟ་སྣུམ། དེ་བཞིན་སོལ་རླངས་སོགས་འཚོ་བའི་དགོས་ངེས་ཀྱི་དངོས་ཟོག་གྲབས་གསོག་བྱས་ཏེ་ཁྲོམ་རའི་ཐོག་གི་དངོས་ཟོག་མཁོ་འདོན་དང་ཟོག་གོང་འགྱུར་ལྡོག་ཤིན་ཏུ་ཆེ་བའི་ཉེན་ཁ་སེལ་ནས་བཟའ་བཅའ་དང་སྨན་རྫས། དེ་བཞིན་ཞིང་ལས་ཐོན་རྫས་བཅས་ཀྱི་སྤུས་ཚད་ལ་ཆེད་དོན་ཞིབ་བཤེར་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དྲུག་ནི་སྡེ་ཁུལ་འཛུགས་སྐྲུན་ཐད་ཀྱི་འགྲོ་གྲོན་འགན་སྲུང་ལམ་སྲོལ་འཛུགས་རྒྱུ་དེ་ཡིན། སྡེ་ཁུལ་འཛུགས་སྐྲུན་ཐད་ཁ་གསབ་རོགས་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ཏེ་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཏོང་ཆ་མང་དུ་གཏོང་རྒྱུ་དང་སྡེ་ཁུལ་གྱི་ཞབས་ཞུ་སྒྲུབ་ནུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན། བདུན་ནི་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་3,343བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་དང་། གྲོང་གསེབ་ཀྱི་འགྲོ་ལམ་སྐྱེལ་འདྲེན། བརྡལ་གཏོང་མོ་ཊ་སོགས་ཀྱི་ལས་རིགས་ལ་ཁ་གསབ་སྤྲད་དེ་ས་སྣུམ་གྱི་རིན་གོང་འཕར་བའི་རྐྱེན་གྱིས་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་ཤུགས་རྐྱེན་བཟོ་རིགས་ཆུང་དུ་གཏོང་རྒྱུ་ཡིན།
3.སྤྱི་ཚོགས་ཀྱི་བྱ་གཞག་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་བར་སྐུལ་འདེད་གཏོང་རྒྱུ། སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་676,147བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་149,887མང་བ་ཡོད་པས་28%འཕར་ཡོད། དེ་ཡང་གཅིག་ནི་སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་རྒྱུར་སྔོན་དུ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་490,360བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་106,708མང་བ་ཡོད་པས་28%འཕར་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་སློབ་ཞུགས་མ་བྱས་གོང་གི་སློབ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་། སློབ་གསོའི་“འགན་ལེན་གསུམ ”བྱེད་ཁོངས་དེ་འགན་བབས་སློབ་གསོ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོའི་དུས་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཡོངས་ལ་ཁྱབ་པ་བྱེད་རྒྱུ་མ་ཟད། “འགན་ལེན་གསུམ ”གྱི་ཚད་གཞི་དེ་སྒོར་2,000བར་སྤོར་རྒྱུ་ཡིན། ཞིང་འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་གྲོང་ཁྱེར་དང་གྲོང་བརྡལ་གྱི་འགན་བབས་སློབ་གསོའི་དུས་རིམ་གྱི་ཆ་རྐྱེན་ཅུང་ཞན་པའི་སློབ་གྲྭའི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་ཁང་དང་ཉལ་ཁང་ཉེན་མེད་བཟོ་རྒྱུའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱེད་རྒྱུ་ཡིན། འབྲིང་རིམ་ལས་རིགས་སློབ་གསོར་སློབ་ཡོན་དང་ཉལ་ཁང་གི་ཁང་གླ་མི་དགོས་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་དང་། ནང་སའི་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ་ཡིན། དགེ་འོས་དང་དེ་བཞིན་ཞིང་ལས་དང་། འབྲོག་ལས། ནགས་ལས། ཆུ་བེད། ས་གཤིས་གཏེར་ལས་སོགས་ཆེད་ལས་ཀྱི་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་དང་། མཐོ་རིམ་སློབ་ཆེན་གྱི་གཙོ་གནད་རིག་ཚན་དང་གཙོ་གནད་ཚོད་ལྟ་ཁང་སྐྲུན་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ནས་ཁྱད་ལྡན་སློབ་རིག་དང་དགེ་མཚན་ལྡན་པའི་ཆེད་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་མཐོ་རིམ་སློབ་གསོའི་སློབ་གཉེར་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཡིན། “གཞི་རྩའི་ཆ་གཉིས ”ཀྱི་རྒྱལ་ཁབ་ཀྱི་ཞིབ་བཤེར་དང་ལེན་བྱེད་རྒྱུའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་6,000གསར་སྣོན་བཀོད་སྒྲིག་བྱས་ནས་རང་ལྗོངས་ཀྱི་སློབ་གསོའི “གཞི་རྩའི་ཆ་གཉིས ”རྒྱལ་ཁབ་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་གནད་འགག་མེད་པའི་འགན་ལེན་རྒྱུ་ཡིན། གཉིས་ནི་ཚན་རྩལ་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། ཚན་རྩལ་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་16,300བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་4,000མང་བ་ཡོད་པས་33%འཕར་ཡོད་པ་དེས་ཚན་རྩལ་གྱི་རྨང་གཞིའི་ལས་ས་དང་ཚན་རྩལ་ཁྱབ་གདལ་གྱི་རྟེན་གཞི་སྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་རྣམ་གྲངས་གང་མགྱོགས་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་ཡིན། གསུམ་ནི་དྲིལ་བསྒྲགས་དང་རིག་གནས་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། དྲིལ་བསྒྲགས་བྱེད་རྒྱུའི་ཐད་འགྲོ་གྲོན་སྒོར་ཁྲི་3,300བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་500མང་བ་ཡོད་པས་18%འཕར་ཡོད་པ་དེས་ཁྲིམས་ལུགས་དྲིལ་བསྒྲགས་དང་། རྒྱལ་གཅེས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། དེ་བཞིན་ཕྱི་དོན་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བཅས་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་18,834བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་8,524མང་བ་ཡོད་པས་83%འཕར་ཡོད་པ་དེས་ཤང་གྲོང་དང་། སྡེ་ཁུལ། གྲོང་ཚོ་རིམ་པ་བཅས་ཀྱི་རིག་གནས་བྱེད་སྒོ་ཁང་སྐྲུན་རྒྱུ་དང་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཀྱི་ལས་གཞིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཁྱིམ་དང་སྡེ་ཁུལ། དགོན་སྡེ་བཅས་ཀྱི་དཔེ་དེབ་ཁང་གི་ལས་གཞི་ཁྱབ་སྤེལ་ཇེ་མགྱོགས་སུ་བཏང་སྟེ་རིག་གནས་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ་ཡིན། མ་དངུལ་སྒོར་ཁྲི་6,000བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་1,000མང་བ་ཡོད་པས་20%འཕར་ཡོད་པ་དེས་གསར་བརྗེའི་ལོ་རྒྱུས་ཤུལ་བཞག་དང་གཙོ་གནད་རིག་དངོས་ཉམས་གསོ་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། བོད་ཞི་བའི་བཅིངས་འགྲོལ་ཐོབ་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་རིག་རྩལ་དྲིལ་བསྒྲགས་བྱེད་སྒོའི་འགྲོ་གྲོན་འགན་སྲུང་ཏན་ཏིག་བྱེད་རྒྱུ་ཡིན། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་26,597བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་9,437མང་བ་ཡོད་པས་55%འཕར་ཡོད་པ་དེས་རླུང་འཕྲིན་བཪྙན་འཕྲིན་གྲངས་འཛིན་ཅན་དུ་ཁྱབ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་། གྲོང་གསེབ་ལ་གྲངས་འཛིན་གློག་བཪྙན་སྟོན་རྒྱུའི་ལས་གཞི་དང་། “བོད་ཤིན་ལས་གཞི ” རླུང་འཕྲིན་བཪྙན་འཕྲིན “ཁྱིམ་དུད་ཡོངས་ལ་ཁྱབ་པའི ”ལས་གཞི་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། རླུང་འཕྲིན་བཪྙན་འཕྲིན་དགོན་སྡེར་འཁྲིད་རྒྱུའི་ལས་གཞི་བརྟན་པོའི་ངང་ཁྱབ་སྤེལ་གཏོང་རྒྱུ་ཡིན། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་ལེ་ཚན་དང་། དཔེ་དེབ་དང་ཚགས་པར་དུས་དེབ་བཅས་བཟོ་རྒྱུ་དང་། བསྒྱུར་བཟོ། འགྲེམས་སྤེལ་བཅས་བྱེད་ནུས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ་ཡིན། བཞི་ནི་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། སྨན་བཅོས་འཕྲོད་བསྟན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་95,756བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་15,168མང་བ་ཡོད་པས་19%འཕར་ཡོད། ཞིང་འབྲོག་མང་ཚོགས་ལ་སྨན་ཡོན་མི་དགོས་པའི་སྨན་བཅོས་བྱེད་རྒྱུའི་འགྲོ་གྲོན་སྒོར་ཁྲི་43,561བཀོད་སྒྲིག་བྱས་ནས་ནོར་སྲིད་གྱི་ཁ་གསབ་སྤྲོད་ཚད་སྔར་བས་མཐོ་རུ་བཏང་ཐོག་སྨན་ཡོན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞི་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྔར་བས་ཚགས་ཚུད་དུ་གཏོང་རྒྱུ་ཡིན། སྨན་དང་སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཆ་མཚུངས་ཅན་དུ་འགྱུར་རྒྱུ་རིམ་པས་ཁྱབ་སྤེལ་གཏོང་རྒྱུ་ཡིན་ཞིང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་27ཡིན་པ་ནས་སྒོར་30བར་སྤོར་རྒྱུ་ཡིན། རྒྱུན་མཁོའི་སྨན་རིགས་ལ་ནོར་སྲིད་ནས་ཁ་གསབ་སྤྲོད་རྒྱུའི་བྱ་ཐབས་ཟམ་མི་ཆད་པར་ཚགས་ཚུད་དུ་གཏོང་བ་དང་། རྒྱུན་མཁོའི་སྨན་རིགས་སྤྱོད་པའི་ལམ་ལུགས་ཚོད་ལྟ་བྱེད་ཁོངས་རྒྱ་ཆེར་བཏང་སྟེ་རྒྱུན་མཁོའི་སྨན་རིགས “ཁེ་བཟང་མེད་པར ”བྲིན་འཚོང་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཚན་པ་ཡོངས་ལ་ཁྱབ་གང་ཐུབ་རྒྱུ་ཡིན། གྲོང་གསེབ་ཀྱི་སྨན་པར་ཁ་གསབ་སྤྲོད་པའི་ལམ་ལུགས་མུ་མཐུད་ལག་བསྟར་བྱེད་རྒྱུ་མ་ཟད་དེ་ཟམ་མི་ཆད་པར་ཚགས་ཚུད་དུ་བཏང་སྟེ་ཚན་ཁག་ཡོངས་ཀྱི་སྨན་པ་གཙོ་བོར་བྱེད་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་ལེགས་སྐྱོང་བྱེད་རྒྱུ་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ་ཡིན། ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བཟོའི་གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་ཁ་གསབ་ལོ་རེར་མི་རེའི་ཆ་སྙོམས་ཚད་གཞིའི་ཐོག་སྒོར་100སྤོར་རྒྱུ་དང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་དང་འཆར་ལྡན་བུ་བཙའི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་རྒྱུ། ཡུལ་ནད་དང་འགོས་ནད་འགོག་བཅོས་བྱེད་རྒྱུའི་འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་བྱེད་རྒྱུའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་བཟའ་བཅའ་བཏུང་བྱ་དང་སྨན་རྫས་རིགས་ལ་གནོད་གཞི་མེད་པའི་འགན་སྲུང་བྱེད་རྒྱུ་བཅས་ཡིན།
4.སྤྱི་པའི་བདེ་འཇགས་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་ཡུན་རིང་བདེ་འཁོད་ཡོང་བའི་འབད་བརྩོན་བྱེད་རྒྱུ། སྤྱི་པའི་བདེ་འཇགས་ཐད་གཏོང་ཆ་སྒོར་ཁྲི་89,780བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་19,110མང་བ་ཡོད་པས་27%འཕར་ཡོད། དེ་ཡང་གཅིག་ནི་སྲིད་ཁྲིམས་ཐད་ཀྱི་འགྲོ་གྲོན་འགན་སྲུང་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་མུ་མཐུད་ཁྱབ་སྤེལ་གཏོང་རྒྱུ་དེ་ཡིན། ཆེད་དོན་འགྲོ་གྲོན་སྒོར་ཁྲི་48,330བཀོད་སྒྲིག་བྱས་ཏེ་སྲིད་ཁྲིམས་ཀྱི་འགྲོ་གྲོན་འགན་སྲུང་བྱེད་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཁྲིམས་སྡེ་ཚན་གྱི་སྤྱི་སྤྱོད་འགྲོ་གྲོན་དང་གྱོད་སྒྲུབ་ལས་སྒོའི་འགྲོ་གྲོན་དུས་ཐོག་ཏུ་གྲངས་ཚང་སྤྲོད་ཐུབ་པ་བྱེད་རྒྱུ་ཡིན། གཉིས་ནི་དུས་བདེའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་20,486བཀོད་སྒྲིག་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་། སྲིད་འཛིན་ཁྲིམས་སྒྱུར། མི་རིགས་ཆོས་ལུགས་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན། མཚོ་བོད་ལྕགས་ལམ་གྱི་ལམ་སྲུང་མཉམ་འགོག མཐའ་མཚམས་ཀྱི་བདེ་སྲུང་མཉམ་འགོག མི་དམངས་མཁའ་ཟོན། ཡུལ་དམག་སྦྱོང་བརྡར་བཅས་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་སོགས་ཐད་ཀྱི་འགྲོ་གྲོན་དགོས་མཁོ་འགན་ལེན་བྱེད་རྒྱུ་ཡིན། གསུམ་ནི་གཞི་རིམ་སྲིད་དབང་ལེགས་སྐྱོང་བྱེད་རྒྱུའི་ཐད་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་20,964བཀོད་སྒྲིག་བྱས་ཏེ་ཤང་གྲོང་ལས་ཁུངས་ཀྱི་གཞུང་ལས་སྒྲུབ་རྒྱུའི་ཆ་རྐྱེན་དང་ལས་བྱེད་ལས་བཟོའི་འཚོ་བའི་ཆ་རྐྱེན་རིམ་པས་ལེགས་བཅོས་བྱས་ཏེ་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་བྱེད་ཤུགས་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན།
5. ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་ནས་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་60,142བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་33,392མང་བ་ཡོད་པས་125%འཕར་ཡོད། དེ་ཡང་གཅིག་ནི་འཐབ་ཇུས་འདེགས་སྐྱོར་ཐོན་ལས་འཛུགས་སྐྱོང་ཤུགས་ཆེ་བྱེད་རྒྱུ་དེ་ཡིན། ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་10,000དང་། ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་7,224གཏེར་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་2,600ཁེ་ལས་གོང་འཕེལ་ལ་རོགས་སྐྱོར་བྱེད་རྒྱུའི་སྐུལ་ལྕག་མ་དངུལ་སྒོར་ཁྲི་2,000 དེ་བཞིན་འབབ་ཁུངས་བཟོ་བའི་སྐྱེད་སྦྱར་མ་དངུལ་དང་། དངུལ་རྩའི་ཁྲིད་སྟོན་དང་སྐུལ་ལྕག་མ་དངུལ། ཁེ་ལས་འབྲིང་ཆུང་གི་དངུལ་བུན་ཉེན་ཟོན་གུན་གསབ་མ་དངུལ་བཅས་ཁག་སོ་སོར་སྒོར་ཁྲི་1,000བཀོད་སྒྲིག་བྱས་ནས་འཐབ་ཇུས་འདེགས་སྐྱོར་ཐོན་ལས་འཛུགས་སྐྲུན་ཤུགས་ཆེ་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་གང་མགྱོགས་བསྒྱུར་ནས་རང་སྟོབས་འཕེལ་ནུས་ཆེ་རུ་གཏོང་རྒྱུ་ཡིན། གཉིས་ནི་ཁེ་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། ཐོན་ལས་དང་ཁེ་ལས་བསྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་15,018དང་། ཆ་འཕྲིན་ཅན་དུ་འགྱུར་རྒྱུའི་ཐད་མ་དངུལ་སྒོར་ཁྲི་5,000ཕྱི་ཕྱོགས་ཚོང་དོན་ལས་སྒོ་གཞི་མཚུངས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་4,210 ཁེ་ལས་འབྲིང་ཆུང་གི་རྒྱལ་སྤྱིའི་ཁྲོམ་ར་གསར་བཤངས་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་2,050 ཕྱི་ཕྱོགས་ཚོང་དོན་གྱི་ཞབས་ཞུ་སྒྲུབ་རྒྱུའི་སྤྱི་པའི་ལས་ས་གཏོད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་2,040 གཞུང་ཁོངས་རྒྱུ་ནོར་གྱི་ཡོང་འབབ་གོང་ལ་འཇལ་སྤྲོད་ཕྱིར་སློག་བྱེད་རྒྱུ་སྒོར་ཁྲི་2,000ཚོང་དོན་འཁོར་རྒྱུག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་1,000ཁེ་ལས་གཉེར་སྐྱོང་དོ་དམ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུའི་ཐད་འགྲོ་གྲོན་སྒོར་ཁྲི་1,000བཅས་གསར་སྣོན་བཀོད་སྒྲིག་བྱས་ཏེ་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་ཚད་དང་ཤེས་ལྡན་པ་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ནང་ཁོངས་དང་ཕྱི་ཕྱོགས་ཀྱི་ཚོང་དོན་གོང་འཕེལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་རའི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོབ་བྱེད་རྒྱུ། ཆ་འཕྲིན་ཐོན་ལས་གོང་འཕེལ་དང་ཆ་འཕྲིན་ལ་གནས་ཚུལ་མི་ལྷག་པ་བྱེད་རྒྱུ་བཅས་ཡིན།
6.རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་234,966བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་76,916མང་བ་ཡོད་པས་49%འཕར་ཡོད། དེ་ཡང་གཅིག་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་70,000བཀོད་སྒྲིག་བྱས་ཏེ་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ་ཡིན། གཉིས་ནི་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྐྲུན་རྒྱུ་ཁྱབ་སྤེལ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་60,000བཀོད་སྒྲིག་བྱས་ཏེ་ལྗོངས་ཡོངས་ཀྱི་ཁང་གླ་ཁེ་བའི་སྡོད་ཁང་དང་ལས་ཤག་སྐྲུན་ཚད་མགྱོགས་སུ་གཏོང་རྒྱུ་ཡིན། གསུམ་ནི་གློག་ཤུགས་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་10,000གསར་སྣོན་བཀོད་སྒྲིག་བྱས་ཏེ་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་གློག་མེད་པའི་ས་ཁུལ་གྱི་མང་ཚོགས་ལ་གློག་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ཏེ་ས་སྣུམ་སྤྱད་ནས་གློག་གཏོང་བར་ཁ་གསབ་སྤྲད་དེ་གློག་མི་ལྡེང་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན། བཞི་ནི་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། ཆེད་སྤྱོད་མ་དངུལ་སྒོར་ཁྲི་31,091བཀོད་སྒྲིག་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་གཞུང་ལམ་སྐྲུན་རྒྱུའི་ཐད་མ་དངུལ་སྒོར་ཁྲི་50,000བཀོད་སྒྲིག་བྱས་ཏེ་རྫོང་དང་ཤང་གི་གཞུང་ལམ་དང་གྲོང་ཚོའི་འགྲོ་ལམ་བདག་སྐྱོང་གི་གཏོང་ཆ་འགན་སྲུང་བྱེད་རྒྱུ་དང་གཞུང་ལམ་གྱི་འགྲུལ་ཟོག་སྐྱེལ་འདྲེན་བབ་ཚུགས (བྱེད་ས )སྐྲུན་རྒྱུར་རྒྱབ་སྐྱོར་གྱིས་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ཡིན། ལྔ་ནི་མཐའ་མཚམས་ཚོང་དོན་གོང་འཕེལ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་4,875བཀོད་སྒྲིག་བྱས་ཏེ་མཐའ་མཚམས་འགག་སྒོའི་ལེ་ལག་སྒྲིག་བཀོད་ཁག་འཛུགས་སྐྲུན་བྱེད་རྒྱུ་མགྱོགས་སུ་གཏོང་རྒྱུ་ཡིན། དྲུག་ནི་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་དེ་ཡིན། མ་དངུལ་སྒོར་ཁྲི་4,000བཀོད་སྒྲིག་བྱས་ཏེ་འགོག་བཅོས་མ་ལག་གི་འཆར་གཞི་དང་ཉེན་ཟོན་སྔོན་བརྡ་དང་འགོག་བཅོས་བྱེད་རྒྱུའི་ལས་དོན་ལ་རྒྱབ་སྐྱོབ་བྱེད་རྒྱུ་ཡིན།
7.ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་ས་མཐོའི་སྣོད་བཅུད་སྲུང་བཅད་བསྐྲུན་རྒྱུ། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་54,000བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་12,000མང་བ་ཡོད་པས་29%འཕར་ཡོད། དེ་ཡང་གཅིག་ནི་སྣོད་བཅུད་ལེགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་43,000བཀོད་སྒྲིག་བྱས་ནས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོབ་བྱེད་རྒྱུའི་བྱ་དགའི་ལམ་སྲོལ་དང་སྣོད་བཅུད་ཀྱི་སྤྱི་ཕན་ནགས་ཚལ་སྐྱོང་གསབ་ལམ་སྲོལ་ལག་བསྟར་གཏིང་ཟབ་བྱས་ཏེ་གཙོ་གནད་ཁུལ་ཁོངས་སུ་ཤིང་འཛུགས་ནགས་བཟོ་བྱེད་རྒྱུ་ཁྱབ་སྤེལ་གཏོང་རྒྱུ་ཡིན། གཉིས་ནི་མ་དངུལ་སྒོར་ཁྲི་9,000བཀོད་སྒྲིག་བྱས་ཏེ་གཅིག་སྡུད་ཀྱི་འཐུང་ཆུའི་ཆུ་རྩ་དང་གཤེར་ས་སྲུང་སྐྱོབ་བྱེད་རྒྱུ་ཁྱབ་སྤེལ་གཏོང་རྒྱུ་དེ་ཡིན། གསུམ་ནི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཆེད་སྤྱོད་མ་དངུལ་སྒོར་ཁྲི་2,000གསར་སྣོན་བཀོད་སྒྲིག་བྱས་ཏེ་རྒྱུན་འཁོར་ཐཱན་ཉུང་དཔལ་འབྱོར་གོང་འཕེལ་བཏང་ཐོག་གཙོ་གནད་ཁེ་ལས་ཀྱི་ལག་རྩལ་བསྒྱུར་བཅོས་ལ་རྒྱབ་སྐྱོར་བྱས་ནས་ནུས་རྒྱུ་བེད་སྤྱོད་བྱས་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ཡིན། བཞི་ནི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན།
8.གཞི་རིམ་གྱི་འབྱོར་སྟོབས་ཆེ་རུ་ཤུགས་ཆེ་གཏོང་རྒྱུ། གཞི་རིམ་གྱི་འབྱོར་སྟོབས་ཐད་ཁ་གསབ་རོགས་དངུལ་སྒོར་ཁྲི་626,199བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་158,851མང་བ་ཡོད་པས་34%འཕར་ཡོད། དེ་ཡང་གཅིག་ནི་ཆ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། གཤམ་འོག་ལ་ཆ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་512,708བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་98,360མང་བ་ཡོད་པས་24%འཕར་ཡོད་པ་དེས་རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུམས་ཅན་ཡོང་རྒྱུར་སྐུལ་སྤེལ་དང་། གཞི་རིམ་སྲིད་གཞུང་གི་འབྱོར་སྟོབས་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན། གཉིས་ནི་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། མཐའ་མཚམས་ས་ཁུལ་ལ་ཆེད་སྤྱོད་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་52,300བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་29,300མང་བ་ཡོད་པས་127.4%འཕར་ཡོད་པ་དེས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྤྲོད་ལམ་བཟོ་རྒྱུ་དང་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ཡིན། གསུམ་ནི་རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ་དེ་ཡིན། ཆེད་སྤྱོད་འགྲོ་གྲོན་སྒོར་ཁྲི་20,000གསར་སྣོན་བཀོད་སྒྲིག་བྱས་ཏེ་གཞི་རིམ་སྲིད་གཞུང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན། བཞི་ནི་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་12,000བཀོད་སྒྲིག་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་པ་འཕེལ་རྒྱས་གཏོང་རྒྱུའི་དུས་འབྲིང་དུས་རིང་གི་འཆར་འགོད་ཀྱི་རྩ་གནད་དོན་འཁྱོལ་བྱས་ཐོག་ཤེས་ལྡན་པའི་ཡོང་ཁུངས་འཛུགས་སྐྱོང་དང་། ཏང་ཡོན་དང་ལས་བྱེད་པའི་དཔུང་ཁག དེ་བཞིན་ཤེས་ལྡན་པའི་དཔུང་ཁག་བཅས་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས་གཞི་རིམ་གྱི་ལས་ཀའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ལྔ་ནི་ས་གནས (གྲོང་ཁྱེར )དང་རྫོང་ལ་ཆེད་དམིགས་སྐུལ་ལྕག་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་15,000བཀོད་སྒྲིག་བྱས་ནས་གཞི་རིམ་སྲིད་གཞུང་ལ་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་གིས་དཔལ་འབྱོར་འཕར་སྣོན་ཡོང་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དང་ནོར་སྲིད་ཀྱི་འབབ་བཟོའི་ནུས་པ་ཆེ་རུ་གཏོང་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། དྲུག་ནི་གྲོང་ཁྱེར་དང་གྲོང་བརྡལ་གྱི་ནུས་པ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ཡིན། གྲོང་ཁྱེར་དང་གྲོང་བརྡལ་གྱི་ནུས་པ་འཐུས་ལེགས་སུ་གཏོང་རྒྱུའི་ཐད་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་30,000གསར་སྣོན་བཀོད་སྒྲིག་བྱས་ཏེ་ས་གནས (གྲོང་ཁྱེར )གནས་ས་དང་། གཙོ་ཆེའི་རྫོང་གྲོང་མཛེས་པོ་དང་། སྔོ་ལྗང་། དཀར་གསལ་བཅས་བཟོ་རྒྱུར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ནས་གྲོང་ཁྱེར་གྱི་དཔལ་འབྱོར་གོང་འཕེལ་དང་། ལས་ཞུགས་བསྡུ་འཇུག་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། བདུན་ནི་གྲོང་ཚོ་ཨུ་ལྷན་དང་གྲོང་མི་ཨུ་ལྷན་གྱིས་དཔལ་འབྱོར་སྡེ་གཞི་གཉེར་རྒྱུར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་2,000བཀོད་སྒྲིག་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་རོགས་སྐྱོར་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱིས་ཞིང་འབྲོག་མང་ཚོགས་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན།
གསུམ། ཁྲིམས་ལུགས་གཞིར་བཟུང་འབྱོར་སྐྱོང་དང་། ཚན་རིག་དང་མཐུན་པའི་དོ་དམ་བྱས་ཏེ་2011ལོའི་ནོར་སྲིད་སྔོན་རྩིས་ཀྱི་ལས་འགན་ཁག་ཡོངས་སུ་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ།
2011ལོར་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་མཛུབ་ཁྲིད་བྱས་ཏེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་། ཀྲུང་དབྱང་དང་དེ་བཞིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བླང་བྱ་གཞིར་བཟུང་དགེ་ཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས་ནོར་སྲིད་གཏོང་སྒོའི་གྲུབ་ཆ་སྔར་བས་ལེགས་སྒྱུར་བྱས་ཐོག་ནོར་སྲིད་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་རྒྱུ་ཁྱབ་སྤེལ་གཏོང་བ་དང་། གཞི་ཆེའི་སྟངས་འཛིན་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ། དཔལ་འབྱོར་བརྟན་ཞིང་ཅུང་མྱུར་པོའི་སྒོ་ནས་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ནས་ཡིད་ཆེས་ཆེན་པོ་དང་འབད་འབུངས་ཡར་བརྩོན་གྱིས་2011ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་གི་ལས་འགན་ཡོངས་སུ་ལེགས་གྲུབ་ཐུབ་པ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་རྒྱུར་འགོ་ཡག་པོ་བརྩམ་རྒྱུ་ཡིན།
(གཅིག )ནོར་སྲིད་ཀྱི་གཞི་ཆེའི་སྟངས་འཛིན་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུ།
ཚན་རིག་དང་མཐུན་པའི་གོང་འཕེལ་དང་སྤྱི་ཚོགས་གཞི་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ་ནོར་སྲིད་ཀྱི་གཞི་ཆེའི་སྟངས་འཛིན་བྱེད་ལམ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་དགེ་ཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་བརྗེ་སྒྱུར་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་དོ་སྣང་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་དོ་སྣང་། ས་ཁོངས་མཐུན་སྦྱོར་ལ་གཅིག་གྱུར་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་ཀྱིས་གོང་འཕེལ་གཏོང་རྒྱུར་དོ་སྣང་བཅས་བྱས་ཏེ་ནོར་སྲིད་ཀྱི་གཞི་ཆེའི་སྟངས་འཛིན་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་གནས་རང་བཞིན་ཤུགས་ཆེར་གཏོང་རྒྱུ་ཡིན།
(གཉིས )ནོར་སྲིད་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་དང་བཟང་སྒྱུར་བྱེད་རྒྱུ།
གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ་དང་། གཙོ་གནད་མངོན་ཆེ། འགན་སྲུང་ཡོད་ལ་ཚོད་འཛིན་ཡང་ཡོད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་དེ་“ཞིང་གསུམ ”དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས། སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། མཐའ་མཚམས་དང་དཀའ་ངལ་ཡོད་པའི་ས་ཁུལ་བཅས་ལ་འཕར་གཟིགས་བྱེད་རྒྱུ་དང་ཕྱོགས་མཚུངས། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་སེམས་ཐག་གཙང་བཅད་ཀྱིས་ཉུང་དུ་གཏོང་རྒྱུ་ཡིན་ཞིང་། ཚོགས་འདུ་དང་། སྣེ་ལེན། གཞུང་དོན་དུ་སྤྱོད་རྒྱུའི་མོ་ཊ་ཉོ་སྒྲུབ། ཕྱི་རྒྱལ་དུ་འགྲོ་རྒྱུ་སོགས་ཀྱི་འགྲོ་སོང་བཀོད་སྒྲིག་ནན་པོ་བྱས་ཏེ་གྲོན་ཆུང་རྣམ་པའི་སྲིད་གཞུང་སྐྲུན་རྒྱུ་ཁྱབ་སྤེལ་ཏན་ཏིག་གཏོང་རྒྱུ་ཡིན།
(གསུམ )ནོར་སྲིད་སྔོན་རྩིས་དོན་འཁྱོལ་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ།
ཁྲིམས་ལུགས་གཞིར་བཟུང་ཁྲལ་འབབ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གི་ཁྲལ་མིན་ཡོང་འབབ་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་པུའི་གཏན་འབེབས་གཞིར་བཟུང་སྔོན་རྩིས་ཀྱི་དོ་དམ་བྱེད་ཁོངས་སུ་མེད་པའི་ཡོང་འབབ་རྣམས་ཚང་མ་སྔོན་རྩིས་དོ་དམ་བྱེད་ཁུངས་སུ་བཅུག་ཏེ་ཁྲིམས་ལུགས་གཞིར་བཟུང་ཡོང་འབབ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པའི་འགན་ལེན་བྱེད་རྒྱུ། དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔོན་རྩིས་དུས་ཐོག་ཏུ་ཞིབ་མཆན་དང་གཤམ་སྤྲོད་བྱས་ཏེ་རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་དང་། སྤྱོད་དངུལ་འཆར་གཞི་བཟོ་འགོད། གཏོང་སྤྲོད་ཀྱི་རེ་ཞུ། མ་དངུལ་གཏོང་སྤྲོད་སོགས་བྱེད་རྒྱུའི་རྨང་གཞིའི་ལས་དོན་དམ་འཛིན་ནན་པོ་བྱས་ནས་སྔོན་རྩིས་གཏོང་སྒོའི་ལས་རིམ་མགྱོགས་སུ་ཏན་ཏིག་བཏང་སྟེ་སྔོན་རྩིས་དོན་འཁྱོལ་བྱེད་པའི་ཆ་སྙོམས་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན།
(བཞི ) ནོར་སྲིད་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ།
གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་དང་གཙོ་ནུས་ཐོན་ཁུལ་འཛུགས་སྐྱོང་བྱེད་རྒྱུར་དམིགས་ཏེ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུའི་གྲུབ་ཆ་མུ་མཐུད་བཟང་བསྒྱུར་བྱས་ནས་ཆ་སྙོམས་རང་བཞིན་གྱི་སྒྱུར་སྤྲོད་བྱེད་པའི་གཞི་ཁྱོན་དང་བསྡུར་ཚད་ཆེ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱི་གཤམ་འོག་ནོར་སྲིད་ལ་དོ་དམ་བྱེད་རྒྱུའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་བྱེད་ལམ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་སྲིད་གཞུང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་བྱེད་ནུས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན།
(ལྔ )ནོར་སྲིད་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ།
ནོར་སྲིད་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཁག་ལ་ཤུགས་སྣོན་དང་། ཤང་གྲོང་ནོར་སྲིད་ནོར་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་རྒྱུ། ནོར་སྲིད་ཀྱི་དངོས་སྤྱོད་འདེགས་སྐྱོར་ལས་སའི་མ་ལག་གང་མགྱོགས་བཙུགས་ཏེ་ནོར་སྲིད་དོ་དམ་ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། སྡེ་ཚན་གྱི་སྔོན་རྩིས་དང་། རྒྱལ་མཛོད་ནས་གཅིག་སྡུད་བསྡུ་གཏོང་། སྔོན་རྩིས་གཏོང་སྒོའི་ལས་རྗེས་ལ་དཔྱད་ཞིབ་སོགས་བྱེད་པའི་ནོར་སྲིད་ལམ་ལུགས་ཟམ་མི་ཆད་པར་ཚགས་ཚུད་དུ་བཏང་སྟེ་སྔོན་རྩིས་བཟོ་འགོད་དང་། སྔོན་རྩིས་དོན་འཁྱོལ། སྔོན་རྩིས་ལ་ལྟ་སྐུལ་བཅས་བྱེད་རྒྱུ་ཟུང་འབྲེལ་ནུས་ལྡན་བྱེད་པའི་ནོར་སྲིད་སྔོན་རྩིས་ཀྱི་དོ་དམ་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ་ཡིན།
འཐུས་མི་རྣམ་པ། 2011ལོའི་ནོར་སྲིད་གཏོང་ཡོང་གི་སྔོན་རྩིས་དང་ནོར་སྲིད་ལས་དོན་ཁག་ལེགས་གྲུབ་བྱེད་རྒྱུའི་ལས་འགན་དཀའ་ཚེགས་ཆེ་ལ་ལས་སྐལ་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག་དམ་པ་དོན་གཉེར་དང་། མཐུན་སྒྲིལ་འབད་འཐབ། ལམ་བཤངས་གསར་གཏོད། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་འབྱོར་འབྲིང་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། གཞི་མཐུན་བོད་ལྗོངས། སྣོད་བཅུད་བཟང་པོའི་བོད་ལྗོངས་བཅས་ཕྱོགས་ཡོངས་ནས་སྐྲུན་རྒྱུར་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་རྒྱུ་ཡིན།
(ལྗོངས་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར་བ་གཞིར་བཟུང )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣