སྲིད་གཞུང་གི་ལས་དོན་སྙན་སྒྲོན།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། པད་མ་འཕྲིན་ལས་ནས།
ཟླ་1ཚེས་10ཉིན་འགོ་ཚུགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།
འཐུས་མི་རྣམ་པ།
ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་འཆར 》ནང་། སླད་ཕྱིན་ལོ་ལྔའི་རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་མཛུབ་ཁྲིད་བསམ་བློ་དང་། འབད་འཐབ་དམིགས་ཚད། ལས་འགན་གཙོ་བོ་བཅས་བཏོན་ཡོད། དེ་ལ་བརྟེན་ནས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས 《བོད་རང་སྐྱོང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་རྩ་གནད (འཆར་ཟིན )》བཟོས་ཡོད། ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན་པས། འཐུས་མི་རྣམ་པས 《འཆར་འགོད་རྩ་གནད (འཆར་ཟིན )》དང་མཉམ་དུ་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། སྲིད་གྲོས་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།
“ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བཏང་ཚུལ་ལ་ཕྱི་མིག་ལྟ་བ།
འདས་ཟིན་པའི་ལོ་ལྔ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི ་ཚོགས་གོང་འཕེལ་གཏོང་བའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན། དེ་ཡང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ ན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུ ང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་ འདུ་ཐེངས་བཞི་པ་དང་ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། རང་ སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་། སྐབས་བདུན་པའི་ ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། བདུན་པ། ལྗོངས་ཏང་ཨུད་ཀྱི ་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་ལྟར་བོད་ཀྱི་ལས་དོན ་སྐོར་གྱི་ཀྲུང་དབྱང་གི་མཛུབ ་ཁྲིད་བསམ ་བློ་དང་མཛད་ཕྱོགས་སྲིད་ཇུས་ལག་བསྟར་མཐར་ཕྱིན་པ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ “ཐོན་ལས་དང་པོའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་གོང་འཕེལ་ཡོང་རྒྱུ་དམ་འཛིན་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོར་ཕན་སྐུལ་གཏོང་བ། གཅིག་གྱུར་འཛུགས་སྐྲུན་བྱས་ནས་སྣོད་བཅུད་སྲུང་སྐྱོང་བྱེད་པ། དར་ཆ་གསལ་སྟོ ན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་བྱས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་རྒྱབ་རྟེན་ཤུགས་ཆེ་བཅོལ་ཏེ་མཐུན་སྒྲིལ་འབད་འབུངས་དང་དཀའ་སྤྱད་འབད་འཐབ་བྱས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་རྩ་གནད་ནང་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
གཅིག འགག་གནད་དམ་འཛིན་དང་རྨང་གཞི་བརྟན་པོ་བཏིང་སྟེ་རང་སྟོབས་རང་སྤེལ་གྱི་ནུས་པ་རྒྱུན་མཐུད་ནས་ཆེ་རུ་བཏང་བ།
ལོ་ལྔའི་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་གོང་འཕེལ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་མཐའ་འཁྱོངས ་བྱས་ནས་འགོག་རྐྱེན་སྣ་ཚོགས་སེལ་ཏེ་རྨང་གཞིའི་སྒྲིག་བཀོད་ཀྱི ་ཆ་རྐྱེན་ལེགས་སུ་ཤུགས་ཆེ་བཏང་བ་དང་། ཁྱད་ལྡན་ཐོན་ལས ་མངོན་གསལ་དོད་པོས་སྐྱོང་སྤེལ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་བ་བཅས་ཀྱིས་ རང་སྟོབས་རང་སྤེལ་གྱི་ནུས་པ་སྔར་བས་ཆེ་རུ་སོང་ཞིང་། གོང་འཕེལ་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བ ཅས་ཡོང་རྒྱུར་དངོས་པོའི་རྨང་གཞི་སྲ་ཞིང་བརྟན་པ་ཞིག་བཏིང་ ཡོད།
དཔལ་འབྱོར་སྤྱི་འབོར་སླར་ཡང་སྐས་རིམ་གསར་པར་སླེབས་པ། ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དུས་དང་འཚམ་ཞིང་ཚད་ར ན་པོས་སྲིད་གཞུང་གིས་སྟངས་འཛིན་བྱས་ཏེ། “ནང་མཁོ་རྒྱ་ཆེར་གཏོང་བ་དང་འཕར་སྣོན་འགན་སྲུང ”བྱེད་པའི་སྲིད་ཇུས་ དང་བྱ་ཐབས་རབ་དང་རིམ་པ་བཏོན་པས། ལོ་ལྔ་བསྟུད་མར་དཔལ་འབྱོར་འཕར་ཚད་གྲངས་གནས་གཉིས་མཐོ་རུ་སོང་སྟེ། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་འཕེལ་ངོ་བཟང་པོ་རྒྱུ ན་འཁྱོངས་ཐུབ་ཡོད། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྔ་རྗེས་སུ་སྒོར་དུང་ཕྱུར་300དང་། 400 500བཅས་ལས་རིམ་བཞིན་བརྒལ་ཏེ་སྔོན་རྩིས་བྱས་ན་2010ལོར་སྒོར་དུང་ཕྱུར་506ཟིན་རྒྱུ་ཡིན ་ཞིང་། ལོ་རེར་ཆ་སྙོམས་12.4%འཕར་རྒྱུ་རེད། ལྗོངས་ཡོངས་ཀྱི་སྤྱི ་ཚོགས་གཏན་འཇགས་ཀྱི་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་1656ཟིན་ཞིང་། ལོ་ལྔ་ཚན་བཅུ་པའི་ལྡབ་2.4ཡིན། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་ཚོང་སྤྱི་འབོར་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་670ཟིན་པ་དེ་ལོ་ལྔ་ཚན་བཅུ་པ་ད ང་བསྡུར་ན་ལྡབ་1.3འཕར་ཡོད། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར་126.3ཟིན ་པ་དེ “ལོ་ལྔ་ཚན་བཅུ་པའི ”རིང་གི་ལྡབ་3ལ་ཉེ་བ་ཟིན་ཡོད།
2010ལོའི་ལོ་མཇུག་བར་སྔོན་དཔག་བྱས་ན་དངུལ་རྩའི་ལས་ཁུངས་ལ་རིགས་མི་འདྲ་བའི་བཅོལ་དངུལ་ལྷག་འཕྲོས་སྒོར་དུང་ཕྱུར་1230དང་དངུལ་བུན་ལྷག་འཕྲོས་སྒོར་དུང་ཕྱུར་290ཟིན་རྒྱུ་ཡིན་ཞིང་། ལོ་ལྔ་ཚན་བཅུ་པའི་དུས་མཇུག་དང་བསྡུར་ན་ཁག་སོ་སོར་ལྡབ་1.7དང་62%འཕར་རྒྱུ་རེད།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཟེངས་སུ་ཐོན ་པའི་གྲུབ་འབྲས་ཐོབ་པ། རྒྱལ་ཁབ་ནས་མ་དངུལ་རག་ཐབས་ཧུར་ཐག་བྱས་པ་དང་། སྤྱི་ཚོགས་ནས་མ་འཇོག་བྱེད་ རྒྱ་ཆེ་རུ་བཏང་བ། བོད་སྐྱོར་མ་དངུལ་དོན་འཁྱོལ་བྱས་པ་བཅས་ཀྱིས་མ་འཇོག་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་ཆེར་སོང་ཡོད། དེ་ཡང་“188རྣམ་གྲངས ”ཚང་མ་ལས་འགོ་བཙུགས་ཟིན་ཞིང་། རྣམ་གྲངས་109ལས་མཇུག་བསྒྲིལ་ཡོད། རྣམ་གྲངས་ཀྱི་སྔོན་གྲབས་ལས་ཀ་ཡག་པོ་བསྒྲུབས་པ་དང་། རྣམ་གྲངས་འཛུགས་སྐྲུན་དང་དོ་དམ་བྱེད་རྒྱུར་ཤུགས ་སྣོན་བརྒྱབ་པས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་ཡོད། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་ཐོག་མའི་ཆར་གྲུབ་པ་དང་། མེ་ཏོག་གཞུང ་ལམ་དང་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་སྐྲུན་འགོ་ཚུགས་པ། རྒྱལ་ལམ་80%ཡན་ལ་སྣུམ་ནག་ལམ་བཟོས་ཟིན་པ། རྫོང་ཁག་54ལ་སྣུམ་ནག་ལམ་བཏིང་ཟིན་པ་དང་རྫོང་ཁག་6ལ་སྣུམ་ནག་ལམ་འདིང་བཞིན་ཡོད་པས་གཞུང་ལམ་ཐོག་འཁོར་རིགས་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་5.8ཟིན་ཞིང་། ལོ་ལྔ་ཚན་བཅུ་པའི་དུས་མཇུག་དང་བསྡུར་ན་33%འཕར་ཡོད། མཚོ་བོད་ལྕགས་ལམ་བཟོས་ནས་མེ་འཁོར་ཤར་གཏོང་ཐུབ་སྟེ་བོད་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། ནག་ཆུའི་ཟོག་འགྲེམས་ལྟེ་གནས་བསྐྲུན་ཏེ་ལས་གཉེར་བྱས་པ་དང་། ལྷ་གཞིས་ལྕགས་ལམ་བཟོ་འགོ་ཚུགས་པ། ཉིང་ཁྲི་དང་། མངའ་རིས། གཞིས་རྩེ་བཅས་ཀྱི་གནམ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་ཡོད། ཆུ་གློག་གིས་གཙོ་རྐང་བྱས་པའི་ཕྱོགས་བསྡུས་ནུས་ཁུངས་མ་ལག་གང་མགྱོགས་བཙུགས་ཤིང་། སེང་གེ་ཁ་འབབ་དང་། འབྲི་གུང་། བྲག་ཆུ་ཞོལ་ཁ་སོགས་གློག་ཁང་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ། རྫམ་དང་གོ་རྡོག་སོགས་གློག་ཁང་བདེ་བླག་ངང་སྐྲུན་བཞིན་ཡོད་པ། མཚོ་བོད་ཐད་རྒྱུག་གློག་གི་དྲ་སྦྲེལ་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་ཏན་ཏིག་བྱེད་བཞིན་ཡོད་པས་ལྗོངས་ཡོངས་ཀྱི་གློག་འདོན་འཕྲུལ་ཤུགས་སྤྱི་འབོར་ཆན་ཝ་ཁྲི་97.4ཟིན་པ་དེ་ལོ་ལྔ་ཚན་བཅུ་པའི་དུས་མཇུག་དང་བསྡུར་ན་ཆན་ཝ་ཁྲི་47.4འཕར་བ་དང་། སྐྲུན་བཞིན་པའི་གཞི་ཁྱོན་ལ་ཆན་ཝ་ཁྲི་95.6ཟིན་ཡོད། ཆུ་བེད་རྨང་གཞིའི་སྒྲིག་བཀོད་ལེགས་སུ་སོང་ཞིང་། “ཆུ་འདྲེན་ཁུལ་ཆེ་མོ་གསུམ ”གྱི་ལས་གྲྭ་མཇུག་སྒྲིལ་མཚམས་སུ་སླེབས་པ་དང་། ཡར་གཙང་བྱང་རྒྱུད་ཀྱི་ཆུ་འདྲེན་ཁུལ་འཛུགས་སྐྲུན་མྱུར་པོ་བྱེད་བཞིན་པ། ཕུ་མདོ་ཆུ་བེད་ལྟེ་གནས་ལས་གྲྭ་གང་མགྱོགས་སྐྲུན་བཞིན་ཡོད་པས། ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་111ཆེ་རུ་སོང་བ་དང་ལེགས་བཅོས་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། ཆ་འཕྲིན་ཅན་དུ་སྒྱུར་བའི་ཆུ་ཚད་མཐོ་རུ་གང་ཙམ་སོང་ཞིང་། རྫོང་ཚང་མར་3Gདྲ་རྒྱ་ཁེབས་པ་དང་། ཨིན་སྦྲེལ་དྲ་རྒྱ་སྤྱོད་མཁན་ཐེམ་དུད་ཁྲི་115ལས་བརྒལ་བ། ཤང་ཚང་མར་འོད་ཆུན་དང་བཪྙན་སྐྱེལ་གཞི་རྩའི་ཆར་ཁྲིད་ཐུབ་པ་བྱུང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་མཉམ་དུ་འཕེལ་རྒྱས་སོང་བ། ཁྲོམ་རའི་མ་ལག་ཟམ་མི་ཆད་པར་འཐུས་ལེགས་སུ་བཏང་བ་དང་། ཁྲོམ་རར་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ། འཛད་སྤྱོད་དགོས་མཁོ་ཤུགས་ཆེར་བཏང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་གོམ་པ་མཉམ་བགྲོད་ཀྱིས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཞིང་འབྲོག་ཁུལ་གྱི་ཁྲོམ་ར་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་ཆེ་ཁག་12དང་། རྫོང་རིམ་པའི་ཞིང་ཟོག་ཁྲོམ་ར་ཁག་45 དང་ཞིང་དུད་ཚོང་ཁང་ཁག་1859གསར་གཉེར་བྱས་ཡོད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱིམ་སྤྱོད་གློག་ཆས་དང་། ཞིང་འཕྲུལ། རླངས་འཁོར། སྦག་སྦག་བཅས་གཤམ་གཏོང་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ཁ་གསབ་སྤྲོད་ཡུལ་རྒྱ་ཆེར་བཏང་བ་དང་། ཁ་གསབ་སྤྲོད་རྒྱུའི་ཚད་གཞི་མཐོ་རུ་བཏང་ཡོད། སྡོད་ཁང་དང་མོ་ཊའི་འཛད་སྤྱོད་འཕེལ་ངོ་ཆེན་པོ་ཡོད་པ་དང་། ཡུལ་སྐོར་དང་། འཕྲིན་གཏོང་། བཟའ་བཏུང་། སྤྲོ་གསེང་སོགས་འཛད་སྤྱོད་དར་སོ་ཆེ་རིགས་གོང་འཕེལ་འགྲོ་རྒྱུ་སྔར་བས་སྲ་བརྟན་དུ་བཏང་ཡོད། 2008ལོའི་འཛད་སྤྱོད་ཁྲོམ་རར་ཉམས་ཆག་ཆེ་ཙམ་བྱུང་བའི་གནས་ཚུལ་ལ་དམིགས་ཏེ་དཔྱ་ཁྲལ་རྩ་ཆག་དང་ཆག་ཡང་གཏོང་རྒྱུ་དང་དམིགས་བསལ་རོགས་དངུལ་སྤྲོད་པ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་པ་དང་། གྲོང་མིའི་འཛད་སྤྱོད་བྱེད་ཤུགས་སླར་གསོ་ཐུབ་པ་བྱུང་ཡོད།
ཐོན་ལས་སྐྱོང་སྤེལ་བྱེད་རྒྱུར་གོམ་སྟབས་གསར་པ་སྤོས་པ། ཁྱད་ཆོས་དང་གཞི་ཁྱོན་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཆེད་དམིགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་མྱུར་པོ་བྱུང་བ་དང་བཟོ་ལས་དཔལ་འབྱོར་གོང་འཕེལ་འགྲོ་ཤུགས་ཆེན་པོ་བྱུང་ཡོད། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ཤིང་། འབྲུ་རིགས་ཐོན་སྐྱེད་བརྟན་པོ་བྱུང་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་སོང་ཡོད། མ་དངུལ་སྒོར་དུང་ཕྱུར་18སྒྲིལ་སྤྱོད་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུར་གཞོགས་སྐྱོར་བྱས་ཡོད། དགེ་སྟོབས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཨར་སྐྲུན་བཟོ་ལས་དང་། ཨར་སྐྲུན་རྒྱུ་ཆས། གཏེར་ལས། ཡུལ་སྐོར། བོད་སྨན་བཅས་ཀྱི་ཚོགས་ཚོ་བདེ་བླག་ངང་སྒྲིག་འཛུགས་བྱས་ཡོད། གཅིག་གྱུར་འཆར་འགོད་དང་། ཁྱད་ཆོས་འབུར་ཐོན། གཅིག་སྡུད་འཛུགས་སྐྱོང་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྡེ་ཁུལ་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་བཏང་ཡོད། ས་གཤིས་རྩད་ཞིབ་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པར་བརྟེན་གཏེར་རྫས་རྩད་བཤེར་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཆེ་འཛིན་ཆུང་བཀག་དང་སྒྲིལ་བཅོས་སྟོབས་ཆེར་གཏོང་བའི་རྩ་དོན་གཞིར་བཟུང་གཏེར་ཁ་སྔོག་འདོན་གྱི་སྒྲིག་ལམ་སྔར་བས་ཚད་ལྡན་བཟོས་ཤིང་། རྒྱ་མའི་ཟངས་གཏེར་སོགས་གཙོ་གནད་གཏེར་ལས་གསར་སྤེལ་རྣམ་གྲངས་གཉེར་སྐྱོང་གང་མགྱོགས་བྱས་ཡོད། དྲིལ་བསྒྲགས་བྲིན་འཚོང་དང་ཞབས་ཞུ་སྒྲུབ་སྟངས་ལེགས་སུ་བཏང་ནས་དགུན་དུས་ཀྱི་ཡུལ་སྐོར་དང་གྲོང་གསེབ་ཀྱི་ཡུལ་སྐོར་མངོན་གསལ་དོད་པོས་དམ་འཛིན་བྱས་པས་ཡུལ་སྐོར་ལས་རིགས་གོང་འཕེལ་མྱུར་པོ་བྱུང་ཞིང་། 2010ལོར་ལྗོངས་ཡོངས་ཀྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་685.1ཟིན་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་71.4ཟིན་པ་དེ་ཁག་སོ་སོར་2005ལོ་དང་བསྡུར་ན་ལྡབ་2.8དང་2.7འཕར་ཡོད། དངུལ་རྩའི་ཐོག་ནས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད། ཚོང་དོན་འཁོར་རྒྱུག་དང་། འགྲིམ་འགྲུལ་སྐྱེལ་འདྲེན། སྦྲག་ལས་འཕྲིན་གཏོང་སོགས་ཞབས་ཞུའི་ལས་རིགས་གོང་འཕེལ་ཆེན་པོ་བྱུང་ཡོད།
གཉིས། གཙོ་གནད་དམ་འཛིན་གྱིས་དམངས་འཚོ་འགན་ལེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཁེ་ཕན་དེ་བས་མང་བ་ཐོབ་པར་བྱས་པ།
ལོ་ལྔའི་རིང་ང་ཚོས་སྔ་ཕྱི་བར་གསུམ་དུ་དམངས་འཚོ་འགན་ལེན་བྱེད་རྒྱུ་དང་ལེགས་སུ་གཏོང་རྒྱུ་དེ་ཐོག་མའི་དམིགས་ས་དང་དོན་ལ་བབ་སར་བརྩིས་ནས་མཐའ་འཁྱོངས་བྱས་ཤིང་། “ལས་འགན་ཨང་དང་པོ ”དམ་འཛིན་བྱས་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་བ། སྤྱི་ཚོགས་བྱ་གཞག་གོང་འཕེལ་མྱུར་པོ་བཏང་བ། སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་གོང་འཕེལ་འབྲས་བུ་ལོངས་སུ་སྤྱོད་ཐུབ་པ་བཅས་བྱས་ཏེ་གོང་འཕེལ་སྔར་ལས་ལེགས་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུའི་མང་ཚོགས་ཀྱི་རྨང་གཞི་དེ་བས་སྲ་བརྟན་དུ་བཏང་ཡོད།
བདེ་འཁོད་ལས་བརྩོན་ཐུབ་པ་བྱེད་རྒྱུ་འཚང་ཁར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་པ། སྡེབ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་170བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་སྡོད་ཁང་ཆ་རྐྱེན་ཅུང་སྐྱོ་བའི་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་27.5དང་མི་གྲངས་ཁྲི་143ཉེན་མེད་གོ་ཆོད་ཀྱི་སྡོད་ཁང་དུ་སྤོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཡོམ་ཟོན་བརྟན་སྐྱོར་ལས་གཞི་དང་། གྲོང་གསེབ་ཀྱི་ཁང་གོག་ཉེན་ཅན་བཟོ་བཅོས་བྱེད་པའི་ཚོད་ལྟ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལས་གཞི་བཅས་སྤེལ་ཡོད། “གཞི་རྩའི་ཆར་ཐག་གཅོད་བྱེད་རྒྱུ་བརྒྱད ”ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཞིང་། སྡེབ་རྩིས་བྱས་ན་མི་མགོ་ཁྲི་153ལ་ཆུ་གཙང་མ་འཐུང་རྒྱུ་ཡོད་པ་དང་། ཤང་དང་གྲོང་རྡལ་159དང་སྲིད་འཛིན་གྲོང་ཚོ་1659ལ་གཞུང་ལམ་ཤར་གཏོང་ཐུབ་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་ལས་འགན་སྔ་བསྣུར་དུ་ལེགས་གྲུབ་བྱུང་ཡོད། ལྗོངས་ཡོངས་སུ་གློག་སྤྱོད་ཐུབ་པའི་ཞིང་འབྲོག་མང་ཚོགས་ཁྲི་74མང་དུ་སོང་བ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་རྩ་བའི་ཆར་ཁ་པར་ཁྲིད་ཐུབ་པ་བྱུང་བ། རླུང་འཕྲིན་བཪྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁེབས་ཚད་ཁག་སོ་སོར་90.3%དང་91.4%ཟིན་པ། ཤང་དང་གྲོང་རྡལ་ལ་སྦྲག་འཕྲིན་གཏོང་ཐུབ་ཚད་85.7%ཟིན་པ། ཞིང་འབྲོག་ཁུལ་ལ་ཏེན་ཚྭ་ཁེབས་ཚད་91.2%ཟིན་པ། དེ་བཞིན་སྐྱ་གྲིབ་སྨིན་པའི་ནད་པར་འཕྲལ་དུ་གཤགས་བཅོས་ཐུབ་ཡོད། གཞན་ཡང་གྲོང་གསེབ་ཀྱི་འབུད་ཤིང་རྒྱུ་ཚབ་ལས་གཞི་སྤེལ་མགྱོགས་སུ་བཏང་ཡོད། དངུལ་རྩའི་ཐོག་ནས “ཞིང་གསུམ ”ལ་ཞབས་འདེགས་ཞུ་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། ཞིང་འབྲེལ་ཡིད་རྟོན་དངུལ་བུན་བཏང་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་165ཟིན་རྒྱུ་ཡིན་པ་དང་། རྫོང་69ལ་ཞིང་འབྲེལ་འགན་བཅོལ་ཁྱབ་སྤེལ་ཐུབ་ཡོད།
སྤྱི་ཚོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་སོང་བ། རྒྱལ་ཡོངས་ནང་ནས་གྲོང་ཁྱེར་དང་གྲོང་གསེབ་ཏུ་རིན་མེད་འགན་བབས་སློབ་གསོ་གཉེར་རྒྱུ་སྔོན་ལ་མངོན་གྱུར་བྱུང་བ་དང་། སྔ་རྗེས་སུ “འགན་གཙང་གསུམ ”གྱི་གྲོན་དངུལ་ཚད་གཞི་ཐེངས་བཞི་སྤར་བས། ཆ་སྙོམས་བྱས་ན་སྒོར་1800ཟིན་ཡོད། “གཞི་རྩའི་ཆ་གཉིས ”འགག་སྒྲོལ་བྱེད་རྒྱུ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། ནང་སར་སློབ་གཉེར་བྱེད་པའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ནང་སའི་བོད་ལྗོངས་འབྲིང་རིམ་ཆེད་ལས་འཛིན་གྲྭ་གཉེར་བ་དང་། རིམ་པ་དང་རིགས་ཁག་གི་སློབ་གྲྭ་ཕྱོགས་ཡོངས་ནས་གོང་འཕེལ་བཏང་ཡོད། ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་ལམ་ལུགས་ཕྱོགས་ཡོངས་ནས་བཟོས་པ་དང་། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་72དང་ཤང་གྲོང་འཕྲོད་བསྟེན་ཁང་682བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་ཚན་པ་ཚང་མར་གཞི་རྩའི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་དང་སྐྱེ་གསོ་གཉིས་ལེགས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་སྔར་བས་ཉུང་དུ་སོང་ཡོད་པ། འགོས་ནད་དང་ཡུལ་ནད་བརྟག་དཔྱད་འགོག་བཅོས་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ་དང་། གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་མྱུར་ཐག་གཅོད་བྱེད་པའི་ནུས་པ་རིམ་བཞིན་ཆེ་རུ་སོང་བ། ལྗོངས་ཡོངས་སུ་ཏེན་རྒྱུ་མི་ལྡེང་བའི་ནད་རྩ་བའི་ཆར་མེད་པ་བཟོ་རྒྱུའི་དམིགས་ཚད་མངོན་གྱུར་བྱུང་ཡོད། གཙོ་གནད་ཚན་རྩལ་ལས་གཞིའི་རྣམ་གྲངས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཚན་རྩལ་ལ་བརྟེན་ནས་དམངས་རྣམས་ཕྱུག་པོ་ཆགས་པ་དང་རྫོང་སྟོབས་ཆེར་གཏོང་བའི་འཆར་གཞི་དང་། ཚན་རྩལ་ཁྱབ་གདལ་བཏང་ནས་ཞིང་པར་ཕན་སྦྱར་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་གཞི། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་བཅས་ལག་བསྟར་གཏིང་ཟབ་བྱས་ཡོད། ཤང་གྲོང་149ཡི་རིག་གནས་བྱེད་སྒོ་སྤེལ་གནས་དང་། སྲིད་འཛིན་གྲོང་ཚོ་2000ལ་ཞིང་དུད་དཔེ་ཁང་བསྐྲུན་པ་དང་། རྫོང་ཁག་ཚང་མར་ཕྱོགས་བསྡུས་རིག་གནས་བྱེད་སྒོ་སྤེལ་གནས་ཡོད་པ་དང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིའི་ཞབས་ཞུའི་དྲ་རྒྱ་རྫོང་རིམ་པར་ཁེབས་ཡོད་པ། རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀར་ཤུགས་སྣོན་སྔར་ལས་ཆེ་བ་བརྒྱབ་པ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ། ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་བྱེད་པའི་གོམ་སྟབས་གསར་པ་སྤོས་ཡོད། རྩལ་འགྲན་ལུས་རྩལ་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། རི་འཛེགས་ལུས་རྩལ་ལ་ལོ་རྒྱུས་ཀྱི་འགག་སྒྲོལ་བྱུང་སྟེ་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ཇོ་རིའི་དཔལ་འབར་བརྒྱུད་སྤྲོད་ལས་འགན་ལེགས་སྒྲུབ་བྱས་ཡོད།
བསྡོམས་རྩིས་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ནས་དེས་ཇུས་ཐག་གཅོད་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་ཞུ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ། མཚན་ཉིད་སྤྱི་ཚོགས་ཚན་རིག་དང་། གསར་འགྱུར་དཔེ་སྐྲུན། རྩོམ་རིག་སྒྱུ་རྩལ་སོགས་བྱ་གཞག་ཁག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། གནམ་དཔྱད། ས་ཡོམ། མི་དམངས་མཁའ་ཟོན། ཐིག་རིས་སོགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། བུད་མེད་དང་བྱིས་པ་དང་། རྒས་འཁོགས། དབང་པོ་སྐྱོན་ཅན་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དང་། གཉིས་བཀུར་ལས་ཀར་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་ཡོད།
ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་སོང་བ། ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་ལས་ཞུགས་ཐད་ལ་ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་བྱེད་རྒྱ་ཆེ་རུ་བཏང་བར་བརྟེན་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་བྱེད་ཚད་80%ཡན་དུ་རྒྱུན་འཁྱོངས་ཐུབ་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་པ། སྐབས་དང་བསྟུན་ནས “ལས་ཞུགས་མེད་པའི་ཁྱིམ་ཚང ”མི་ཡོང་བ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོ་འཁོད་ལས་ཤོར་བསྡུར་ཚད་4%ནང་ཚུན་དུ་ཚོད་འཛིན་བྱས་པ་བཅས་དང་། ཀྲུང་དབྱང་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་སྲུང་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་། གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་བཅས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་རྒྱུ་དེ་རྒྱལ་ཡོངས་ནང་ནས་ཨང་དང་པོར་སླེབས་ཡོད། རྒན་གསོ་དང་། སྨན་བཅོས། ལས་ཤོར་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་ཐད་གཅིག་གྱུར་འཆར་འགོད་བྱེད་རྒྱུའི་རིམ་པ་སྔར་ལས་མཐོ་རུ་སོང་བ་དང་ཐེབས་རྩ་སྙོམ་སྒྲིག་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། འགན་སྲུང་ཁྱབ་ཁོངས་རིམ་གྱིས་རྒྱ་ཆེར་བཏང་བ་དང་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཁག་སོ་སོར་ཟླ་རེར་མི་རེར་ཆ་སྙོམས་སྒོར་330དང་ལོ་རེར་མི་རེར་ཆ་སྙོམས་སྒོར་1300ལ་སྤར་བ། དཀའ་ངལ་ཡོད་པའི་མང་ཚོགས་དང་ལྟ་སྐྱོང་བྱ་ཡུལ་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱེད་རྒྱུར་ཤུགས་བརྒྱབ་པ། སྤྱི་ཚོགས་ཀྱི་ཕན་བདེ་དང་དགེ་སྒྲུབ་སྤྱི་ཕན་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་བཏང་བ། རྒུད་སྐྱོབ་དང་རོགས་སྐྱོར་བྱེད་ཚད་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་བ། ཞིང་འབྲོག་ཁུལ་གྱི “རྒན་གྲས་གསུམ ”གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ལམ་ལུགས་བཙུགས་ནས་དོན་འཁྱོལ་བྱས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བ་དང་སྨན་བཅོས་རྒུད་སྐྱོབ་ལམ་ལུགས་རིམ་གྱིས་ཚགས་ཚུད་དུ་བཏང་བ། ཤང་ཧྲིལ་པོར་སྤེལ་རྒྱུའི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཡོད་པས་དབུལ་པོའི་མི་འབོར་ཤུགས་ཆེན་ཆག་ཡོད། སྒོར་དུང་ཕྱུར་40ལྷག་ཙམ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁང་གླ་ཁེ་བའི་ཁང་པ་ཆ་ཚང་10800དང་ལས་ཤག་26582བརྒྱབ་ཡོད་པས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དང་ལས་བྱེད་ལས་བཟོའི་སྡོད་ཁང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་ཤུགས་ཆེ་སོང་བ། ཞིང་འབྲོག་ལས་ལ་ཐོན་འཕར་ཡོང་རྒྱུ་དང་། ཕན་འབྲས་བཟང་དུ་གཏོང་རྒྱུ། ཁྱད་ལྡན་ཐོན་ལས་གསར་སྤེལ་བྱེད་རྒྱུ། ངལ་ནུས་སྤོ་སྒྱུར་བྱེད་རྒྱུ། ཚན་རྩལ་ཁྱབ་གདལ་གཏོང་རྒྱུ། ཆེད་ལས་མཉམ་འབྲེལ་གྱི་དཔལ་འབྱོར་ཚོགས་པ་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་མགྱོགས་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་བྱེད་པའི་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་2010ལོར་ཞིང་འབྲོག་མང་ཚོགས་མི་རེར་ཆ་སྙོམས་ཁ་གསབ་རོགས་དངུལ་སྒོར་1800ལས་བརྒལ་བ་སྤྲད་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་བྱུང་བ་དང་། ཁེ་ལས་ཀྱི་ལས་བཟོའི་གླ་ཕོགས་ཀྲིག་ཅར་ཐོག་སྤར་རྒྱུའི་ལམ་སྲོལ་ལམ་ཙམ་ཆགས་པ་དང་། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཆ་སྙོམས་སྒོར་900ཟིན་གྱི་ཡོད། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་སྨར་འཕར་ཚད་ལོ་8བསྟུད་མར་གྲངས་གནས་གཉིས་རྒྱུན་འཁྱོངས་ཐུབ་ཅིང་། 2010ལོར་སྒོར་4000ལས་བརྒལ་ཏེ་སྒོར་4138.7ཟིན་པ་དེ་2005ལོ་དང་བསྡུར་ན་99.2%འཕར་བ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་མང་ཚོགས་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་14980ཟིན་པ་དེ་2005ལོ་དང་བསྡུར་ན་78.1%འཕར་བ་རེད།
གསུམ། སྲུང་སྐྱོབ་བྱེད་རྒྱུ་དམ་འཛིན་དང་འཛུགས་སྐྲུན་བྱེད་རྒྱུ་གཙོ་བོར་བཟུང་ནས་སྣོད་བཅུད་ཁོར་ཡུག་མུ་མཐུད་བཟང་པོ་བྱུང་བ།
ལོ་ལྔའི་ནང་། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གཉིས་གཞི་མཚུངས་པོ་ཡོང་རྒྱུ་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱས་ཐོག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་མཐོང་ཆེན་དང་། སྣོད་བཅུད་བཟང་པོ་ཡོང་རྒྱུར་དེ་བས་མཐོང་ཆེན། རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་བཅད་འཛུགས་སྐྱོང་ཧུར་ཐག་བྱས་པར་བརྟེན་གོང་འཕེལ་སྔར་ལས་ལེགས་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུར་སྣོད་བཅུད་ཁོར་ཡུག་གི་འདེགས་སྐྱོར་བྱེད་ནུས་སྔར་བས་སྲ་བརྟན་དུ་བཏང་ཡོད།
སྣོད་བཅུད་སྲུང་བཅད་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱས་པ། ཚན་རིག་དང་མཐུན་པའི་སྒོ་ནས 《བོད་ལྗོངས་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད 》བཟོས་པ་མ་ཟད་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཡང་ཐོབ་ཡོད། ད་ཕན་ལ་ཁྱོན་བསྡོམས་རྒྱལ་ཁབ་ཀྱི་མ་འཇོག་སྒོར་དུང་ཕྱུར་25གནས་འབྱོར་བྱུང་བ་དང་། འཆར་འགོད་གཏན་འཁེལ་བྱས་པའི་གཙོ་གནད་སྲུང་སྐྱོབ་ལས་གྲྭ་དང་། གཙོ་གནད་འཛུགས་སྐྲུན་ལས་གྲྭ འདེགས་སྐྱོར་འགན་སྲུང་རྣམ་གྲངས་བཅས་རིགས་གསུམ་གྱི་ལས་གྲྭ་ཁག་10ལག་བསྟར་བྱེད་འགོ་བཙུགས་ཟིན་ཡོད། བོད་ལྗོངས་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད་ལག་བསྟར་བྱེད་རྒྱུས་མཚོན་པའི་རང་ལྗོངས་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོབ་བྱེད་རྒྱུ་དེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ཧྲིལ་པོ་གོང་དུ་སྤེལ་རྒྱུ། སྲུང་སྐྱོབ་དང་འཛུགས་སྐྲུན་གལ་ཆེ་མཉམ་འཛིན་བྱེད་པ་བཅས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་ལམ་ཙམ་ཆགས་པ། སྣོད་བཅུད་སྐྱོང་གསབ་ཀྱི་ཞིབ་འཇུག་བྱས་ནས་སྣོད་བཅུད་ཀྱི་ཕན་འབྲས་སྐྱོང་གསབ་བྱེད་རྒྱུའི་ལམ་སྲོལ་རིམ་བཞིན་བཙུགས་ཏེ་བོད་ཀྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་བྱེད་པར་གཟེངས་བསྟོད་བྱེད་ལམ་ཚོད་ལྟ་བྱེད་རྒྱུ་དེ་རྒྱལ་ཡོངས་སུ་ཨང་དང་པོར་འགོ་བཙུགས་པ་དང་། ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་སྐྱོང་གསབ་ལམ་སྲོལ་བཙུགས་ནས། ལྗོངས་ཡོངས་ཀྱི་རྫོང་ཁག་65ཡི་སྤྱི་ཕན་གླིང་ཁ་མུའུ་དུང་ཕྱུར་1.5ལྷག་ཙམ་ཞིག་སྐྱོང་གསབ་བྱེད་ཁོངས་སུ་བཅུག་པ། རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ཀྱི་བྱེད་ནུས་ཐོན་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་ལས་དོན་སྤེལ་ཞིང་། རིམ་ཁག་རང་བྱུང་སྲུང་སྐྱོབ་ཁུལ་47དང་སྣོད་བཅུད་ཀྱི་བྱེད་ནུས་སྲུང་སྐྱོབ་ཁུལ་21བཙུགས་པ་དང་། ཤིང་བཙུགས་ནགས་བཟོ་མུའུ་ཁྲི་172.1ཙམ་བྱས་པ། བྱེ་གནོད་འགོག་བཅོས་མུའུ་ཁྲི་64བྱས་པ། ནགས་སྦོལ་ཞིང་ཁ་ནགས་སུ་བསྒྱུར་བ་མུའུ་ཁྲི་58.5ཙམ་ཟིན་པ། སྐྱས་སྤོས་རྩྭ་གསོ་བྱས་པ་མུའུ་ཁྲི་5911ཟིན་པས་རང་ལྗོངས་ཀྱི་གཙོ་གནད་སྣོད་བཅུད་ཁུལ་ལ་སྲུང་སྐྱོབ་ནུས་ལྡན་བྱུང་ཡོད།
སྣོད་བཅུད་ཁོར་ཡུག་ལ་ལྟ་འདོམས་དང་ནུས་རྒྱུ་བསྲི་ཚགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོང་ཚོད་སྐོར་བྱེད་རྒྱུའི་ལས་དོན་དེ་རིམ་བཞིན་ཚད་ལྡན་བཟོས་པ་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོང་ཚོད་སྐོར་བྱེད་རྒྱུའི་འཆར་འགོད་ལས་དོན་ཤུགས་ཆེ་སྤེལ་ཡོད། ལས་གྲྭ་འཛུགས་སྐྲུན་གྱི་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་ལམ་རིམ་བཞིན་བཙུགས་པ། བཙོག་སྐྱོན་འགོག་བཅོས་དང་ཁོར་ཡུག་ལ་ཟེར་འགྱེད་ཡོད་རིགས་ལ་དོ་དམ་བྱེད་རྒྱུའི་ལས་དོན་ཚགས་ཚུད་སྤེལ་བ། འཐུང་ཆུའི་ཆུ་རྩའི་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ། གཏེར་རིའི་ས་གཤིས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ། ཁོར་ཡུག་ལ་ལྟ་ཞིབ་དང་བརྟག་དཔྱད་བྱེད་པའི་ནུས་པ་རིམ་གྱིས་ཆེ་རུ་བཏང་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་ལས་འགུལ་གཏིང་ཟབ་སྤེལ་ཏེ། བྱེ་གསེར་དང་ལྕགས་བྱེ་བཅས་སྔོག་འདོན་བྱེད་རྒྱུ་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་པ། སྤྱོད་གཅིག་མའི་འགྱིག་ཤོག་ཁུག་མ་བཟོ་བ་དང་། འཚོང་བ། བེད་སྤྱོད་པ་བཅས་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་ཡོད། ནུས་རྒྱུ་བསྲི་ཚགས་དང་བཙོག་ཆུ་བཤང་འབུད་ཉུང་དུ་གཏོང་རྒྱུའི་ལས་འགན་དོན་འཁྱོལ་ནན་ཏན་བྱས་པ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲི་རེའི་ནང་ནུས་རྒྱུ་ཟད་གྲོན་བྱེད་ཚད་རྡོ་སྲོལ་ཚད་མ་ཀྲོན་1.28ནང་ཚུན་དུ་ཚོད་འཛིན་བྱས་པ། བཙོག་དངོས་གཙོ་གྲས་བཤང་གཏོང་བྱེད་རྒྱུར་ཚོད་འཛིན་ནན་པོ་བཅས་བྱས་ནས་ཁོར་ཡུག་གི་སྤུས་ཚད་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།
བཞི། གསར་གཏོད་བྱེད་རྒྱུ་དམ་འཛིན་བྱས་ནས་གསོན་ཤུགས་འཕེལ་བ་དང་། སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ།
ལོ་ལྔའི་ནང་ང་ཚོས་སྒྱུར་བཅོས་སྒོ་མོ་དབྱེ་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ་། ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་བཅས་ཀྱི་རྩ་བའི་སྒུལ་ཤུགས་སུ་བརྩིས་ནས་རྒྱུན་འཁྱོངས་བྱས་ཏེ། གོང་འཕེལ་གཏོང་བའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་གནད་རྣམས་སེལ་བ་དང་། གོང་འཕེལ་གཏོང་བའི་གསོན་ཤུགས་ཆེ་རུ་བཏང་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྔར་བས་བཅིངས་འགྲོལ་དང་གོང་མཐོར་བཏང་བ་བཅས་བྱས་ཏེ་གོང་འཕེལ་སྔར་ལས་ལེགས་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུར་ལམ་སྲོལ་གྱི་འགན་ལེན་བྱེད་ནུས་སྔར་ལས་ཆེ་རུ་སོང་ཡོད།
སྒྱུར་བཅོས་བྱེད་སྒོ་ཁག་བརྟན་པོའི་སྒོ་ནས་སྤེལ་བ། ཞིང་འབྲོག་ཁུལ་གྱི “ཡུན་རིང་འགྱུར་བ་མི་གཏོང་བ་གསུམ ”གྱི་གཞི་རྩའི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་རྩྭ་ར་གཉེར་སྐྱོང་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཡག་པོ་བྱས་པ་དང་། མཉམ་སྡེབ་གླིང་ཁའི་བདག་དབང་ལམ་ལུགས་བཟོ་རྒྱུ་ལམ་ལྷོངས་བྱུང་བ། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུ་མགྱོགས་སུ་སོང་བ། ཞིང་ཁུལ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་བཅས་དང་། འབྲུ་རིགས་འཁོར་རྒྱུག་བྱེད་ལམ་སྒྱུར་བཅོས་བྱེད་རྒྱུར་དོན་ངོ་མའི་གྲུབ་འབྲས་ཐོབ་ཡོད། ཁེ་ལས་སྒྱུར་བཅོས་བྱེད་རྒྱུར་འགག་སྒྲོལ་ཆེན་པོ་བྱུང་བ་དང་། མ་འཇོག་དང་། ནོར་ཁྲལ། རིན་གོང་བཅས་བསྒྱུར་བཅོས་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་བ། མ་རྩའི་ཁྲོམ་རར་གོང་འཕེལ་གསར་པ་བྱུང་བ། ས་གནས་ཀྱི་ཁྲིམས་ཚན་དངུལ་ཁང་འཛུགས་རྒྱུའི་གྲ་སྒྲིག་ལས་དོན་ཧུར་ཐག་སྤེལ་བ། བོད་ལྗོངས་མཁའ་འགྲུལ་ཀུང་སི་བཙུགས་པ་དང་། ཚྭ་ལས་སྒྲིག་གཞི་སྒྱུར་བཅོས་བྱེད་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་པ། གྲོང་གསེབ་ཀྱི་ཆུ་གློག་སྒྲིག་གཞི་སྒྱུར་བཅོས་བྱེད་རྒྱུ་ལམ་ལྷོངས་བྱུང་བ། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་སྒྱུར་བཅོས་བྱེད་རྒྱུ་ཕྱོགས་ཡོངས་ནས་སྤེལ་བ། སྲིད་གཞུང་གི་སྐབས་གསར་པའི་སྒྲིག་གཞི་སྒྱུར་བཅོས་བྱེད་རྒྱུ་རྩ་བའི་ཆ་ནས་ལེགས་གྲུབ་བྱུང་བ། བྱ་གཞག་ཚན་པའི་སྒྱུར་བཅོས་བྱེད་རྒྱུ་བརྟན་པོའི་ངང་སྤེལ་བ། སྲིད་འཛིན་དོ་དམ་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་བ། སྲིད་གཞུང་གི་དོ་དམ་དང་ཞབས་ཞུའི་ནུས་པ་སྔར་བས་ཤུགས་ཆེར་སོང་བ་བཅས་བྱུང་ཡོད།
སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ། གཟིགས་སྐྱོང་སྲིད་ཇུས་ཚགས་ཚུད་དུ་བཏང་བ་དང་ལག་བསྟར་ནན་ཏན་བྱས་པ་དང་། སྲིད་གཞུང་གི་ཞབས་འདེགས་ཞུ་སྒོའི་རིགས་ཟམ་མི་ཆད་པར་ལེགས་སུ་བཏང་བར་བརྟེན་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་བྱུང་ནས་ལས་གཉེར་བྱེད་མཁན་མི་གྲངས་ཁྲི་35ཙམ་འཕེལ་ཡོད་པ་དང་། ལོ་ལྔའི་ནང་བསྡོམས་དཔྱ་ཁྲལ་སྒོར་དུང་ཕྱུར་106.6བསྐྱལ་ཡོད་པ་དེས་ལྗོངས་ཡོངས་ཀྱི་ཁྲལ་འབབ་བསྡོམས་འབོར་གྱི་72.1%ཟིན་ཡོད། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱིས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པས། དེ་ནི་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་གསོན་ཤུགས་ལྡན་པའི་དཔུང་ཁག་ཅིག་ཏུ་གྱུར་ཡོད།
ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་བ། མེས་རྒྱལ་ནང་ཁུལ་དུ་སྒོ་མོ་འབྱེད་རྒྱུ་གཙོ་བོར་བྱས་པའི་ཁྱབ་རྒྱ་ཆེ་བ་དང་རིམ་པ་མང་བའི་སྒོ་དབྱེའི་རྣམ་པ་ཞིག་རིམ་གྱིས་ཆགས་བཞིན་ཡོད། ས་ཁུལ་ཕན་ཚུན་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ནས། གྲན་ཏུའུ་དང་གྲུང་ཆིང་གི་དཔལ་འབྱོར་འཁོར་རྒྱའི་ནང་ཧུར་བརྩོན་གྱིས་འཛུལ་ཞུགས་བྱས་པ་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་སྣོད་བཅུད་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་འབྲེལ། ཉེ་འཁོར་ཞིང་ཆེན་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་ཁག་གཅིག་དང་འཐབ་ཇུས་མཉམ་ལས་བྱེད་རྒྱུའི་གྲོས་མཐུན་བཞག་པ། ཧྲང་ཧའེ་འཛམ་གླིང་དངོས་ཟོག་འགྲེམས་ཚོང་ལ་ཞུགས་རྒྱུའི་སྒྲིག་འཛུགས་ཚགས་ཚུད་དང་ཐེ་ཞུགས་ཧུར་ཐག་བྱས་ཏེ་དར་རྒྱས་གོང་འཕེལ་འགྲོ་བའི་བོད་ཀྱི་རྣམ་པ་གསར་པ་གང་ལེགས་མཚོན་པར་བྱས་ཡོད་པས་བོད་ཀྱི་འགྲེམས་སྟོན་ཁང་དེ་ཚང་མས་དགའ་ཤོས་བྱེད་པའི་འགྲེམས་སྟོན་ཁང་ཞིག་ཆགས་ཡོད། ཕྱི་ཕྱོགས་ཚོང་དོན་མུ་མཐུད་རྒྱ་ཆེར་བཏང་ནས་། འགག་སྒོ་འཛུགས་རྒྱུ་དང་དོ་དམ་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་བར་བརྟེན་ཕྱིར་ཚོང་ནང་འདྲེན་གྱི་རིམ་རྩིས་སྤྱི་འབོར་ཨ་སྒོར་དུང་ཕྱུར་27.3ཟིན་པ་དང་། རང་བཟོས་ཐོན་རྫས་ཕྱིར་ཚོང་ཡོང་འབབ་ཨ་སྒོར་དུང་ཕྱུར་2ཟིན་ཡོད། རྒྱལ་ཡོངས་ཀྱི་ག་སྦྱར་བོད་སྐྱོར་བྱེད་ཤུགས་སྔར་བས་ཤུགས་ཆེ་རུ་བཏང་བ། རྒྱལ་ཡོངས་ཀྱི་དཔལ་འབྱོར་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་དང་པོ་དེ་སྐོང་ཚོགས་གྲ་འགྲིག་བྱུང་བ་དང་། རྒྱལ་ཁབ་ཀྱི་པུའུ་ཨུད་མང་པོ་ཞིག་གིས་སྡེ་ཁག་བོད་སྐྱོར་ལས་དོན་ཚོགས་འདུ་ཆེད་མངགས་སྐོང་ཚོགས་བྱས་ནས་བོད་སྐྱོར་ལས་དོན་སྤེལ་ལམ་མུ་མཐུད་ཚགས་ཚུད་དུ་བཏང་ཞིང་། ལོ་ལྔའི་ནང་བོད་སྐྱོར་ལས་བྱེད་མི་གྲངས་2661བོད་དུ་ཡོང་ནས་ལས་ཀ་བྱས་པ་དང་བོད་སྐྱོར་རྣམ་གྲངས་དང་མ་དངུལ་རྣམས “ཞིང་གསུམ ”དང་དམངས་འཚོའི་ཐད་འཁྱོགས་རྒྱུར་ཁྲིད་སྟོན་བྱས་ཡོད། བོད་སྐྱོར་མ་དངུལ་སྔ་རྗེས་བསྡོམས་ན་སྒོར་དུང་ཕྱུར་75.7བྱུང་ཡོད།
ལྔ། བརྟན་ལྷིང་སྲུང་སྐྱོང་དམ་འཛིན་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་དེ་བས་བརྟན་ལྷིང་གཞི་མཐུན་བྱུང་བ།
ལོ་ལྔའི་རིང་ང་ཚོས་སྔ་བར་ཕྱི་གསུམ་དུ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མཐའ་འཁྱོངས་བྱས་ནས་དམངས་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་བཅས་ལ་བརྟེན་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བ་དང་། གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་བའི་བསམ་བློ་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་བརྟན་པ་བཏིང་ཡོད།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་པ། ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་རྒྱུའི་ཀྲུང་དབྱང་གི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ཏཱ་ལར་ཐེར་འདོན་དགག་རྒྱག་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ནས་ལྷ་སའི “གསུམ་པའི་བཅུ་བཞིའི ”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཁྲིམས་ལུགས་གཞིར་བཟུང་འཕྲལ་ཐག་ཆོད་པོས་ཐག་གཅོད་བྱས་པ་དང་། དུས་ཐུང་ནང་རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་སླར་གསོ་བྱས་ཏེ་ཏཱ་ལའི་རུ་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་དགྲ་ཡའི་ཕྱོགས་གཏོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྒོར་རྡུང་རྡེག་ཚ་ནན་བཏང་ཡོད། “ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། གོང་འཕེལ་ལ་སྐུལ་འདེད་གཏོང་བ ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ་ཡིན་པ ”ཚང་མས་རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་བྱུང་སྟེ་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བསམ་བློ་དང་། རང་རྟོགས་བྱེད་སེམས། རང་འགུལ་བྱེད་སེམས་བཅས་སྔར་བས་ཆེ་རུ་སོང་ཡོད། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་ཚགས་ཚུད་དུ་སོང་བ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། དམག་ཉེན་དམངས་གསུམ་གྱིས་མཉམ་འགོག་མཉམ་བཅོས་བྱེད་པའི་ལས་དོན་ཤུགས་ཆེ་སྤེལ་བ་དང་མཐའ་མཚམས་དོ་དམ་དང་སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཡོད། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཕྱི་འབྲེལ་དོན་ཆེན་ལ་ཞབས་ཞུ་བསྒྲུབས་ནས་བོད་འབྲེལ་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ཧུར་ཐག་སྤེལ་བ་དང་། ཕྱི་འབྲེལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་གི་བྱེད་སྒོ་སྤེལ་ཡུལ་ནུས་ལྡན་ངང་མཐའ་ལ་གཅུར་ཐུབ་པ་བྱུང་ཡོད།
སྤྱི་ཚོགས་དོ་དམ་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པ། སྤྱི་ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་འདྲ་མིན་རིགས་ལ་དོགས་ཟོན་ནན་པོ་དང་ཁྲིམས་ལུགས་གཞིར་བཟུང་རྡུང་རྡེག་བཏང་ཡོད། དོ་དམ་དང་ཞབས་ཞུ་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་མིར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་སྡེ་ཁུལ་ལ་དོ་དམ་དང་ཞབས་ཞུ་སྒྲུབ་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཐོན་ཁུངས་གསར་སྤེལ་དང་། དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་ཉོ་ཚོང་། གླ་ཕོགས་ཆད་འགྱངས་སོགས་ཐད་ཀྱི་འགལ་ཟླ་དང་རྩོད་ཪྙོག་འཕྲལ་མར་འདུམ་སེལ་དང་ཐག་གཅོད་འཚམ་པོ་བྱས་པ་དང་། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་མི་ཐོན་སྔོན་འགོག་ནུས་ལྡན་བྱས་པ་དང་ཐོན་རིགས་ཐག་གཅོད་འཚམ་པོ་བྱས་ཡོད། འཕྲལ་བསྟུན་དོ་དམ་མ་ལག་ཟམ་མི་ཆད་པར་ཚགས་ཚུད་དུ་བཏང་ནས་གློ་བུར་དུ་ཐོན་པའི་དོན་རྐྱེན་འདྲ་མིན་རིགས་ཐག་གཅོད་དང་འཕྲལ་སྡོམ་བྱས་ཡོད། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཁྲིམས་ཀྱི་གཞི་རིམ་རྨང་གཞིའི་འཛུགས་སྐྲུན་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཡོད། འགྲོ་ལམ་འགྲིམ་འགྲུལ་དང་། བཟའ་བཅའ། སྨན་རྫས། གཏེར་ཁ། ཡུལ་སྐོར་བཅས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱེད་རྒྱུའི་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བའི་འགན་ལེན་ནུས་ལྡན་བྱས་ཡོད།
མི་རིགས་དང་ཆོས་ལུགས་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་དུ་སོང་བ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་ཡོད། “མཐའ་དར་དམངས་ཕྱུག ”གི་ལས་ཀ་ཏན་ཏིག་བྱས་ནས་མི་འབོར་ཉུང་བའི་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་མགྱོགས་མྱུར་གོང་འཕེལ་ཡོང་བ་བྱས་པ་དང་གྲངས་ཉུང་མི་རིགས་དང་བུད་མེད་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་རྒྱུར་མཐོང་ཆེན་བྱས་པ། བོད་སྐད་ཡིག་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་བཅས་ལ་བརྟེན་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོ་སྲ་བརྟན་གོང་འཕེལ་བྱུང་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་དགོན་སྡེར་དོ་དམ་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་བཙུགས་པ་དང་ཚགས་ཚུད་དུ་བཏང་བ་དང་། ཁྲིམས་ལུགས་གཞིར་བཟུང་ཆོས་ལུགས་བྱ་བར་དོ་དམ་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཐུབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་དང་རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཆེ་རུ་སོང་ཡོད།
སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་རྒྱུར་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་བཏང་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ནས་རྟེན་འབྲེལ་མཛད་སྒོ་གཉེར་བ་དང་། ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60འཁོར་བ་དང་། པེ་ཅིང་ཨའོ་རྩལ་འགྲན་ཚོགས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་50འཁོར་བ། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ་སོགས་ཀྱི་གལ་ཆེའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གལ་ཆེའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། སྤྱི་ཚོགས་ཁྱོན་ཡོངས་ལ “ཡག་པ་དྲུག ”གི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ཡོད། ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་གསར་པ་དང་། གོང་འཕེལ་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་རླབས་ཆེན་མེས་རྒྱལ་ལ་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་འགྲོ་བ་བྱས་ཡོད།
ལོ་ལྔའི་རིང་ང་ཚོས་སྔ་ཕྱི་བར་གསུམ་དུ་དམངས་ལ་ཞབས་ཞུ་དང་། དམ་པ་དོན་གཉེར། གཞུང་དྲང་སྤྱོད་གཙང་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གཞུང་གི་དོ་དམ་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པ་དང་། སྔོན་གཏོད་ལེགས་བརྩོན་བྱེད་པ། ལས་བྱེད་པ་ཁྲི་ཚོ་གཞི་རིམ་དུ་སྐྱོད་པ། ལས་བྱེད་པ་སྟོང་ཕྲག་གྲོང་ཚོ་བརྒྱར་བསྐྱོད་ནས་རོགས་རམ་གཉིས་བྱེད་པ། སྤྱོད་ཚུལ་ལེགས་སྐྱོང་ལོ་དང་ནུས་ཕྱོད་ཆེར་བསྐྱེད་ལོ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཏང་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་དང་། གཞི་རིམ་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་བ། སྲིད་འཛིན་ནུས་ཕྱོད་སྔར་བས་ཆེ་རུ་བཏང་བ་བཅས་བྱས་ཡོད། དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ནས་རང་འགུལ་ཐོག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་བྱས་པ་དང་། རང་འགུལ་ཐོག་སྲིད་གྲོས་ཀྱི་ལྟ་སྐུལ་དང་ལེན་བྱས་ཤིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་འཆར། སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་བཅས་ཁྱོན་བསྡོམས་2863གཉེར་སྒྲུབ་བྱས་པ་དང་། ལན་འདེབས་བྱེད་ཚད་100%ཟིན་ཡོད། 《སྲིད་འཛིན་བཀའ་འཁྲོལ་བཅའ་ཁྲིམས 》དང་སྲིད་འཛིན་ཁྲིམས་བཞིན་སྐྱོང་རྒྱུའི་ལག་བསྟར་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཀྱི་ཁྲིམས་ལུགས་ལྟ་བ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་བྱེད་མགྱོགས་སུ་བཏང་ནས་ཁྲིམས་བཞིན་སྲིད་འཛིན་ནན་པོ་བྱེད་པ་དང་། སྲིད་དོན་ཡོངས་བསྒྲགས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་སྲིད་གཞུང་གི་དོ་དམ་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། དེ་བཞིན་ཁྲིམས་འཛིན་ལྟ་ཞིབ་དང་། ནུས་ཆོད་ལྟ་ཞིབ། སྤྱོད་གཙང་ལྟ་ཞིབ་བཅས་བྱེད་རྒྱུར་ཤུགས་སྣོན་གང་ལེགས་བརྒྱབ་སྟེ་འབྱུང་རྩ་རང་ནས་རུལ་སུངས་སྔོན་འགོག་དང་བཅོས་སྐྱོང་བྱེད་རྒྱུར་དོ་སྣང་བྱས་པ་དང་། སྲིད་གཞུང་གི་སྤྱོད་གཙང་འཛུགས་སྐྱོང་བྱེད་རྒྱུ་དང་ལས་རིགས་ཀྱི་ཚུལ་མིན་སྤྱོད་ཚུལ་ཡོ་བསྲང་བྱེད་རྒྱུར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྤྱི་དམངས་ཐེ་ཞུགས་བྱེད་པ་དང་། རིགས་གཅིག་མཁས་དབང་ལ་བློ་འདྲི་བྱེད་པ། སྲིད་གཞུང་གིས་ཐབས་འདོན་ཇུས་ཐག་གཅོད་པ་བཅས་ཟུང་འབྲེལ་ཇུས་ཐག་གཅོད་པའི་ལམ་སྲོལ་ཟམ་མི་ཆད་པར་ཚགས་ཚུད་དུ་བཏང་བ་དང་ཚན་རིག་དང་མཐུན་པའི་དམངས་གཙོའི་ཇུས་ཐག་གཅོད་རྒྱུ་དེ་སྲིད་གཞུང་གི་ལས་ཀའི་ཚད་འཛིན་དུ་འགྱུར་བ་བྱས་ཡོད།
འཐུས་མི་རྣམ་པ། འདས་མ་ཐག་པའི་2010ལོ་ནི་ལོ་ལྔ་ཚན་བཅུ་གཅིག་པའི་ལོ་མཇུག་མ་དེ་ཡིན། ལོ་གཅིག་རིང་། ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ། སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་བྲལ་མེད་ཕྱོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་དཔེ་མཚོན་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་སོང་བའི་ཐོག ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་ནས་འཕར་མགྱོགས་པོ་བྱུང་བ་དང་། ཀྲུང་དབྱང་གི་མ་འཇོག་འགག་སྒྲོལ་ཆེན་པོ་བྱུང་ནས་རྣམ་གྲངས་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛད་སྤྱོད་མུ་མཐུད་རྟ་མགོ་མཉམ་གཤིབ་ཀྱི་ཐོག་ནས་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ། ཁྱད་ལྡན་ཐོན་ལས་འཕེལ་ངོ་བཟང་བ། སློབ་གསོ་དང་འཕྲོད་བསྟེན། རིག་གནས། ཚན་རྩལ་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་ཞིང་། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། སྣོད་བཅུད་བཟང་པོ་བཟོ་རྒྱུའི་ལས་དོན་ཚགས་ཚུད་སྤེལ་བ། སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་བཅས་ཀྱི་ཐོག་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཡོད་པས་ལོ་ལྔ་ཚན་བཅུ་གཅིག་པ་དེ་ཕུན་སུམ་ཚོགས་པོའི་སྒོ་ནས་མཇུག་སྒྲིལ་ཐུབ་པ་བྱུང་ཡོད། 2010ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་གོང་མ་ལས་12.3%འཕར་བ་དང་། ས་གནས་ནོར་སྲིད་སྤྱིར་བཏང་སྔོན་རྩིས་ཀྱི་21.8%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་22.1%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རིགས་སིལ་ཚོང་བསྡོམས་འབོར་18.7%འཕར་ཡོད་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་འཕར་ཚད་དེ་2.2%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྣོན་ལས་ཞུགས་མི་གྲངས་ཁྲི་2.1ཟིན་ཡོད།
འཐུས་མི་རྣམ་པ། ལོ་ལྔའི་རིང་དཀའ་སྤྱད་འབད་བརྩོན་བྱས་ནས་གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད། དེའི་རིང་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་མ་དངུལ། རྣམ་གྲངས་བཅས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། ག་སྦྱར་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད་པས་ཀྲུང་དབྱང་དང་རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་ཤོས་ཀྱི་ལོ་ལྔ་ཡིན་པ་དང་། དབང་བའི་ལམ་ལུགས་འདྲ་མིན་རིགས་ཀྱི་དཔལ་འབྱོར་གཅིག་ཤོར་གཉིས་ཤོར་གྱིས་གོང་འཕེལ་འགྲོ་བ་དང་། ནང་ས་དང་མཉམ་ལས་སྤེལ་རེས་བྱེད་ཤུགས་ཉིན་རེ་བཞིན་ཆེ་རུ་ཕྱིན་ནས་བསྒྱུར་བཅོས་སྒོ་དབྱེའི་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་ལོ་ལྔ་ཡིན་པ། མ་འཇོག་དང་འཛད་སྤྱོད་གོམ་པ་མཉམ་བགྲོད་ཀྱི་ཐོག་ནས་དཔལ་འབྱོར་འཕར་སྣོན་གཏོང་རྒྱུར་སྐུལ་ཁྲིད་བྱེད་པའི་རྣམ་པ་རགས་ཙམ་ཆགས་ཏེ་དཔལ་འབྱོར་སྤྱི་འབོར་བསྟུད་མར་སྐས་རིམ་ཆེན་པོ་གསུམ་འཛེགས་ནས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་སྔར་ལས་ལེགས་པ་དང་སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་བྱུང་བའི་ལོ་ལྔ་ཡིན་པ། བདེ་སྡོད་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་སོང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བའི་ལོ་ལྔ་ཡིན་པ། ལས་འགན་གཙོ་བོ་དེ་ཚགས་སུ་ཚུད་པ་སྤེལ་བ་དང་སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་ལེགས་བཅོས་བྱུང་ནས་མི་རིགས་ཁག་གི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཐོབ་ཆེ་ཤོས་ཀྱི་ལོ་ལྔ་ཡིན་པ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུ་ནོར་བདག་གཉེར་དང་ཕྱོགས་བསྡུས་ཀྱིས་གཅིག་གྱུར་འཆར་འགོད། ནོར་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་པ་བཅས་ལ་བརྟེན་ནོར་སྲིད་འགན་སྲུང་ཡག་ཤོས་ཐུབ་པའི་ལོ་ལྔ་ཡིན་པ། སྣོད་བཅུད་སྲུང་བཅད་འཛུགས་རྒྱུར་འགག་རྩའི་ལས་དོན་སྒྲུབ་ཐུབ་པ་བྱུང་བ་དང་སྣོད་བཅུད་སྲུང་སྐྱོང་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུ་ཇེ་མགྱོགས་སུ་ཕྱིན་ནས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་རྒྱུའི་ཐད་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་ལོ་ལྔ་བཅས་ཡིན། ལོ་ལྔའི་རིང་། ང་ཚོས་གཞི་མཐུན་བོད་ལྗོངས་འཛུགས་སྐྱོང་བྱེད་རྒྱུའི་ལས་དོན་ཚགས་ཚུད་སྤེལ་བར་བརྟེན་སྤྱི་ཚོགས་མུ་མཐུད་བརྟན་ལྷིང་བྱུང་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད། ད་ལྟའི་བོད་ལྗོངས་ནི་གོང་འཕེལ་ཇེ་མགྱོགས་སུ་གཏོང་བའི་ཕྱོགས་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་། བལྟོས་བཅས་སྒོ་བཀག་གི་རྣམ་པ་ནས་ཕྱོགས་ཡོངས་ནས་སྒོ་མོ་དབྱེ་བ། ཞིང་འབྲོག་ལས་རྐྱང་པ་ནས་སྣེ་མང་དཔལ་འབྱོར་མཉམ་དུ་གོང་འཕེལ་འགྲོ་བ། རང་བྱུང་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་པའི་ཕྱོགས་ནས་སྣོད་བཅུད་ཧྲིལ་པོ་ལེགས་སྐྱོང་བྱེད་པ། མ་མཐའི་འཚོ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། རྩ་བའི་ཆར་བརྟན་ལྷིང་ཡོང་བ་བྱེད་རྒྱུ་ནས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་བཅས་ཀྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པས་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་དང་ལོ་རྒྱུས་ཀྱི་འགོ་འཛུགས་མཚམས་གསར་པའི་ཐོག་སླེབས་ཡོད།
ལོ་ལྔའི་རིང་། དཀའ་ཚེགས་དང་འགལ་རྐྱེན་གྱི་ཁྲོད་དུ་ང་ཚོས་སྦྱོང་བརྡར་བྱས་ནས་མདུན་སྐྱོད་བྱས་པ། ཏཱ་ལའི་རུ་ཚོགས་ཀྱིས་རྒྱུན་ཆད་མེད་པར་འགོག་རྐྱེན་དང་གཏོར་བཤིག་བཏང་བ་དང་། རང་བྱུང་གནོད་འཚེ་འདྲ་མིན་མང་པོ་ཐོན་པ། སྤྱི་ཡོངས་ཀྱི་དཔལ་འབྱོར་ཁོར་ཡུག་ཛ་དྲག་པ་སོགས་ཀྱི་འགྲན་རྩོད་ལ་གདོང་ལེན་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་བཅས་ཀྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དུས་ངལ་མཉམ་སེལ་དང་བློ་སེམས་གཅིག་སྒྲིལ་ཐོག་མཁོ་དགོས་རྒྱ་ཆེར་གཏོང་རྒྱུ་དང་། འབབ་འཕར་ལ་སྐུལ་འདེད། དམངས་འཚོར་ཕན་སྦྱར། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་རྒྱུའི་ཐད་ཉམས་མྱོང་བཟང་པོ་གསོག་འཇོག་བྱས་ཡོད། མདོར་ན། དཀའ་ངལ་དུ་མས་ང་ཚོའི་སེམས་ལ་ཞུན་བརྡར་བྱས་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་ཪྙོག་འཛིང་ཆེ་བའི་དུས་བབ་ཁ་ལོ་སྒྱུར་ནུས་ལ་སྦྱོང་བརྡར་ཐེབས་ནས་ནུས་པ་ཇེ་ཆེར་སོང་ཡོད།
ལོ་ལྔའི་རིང་། ང་ཚོས་རྩ་ཆེའི་གོ་སྐབས་ཀྱི་ཁྲོད་དུ་མདུན་སྐྱོད་བྱས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱས་པ་དང་། རྒྱལ་ཁབ་ནས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་སོགས་ཀྱི་གོ་སྐབས་བཟང་པོའི་མདུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་གོ་སྐབས་དམ་འཛིན་དང་དུས་ཚོད་སྐད་ཅིག་ཙམ་ཡང་མ་ལྷོད་པར་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་ཡོང་རྒྱུ་བཅས་ལ་སྐུལ་སྤེལ་ནུས་ལྡན་བཏང་ཡོད། ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་གནང་བ་དེས་ང་ཚོའི་བློ་སྟོབས་ལ་སྐུལ་ལྕག་ཐེབས་ནས་ང་ཚོས་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་བསྐྱོད་རྒྱུའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
ལོ་ལྔའི་རིང་མཐུན་སྒྲིལ་འབད་འཐབ་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རླབས་ཆེན་གྱི་དུས་རབས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་གཏོད་ཡོད། གྲུབ་འབྲས་དེ་ལྟ་བུ་ནི་ཐོབ་དཀའ་བ་ཞིག་ཡིན་ཞིང་། དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཡང་དག་པའི་འགོ་ཁྲིད་གནང་བ་དང་རྒྱལ་ཡོངས་མི་དམངས་ཚོས་འཇུངས་པ་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགལ་རྐྱེན་སྣ་ཚོགས་ལ་ཁ་གཏད་བཅག་པའི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གིས་འབད་བརྩོན་བྱས་པའི་འབྲས་བུ་བཅས་རེད། དེར་བརྟེན། ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་དཀའ་སྤྱད་ངལ་རྩོལ་གནང་མཁན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དང་རྒྱལ་ཡོངས་མི་དམངས་རྣམས། ལྷག་པར་དུ་ག་སྦྱར་རོགས་སྐྱོར་གནང་མཁན་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། རྐང་འཛིན་ཁེ་ལས་གཙོ་གྲས་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། སྲིད་གཞུང་གི་ལས་ཀར་ཤུགས་ཆེའི་རྒྱབ་སྐྱོར་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་བཅས་ལ་ལྷག་བསམ་དག་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། རང་ལྗོངས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལོ་ལྔའི་འོད་སྟོང་འཕྲོ་བའི་ལག་ལེན་གྱི་ཐོག་ནས་ང་ཚོས་རྩ་ཆེའི་ཉམས་མྱོང་བཟང་པོ་གསོག་འཇོག་ཐུབ་པ་མ་ཟད། མྱོང་ཚོར་ཡང་ཟབ་མོ་ཐོབ་པ་སྟེ།
ངེས་པར་དུ་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། དེ་ནི་ང་ཚོའི་ལས་དོན་ཐམས་ཅད་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་རྒྱུའི་རྩ་བའི་འགན་ལེན་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་ང་ཚོའི་ལས་དོན་ཁག་ལ་འགོ་ཁྲིད་བྱེད་མཁན་སྲོག་ཤིང་ལྟ་བུ་ཡིན་པས་ཏང་གི་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཇུས་ཐབས་དང་བཀོད་སྒྲིག་རྣམས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ན་གཞི་ནས་བསམ་བློ་གཅིག་གྱུར་བྱུང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་ལམ་བུ་ཞིག་གཏོད་ཐུབ་རྒྱུ་རེད།
ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ཐོག་མཐའ་བར་གསུམ་དུ་ལག་བསྟར་མཐའ་འཁྱོངས་བྱེད་དགོས། དེ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་བསམ་བློའི་མཚོན་ཆ་ཁྱད་དུ་འཕགས་པ་ཞིག་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ནི་མར་ཁེ་སི་རིང་ལུགས་ཀྱི་གོང་འཕེལ་སྐོར་གྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་གཅིག་སྡུད་ཀྱི་མངོན་ཚུལ་ཞིག་ཡིན། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ནང་ལག་བསྟར་དོན་འཁྱོལ་བྱས་ན་གཞི་ནས་དཔལ་འབྱོར་གོང་འཕེལ་དང་ལྟོ་གོས་འཛོམས་པོ། སྣོད་བཅུད་ལེགས་པ། སྤྱི་ཚོགས་གཞི་མཐུན། ཤེས་དཔལ་ཡར་ཐོན་བཅས་གཞི་མཚུངས་པོ་ཡོང་ཐུབ་རྒྱུ་རེད།
ངེས་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། དེ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་བསམ་བློ་ནི་ཀྲུང་དབྱང་གིས་བོད་སྐྱོང་མཛད་ཇུས་ཀྱི་ཕྱོགས་སྡོམ་དང་དེ་གོང་འཕེལ་བཏང་བ་ཞིག་ཡིན་གཤིས། དེའི་ནང་ཀྲུང་དབྱང་གི་མཉམ་སྡེབ་དབུ་ཁྲིད་རིམ་བྱོན་གྱི་བློ་གྲོས་དང་དགོངས་པ་འདུས་ཡོད་པ་མ་ཟད། དེས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་འདུན་པ་དང་སྐོམ་པ་ཆུ་འདོད་ལྟ་བུའི་རེ་བ་གང་ལེགས་མཚོན་ཡོད། ཐོག་མཐའ་བར་གསུམ་དུ “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”མཐའ་འཁྱོངས་བྱས་ན་གཞི་ནས་འབྱོར་འབྲིང་གི་བོད་ལྗོངས་དང། དུས་བདེའི་བོད་ལྗོངས། གཞི་མཐུན་གྱི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་རྒྱུའི་རླབས་ཆེན་བྱ་གཞག་གང་མགྱོགས་སྤེལ་ཐུབ་རྒྱུ་རེད།
ངེས་པར་དུ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། དེ་ནི་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རྒྱུའི་འགན་ལེན་གཙོ་བོ་ཡིན། མི་རིགས་མཐུན་སྒྲིལ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་ཡིན། མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ ”གྱི་བསམ་བློ་བརྟན་པོ་འཛུགས་པ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་འབྲེལ་འདྲིས་བཅས་བྱས་ན་གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཏང་གི་དར་ཆའི་འོག་དང་མེས་རྒྱལ་གྱི་པང་དུ་མཐུན་སྒྲིལ་དམ་ཟབ་བྱུང་ནས་མཛའ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་གོང་འཕེལ་བཅས་ཡོང་ཐུབ་རྒྱུ་རེད།
ངེས་པར་དུ་གོང་འཕེལ་གཏོང་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། དེ་ནི་ང་ཚོས་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། བར་ཁྱད་ཆུང་དུ་གཏོང་རྒྱུ་དང་རྣམ་པར་འགྱུར་ལྡོག་གཏོང་རྒྱུ་དེ་གོང་འཕེལ་ལ་བརྟེན་དགོས་པ་དང་། དམངས་ལ་ཁེ་ཕན་བསྐྲུན་རྒྱུ་དང་འཚོ་བ་ལེགས་བཅོས་བྱེད་རྒྱུ་གོང་འཕེལ་ལ་བརྟེན་དགོས་པ། བརྟན་ལྷིང་མཐུན་སྒྲིལ་དང་གཞི་མཐུན་གྱི་རྣམ་པ་སྲ་བརྟན་གཏོང་རྒྱུ་དེ་ཡང་ངེས་པར་དུ་གོང་འཕེལ་ལ་བརྟེན་དགོས། “ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱེད་པ་དང་། གོང་འཕེལ་གྱི་ལྟ་བ་སྔར་བས་གསར་སྒྱུར་བྱེད་པ། གོང་འཕེལ་གཏོང་སྟངས་འགྱུར་ལྡོག་གཏོང་བ། གོང་འཕེལ་གཏོང་བའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ན་གཞི་ནས་བོད་ལྗོངས་འདི་ཉིད་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་ཐུབ་རྒྱུ་རེད།
ངེས་པར་དུ་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་དེ་ལས་དོན་མཐའ་དག་གི་དམིགས་ས་དང་དོན་ལ་བབ་ས་ཞིག་ཏུ་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། དེ་ནི་ང་ཚོས་བོད་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུའི་དམིགས་ཡུལ་དམ་པ་དེ་ཡིན། དམངས་འཚོས་དམངས་སེམས་འགུགས་ཐུབ་པ་དང་དམངས་སེམས་ནི་གཞི་མཐུན་དང་འབྲེལ་བ་ཡོད་པ་ཞིག་ཡིན། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐུབ་པ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཁ་ཙམ་མིན་པའི་ཐག་གཅོད་བྱས་ནས་ཆེས་རྒྱ་ཆེའི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་གྱུར་དང་སྲུང་སྐྱོབ། གོང་འཕེལ་བཅས་ཡག་པོ་གཏོང་ཐུབ་ན་གཞི་ནས་མི་རིགས་ཁག་གི་མི་དམངས་ཚོས་གོང་འཕེལ་གྱི་འབྲས་བུ་མཉམ་དུ་ལོངས་སྤྱོད་ཐུབ་པ་དང་། ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དར་རྒྱས་གོང་འཕེལ་གཏོང་རྒྱུར་ནུས་པ་འདོན་ཐུབ་རྒྱུ་རེད།
ངེས་པར་དུ་བརྟན་ལྷིང་ནི་མཐའ་དག་ལས་ལྷག་པའི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། དེ་ནི་ང་ཚོས་གཞི་མཐུན་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན། སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་དགོས་རྒྱུ་ནི་དཔལ་འབྱོར་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་སྔོན་འགྲོ་ཡིན། བོད་ཀྱི་དམིགས་བསལ་འགལ་བ་དེ་དམ་པོར་བཟུང་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བཅས་བྱེད་རྒྱུ་དེ་བསྙོན་མེད་ཀྱི་ལས་འགན་ཞིག་དང་འཁྲི་འགན་ཨང་དང་པོར་བརྩིས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་ན་གཞི་ནས་བོད་ལྗོངས་འདི་ཉིད་གཞི་མཐུན་ལྡན་པའི་སྤྱི་ཚོགས་ནང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཐུབ་པ་དང་། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་སྲ་ཞིང་བརྟན་པ་ཞིག་ཏུ་གྱུར་ཐུབ་རྒྱུ་རེད།
གྲུབ་འབྲས་ཕྱོགས་བསྡོམས་བྱེད་པ་དང་དུས་མཚུངས། རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ལ་དཀའ་ངལ་དང་གནད་དོན་འཕྲད་ཡོད་པ་དེ་ཡང་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས། དམིགས་བསལ་གྱི་རང་བྱུང་ཁམས་དང་ལོ་རྒྱུས། སྤྱི་ཚོགས་བཅས་ཀྱིས་རྐྱེན་པས་རང་ལྗོངས་འདི་ཉིད་སྔར་བཞིན་ཁྱོན་ཡོངས་ནས་དར་རྒྱས་མེད་པའི་ས་ཁུལ་ཞིག་ཡིན་པ་དང་། མི་དམངས་ལ་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དང་རྗེས་ལུས་ཅན་གྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ་ནི་རང་ལྗོངས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་ཡིན་པས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་ལས་འགན་ཤིན་ཏུ་ལྕི་པོ་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་དགོས་པ་ད་དུང་ཆ་ཚང་བ་བསྐོང་མི་ཐུབ་པ་དང་། རང་ངོས་གོང་འཕེལ་གཏོང་ནུས་ཚབས་ཆེན་མི་འདང་བ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་བསྲིང་བརྟན་པོའི་ངང་འཕར་བ་བྱེད་པའི་ཐབས་ལམ་གུ་དོག་པས་ཡོང་འབབ་འཕར་ཐབས་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་སྔར་ལས་ལྷག་པ་འཛུགས་དགོས་པ། སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུ་ལྟོས་བཅས་ཀྱི་རྗེས་སུ་ལུས་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་པོ་དགོས་རྒྱུའི་ཆུ་ཚད་མཐོ་པོ་མེད་པ། གྲོང་ཁྱེར་དང་གྲོང་གསེབ་གོང་འཕེལ་འགྲོ་ཚད་དོ་མི་མཉམ་པ་དང་ཡུལ་ལུང་སོ་སོ་གོང་འཕེལ་འགྲོ་ཚད་གཞི་མཚུངས་པོ་མེད་པའི་གནས་ཚུལ་སྔར་བཞིན་གནས་པ། སྣོད་བཅུད་དང་གོང་འཕེལ་དབར་གྱི་འགལ་བ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བ། ལས་ཞུགས་ཀྱི་བསམ་བློའི་ཁྱེར་སོར་ད་དུང་འགྱུར་ལྡོག་གཏོང་དགོས་པ་དང་ལས་ཞུགས་བྱེད་རྒྱུར་དཀའ་ངལ་སྔར་བཞིན་ཆེན་པོ་ཡོད་པ། གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ད་དུང་ཤུགས་སྣོན་རྒྱག་དགོས་པ་དང་ལས་བྱེད་པ་ཆེས་ཉུང་ཤས་སྤྱོད་ཚུལ་ཡག་པོ་མེད་ལ་ལས་ཕྱོད་ཆུང་བས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་བཅས་ཀྱི་བླང་བྱ་དང་མི་འཚམ་པ་བཅས་དང་། ཕྱོགས་མཚུངས་ཏཱ་ལའི་རུ་ཚོགས་ཀྱིས་རྒྱལ་སྤྱིའི་ཐོག་གི་དགྲ་ཡའི་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་སིམ་འཛུལ་གཏོར་བཤིག་གི་བྱ་ངན་མཚམས་འཇོག་མི་བྱེད་པའི་རྐྱེན་གྱིས་རང་ལྗོངས་སུ་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་གཙོས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་དམིགས་བསལ་གྱི་འགལ་ཟླ་གནས་ཡོད་པས་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་ཡུན་རིང་དང་། རྣོ་ངར། འཛིང་ཆེ་བ་བཅས་ཡིན་པ་མ་ཟད། སྐབས་འགར་ཤིན་ཏུ་ཛ་དྲག་པོ་ཡོད་པར་བརྟེན་ཁ་ཕྲལ་ལ་ངོ་རྒོལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་ནི་དཀའ་ཚེགས་ཆེ་བ་ཞིག་རེད།
གོང་འཕེལ་གཏོང་བའི་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་རྣམས་གོང་འཕེལ་གཏོང་བའི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པས། ང་ཚོས་དུས་བབ་བཟང་པོར་སྔར་བས་གཅེས་འཛིན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྔར་བས་གཅེས་འཛིན། རྩ་ཆེའི་གོ་སྐབས་ལ་སྔར་བས་གཅེས་འཛིན་བཅས་བྱས་ཏེ་ཆོད་སེམས་བརྟན་པོ་དང་བབ་བསྟུན་འཕྲལ་བསྒྲུབས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་ངོ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ཐོག་བརྟན་ལྷིང་དང་གཞི་མཐུན་གྱི་ཆབ་སྲིད་རྣམ་པར་ཁ་ཙམ་མིན་པའི་སྲུང་སྐྱོབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་བླང་བྱ། འབད་འཐབ་དམིགས་ཚད།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ནི་བོད་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བཅས་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན། ཕྱིས་འབྱུང་ལོ་ལྔའི་རིང་གི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་བླང་བྱ། འབད་འཐབ་དམིགས་ཚད་བཅས་གཏན་འཁེལ་བྱེད་རྒྱུ་དེས་ཁྱོན་ཡོངས་ལས་ཀར་ནུས་པ་གལ་ཆེན་ལྡན་ཡོད།
《རྩ་གནད 》ནང་བཏོན་པའི “ལོ་ལྔ་ཚན་བཅུ་གཉིས་པའི ”མཛུབ་ཁྲིད་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་གཞུང་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་གྲོས་ཚོགས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་དང་མཆོང་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་ཡོང་བ་བཅས་བྱེད་རྒྱུས་བརྗོད་བྱ་གཙོ་བོ་བྱེད་པ་དང་། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུས་གཙོ་དོན་བྱེད་པ། བསྒྱུར་བཅོས་སྒོ་དབྱེས་སྒུལ་ཤུགས་བྱེད་པ། མི་རིགས་མཐུན་སྒྲིལ་གྱིས་འགན་སྲུང་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུས་དམིགས་ས་དང་དོན་ལ་བབ་ས་བྱེད་པ། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱ་རྒྱུས་ནང་དོན་གཙོ་བོ་བྱེད་པ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”གོང་འཕེལ་གྱི་གྲུབ་འབྲས་སྲ་བརྟན་གོང་འཕེལ་བཏང་སྟེ་དཔལ་འབྱོར་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་ཡོང་བ་དང་སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་བཏང་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་བརྗིད་རླབས་ཆེ་བའི་དམིགས་ཚད་འགྲུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་རྒྱུ་དེ་ཡིན།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་བ་བྱེད་རྒྱུར་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ། ཡུན་རིང་བདེ་འཁོད་བཅས་ཡོང་བ་བྱེད་རྒྱུའི་བརྗོད་བྱ་གཙོ་བོ་དེ་ཐོག་མཐའ་བར་གསུམ་དུ་འབུར་དུ་ཐོན་པ་བྱེད་དགོས། དེ་ནི་རང་ལྗོངས་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་འགལ་བ་དམིགས་བསལ་ཅན་དེས་ཐག་བཅད་པ་ཞིག་རེད། བོད་ལྗོངས་ནི་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ཞིག་ཡིན་པས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མི་རྩ་བར་འཛིན་རྒྱུར་སྔར་བས་མཐོང་ཆེན་བྱས་ཐོགཕྱོགས་ཡོངས་དང་མགོ་ལུས་མཚུངས་པོ། རྒྱུན་བསྲིང་ཐུབ་པ་བཅས་ཀྱི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྔར་བས་མཐོང་ཆེན་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་རྒྱུར་སྔར་བས་མཐོང་ཆེན། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུར་སྔར་བས་མཐོང་ཆེན་བཅས་བྱས་ནས་སྤྱི་ཚོགས་དེ་བཞིན་དྲང་གཞག་བདེན་སྐྱོང་གི་ཕྱོགས་སུ་སྐུལ་སྤེལ་གཏོང་ཐུབ་ན་གཞི་ནས་རྗེས་ཐོན་ཁྱད་ཡོན་གོང་འཕེལ་སྔར་བས་འདོན་སྤེལ་ཐུབ་ནས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་གོང་འཕེལ་གཏོང་ཐུབ་རྒྱུ་རེད། བོད་ལྗོངས་ནི་མཐའ་མཚམས་ས་ཁུལ་ཞིག་ཡིན་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མར་གནས་ཡོད་པར་བརྟེན་ཁ་ཙམ་མིན་པའི་སྒོ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་བཙུགས་ན་གཞི་ནས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་གཏོང་རྒྱུ་འགན་སྲུང་བྱེད་ཐུབ་རྒྱུ་རེད། ལོ་ལྔ་ཚན་བཅུ་གཉིས་པའི་རིང་ང་ཚོས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱི་སྒོ་ནས་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་སྔར་བས་ཧུར་བརྩོན་དང་། རང་འགུལ། རང་རྟོགས་བཅས་ཀྱི་སྒོ་ནས་བརྗོད་བྱ་གཙོ་བོ་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་དང་ལོ་རྒྱུས་ཀྱི་འཁྲི་འགན་ལ་བརྩིས་ཏེ་ཕྱོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བ་བྱེད་དགོས་པ་དང་། སྤྱི་ཚོགས་གཞི་མཐུན་ཡོང་བ་བྱེད་རྒྱུའི་ནང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས།
ངེས་པར་དུ “ ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་བ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱེད་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་རྒྱུའི་གཙོ་དོན་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་དགོས། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུར་ངེས་པར་དུ་དཔལ་འབྱོར་གྲུབ་ཆ་འཐབ་ཇུས་རང་བཞིན་ལེགས་སྒྲིག་བྱེད་རྒྱུ་དེ་དམིགས་འབེན་གཙོ་བོར་བརྩི་བ་དང་། ཚན་རྩལ་ཡར་ཐོན་དང་གསར་གཏོད་བྱེད་རྒྱུ་དེ་གལ་ཆེའི་འདེགས་སྐྱོར་ལ་བརྩི་བ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་རྩ་བའི་དམིགས་ས་དང་དོན་ལ་བབ་སར་བརྩི་བ། ཐོན་ཁུངས་ཟད་གྲོན་ཆུང་བ་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དེ་ཤུགས་རྒྱག་སར་བརྩི་བ། སྒྱུར་བཅོས་སྒོ་དབྱེ་དེ་སྒུལ་ཤུགས་སྟོབས་ཆེན་ཞིག་ལ་བརྩི་བ་བཅས་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་ནས་ཕྱོགས་ཡོངས་དང་། མགོ་ལུས་མཚུངས་པོ། རྒྱུན་བསྲིངས་ཐུབ་པ་བཅས་ཀྱི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་ཚད་གཞི་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། དེར་རང་ལྗོངས་ཀྱི་ལས་དོན་ཁག་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ཟབ་མོ་ལྡན་ཡོད། “ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་ནི་རང་ལྗོངས་ཀྱི་དོན་དངོས་ལ་བསྟུན་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས། གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་ཇེ་མགྱོགས་སུ་གཏོང་བ། གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལྟ་བུ་ཡིན། ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཞེས་པ་ནི། རྗེས་ལུས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྟངས་འགྱུར་ལྡོག་བཏང་སྟེ་ཞིང་འབྲོག་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གསར་པ་འཛུགས་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། ཁྱད་ལྡན་ཞིང་འབྲོག་ལས་དང་བཟོ་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་བ། ཞིང་འབྲོག་ལས་གོང་འཕེལ་གཏོང་བའི་ནང་ཚན་རྩལ་འདུས་ཚད་ཆེ་རུ་ཧུར་ཐག་གཏོང་བ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་དེ་དེང་རབས་ཅན་གྱི་ཞིང་འབྲོག་ལས་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ་ཞེས་པ་ནི། ནུས་རྒྱུ་གཙང་མའི་ཐོན་ལས་དང་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་བཟོ་སྣོན་ལས་རིགས། དགེ་སྟོབས་ཆེ་བའི་ས་གཏེར་ཐོན་ལས། ཨར་སྐྲུན་དང་ཨར་སྐྲུན་རྒྱུ་ཆའི་ལས་རིགས། བོད་སྨན་ལས་རིགས། མི་རིགས་ཀྱི་ལག་ཤེས་བཟོ་ལས་སོགས་ཀྱིས་གཙོ་གནད་བྱས་ཏེ་ཐོན་ཁུངས་སྒྲིལ་བཅོས་བྱས་ནས་དམིགས་གཞི་མཐོ་བ་དང་གཞི་ཁྱོན་ཆེ་བའི་ཕྱོགས་སུ་སྐུལ་སྤེལ་བཏང་ཐོག ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་དར་བཟོ་ལས་ཅན་གྱི་ལམ་བུ་གཏོད་རྒྱུ་དེ་རེད། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་ཞེས་པ་ནི། ཡུལ་སྐོར་ལས་རིགས་རྩེ་གྲ་དང་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དེང་དུས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་བ་དང་། བཟོ་ཞིང་ཐོན་སྐྱེད་དང་འབྲེལ་བ་དམ་ཟབ་ཡོད་པའི་ཞབས་ཞུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ། སྲོལ་རྒྱུན་གྱི་ཞབས་ཞུའི་ལས་རིགས་སྤུས་རིམ་བཟང་དུ་གཏོང་བ་བཅས་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་གཞན་ལས་ལེགས་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཐོན་ལས་སུ་དངོས་འབྲེལ་འགྱུར་ཐུབ་པ་བྱེད་རྒྱུ་དེ་ཡིན།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་གཞི་རྩའི་བླང་བྱ་ནི། གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ་དང་། གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ། རྒྱུན་བསྲིངས་ནས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་ལེགས་སྐྱོང་བྱེད་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ། གཞི་མཐུན་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡུན་རིང་བདེ་འཁོད་ཡོང་བའི་ནུས་པ་ལེགས་སྐྱོང་བྱེད་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ། གཅིག་གྱུར་འཆར་འགོད་བྱས་ནས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གོང་འཕེལ་གཏོང་ཡུལ་བཀོད་སྒྲིག་ཡག་པོ་བྱེད་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ། གསར་གཏོད་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་འགག་སྒྲོལ་ཐུབ་རྒྱུར་ཤུགས་རྒྱག་དགོས་པ་བཅས་གོང་གསལ་ཕྱོགས་དྲུག་པོ་འདི་ནི་རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་ཤུགས་རྒྱག་རྒྱུ་དང་། གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་གཞི་རྩའི་རྩ་དོན་ཞིག་ཡིན་ལ། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུའི་ལམ་བུའི་ཐོག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བའི་དམིགས་ཚད་བླང་བྱ་ཞིག་ཀྱང་ཡིན།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་འཕྲད་སྲིད་པའི་དུས་བབ་དང་ལས་འགན་ལ་གཞིགས་ཏེ། 《རྩ་གནད 》ནང་དཔལ་འབྱོར་གོང་འཕེལ་དང་། མི་དམངས་ཀྱི་འཚོ་བ། སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད། སྣོད་བཅུད་ཁོར་ཡུག སྒྱུར་བཅོས་སྒོ་དབྱེ། སྤྱི་ཚོགས་བརྟན་ལྷིང་བཅས་ཕྱོགས་བདུན་ཐད་ཀྱི་དམིགས་ཚད་བཏོན་ཡོད་པའི་ནང་། གཙོ་བོ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུའི་འཕེལ་ངོ་བཟང་པོ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཆ་སྙོམས་ལོ་རེར་12%ཡན་དང་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ཆ་སྙོམས་ལོ་རེར་15%ཡན་འཕར་བ་བྱེད་དགོས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱས་ཏེ་ཞིང་འབྲོག་མི་རེའི་ཆ་སྙོམས་ཡོང་འབབ་13%ཡན་འཕར་བ་བྱེད་དགོས་པ་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་རྒྱུན་མཐུད་ནས་འཕར་བ་བྱེད་དགོས་པ། སླད་ཕྱིན་ལོ་ལྔའི་ནང་ཚུན་དུ་གྲོང་ཁྱེར་གྲོང་རྡལ་དུ་གསར་འཕར་ལས་ཞུགས་མི་གྲངས་ཁྲི་10བརྒལ་ཐུབ་པ་བྱེད་དགོས་པའི་ཐོག གྲོང་ཁྱེར་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་གྲངས་འབོར་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱེད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་བྱེད་ནུས་མངོན་གསལ་དོད་པོས་ཤུགས་ཆེར་གཏོང་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་གྲུབ་འབྲས་ཆེན་པོ་ཐོབ་པ་བྱེད་དགོས་པ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་2015ལོར་སླེབས་དུས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་རྩིས་གཞིར་བྱས་པའི་ནུས་རྒྱུ་ཟད་གྲོན་བྱེད་ཚད 15%ཆག་པ་བྱེད་དགོས་པ། སྦག་བཙོག་དངོས་རིགས་གཙོ་གྲས་བཤང་འབུད་བྱེད་འབོར་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་དགོས་པ། བསྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་པ། སྤྱི་ཚོགས་མུ་མཐུད་བརྟན་ལྷིང་ཡོང་བ་བྱེད་དགོས་པ་བཅས་ཡིན།
གོང་གསལ་ཕྱོགས་བདུན་པོའི་དམིགས་ཚད་ཁོངས་ནས་གྲོང་ཁྱེར་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་འབོར་དང་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་རྩིས་གཞིར་བྱས་པའི་ནུས་རྒྱུ་ཟད་གྲོན་སོགས་དོན་ཚན་ཁག་6པོ་དེ་དག་ནི་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་ཡིན་པས་ངེས་པར་དུ་ལེགས་འགྲུབ་ཐུབ་པ་བྱེད་དགོས། དེ་མིན་གྱི་དམིགས་ཚད་ནི་སྔོན་དཔག་རང་བཞིན་དང་ཕྱོགས་སྟོན་རང་བཞིན་གྱི་དམིགས་ཚད་ཡིན་པས་འགྲུབ་གང་ཐུབ་བྱེད་དགོས།
“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་རྩ་གནད་ནང་འཐབ་ཇུས་རང་བཞིན་དང་། རྩ་འཛིན་རང་བཞིན། ཕྱོགས་བསྡུས་རང་བཞིན་བཅས་འབུར་དུ་བཏོན་ཡོད་པས། དམིགས་ཚད་ཀྱི་གཅུན་འདོམས་རང་བཞིན་ཆེ་རུ་ཕྱིན་ཡོད་པ་དང་། ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་དང་གཙོ་གནད་གོང་འཕེལ་གཏོང་ཁོངས་ལ་དམིགས་ཏེ་འབད་བརྩོན་བྱེད་ཕྱོགས་དང་། འབྲེལ་མཚུངས་ཀྱི་སྲིད་ཇུས་ཀྱི་བྱ་ཐབས་བཏོན་ཡོད། འཆར་འགོད་རྩ་གནད་བཟོ་ཕྱོགས་ཐད་དམངས་གཙོ་དར་སྤེལ་གང་ལེགས་བཏང་སྟེ།
བསམ་འཆར་དང་གྲོས་འཆར་རྒྱ་ཁྱབ་ཏུ་ཉན་པར་བརྟེན་ཏང་ཨུད་དང་སྲིད་གཞུང་གི་ཇུས་ཐབས་ཀྱི་དགོངས་གཞི་དང་སྲིད་སྐྱོང་གི་མཛད་ཕྱོགས་གཅིག་བསྡུས་ཀྱིས་མཚོན་ཐུབ་ཀྱི་ཡོད་ལ། ཕྱོགས་ཁག་གི་གཅིག་གྱུར་གྱི་འདོད་འདུན་དང་མང་ཚོགས་ཀྱི་བློ་གྲོས་ཀྱང་འདུས་ཡོད་པས། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། གཞི་མཐུན་བཅས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྩ་འཛིན་ཞིག་ཡིན།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལས་འགན་གཙོ་བོ།
《འཆར་འགོད་རྩ་གནད 》ནང་“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་ལས་འགན་ཁག་བཏོན་ཡོད་ཅིང་། དེ་དག་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པས་འདིར་ངས་གཙོ་གནད་ཕྱོགས་དྲུག་གི་ཐོག་ནས་སྙན་སྒྲོན་ཞུ་རྒྱུ་ཡིན།
གཅིག དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་ཤུགས་རྒྱག་རྒྱུ།
བདེ་སྡོད་ལས་བརྩོན་འགག་སྒྲོལ་དུ་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། དམངས་འཚོའི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཁྱབ་ཁོངས་གཙོ་བོ་ཞིང་འབྲོག་ཁུལ་ཡིན་པ་དང་། གཙོ་གནད་ཐག་གཅོད་བྱ་ཡུལ་ཞིང་འབྲོག་མང་ཚོགས་ཡིན་པ། ལས་ཀ་གཙོ་བོ་ནི་ལས་འགན་ཨང་དང་པོ་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་ཡིན། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་གཙོ་གནད་དེ་གཉིས་མངོན་ཆེར་བཟུང་སྟེ་ཞིང་འབྲོག་ལས་ཀྱི་ཐོན་འབབ་འཕར་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཛུགས་རྒྱུ། ཆུ་དང་། གློག ལམ། འཕྲིན་གཏོང་། སོལ་རླངས། རླུང་འཕྲིན་དང་གློག་བཪྙན་བཪྙན་འཕྲིན། སྦྲག་ལས། ཁོར་ཡུག་བཀོད་གཙང་བཟོ་རྒྱུ་བཅས་“ཞིང་དུད་ལ་རིགས་བརྒྱད་བཟོ་ཁྲིད་བྱེད་པའི ”ལས་གཞི་གང་མགྱོགས་ལག་བསྟར་བྱས་ཏེ་ཁ་ཙམ་མིན་པའི་སྒོ་ནས་ཞིང་འབྲོག་ཁུལ་གྱི་རྣམ་པ་ལེགས་བཅོས་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་བདེ་འཁོད་ལས་གཞི་དང་ཡོམ་ཟོན་བརྟན་སྐྱོར་གཏོང་བའི་ལས་གཞི་མུ་མཐུད་ལག་བསྟར་བྱས་ནས་2013ལོར་སླེབས་སྐབས་ཞིང་འབྲོག་མང་ཚོགས་ཚང་མ་ཉེན་མེད་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྤོ་ཐུབ་པའི་དམིགས་ཡུལ་འགྲུབ་ཐུབ་པ་བྱེད་རྒྱུ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་འཛུགས་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལས་གཞི་སྤེལ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། རྨོ་ཞིང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ནན་ཤོས་མུ་མཐུད་ལག་བསྟར་བྱས་ཐོག ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་ནས་གཙོ་བོར་བྱེད་པའི་འབྲུ་རིགས་ཐོན་སྐྱེད་འགན་ལེན་བྱེད་རྒྱུ། འབྲོག་ལས་གོང་འཕེལ་ཤུགས་ཆེར་བཏང་སྟེ་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་དང་དངོས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གསར་གྲས་བཙུགས་ནས་ཞིང་འབྲོག་ལས་དེང་རབས་ཅན་དུ་སྒྱུར་རྒྱུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ། ཞིང་ལས་ལ་སྲིད་ཇུས་རྣམ་པའི་དངུལ་རྩའི་ཞབས་ཞུ་སྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་ལས་ཁུངས་ཀྱི་ལས་གཉེར་དྲ་ཚིགས་མང་དུ་བཏང་ཐོག་ཞིང་འབྲོག་ཁུལ་གྱི་འགན་བཅོལ་བརྟན་པོའི་ངང་སྤེལ་ནས་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ་དང་འགན་བཅོལ་སྣ་རིགས་མང་དུ་གཏོང་རྒྱུ། གཞི་རིམ་སྒྲིག་འཛུགས་ཀྱིས་མ་རྐང་བཏང་འཛིན་བྱེད་པ་དང་། འཇོན་ཐང་ཅན་གྱིས་གཉེར་སྐྱོང་བྱེད་པ། མང་ཚོགས་མ་རྐང་ནང་ཞུགས་པ་བཅས་ཀྱི་མ་རྐང་མཉམ་ལས་ལམ་ལུགས་རྣམ་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ལ་ཆེད་དམིགས་རོགས་སྐྱོར་བྱས་ནས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། གཞི་རིམ་སྲིད་དབང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་བག་ཆགས་འཇོག་ཤུགས་ཆེ་རུ་གཏོང་རྒྱུ། སྒྲིག་འཛུགས་བྱེད་རྒྱུ་དང་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མི་གསར་གསོ་སྐྱོང་ཤུགས་ཆེ་བྱས་ཏེ་ཡ་རབས་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ལ་སྐུལ་ཁྲིད་བྱེད་རྒྱུ་དང་། ངལ་རྩོལ་ནུས་ཤུགས་ལྷག་མ་ཁ་སྒྱུར་དང་ལས་ཞུགས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མཐོ་རུ་ཧུར་ཐག་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་གཉེར་སྐྱོང་རང་བཞིན་དང་། གླ་ཕོགས་རང་བཞིན། རྒྱུ་ནོར་རང་བཞིན། སྤོ་སྒྱུར་རང་བཞིན་བཅས་ཀྱི་ཡོང་འབབ་སྔར་བས་མཐོ་རུ་བཏང་སྟེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་བ་བྱེད་རྒྱུ། ཡོང་འབབ་བགོ་འགྲེམས་ལམ་ལུགས་ལེགས་སྒྲིག་བཟང་སྒྱུར་བྱས་ནས་དེ་ཐོག་མའི་བགོ་འགྲེམས་བྱེད་པའི་ནང་བཟུང་བའི་ངལ་རྩོལ་པའི་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་། གྲོང་མིའི་ཡོང་འབབ་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་མཐོ་རུ་འགྲོ་བ་བྱེད་རྒྱུ། གླ་ཕོགས་ཀྱི་མཛུབ་ཁྲིད་ཚད་གཞི་དང་། ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་གླ་ཕོགས་ཀྱི་མཛུབ་ཁྲིད་རིན་གོང་། དེ་བཞིན་ལས་རིགས་ཁག་གི་ངལ་ནུས་མ་གནས་བཅས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ། གླ་ཕོགས་མཉམ་ཐོག་ནས་གྲོས་མོལ་བྱེད་པའི་ཁེ་ལས་ཀྱི་གླ་ཕོགས་གཏན་འཁེལ་བྱེད་ལམ་འཛུགས་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཁེ་ལས་ཀྱི་ལས་བཟོའི་གླ་ཕོགས་ཀྱི་ཚད་གཞི་དེ་དཔལ་འབྱོར་ཕན་འབྲས་ཆེ་རུ་འགྲོ་བ་དང་བསྟུན་ནས་རིམ་པས་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་རྒྱུ་དང་། གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྐབས་དང་བསྟུན་ནས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་རྒྱུ།
ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། གོང་འཕེལ་གྱི་བྱ་ཐབས་ལ་བརྟེན་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། རིགས་འདྲ་མིན་གྱི་ཐོན་ལས་ཁག་ནང་ལས་ཞུགས་འགུག་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། བྱ་གཞག་གསར་གཏོད་ལ་སྐུལ་མ་གཏོང་བའི་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་བྱ་གཞག་གསར་གཏོད་བྱེད་པའི་ཁོར་ཡུག་ལེགས་གྱུར་བྱེད་རྒྱུ་དང་། བྱ་གཞག་གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལྟ་བ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་རང་བརྟེན་གསར་གཏོད་དང་རང་ལས་རང་འཚོལ་བྱེད་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་། ཁེ་ལས་དང་། གཞི་རིམ། དཀའ་ངལ་ཆེ་བའི་ས་ཁུལ་བཅས་ལ་བསྐྱོད་དེ་རང་ནུས་འདོན་རྒྱུར་སྐུལ་ལྕག་བྱེད་རྒྱུ། སྤྱི་ཕན་རང་བཞིན་གྱི་ལས་གནས་ཧུར་ཐག་བཟོས་ཏེ་གྲོང་རྡལ་གྱི “ལས་ཞུགས་མེད་པའི་ཁྱིམ་ཚང ”དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་གཙོ་གནད་དུ་ཐག་གཅོད་བྱེད་རྒྱུ། དམག་ཞབས་ཐིམ་པའི་དམག་མིར་སློབ་གསོ་སྦྱོང་བརྡར་དང་ལས་ཞུགས་བཀོད་སྒྲིག་བྱེད་རྒྱུའི་ལས་ཀ་ཁྱབ་སྤེལ་གཏོང་རྒྱུ། སྦྱོང་བརྡར་དང་། ལས་ཞུགས། ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་བཅས་གསུམ་གཞི་གཅིག་ཏུ་སྒྲིལ་བའི་ལས་ཀའི་ལམ་སྲོལ་ཞིག་གང་མགྱོགས་བཙུགས་ཐོགངལ་ནུས་ཕྱིར་གཏོང་བྱེད་རྒྱུ་སྒྲིག་འཛུགས་ཤུགས་ཆེ་བྱེད་རྒྱུ་དང་། ཁ་སྒྱུར་ལས་ཞུགས་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ལས་ཞུགས་དང་ལས་ཞུགས་བསྐྱར་མ་བྱེད་རྒྱུའི་ཐད་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མི་རྒྱུན་ཐོན་ཁུངས་ཀྱི་ཁྲོམ་ར་དང་ཆ་འཕྲིན་དྲ་རྒྱ་གང་མགྱོགས་འཛུགས་རྒྱུ། ངལ་རྩོལ་གན་རྒྱའི་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་ངལ་རྩོལ་མི་དོན་གྱི་རྩོད་གཞི་བར་འདུམ་དང་ཁྲུན་གཅོད་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་བཏང་ནས་གཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་རྒྱུ།
སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཚགས་ཚུད་དུ་བཏང་ནས་ཁེབས་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་འགན་བཅོལ་གྱི་གཅིག་གྱུར་གྲབས་གསོག་བྱེད་པའི་གདང་རིམ་མཐོ་རུ་བཏང་ནས་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་གྲབས་གསོག་ཐུབ་པ་བྱེད་རྒྱུ་དང་། རྒན་གསོ་དང་སྨན་བཅོས་འགན་བཅོལ་གྱི་འགྲོ་ལུགས་འབྲེལ་བ་དེ་ཞིང་ཆེན་བརྒལ་ནས་སྤོ་སྒྱུར་འབྲེལ་མཐུད་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་བྱེད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁེ་ལས་ཀྱི་ལས་ཁྱུར་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་གྲོན་དངུལ་ཚད་གཞི་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ཚགས་ཚུད་དུ་གཏོང་རྒྱུ། ས་ཞིང་བསྡུ་སྤྱོད་བྱས་པའི་ཞིང་འབྲོག་མང་ཚོགས་དང་རྩྭ་ཁ་བཀག་ནས་འབྲོག་ལས་དོར་བའི་འབྲོག་པ་མང་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་གནད་དོན་ཐག་གཅོད་ཡག་པོ་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་དམིགས་བསལ་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བ་དང་སྨན་བཅོས་རོགས་སྐྱོབ་བྱེད་པའི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ། གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་རུབ་སྡུད་མཉམ་གསོ་བྱེད་སྟངས་ཁྱབ་སྤེལ་གཏོང་རྒྱུ། རྒན་རྒོན་དང་། དབང་པོ་སྐྱོན་ཅན། དྭ་ཕྲུག དབུལ་པོ་བཅས་ལ་རོགས་སྐྱོར་བྱེད་རྒྱུ་དང་གནོད་སེལ་མུག་སྐྱོབ་བྱེད་རྒྱུ་གཙོ་གནད་དུ་བྱེད་པའི་སྤྱི་ཚོགས་ཕན་བདེ་དང་དགེ་སྒྲུབ་བྱ་གཞག་གོང་འཕེལ་གཏོང་རྒྱུ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཚན་པའི་སྒྲིག་བཀོད་དང་བྱེད་ནུས་འཐུས་སྒོ་ཚང་དུ་བཏང་སྟེ་རྫོང་ཚང་མར་ཚད་ལྡན་གྱི་སྨན་ཁང་ཡོད་པ་དང་། ལྟེ་བའི་ཤང་དང་གྲོང་རྡལ་ཚང་མར་ཚད་ལྡན་གྱི་འཕྲོད་བསྟེན་ཁང་ཡོད་པ། སྲིད་འཛིན་གྲོང་ཚོ་ཚང་མར་སྨན་བཅོས་ཁང་ཡོད་པ། ཁྲོམ་གཞུང་དོན་གཅོད་ཁང་ཚང་མར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཡོད་པ་བཅས་བྱེད་རྒྱུ། རང་སྐྱོང་ལྗོངས་དང་། ས་གནས། རྫོང་བཅས་རིམ་པ་གསུམ་གྱི་རིམས་ནད་འགོག་བཅོས་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་འགོས་ནད་དང་། ཡུལ་ནད། ས་མཐོའི་ནད་བཅས་འགོག་བཅོས་བྱེད་པའི་ལས་ཀ་དམ་འཛིན་ཡག་པོ་བྱེད་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་ཤུགས་ཆེ་བྱེད་རྒྱུ། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་ཚགས་ཚུད་དུ་གཏོང་རྒྱུ། གཞི་རིམ་འཕྲོད་བསྟེན་མི་སྣར་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་མཁོ་ཆོད་སྨན་པས་གཙོ་བོ་བྱས་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཚན་པ་དང་སྨན་དོན་མི་སྣར་ཁ་གསབ་སྤྲོད་པའི་སྲིད་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་བསྒྲུབ་རྒྱུ་དང་། གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་མར་ཐག་གཅོད་བྱེད་རྒྱུ། རྒྱང་བསྟེན་སྨན་བཅོས་བྱེད་རྒྱུ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ། སྨན་རྫས་ཞིབ་བཤེར་དང་། ལྟ་ཞིབ་ཚད་ལེན། ལྟ་སྡོམ་བཅས་བྱེད་རྒྱུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཁོ་འདོན་འགན་སྲུང་བྱེད་པའི་མ་ལག་ཚགས་ཚུད་དུ་གཏོང་རྒྱུ་དང་། རང་སྐྱོང་ལྗོངས་དང་། ས་གནས། རྫོང་བཅས་རིམ་པ་གསུམ་གྱི་བཟའ་བཅའ་དང་སྨན་རྫས། འཕྲོད་བསྟེན་བཅས་ཀྱི་ལྟ་སྡོམ་མ་ལག་འཐུས་ཚང་འཛུགས་རྒྱུ། “ཞིང་འབྲོག་མང་ཚོགས་བདེ་ཐང་ཡོང་བའི་བྱ་སྤྱོད ”མུ་མཐུད་ལག་བསྟར་བྱེད་རྒྱུ། མི་འབོར་དང་མ་བུ་བདེ་སྲུང་ལས་ཀར་ཤུགས་སྣོན་བརྒྱབ་ནས་སྐྱེ་གསོ་གཉིས་ལེགས་ཡོང་བ་དར་སྤེལ་གཏོང་རྒྱུ་དང་། སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་མངོན་གསལ་དོད་པོས་ཉུང་དུ་གཏོང་ཐུབ་པ་བྱེད་རྒྱུ།
རིག་གནས་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ། རིག་གནས་ཀྱི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དང་། གྲོང་གསེབ་ལ་རིག་རྩལ་འཁྲབ་སྟོན་བྱེད་པ་དང་དཔེ་དེབ་སྐྱེལ་བ་སོགས་རིག་གནས་ཀྱི་དམངས་ཕན་ལས་གཞི་ལག་བསྟར་མུ་མཐུད་བྱེད་རྒྱུ། ས་གནས་དང་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དང་རྟེན་རྫས་བཤམས་སྟོན་ཁང་སྐྲུན་རྒྱུ་ཁྱབ་སྤེལ་གཏོང་རྒྱུ་དང་། རྫོང་གི་ཕྱོགས་བསྡུས་རིག་གནས་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚུགས་དང་། སྲིད་འཛིན་གྲོང་ཚོའི་རིག་གནས་བྱེད་སྒོ་ཁང་། ཞིང་དུད་དཔེ་དེབ་ཁང་བཅས་མུ་མཐུད་བསྐྲུན་རྒྱུ། “བོད་ཤིན་ལས་གཞི ”དང་། རླུང་འཕྲིན་དང་བཪྙན་འཕྲིན་གྲོང་ཚོ་ཀུན་ཁྱབ་ལས་གཞི། གྲོང་གསེབ་ལ་གློག་བཪྙན་སྟོན་པའི་ལས་གཞི་སོགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིམ་ཁག་ཤིན་ཧྭ་དཔེ་ཚོང་ཁང་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རིག་གནས་ཤུལ་བཞག་དང་དཔེ་ཪྙིང་ལ་ཡོངས་བཤེར་དང་། སྲུང་སྐྱོབ། རྒྱུན་འཛིན་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གཙོ་གནད་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་མུ་མཐུད་ལག་བསྟར་བྱས་ཏེ་རྩ་ཆེའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གང་མགྱོགས་སྐྲུན་རྒྱུ། ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་མགྱོགས་སུ་བཏང་ནས་རིག་གནས་ཐོན་ཁུངས་ཀྱི་བཟང་ཆ་དེ་རིག་གནས་ཐོན་ལས་ཀྱི་བཟང་ཆར་སྒྱུར་ཐུབ་པ་བྱེད་རྒྱུ། དམངས་ཡོངས་ཀྱི་ལུས་སྦྱོང་སྲོལ་ཡིག་ལག་བསྟར་བྱས་ཏེ་ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུ།
གཉིས། ཚན་རིག་དང་མཐུན་པའི་སྒོ་ནས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།
རྨང་གཞིའི་སྒྲིག་བཀོད་གཞི་ཁྱོན་ཆེན་པོས་འཛུགས་སྐྲུན་བྱེད་རྒྱུ། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་སྟེ་གཞུང་ལམ་ཨ་མ་བཟོ་བཅོས་བྱེད་མགྱོགས་སུ་གཏོང་རྒྱུ་དང་། ཡུན་བོད་གཞུང་ལམ་གྱི་བགྲོད་ལམ་གསར་པ་བཟོ་འགོ་འཛུགས་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་དང་རྒྱལ་སྲུང་མཐའ་སྲུང་གཞུང་ལམ་བཟོ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ལམ་དང་དཔལ་འབྱོར་གཞུང་ལམ་ཨ་མར་སྣུམ་ནག་འདིང་རྒྱུ་དང་། རྫོང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ། ཤང་གྲོང་60%ལ་སྣུམ་ནག་དང་ཡང་ན་སྦེ་ལཱ་སའི་ལམ་བཟོ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་སྲིད་འཛིན་གྲོང་ཚོ་དང་། ཞིང་ར་དང་ནགས་ར། མཐའ་མཚམས་ས་ཚུགས་ཚང་མ་བཅས་ལ་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ། ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་བཟོ་འགོ་འཛུགས་རྒྱུ་དང་། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བཟོས་ཚར་བ་བྱེད་རྒྱུ། ཁྲོན་བོད་དང་ཡུན་བོད་ལྕགས་ལམ་གྱི་བོད་ལྗོངས་དུམ་བུའི་འཆར་འགོད་ཞིབ་འཇུག་དང་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུ་སོགས་སྔོན་གྲབས་ལས་ཀ་སྤེལ་རྒྱུ། མཁའ་འགྲུལ་འཛུགས་གཉེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྗོངས་ནང་ཁུལ་གྱི་མཁའ་འགྲུལ་ཡན་ལག་མཁའ་ལམ་ཤུགས་ཆེ་གཏོད་རྒྱུ། ཆུ་གློག་གཙོ་བོར་བཟུང་བ་དང་། སྣུམ་རླངས་དང་ནུས་རྒྱུ་གསར་པ་ཕན་ཚུན་གསབ་འདོན་བྱས་ནས་ཕྱོགས་བསྡུས་ནུས་ཁུངས་མ་ལག་བཟོ་རྒྱུ་དང་། 2015ལོར་སླེབས་སྐབས་གློག་མི་འབོར་ལ་ཁེབས་ཚད་95%ཟིན་པ་བྱེད་རྒྱུ། རྫམ་དང་། དངོས་ཨ་འཕྲང་། མགོ་རྡོག རྡོ་ཕུར་བཅས་ཀྱི་ཆུ་ཤུགས་གློག་ཁང་སྐྲུན་ཟིན་པ་བྱེད་རྒྱུ་དང་། རྒྱ་ཚ་དང་ལྕེ་ཤོད་སོགས་རྐང་འཛིན་གློག་རྒྱུན་ས་ཚིགས་ཀྱི་སྔོན་གྲབས་ལས་ཀ་སྤེལ་ནས་དུས་སྐབས་འཚམས་ངེས་སྐབས་སུ་ལས་གྲྭ་འགོ་འཛུགས་རྒྱུ། དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་རྒྱག་རྒྱུ། གློག་དྲ་འཛུགས་སྐྲུན་དང་ལེགས་བཅོས་བྱེད་མགྱོགས་སུ་བཏང་ནས་མཚོ་བོད་ཐད་རྒྱུགས་ཀྱི་དྲ་འབྲེལ་ལས་གཞི་སྐྲུན་ཟིན་པ་བྱེད་རྒྱུ། གློག་དྲའི་རྐང་འཛིན་དྲ་སྒྲོམ་དང་གྲོང་ཁྱེར་གློག་སྒྱུར་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་གློག་མེད་པའི་ས་ཁུལ་ལ་གློག་གཏོང་བའི་ལས་གཞི་སྤེལ་རྒྱུ། ཆུ་བེད་རྐང་འཛིན་ལས་གཞི་གང་མགྱོགས་སྐྲུན་ནས་ཕོད་མདོ་ཆུ་བེད་ལས་གཞི་སྐྲུན་ཟིན་པ་བྱེད་རྒྱུ་དང་། འཕན་པོའི་ཞིང་ཆུ་འདྲེན་ཁུལ་ལས་གྲྭ་འགོ་འཛུགས་རྒྱུ། ལ་ལྷོའི་ཆུ་བེད་ལྟེ་གནས་ལས་གཞི་དང་ལེ་ལག་ཆུ་འདྲེན་ཁུལ་གྱི་སྔོན་གྲབས་ལས་ཀ་སྤེལ་ནས་དུས་སྐབས་མཚམས་ངེས་སུ་ལས་གྲྭ་ལས་འགོ་འཛུགས་རྒྱུ། ཆུ་བོ་རྒྱུག་ཁུལ་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་ལོག་སྔོན་འགོག་ལས་ཀ་དང་། གཙོ་གནད་ཆུ་རྒྱུད་བཅོས་སྐྱོང་ལས་གཞི། སྐྱོན་ཅན་ཉེན་ཆེའི་ཆུ་མཛོད་ཉེན་སེལ་སྲ་བརྟན་གཏོང་རྒྱུ། རི་རུད་གནོད་འཚེ་འགོག་བཅོས་བྱེད་རྒྱུའི་ལས་གཞི་བཅས་མུ་མཐུད་སྤེལ་ནས་ཆུ་མཛོད་ཀྱི་ཆུ་འདོན་ནུས་པ་དང་ཆུ་འདྲེན་རྒྱ་ཁྱོན་ཆེ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་གྱི་ཆུ་ལོག་སྔོན་འགོག་བྱེད་ཐབས་དེ་འགོག་སྲུང་ཇུས་བཀོད་ཀྱི་ཚད་གཞིར་སླེབས་པ་བྱེད་རྒྱུ། བོད་ནས་ཁྲིད་གཏོང་བྱེད་པའི་འོད་ཆུན་ཨ་མ་དང་། གྲོང་གསེབ་ཀྱི་འཕྲིན་གཏོང་། འཕྲལ་འདོམས་འཕྲིན་གཏོང་། ཏང་སྲིད་ཆེད་སྤྱོད་འཕྲིན་གཏོང་། དྲ་ཆེན་འཕྲིན་གཏོང་སོགས་འཛུགས་གཉེར་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གློག་རྡུལ་སྲིད་ལས་དང་། “དྲ་གསུམ་མཉམ་འདུས ”གློ་བུར་དུ་ཐོན་པའི་སྤྱི་པའི་དོན་རྐྱེན་གྱི་ཉེན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་བསྒྲགས་མ་ལག་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ་ཆ་འཕྲིན་ཅན་དུ་སྒྱུར་ཚད་མཐོ་རུ་གཏོང་རྒྱུ། སྦྲག་ལས་གཉེར་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྲིད་འཛིན་གྲོང་ཚོར་སྦྲག་བསྐུར་ཤར་གཏོང་ཐུབ་ཚད་90%ཟིན་པ་བྱེད་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་ལ་དོ་དམ་བྱེད་རྒྱུ་དང་སྐྲུན་ཟིན་རྗེས་གཉེར་སྐྱོང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་གྱི་སྔོན་དཔག་ཕན་འབྲས་ཐོན་ཐུབ་པ་བྱེད་དགོས།
ཁྱད་ལྡན་ཆེ་བའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ་དང་། ཐོན་ཁུངས་ལེགས་སྒྲིག་བྱེད་པ། གཅིག་སྡུད་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་ཁྱད་ལྡན་ཐོན་ལས་སྡེ་གླིང་ལ་བརྟེན་ནས་ཚོགས་ཚོ་ཆེ་གྲས་ཀྱིས་སྣེ་ཁྲིད་དང་། རྣམ་གྲངས་ཆེ་གྲས་ཀྱིས་འདེགས་སྐྱོར་བྱེད་རྒྱུ་ལག་བསྟར་བྱས་ནས་ཡུལ་སྐོར་ལས་རིགས་དང་། ནུས་ཁུངས་ཐོན་ལས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས། ལེགས་ཆ་ཆེ་བའི་གཏེར་ལས་དང་། བོད་ལུགས་གསོ་རིག་བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་འཐབ་ཇུས་འདེགས་སྐྱོར་ཐོན་ལས་སྐྱོང་སྤེལ་བྱེད་མགྱོགས་སུ་གཏོང་རྒྱུ། ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ལག་བསྟར་གང་མགྱོགས་བྱས་ནས་ཡུལ་སྐོར་གནས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཞབས་ཞུའི་སྒྲིག་བཀོད། འཕྲལ་སྡོམ་རོགས་སྐྱོབ་བྱེད་ནུས་བཅས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་གྲོང་གསེབ་ཀྱི་ཡུལ་སྐོར་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཡུལ་སྐོར་གྱི་ཕྱོགས་བསྡུས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ་བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གསར་དར་བཟོ་ལས་ཅན་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བཟོ་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་ནང་བཟུང་བའི་བསྡུར་གྲངས་མཐོ་རུ་འགྲོ་བ་བྱེད་རྒྱུ། ས་གཤིས་རྩད་ཞིབ་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་དང་མཐུན་ཞིང་སྒྲིག་ལྡན་ངང་དགེ་སྟོབས་ལྡན་པའི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ་དང་། བོད་དབུས་རྒྱུད་དང་བོད་ཤར་རྒྱུད་ཀྱི་མདོག་ལྡན་ལྕགས་རིགས་དང་ཀེ་ལྕགས་གཏེར་ཁའི་ཐོན་ལས་རྟེན་གཞི་དང་བོད་ནུབ་རྒྱུད་ཀྱི་ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ་རྟེན་གཞི་འཛུགས་རྒྱུ། ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ་དགེ་སྟོབས་ལྡན་པའི་རྣམ་གྲངས་སྐྱོང་སྤེལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཐོག་ནས་དང་། འབྲི་གཡག ཁུལ་ལྡན་ར་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་རྟེན་གཞི་འཛུགས་རྒྱུ། སྲོལ་རྒྱུན་གྱི་ལེགས་ཆ་འདོན་སྤེལ་དང་། སྔོན་ཐོན་གྱི་ལག་རྩལ་དང་བཟོ་ལས་ནང་འདྲེན་བྱས་ཏེ་བོད་སྨན་གྱི་ཚད་གཞིའི་མ་ལག་དང་ཞིབ་དཔྱད་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བོད་སྨན་ཐོན་ལས་ཅན་དུ་གོང་འཕེལ་མགྱོགས་སུ་བཏང་སྟེ་བོད་སྨན་ཞིབ་ལས་ཅན་དང་། གཞི་ཁྱོན་ཅན། དེང་དུས་ཅན་བཅས་ཀྱི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུ། དངུལ་རྩའི་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་ནས་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ཁུངས་གསར་སྤེལ་བྱེད་པའི་ནང་འཐབ་ཇུས་རྣམ་པའི་མ་འཇོག་བྱེད་རྒྱུར་རོགས་སྐྱོར་ཧུར་ཐག་བྱེད་དགོས།
མ་འཇོག་དང་འཛད་སྤྱོད་མཉམ་དུ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྙན་སེང་ཞུ་བ་དང་སྦྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་ནས་མ་དངུལ་རག་ཐུབ་པའི་འབད་བརྩོན་བྱེད་དགོས། ཚོང་དང་མ་རྩ་འདྲེན་འགུགས་བྱེད་རྒྱུའི་སྲིད་ཇུས་ནན་ཏན་གྱི་སྒོ་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་བཏང་སྟེ་སྤྱི་ཚོགས་ནས་མ་འཇོག་བྱེད་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་གཏོང་དགོས། རོགས་སྐྱོར་དང་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་བེད་སྤྱོད་ཡག་པོ་གཏོང་བ་དང་། རིགས་སྣ་ཚོགས་ཀྱི་མ་འཇོག་གཞི་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་སྟེ་ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། སྦག་སྦག་སོགས་གཤམ་གཏོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ་དང་། ཞིང་དུད་ཚོང་ཁང་འཛུགས་གཉེར་བྱེད་མགྱོགས་སུ་གཏོང་རྒྱུ། མུ་མཐུད་ཁེ་ལས་ཆེ་གྲས་ཀྱི་ཚོང་གཉེར་ཚོང་ལས་དྲ་ཚིགས་མ་ལག་འཐུས་ཚང་བཙུགས་ཏེ་ཚོང་དོན་ཟོག་འགྲེམས་ལས་རིགས་གོང་འཕེལ་མགྱོགས་སུ་གཏོང་རྒྱུ། བཟའ་བཏུང་རོལ་རྩེད་དང་། རིག་གནས་ལུས་སྦྱོང་། ཁྱིམ་ལས་སོགས་ཞབས་ཞུའི་རྣམ་པའི་འཛད་སྤྱོད་བྱེད་རྒྱུ་གོང་འཕེལ་ཤུགས་ཆེ་གཏོང་དགོས་རྒྱུ་དང་། ཡུལ་སྐོར་དང་། སྡོད་ཁང་། རླངས་འཁོར་སོགས་འཛད་སྤྱོད་དར་སོ་ཆེ་རིགས་སྲ་བརྟན་དང་གོང་འཕེལ་བཏང་སྟེ་གྲོང་ཁྱེར་གྱི་འཛད་སྤྱོད་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཁྲོམ་རའི་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་འཛད་སྤྱོད་བྱེད་རྒྱུར་ལུགས་མཐུན་ཁྲིད་སྟོན་བྱས་ཏེ་ཤེས་དཔལ་ལྡན་པ་དང་། བསྲི་ཚགས། འབྱུང་འཕྲོད། ཐཱན་ཉུང་འཛད་སྤྱོད་བྱེད་སྟངས་དར་སྤེལ་གཏོང་དགོས།
ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། གསར་སྤེལ་གཙོ་གནད་དང་། གསར་སྤེལ་ཚོད་འཛིན། གསར་སྤེལ་བཀག་སྡོམ་བཅས་བྱེད་རྒྱུའི་གཙོ་ནུས་ཐོན་ཁུལ་རིགས་གསུམ་ལུགས་མཐུན་གཏན་འཁེལ་དང་རིགས་དབྱེ་དོ་དམ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆའི་བར་སྟོང་བེད་སྤྱོད་བྱས་ཏེ་མི་འབོར་དང་དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་ཡོང་བ་བྱེད་དགོས། ཐོན་ཁུངས་དང་མི་འབོར་རུབ་འདུས་ཆེ་བའི་བཟང་ཆ་འདོན་སྤེལ་ཧུར་ཐག་བྱེད་རྒྱུ་དང་། མ་འཇོག་གི་ཁོར་ཡུག་སྒོ་ཀུན་ནས་ལེགས་སུ་བཏང་སྟེ་དབུས་རྒྱུད་ཀྱི་དཔལ་འབྱོར་ཁུལ་དེ་ལྗོངས་ཡོངས་ཀྱི་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་གནས་ས་དང་། རྒྱལ་ཁབ་ཀྱི་ནུབ་རྒྱུད་ས་ཁུལ་ཁྲོད་བག་ཆགས་ཆེན་པོ་འཇོག་པའི་དཔལ་འབྱོར་ལྟེ་གནས། རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་པའི་ཡུལ་སྐོར་བྱེད་ས་དང་། བར་འགྲིམས་བྱེད་ས། རྒྱལ་ཁབ་ཀྱི་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་གལ་ཆེའི་འདེགས་སྐྱོར་བྱེད་པའི་རྟེན་གཞི། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས། ཚོང་དོན་ཟོག་འགྲེམས་ལྟེ་གནས། དངུལ་རྩའི་ལྟེ་གནས། དེང་རབས་བཟོ་ལས་གོང་འཕེལ་གཏོང་རྒྱུའི་རྟེན་གཞི། རིག་གནས་ཐོན་ལས་སྐྱོང་སྤེལ་རྟེན་གཞི་བཅས་སུ་ཆགས་པ་བྱེད་དགོས། ཆུ་ནུས་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་རྒྱུ་གཙོ་ཁྲིད་དུ་བཟུང་སྟེ་ཉེ་འབྲེལ་གྱི་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་ཁུལ་ཁོངས་དགེ་མཚན་འདོན་སྤེལ་བྱས་ནས་ཤར་རྒྱུད་དཔལ་འབྱོར་ཁུལ་དེ་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཕན་ཚུན་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་བ་དང་། ཚོང་དོན་ལྟེ་གནས། མདོག་ལྡན་ལྕགས་རིགས་ཀྱི་ཐོན་སྐྱེད་རྟེན་གཞི། “ནུབ་གློག་ཤར་གཏོང ”གི་འབྲེལ་མཐུད་བྱེད་པའི་ནུས་ཁུངས་རྟེན་གཞི། “ཆུ་གསུམ ”རྒྱུག་ཁུལ་གྱི་ཡུལ་སྐོར་ཁུལ་རྩེ་གྲ་བཅས་སུ་གྱུར་བ་བྱས་ཐོག་ཁྲེང་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་དར་ཁུལ་ནང་འདྲེས་ཞུགས་ཧུར་ཐག་བྱེད་དགོས། མཐའ་རྒྱུད་ས་ཁོངས་ཀྱི་ཁྱད་ཡོན་འདོན་སྤེལ་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ནུབ་རྒྱུད་དཔལ་འབྱོར་ཁུལ་དུ་གནས་རི་ལྷ་མཚོ་བརྒྱུད་གུ་གེའི་གནའ་ཤུལ་དུ་འགྲོ་སའི་ཡུལ་སྐོར་བགྲོད་ལམ་རྩེ་གྲ་གཏོད་རྒྱུ་དང་། གཏེར་ཁའི་ཐོན་ལས་གོང་འཕེལ་འོས་འཚམ་གཏོང་རྒྱུ། ཁྱད་ལྡན་ཕྱུགས་ལས་དང་མཐའ་མཚམས་ཚོང་དོན་གོང་འཕེལ་ཧུར་ཐག་གཏོང་རྒྱུ་བཅས་ཡིན། ཚན་རིག་དང་མཐུན་པའི་འཆར་འགོད་དང་ལུགས་མཐུན་བཀོད་ཁྱབ་བྱས་ནས་གྲོང་ཁྱེར་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དང་། རྫོང་ཁོངས་དཔལ་འབྱོར་གོང་འཕེལ་ཤུགས་ཆེ་བཏང་ནས་མི་འབོར་འོས་འཚམ་བསྡུ་རུབ་ཐུབ་པ་བྱས་ཏེ་གྲོང་ཁྱེར་གྲོང་རྡལ་གྱི་རུབ་འདུས་ཕན་ནུས་དང་ཁྱབ་འགྱེད་ནུས་པ་ཆེ་རུ་འགྲོ་བ་བྱེད་རྒྱུ་དང་། བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ཅིག་འཛུགས་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོས་ནས་མཐའ་མཚམས་ས་ཁུལ་དེ་གཙོ་གནད་ས་ཁོངས་ལ་བརྩིས་ཏེ་གཙོ་གནད་དུ་འཕར་གཟིགས་དང་། གཙོ་གནད་དུ་མ་འཇོག གཙོ་གནད་དུ་གོང་འཕེལ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། “མཐའ་དར་དམངས་ཕྱུག ”བྱ་སྤྱོད་མུ་མཐུད་ལག་བསྟར་བྱེད་དགོས་པའི་ཐོག་མོན་པ་དང་ལྷོ་པ་སོགས་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་ཤུགས་ཆེ་བྱེད་དགོས།
གསུམ། ཚན་སློབ་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུ་དང་ཤེས་ལྡན་པར་བརྟེན་ནས་བོད་ལྗོངས་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་རྒྱུ།
སློབ་གསོའི་བྱ་གཞག་སྔོན་ལ་བཟུང་ནས་གོང་འཕེལ་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ལོ་མ་ལོན་གོང་གི་ལོ་གསུམ་དང་ཞིང་འབྲོག་ཁུལ་གྱི་སློབ་ལོ་མ་ལོན་གོང་གི་ལོ་གཉིས་ཀྱི “སྐད་གཉིས ”སློབ་གསོ་སྤེལ་ཏེ་བྱིས་གསོ་ཁང་དུ་བྱིས་པ་རགས་རྩིས་ཞུགས་ཚད་60%ཟིན་པ་བྱེད་དགོས། འོས་འགན་སློབ་གསོ་སྲ་བརྟན་དང་གོང་མཐོར་བཏང་ནས་ཡིག་རྨོངས་གསར་པ་བསྐྱར་དུ་མི་ཐོན་པ་བྱེད་དགོས། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་གོང་འཕེལ་གང་མགྱོགས་གཏོང་རྒྱུ་དང་། ནང་སར་མཐོ་རིམ་སློབ་འབྲིང་གཉེར་རྒྱུའི་གཞི་རྒྱ་འོས་འཚམ་གྱིས་ཆེ་རུ་གཏོང་རྒྱུ། འབྲིང་རིམ་ལས་རིགས་སློབ་གསོ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་ནང་སར་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་མུ་མཐུད་གཉེར་རྒྱུ། མཐོ་རིམ་སློབ་གསོ་གཉེར་རྒྱུ་ལེགས་སྒྱུར་རིམ་སྤོར་བྱེད་རྒྱུ་དང་སློབ་མ་བསྡུ་བའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། དམིགས་བསལ་སློབ་གསོར་མཐོང་ཆེན་བྱེད་དགོས་ཤིང་། སློབ་གསོའི་ལམ་སྲོལ་ལ་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས་པ་དང་། དེང་རབས་སློབ་གྲྭའི་དོ་དམ་ལམ་ལུགས་འཛུགས་པ་དང་། གསོ་སྐྱོང་བྱེད་སྟངས་དང་། སློབ་གསོའི་དོ་དམ། སློབ་གཉེར་ལམ་སྲོལ་བཅས་གསར་གཏོད་བྱེད་དགོས། བྱང་ཚད་སློབ་གསོ་ཤུགས་ཆེ་སྤེལ་དགོས་ཤིང་། མི་སྣ་གསོ་སྐྱོང་བྱེད་རྒྱུ་རྩ་བར་འཛིན་པ་དང་ཀུན་སྤྱོད་སློབ་གསོ་སྔོན་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་མའི་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད་བཅས་སྒོ་ཀུན་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གཏོང་དགོས། རིགས་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་བཅོས་གཏོང་རྒྱུ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་གཉེར་རྒྱུར་ཤུགས་སྣོན་རྒྱག་དགོས། ཞིང་འབྲོག་ཁུལ་དུ་སློབ་ལོ་མ་ལོན་གོང་གི “སྐད་གཉིས ”སློབ་གསོ་སྤེལ་བར་སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་གི་འོས་འགན་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུའི་ཐོག་ཚང་མར་ཁེབས་པ་བྱེད་རྒྱུ་མ་ཟད་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཚང་མ “འགན་ལེན་གསུམ ”གྱི་སྲིད་ཇུས་སྤྱོད་ཁོངས་སུ་འཇུག་རྒྱུ་དང་། འབྲིང་རིམ་ལས་རིགས་སློབ་གསོར་སློབ་ཡོན་སྤྲོད་མི་དགོས་པའི་སྲིད་ཇུས་ལག་ལེན་བྱས་ཏེ་ཕྲུ་གུ་ཚང་མ་སློབ་གྲྭར་འགྲོ་རྒྱུ་ཡོད་པ་དང་། སློབ་གྲྭར་འགྲོ་ཐུབ་པ། སློབ་གྲྭ་ཡག་པོ་ཡོད་པ་བཅས་བྱེད་དགོས།
ཚན་རྩལ་ཡར་ཐོན་ལ་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ། ཚན་རྩལ་གསར་གཏོད་ཀྱི་ལམ་ལུགས་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་། སྐྱེ་དངོས་ཐོན་ལས། བོད་ལུགས་གསོ་རིག་སྨན་ལས། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། ས་མཐོའི་འབྱུང་ཁམས་དང་ཁོར་ཡུག གཏེར་ཁའི་ཐོན་ཁུངས་གསར་སྤེལ་སོགས་བྱེད་རྒྱུའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་ནང་འདྲེན་དང་ཞིབ་འཇུག་གསར་གཏོད་ཧུར་ཐག་བྱེད་རྒྱུ་དང་། ཚན་རྩལ་འབྲས་བུ་དངོས་སྒྱུར་བྱེད་རྒྱུ་མགྱོགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ནུས་པ་གོང་མཐོར་གཏོང་བ་བཅས་བྱེད་དགོས། གསར་གཏོད་ཀྱི་རྒྱུ་ཆ་གཙོ་བོ་ཁེ་ལས་ནང་རུབ་འདུས་བྱེད་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་རྒྱུ། ཞིང་འབྲོག་ལས་ཀྱི་སྔོན་ཐོན་གོ་ཆོད་ལག་རྩལ་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ། 《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་གོང་མཐོར་གཏོང་བའི་བྱ་སྤྱོད་འཆར་གཞིའི་རྩ་གནད 》ལག་བསྟར་ཤུགས་ཆེ་བྱས་ནས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་གོང་མཐོར་གཏོང་རྒྱུ་དང་། ཤེས་རིག་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ལྗོངས་ཕྱི་ནང་གི་སློབ་གསོའི་ཐོན་ཁུངས་དང་ག་སྦྱར་བོད་སྐྱོར་གྱི་མཐུན་རྐྱེན་བཟང་པོར་བརྟེན་ནས་དགོས་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེ་བྱེད་རྒྱུ། དགེ་སྟོབས་དང་ཁྱད་ཆོས་ལྡན་པའི་ཐོན་ལས་དང་། གསར་དར་ཐོན་ལས། དམངས་ཀྱི་འཚོ་བ་ལེགས་བཅོས། གནད་ཆེའི་རྣམ་གྲངས་འཛུགས་སྐྲུན་བཅས་ཀྱི་དགོས་མཁོར་དམིགས་ཏེ་དགོས་མཁོ་ཆེ་ལ་དཀོན་པའི་ཤེས་ལྡན་པ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤེས་ལྡན་པའི་གྲུབ་ཆ་དང་ཁྱབ་ཚུལ་ལེགས་སྒྲིག་བྱེད་རྒྱུ་དང་རིམ་རིགས་ཁག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་དང་འཚམ་པའི་ཤེས་ལྡན་པའི་དཔུང་ཁག་ཞིག་འཛུགས་དགོས། ཤེས་ལྡན་པ་འཁོར་རྒྱུག་བྱེད་པར་ལམ་སྲོལ་རང་བཞིན་གྱི་འགོག་རྐྱེན་ཕོག་རིགས་དེ་མེད་པ་བཟོ་བ་དང་ཤེས་ལྡན་པ་འཁོར་རྒྱུག་བགོ་སྒྲིག་བྱེད་པའི་ལམ་སྲོལ་ལེགས་སུ་བཏང་སྟེ་ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པ་བྱེད་རྒྱུའི་ལམ་ལུགས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁོར་ཡུག་སྐྲུན་དགོས།
བཞི། རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་བཅད་འཛུགས་སྐྱོང་བྱེད་དགོས།
རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུའི་འཆར་འགོད་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ཐོག ཐོན་ཁུངས་ལུགས་མཐུན་གསར་སྤེལ་དང་ཕན་འབྲས་ཐོན་པའི་སྒོ་ནས་བེད་སྤྱོད་བྱེད་དགོས་ཤིང་། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་དེ་བས་སྲ་ཞིང་བརྟན་པའི་སྣོད་བཅུད་སྲུང་བཅད་འཛུགས་སྐྱོང་བྱེད་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་། རང་བྱུང་རྩྭ་ཐང་སྲུང་སྐྱོབ། བྱེ་འགྱུར་འགོག་བཅོས། ས་ཆུ་སྲུང་འཛིན་སོགས་གཙོ་གནད་ལས་གཞིར་སྤྱི་ཡོངས་ནས་སྐུལ་སྤེལ་བཏང་སྟེ་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོབ་དང་སྣོད་བཅུད་མ་ལག་ཉམས་ཆག་སོང་རིགས་སླར་གསོ་དང་བསྐྱར་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་ཆུ་འགོའི་ཁུལ་དང་། གཤེར་ས། སྐྱེ་དངོས་སྣ་མང་ཅན་བཅས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཚད་ལྡན་ཅན་གྱི་སྒོ་ནས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་རྒྱུ། རྩྭ་ཐང་སྣོད་བཅུད་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་འབྱུང་ཁམས་སྲུང་ཆེད་གནས་སྤོས་བརྟན་པོའི་ངང་བྱེད་རྒྱུ། 2015ལོར་སླེབས་དུས་གཙོ་གནད་ཁུལ་ཁོངས་ཀྱིས་བཅོས་སྐྱོང་ཐུབ་པའི་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་པའི་རྒྱ་ཁྱོན་30%ཟིན་ཐུབ་པ་བྱེད་རྒྱུ་དང་། ནགས་ཚལ་ཁྱབ་ཚད་12%ཡན་ཟིན་ཐུབ་པ་བྱེད་རྒྱུ། “གཙང་པོ་གཅིག་དང་ཆུ་བོ་གཉིས ”ཀྱི་གཙོ་གནད་ས་ཁུལ་གྱི་ས་ཆ་བྱེ་འགྱུར་ལེགས་བཅོས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།
སྣོད་བཅུད་གུན་གསབ་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་དབྱང་ནོར་སྲིད་ནས་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་སྐྱོང་གསབ་བྱེད་པའི་ཐེབས་རྩའི་སྲིད་ཇུས་འབྲེལ་མཐུད་དང་དོན་འཁྱོལ་བྱས་ནས་གཞུང་ཁོངས་སྤྱི་ཕན་ནགས་གླིང་གི་སྣོད་བཅུད་ཕན་འབྲས་སྐྱོང་གསབ་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་རྒྱུ། རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའ་སྤྲོད་ལམ་སྒོ་ཀུན་ནས་འཛུགས་དགོས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཤེར་ས་དང་། ས་ཆུ་སྲུང་འཛིན། ཆུའི་ཐོན་ཁུངས་སྲུང་སྐྱོབ་སོགས་ཀྱི་སྣོད་བཅུད་ཕན་འབྲས་སྐྱོང་གསབ་དང་ཐོན་ཁུངས་གསར་སྤེལ་གྱི་སྣོད་བཅུད་སྐྱོང་གསབ་སྤྲོད་རྒྱུའི་ཚོད་ལྟ་བྱེད་དགོས། རང་བྱུང་སྲུང་སྐྱོབ་ཁུལ་དང་། གལ་ཆེའི་སྣོད་བཅུད་ནུས་འདུས་ཁུལ། གལ་ཆེའི་འཐབ་ཇུས་ཀྱི་གསོག་འཇོག་གཏེར་ཁའི་ཐོན་ཁུངས་གནས་ས་བཅས་ལ་ནོར་སྲིད་ནས་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཏེར་ཁའི་ཁོར་ཡུག་བཅོས་སྐྱོང་དང་སྣོད་བཅུད་སླར་གསོ་བྱེད་འགན་འཁུར་རྒྱུའི་ལམ་སྲོལ་འཛུགས་དགོས། ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས།
ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་དུ་གཏོང་རྒྱུ་དང་ཁོར་ཡུག་ལ་ཁྲིམས་སྒྱུར་ལྟ་སྡོམ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐུབ་པའི་བཟོ་རྩལ་གསར་པ་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ་བཅས་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུར་སྐུལ་ལྕག་བྱེད་རྒྱུ་དང་། ནུས་རྒྱུ་གཙང་མ་ཁྱབ་གདལ་བེད་སྤྱོད་ཤུགས་ཆེ་བཏང་སྟེ་ནུས་རྒྱུ་གྲོན་ཆུང་དང་། ཆུ་གྲོན་ཆུང་། ས་ཆ་གྲོན་ཆུང་། རྒྱུ་ཆ་གྲོན་ཆུང་བཅས་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་དགོས། གྲོང་ཁྱེར་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བཟོ་རྒྱུ་སོགས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། གཙོ་གནད་ས་ཁོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུ་དང་། ཁེ་ལས་ཀྱི་སྦག་བཙོག་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། སྨན་བཅོས་ཀྱི་ཟོག་རོ་དང་ཉེན་ཆེའི་ཟོག་རོ་གཙང་སེལ་གང་ལེགས་བྱས་ཏེ་བཙོག་སྐྱོན་གཏོང་འབུད་ཉུང་དུ་འགྲོ་བ་བྱེད་དགོས། འཐུང་ཆུའི་ཆུ་འགོར་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ལྕགས་རིགས་ལྗིད་གྲས་དང་ས་རྒྱུའི་སྦག་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཟེར་འགྱེད་ཁོར་ཡུག་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཐོན་ཁུངས་གསར་སྤེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཁོར་ཡུག་གི་ཁྲིམས་སྐྱོང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གསར་སྤེལ་འཛུགས་སྐྲུན་འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོང་ཚོད་སྐོར་ནན་པོ་བྱེད་རྒྱུ་དང་སྣོད་བཅུད་ཁོར་ཡུག་གི་འགག་སྒོ་དང་། ཐོན་ལས་སྲིད་ཇུས་ཀྱི་འགག་སྒོ། ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ་བཅས་དམ་པོ་སྲུང་དགོས། ཁོར་ཡུག་གནོད་རྐྱེན་དང་སྦགས་བཙོག་ལས་འཛོལ་ཚབས་ཆེན་གྱི་འགན་འཁྲི་རྩད་གཅོད་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་བཟོ་དགོས།
སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚད་ལྡན་གྱི་ཁོར་ཡུག་ལྟ་ཞིབ་དྲ་རྒྱ་འཛུགས་སྐྱོང་བྱས་ཏེ་གཙང་པོ་དང་ཆུ་བོ་གཙོ་བོ་དང་། གཙོ་གནད་ས་ཁོངས་ཀྱི་ཆུའི་སྤུས་ཚད། མཁའ་རླུང་སྤུས་ཚད་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཁོར་ཡུག་གི་འཕྲལ་སྡོམ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཁོར་ཡུག་འཕྲལ་སྡོམ་ལག་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་དང་། ཚོད་སྐོར། སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུ་བཅས་ཀྱི་ལམ་ལུགས་འཛུགས་དགོས། ནུས་པ་ཆ་ཚང་བ་དང་བཀོད་སྒྲིག་ལུགས་དང་མཐུན་པའི་ཆུ་དཔྱད་དང་ཆུའི་ཐོན་ཁུངས་ཀྱི་ལྟ་ཞིབ་མ་ལག་འཛུགས་དགོས། གནམ་གཤིས་བརྟག་དཔྱད་དྲ་ཚིགས་འཛུགས་རྒྱུ་ལེགས་སུ་གཏོང་བ་དང་། གནམ་གཤིས་བརྟག་དཔྱད་སྒྲིག་བཀོད་ལེགས་བཅོས་བྱས་ཏེ་དམིགས་བསལ་གྱི་གནམ་གཤིས་ངན་པ་དང་གནམ་གཤིས་དོན་རྐྱེན་ལ་ལྟ་དཔྱད་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་འགྲོ་བར་ལྟ་དཔྱད་བྱེད་ནུས་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།
ལྔ། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་སྒོ་དབྱེ་རྒྱ་ཆེ་རུ་གཏོང་དགོས།
བསྒྱུར་བཅོས་འགག་སྒྲོལ་བྱེད་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་དགོས། རྩྭ་ར་འགན་གཙང་གཉེར་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མཉམ་སྡེབ་ཀྱི་ནགས་དབང་ལམ་ལུགས་བསྒྱུར་བཅོས་བརྟན་པོ་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་ཆུ་བེད་དང་ཆུ་གློག་དོ་དམ་ལམ་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་དང་། ཞིང་འབྲོག་མང་ཚོགས་ཀྱིས་ཐབས་རྣམ་སྣ་ཚོགས་ཐོག་ནས་ས་ཆ་འགན་གཙང་གཉེར་སྐྱོང་བྱེད་དབང་བརྒྱུད་བཤུག་བྱེད་ཆོགའབྲུ་རིགས་འཁོར་རྒྱུག་ལམ་སྲོལ་བསྒྱུར་བཅོས་མུ་མཐུད་བྱེད་རྒྱུ། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལམ་སྲོལ། དེ་བཞིན་ཡོང་འབབ་བགོ་འགྲེམས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་བཏང་ནས་ཚོང་ཟོག་ཁྲོམ་ར་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱུ་གཙོའི་ཁྲོམ་ར་འཐུས་ཚང་འཛུགས་རྒྱུ། སྲིད་འཛིན་དོ་དམ་ལམ་སྲོལ་བསྒྱུར་བཅོས་ཧུར་ཐག་བྱེད་རྒྱུ། བྱ་གཞག་ཚན་པའི་བསྒྱུར་བཅོས་དང་རིག་གནས་ལམ་སྲོལ་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་དགོས།
ནོར་ཁྲལ་དང་དངུལ་རྩའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། སྤྱི་པའི་སྔོན་རྩིས་མ་ལག་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་དང་ཚད་ལྡན་དུ་འགྱུར་བའི་མ་ལགསྤྱི་པའི་གཏོང་སྒོའི་ཕན་འབྲས་ཚོད་སྐོར་མ་ལག་བཅས་འཛུགས་རྒྱུ་དང་། སྔོན་རྩིས་བཟོ་འགོད་དང་ལག་བསྟར་དོ་དམ་བྱེད་པའི་ལམ་ལུགས་འཐུས་ལེགས་སུ་གཏོང་རྒྱུ། རྒྱལ་མཛོད་ནས་གཅིག་གྱུར་སྤྲོད་ལེན་བྱེད་པའི་ལམ་ལུགས་མུ་མཐུད་བསྒྱུར་བཅོས་གཏིང་ཟབ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁྲལ་བསྡུའི་ལམ་ལུགས་བསྒྱུར་བཅོས་དང་ཆ་ཚང་དུ་བཏང་ནས་ས་གནས་དཔྱ་ཁྲལ་མ་ལག་ཚགས་ཚུད་དུ་གཏོང་རྒྱུ། ཁྲལ་འབབ་བསྡུ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ་བྱེད་རྒྱུ། ཁྲལ་མིན་ཡོང་འབབ་ལ་དོ་དམ་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ། ཀྲུང་དབྱང་གིས་བོད་ལ་སྤྲད་པའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་གཞུང་ཁོངས་ཚོང་ལས་དངུལ་ཁང་གི་སྤྱི་ཁྱབ་དངུལ་ཁང་ཁག་གིས་དེའི་བོད་སྡོད་ཡན་ལག་ཚན་པར་དབྱེ་བ་ཡོད་པའི་ཡིད་རྟོན་དངུལ་བུན་དོ་དམ་བྱ་ཐབས་དང་ཁེར་རྐྱང་དུ་ཞིབ་དཔྱད་བྱེད་རྒྱུའི་ལམ་སྲོལ་ལག་བསྟར་ཐུབ་པའི་བརྩོན་ལེན་བྱས་ནས་ཡིད་རྟོན་དངུལ་བུན་གཏོང་རྒྱའི་ཕན་ནུས་ཆེ་རུ་བཏང་ཐོག་རག་པའི་བཅོལ་དངུལ་རྣམས་གཙོ་བོ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐོག་སྤྱོད་ཐུབ་པ་བྱེད་རྒྱུ། རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་དངུལ་ཁང་ལ་བོད་སྡོད་ཡན་ལག་ཚན་པ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་ཚན་དངུལ་ཁང་འཛུགས་ཐུབ་པ་བྱེད་རྒྱུ། གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་དང་། འབོར་ཆུང་དངུལ་བུན་ཀུང་སི། གྲོང་གསེབ་ཀྱི་མ་དངུལ་རོགས་རེས་ཁང་སོགས་གྲོང་གསེབ་ཀྱི་དངུལ་རྩའི་ཚན་པ་གསར་གྲས་འཛུགས་སྐྱོང་བྱེད་རྒྱུ་མགྱོགས་སུ་གཏོང་རྒྱུ། ཡིད་རྟོན་ཁག་ཐེག་མ་ལག་ཚགས་ཚུད་དུ་བཏང་ནས་ཡིད་རྟོན་དངུལ་བུན་དང་ཁག་ཐེག་ཉེན་ཟོན་ཁ་གསབ་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ཏེ་ཁེ་ལས་ཆུང་འབྲིང་དང་གྲོང་ཁྱེར་གྲོང་གསེབ་ཀྱི་མང་ཚོགས་ལ་སྤུས་ཀ་དག་ཅིང་། ཕན་འབྲས་ཆེ་ལ། སྟབས་བདེ་བའི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ། མ་རྩའི་ཁྲོམ་ར་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་མ་རྐང་ལམ་ལུགས་བསྐྱར་སྒྲིག་དང་ཁྲོམ་འགྲེམས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ།
སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་ལྷུག་པོར་གློད་ནས་གོང་འཕེལ་གཏོང་དགོས། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁོར་ཡུག་བཟང་པོ་ཞིག་གཏོད་དེ་རིགས་འདྲ་མིན་གྱི་ཁྲོམ་རྭ་གཉེར་མཁན་སྐྱོང་འཕེལ་ཤུགས་ཆེ་བྱས་ཐོག དམངས་གཉེར་མ་རྩ་རྣམས་གཞུང་ཁོངས་ཁེ་ལས་ལེགས་སྒྲིག་བསྐྱར་སྒྲིག་བསྒྱུར་བཅོས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་དབང་བའི་ལམ་ལུགས་འདྲེས་མའི་དཔལ་འབྱོར་གོང་འཕེལ་ཧུར་ཐག་གཏོང་རྒྱུ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་གྲགས་རྟགས་ཀྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྟགས་ལེགས་ཐོན་རྫས་གཏོད་ཐུབ་པ་བྱེད་རྒྱུ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ཞབས་ཞུ་དང་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ཐད་ལ་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
སྒོ་མོ་དབྱེ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། སྒོ་དབྱེའི་འདུ་ཤེས་བརྟན་པོ་བཙུགས་ཏེ་རང་ལྗོངས་ཀྱི་དོན་དངོས་དང་ཐོན་ཁུངས་ཀྱི་དགེ་སྟོབས་ལ་བརྟེན་ནས “གདན་ཞུ ”དང་“ཕྱིར་སྐྱོད ”ཀྱི་ལས་ཀ་སྤེལ་ཤུགས་ཆེ་རུ་བཏང་ཐོགརྒྱལ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་རྒྱུན་འཁོར་ཆེ་མོའི་ནང་ཚུད་གང་ཐུབ་བྱེད་རྒྱུ། གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་ལེགས་སུ་བཏང་ནས་ལྗོངས་ཕྱི་ནང་གཉིས་ཀྱི་ཁྲོམ་ར་དང་ཐོན་ཁུངས་ཁག་གཉིས་བེད་སྤྱོད་གང་ལེགས་ཐུབ་པ་བྱེད་རྒྱུ། ག་སྦྱར་བོད་སྐྱོར་བྱེད་མཁན་ཞིང་ཆེན་གྲོང་ཁྱེར་དང་ཀྲུང་དབྱང་གི་གལ་ཆེའི་རྐང་འཛིན་ཁེ་ལས་དང་མཉམ་ལས་སྤེལ་རེས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་ཁེ་ལས་ནང་འདྲེན་ཧུར་ཐག་བྱས་ཏེ་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གཉིས་ཕན་མཉམ་རྒྱལ་ཐུབ་པ་བྱེད་རྒྱུ། རང་གནས་ཁ་གསལ་དང་། བྱེད་ནུས་གསབ་རེས། ཁྱད་ཆོས་མངོན་ཆེ། ཁྱབ་བཀོད་ལུགས་མཐུན་བཅས་བྱས་ཏེ་སྡེ་གླིང་དཔལ་འབྱོར་གང་མགྱོགས་གོང་འཕེལ་དང་རིམ་སྤོར་ཐུབ་པ་བྱེད་དགོས། མཐའ་མཚམས་ཚོང་དོན་གོང་འཕེལ་ཤུགས་ཆེ་བཏང་ནས་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྐྱིད་རོང་འགག་སྒོ་གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་རྒྱུ་དང་། འགྲམ་འགག་སྒོ་བརྟན་པོའི་ངང་གདང་རིམ་མཐོ་རུ་གཏོང་རྒྱུ། གྲོ་མོ་འགག་སྒོ་སླར་གསོ་ཧུར་ཐག་བྱེད་རྒྱུ། སྤུ་ཧྲེང་དང་རི་བོ་འགག་སྒོ་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་རྒྱུ། འཆར་འགོད་བཟོ་རྒྱུ་དམ་འཛིན་དང་གཏོང་སྒོ་ཆེ་རུ་བཏང་ནས་སྐྱིད་རོང་གི་མཐའ་མཚམས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་རྒྱུའི་གོམ་པ་དངོས་སྤོ་ཐུབ་པ་བྱས་ཏེ་ཨེ་ཤེ་ཡ་ལྷོ་མའི་སྐམ་སའི་ཚོང་འགྲུལ་བགྲོད་ལམ་ཆེ་མོ་གང་མགྱོགས་བཟོ་རྒྱུ།
དྲུག གཞི་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་ནས་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ་སྔ་ཕྱི་བར་གསུམ་དུ་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་ཀྲུང་དབྱང་གི་མཛད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ཏེ་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་རང་དབང་རང་ལག་ཏུ་དམ་པོར་འཛིན་རྒྱུ། ཏཱ་ལའི་རུ་ཚོགས་ལ་དགག་རྒྱག་ཐེར་འདོན་བྱེད་པའི་བྱེད་སྒོ་རྒྱུན་བསྲིངས་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏཱ་ལའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུའི་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་གསལ་རྟོགས་ཐུབ་པ་བྱས་ཐོག་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་འགྱུར་མེད་རང་བཞིན་དང་། རང་རྟོགས་རང་བཞིན། རང་འགུལ་བྱེད་སེམས་བཅས་སྔར་བས་ཆེ་རུ་གཏོང་ཐུབ་པ་བྱེད་རྒྱུ། སིམ་འཛུལ་ལ་ངོ་རྒོལ་དང་། རྩ་སློག་ལ་ངོ་རྒོལ། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པའི་འགོག་ཟོན་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་བསམ་བློ་དང་རིག་གནས་ལ་སིམ་འཛུལ་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཕན་མེད་གནོད་འགྱུར་གྱི་གཏམ་གླེང་རིགས་མི་ཁྱབ་ནན་འགོག་བྱེད་རྒྱུ། ཁ་ཕྲལ་བ་དང་དགྲ་ཡའི་ཕྱོགས་གཏོགས་ཀྱི་འགུལ་ཕྱོགས་ཤེས་རྟོགས་གཟབ་ནན་བྱས་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ། མཐའ་མཚམས་ལྟ་སྡོམ་དང་དམག་ཉེན་དམངས་གསུམ་གྱི་མཉམ་སྲུང་མཉམ་འགོག་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་གཞོགས་འདེགས་བྱས་ནས་བོད་འབྲེལ་གྱི་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གྱི་དམིགས་བཀར་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་བཏང་ཐོག་ཏཱ་ལའི་རུ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་བྱེད་སྒོ་སྤེལ་ཡུལ་མཐའ་ལ་གཅུར་ཤུགས་སྔར་བས་ཆེ་རུ་གཏོང་དགོས།
མི་རིགས་ལས་དོན་ཡག་པོ་སྒྲུབ་དགོས། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་མི་རིགས་སྲིད་ཇུས་རྒྱུན་འཁྱོངས་ཀྱིས་མི་རིགས་ཁག་ཐུན་མོང་ཐོག་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུའི་བརྗོད་བྱ་གཙོ་བོ་དམ་པོར་བཟུང་སྟེ་མི་རིགས་འདྲ་མཉམ་དང་། མཐུན་སྒྲིལ། ཡར་རྒྱས་བཅས་ཡོང་རྒྱུར་ཕན་པ་དང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་ཕན་པ། མི་རིགས་འབྲེལ་འདྲིས་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་ཕན་པ། རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་ཕན་པ་བཅས་བྱེད་རྒྱུ་དེ་མི་རིགས་ལས་དོན་གྱི་གྲུབ་འབྲས་ལེགས་ཞན་དཔྱོད་པའི་གལ་ཆེའི་ཚད་གཞིར་བརྩིས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། གཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་གོང་འཕེལ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས “ཁ་བྲལ་ཐབས་མེད་པ་གསུམ ”གྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱུན་ཆད་མེད་པ་བརྒྱབ་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཅིག་འདུས་ཀྱི་གནས་སྟངས་ལ་ངོས་འཛིན་ཡང་དག་བྱེད་རྒྱུའི་ཁྲིད་སྟོན་བྱས་ཏེ་རང་འགུལ་ངང་མི་རིགས་ཀྱི་གུ་དོག་ལྟ་བ་སྣ་ཚོགས་བཀག་འགོག་བྱེད་པ་དང་། མི་རིགས་ཁ་ཕྲལ་གྱི་འདུ་ཤེས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་རྒྱུ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་བུད་མེད་ལས་བྱེད་པ་གསོ་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་རྒྱུ། བོད་སྐད་ཡིག་གི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ།
ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། 《ཆོས་ལུགས་ལས་དོན་སྲོལ་ཡིག 》དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་ཏན་བྱས་ཏེ་དགོན་སྡེར་དོ་དམ་བྱེད་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་གང་མགྱོགས་བཟོས་ནས་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ། “དབྱེ་མཚམས་གཉིས་གསལ་པོ་འབྱེད་རྒྱུ་དང་འགན་འཁྲི་གཅིག་གཙང་སྒྲུབ་བྱེད་རྒྱུའི ”སྲིད་ཇུས་ཀྱི་རྩ་དོན་དང་ལས་ཀའི་བླང་བྱ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་དགོན་སྡེར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་དང་། དུས་བདེ་གཞི་མཐུན་གྱི་དགོན་པ་གཏོད་རྒྱུའི་བྱེད་སྒོ་ཏན་ཏིག་སྤེལ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཁྲིམས་ལུགས་གཞིར་བཟུང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགོན་སྡེའི་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྲུང་སྐྱོབ་བྱེད་རྒྱུ་དང་ཆོས་ལུགས་བེད་སྤྱད་དེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྒོ་སྤེལ་རིགས་ལ་རྡུང་རྡེག་ཚ་ནན་བཏང་ནས་དགོན་སྡེའི་དོ་དམ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་དུ་འགྱུར་བ་བྱེད་རྒྱུ། རིམ་བགོས་འགན་འཁྲི་འཁུར་རྒྱུ་དང་གཏོགས་ཁོངས་དོ་དམ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་གནས (གྲོང་ཁྱེར ) དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་དྲ་རྒྱ་དང་འགན་འཁྲིའི་ལམ་ལུགས་བཟོ་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དཔེ་ཁྲིད་མ་ལག་དང་ནང་བསྟན་རིག་པའི་གནས་རིམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་སློབ་གསོ་སྤེལ་རྒྱུ་དང་གསོ་སྐྱོང་བྱེད་རྒྱུའི་ལས་གཞི་སྤེལ་ཏེ་ཆབ་སྲིད་ཐོག་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐོག་རྟོགས་པ་མཐོ་བ། ཀུན་སྤྱོད་ཐོག་ཚང་མས་དད་གུས་བྱེད་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་དཔུང་ཁག་གཅིག་སྐྱེད་བསྲིང་ཧུར་ཐག་བྱེད་རྒྱུ།
སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་ལས་བྱེད་པ་དང་མང་ཚོགས་ལ་དྲག་ཆས་སྤྲས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་དང་རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བར་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་། བསྒྱུར་བཅོས་གསར་གཏོད་ཀྱིས་ལྟེ་བར་བྱས་པའི་དུས་རབས་ཀྱི་སྙིང་སྟོབས། དཀའ་སྤྱད་འབད་བརྩོན་གྱིས་ལྟེ་བར་བྱས་པའི “བོད་སྐྱོད་རྒན་རབས་པའི ”སྙིང་སྟོབས་བཅས་ལ་བརྟེན་ནས་དཔའ་སེམས་ཆེར་སྐྱེད་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་བྱས་ན་གཟི་བརྗིད་དང་། མེས་རྒྱལ་ལ་གནོད་འཚེ་བཏང་ན་ཞེ་ཁྲེལ་དགོས་པའི་གནས་ལུགས་དེ་ཨང་དང་པོར་བཞག་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བས་གོམས་སྲོལ་ལ་ཁྲིད་སྟོན་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་རྒྱུ། ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་རྒྱ་ཁྱབ་དང་གཏིང་ཟབ་ངང་དྲིལ་བསྒྲགས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱིས་ཁེ་ཕན་གང་ནས་ཡོང་གི་ཡོད་པ་དང་ཁེ་ཕན་གང་དུ་ཡོད་པ་གསལ་རྟོགས་ཐུབ་པ་བྱེད་རྒྱུ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་རྒྱུ་དང་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་ཟམ་མི་ཆད་པར་སྤེལ་རྒྱ་ཆེ་རུ་བཏང་ཐོག་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད་བཅས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་ནས་སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས། ཁྲིམས་ལུགས་དང་། སློབ་གསོ། སྲིད་འཛིན། གླེང་ཕྱོགས་བཅས་ཀྱི་བྱ་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ་མི་རྣམས་ཀྱིས་གཟི་ཁྲེལ་ཤེས་རྟོགས་ཐུབ་པ་དང་། སྤྱོད་བཟང་ལ་སྣང་ཆེན་བྱེད་པ། འོས་འགན་ཧུར་ཐག་སྒྲུབ་པ་བཅས་བྱེད་རྒྱུར་ཁྲིད་སྟོན་བྱས་ནས་ཡ་རབས་ཤེས་དཔལ་ལྡན་པ་དང་ཡར་བརྩོན་ཆེར་སྐྱེད་ཀྱི་སྤྱི་ཚོགས་ཀྱི་སྲོལ་བཟང་ཞིག་ཆགས་པ་བྱེད་རྒྱུ།
སྤྱི་ཚོགས་ཀྱི་ཞབས་ཞུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་བྱེད་སྟངས་གསར་གཏོད་བྱེད་དགོས། འགོག་རྡུང་ཟུང་འབྲེལ་དང་། སྔོན་འགོག་གཙོར་བཟུང་། ཆེད་དོན་དང་མང་ཚོགས་ཟུང་འབྲེལ། མང་ཚོགས་ལ་བརྟེན་པ་བཅས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཆ་ཚང་ཞིང་ཕན་ནུས་ཆེ་བའི་སྤྱི་ཚོགས་བདེ་འཇགས་ཀྱི་འགོག་སྲུང་མ་ལག་སྐྲུན་རྒྱུ། སྤྱི་ཚོགས་བདེ་འཇགས་ཀྱི་འབུར་ཐོན་གནད་དོན་དང་། གཙོ་གནད་ས་ཁུལ་ལ་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་ཉེས་གསོག་གི་བྱེད་སྤྱོད་རིགས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་དང་། ནག་ཚོགས་དང་ངན་རེངས་ཕྱོགས་གཏོགས་སེམས་ཐག་གཙང་བཅད་ཀྱིས་རྩ་མེད་བཟོ་རྒྱུ། རུས་རྒྱུད་ཀྱི་ཕྱོགས་གཏོགས་དང་ཪྙིང་སྲོལ་སླར་གསོའི་ཕྱོགས་གཏོགས་ནན་འགོག་བཅས་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་འབྱུང་རྩ་དང་རྨང་གཞིའི་ཐོག་ནས་འགལ་ཟླ་དང་རྩོད་ཪྙོག་རིགས་རྩད་བཤེར་འདུམ་སེལ་བྱེད་རྒྱུར་དེ་བས་སྣང་ཆེན་བྱས་ཏེ་ཡུལ་བབ་དམངས་འདུན་དུས་ཐོག་ཏུ་ཤེས་རྟོགས་དང་། སྤྱི་ཚོགས་ཐོག་གི་གླེང་ཕྱོགས་ལ་དུས་ཐོག་ཏུ་ཁྲིད་སྟོན། གནོད་གཞི་ཡོང་རྐྱེན་དུས་ཐོག་ཏུ་མེད་པ་བཟོ་བ་བཅས་བྱས་ཏེ་ཏཱ་ལའི་རུ་ཚོགས་དང་དགྲ་ཡའི་ཕྱོགས་གཏོགས་གཞན་དག་གིས་ཐེ་ཇུས་དང་བེད་སྤྱོད་བྱེད་དུ་འཇུག་རྒྱུ་མེད། སྤྱི་ཚོགས་དོ་དམ་བྱེད་སྟངས་ཚགས་ཚུད་པོ་བཟོ་བ་དང་གསར་གཏོད་བྱས་ཐོག་ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དོ་དམ་གོ་རིམ་ལྡན་པ་དང་། ཞབས་ཞུ་ཆ་ཚང་བ། ཡ་རབས་འཆམ་མཐུན་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གསར་པ་འཛུགས་སྐྱོང་བྱེད་དགོས། འཕྲལ་སྡོམ་མ་ལག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་འཕྲལ་སྡོམ་སྔོན་ཇུས་ཆ་ཚང་པོ་བཟོས་ནས་གློ་བུར་དུ་ཐོན་པའི་དོན་རྐྱེན་གྱི་སྔོན་བརྡ་གཏོང་ལམ་དང་འཕྲལ་སྡོམ་བྱེད་ལམ་ཚགས་ཚུད་པོ་བཟོ་རྒྱུ། བདེ་འཇགས་ངང་ཐོན་སྐྱེད་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཡོང་བ་བྱེད་རྒྱུ།
གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཞིང་འབྲོག་ཁུལ་གཙོ་བོར་བྱེད་པའི་གཞི་རིམ་སྲིད་དབང་རྩ་འཛུགས་འཛུགས་སྐྱོང་བྱས་ནས་དེ་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་དང་། གཞི་མཐུན་ལ་སྐུལ་འདེད། ཁ་ཕྲལ་ལ་ངོ་རྒོལ། བརྟན་ལྷིང་ལ་སྲུང་སྐྱོང་། མང་ཚོགས་ལ་ཞབས་ཞུ། མི་སེམས་གཅིག་སྒྲིལ་བཅས་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་གྱུར་བ་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་འཛུགས་སྐྲུན་དང་། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། ཤང་དང་གྲོང་རྡལ་གྱི་མངག་གཏོང་ཁང་དང་ཁྲིམས་འཛིན་ཁང་འཛུགས་སྐྱོང་བཅས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་གྱི་གཞུང་ལས་པར་སྦྱོང་བརྡར་སྤྲོས་རྒྱུ་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་གཞི་རིམ་ལས་བྱེད་པའི་བྱང་ཚད་དང་ནུས་པ་མཐོ་རུ་གཏོང་རྒྱུ། མི་རིགས་ཆོས་དོན་སྡེ་ཚན་གྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། ཤང་དང་གྲོང་ཚོའི་ལས་བྱེད་པའི་ལས་ཀའི་ཆ་རྐྱེན་དང་འཚོ་བའི་ཐོབ་ཐང་ཟམ་མི་ཆད་པར་ལེགས་བཅོས་བྱེད་རྒྱུ། གཞི་རིམ་སྲིད་ཁྲིམས་ཚན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཡག་ཏུ་གཏོང་བ་དང་སྒྲིག་ཆས་ལེགས་སུ་གཏོང་རྒྱུ། ཤང་གྲོང་གཞི་རིམ་སྲིད་ཁྲིམས་ཀྱི་སྟོབས་ཤུགས་གསབ་སྣོན་བྱས་ནས་དམག་འཐབ་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།
རྒྱལ་སྲུང་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུར་ཆ་རྐྱེན་ཧུར་ཐག་སྐྲུན་དགོས་པ་དང་དམག་དམངས་མཐུན་འདྲེས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། གཉིས་བཀུར་མཉམ་སྐྲུན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། དུས་རབས་གསར་པའི་དམག་སྲིད་བར་དང་དམག་དམངས་བར་གྱི་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ། རྒྱལ་སྲུང་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྲུང་ལྟ་བ་ཆེ་རུ་བཏང་སྟེ་རྒྱལ་སྲུང་སྐུལ་སློང་གི་ནུས་པ་ཆེ་རུ་གཏོང་དགོས་པ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་དཔལ་འབྱོར་སྐུལ་སློང་དང་། སྒྲིག་ཆས་སྐུལ་སློང་། མི་དམངས་དྲག་ཆས། མི་དམངས་མཁའ་ཟོན་བཅས་ཚད་ལྡན་ཅན་དུ་བཟོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།
འཐུས་མི་རྣམ་པ། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་བཅས་ཡིན་པས་ལས་དོན་ཁག་ཏན་ཏིག་བསྒྲུབ་རྒྱུར་དོན་སྙིང་ཤིན་ཏུ་ཆེན་པོ་ལྡན་ཡོད།
2011ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་གཙོ་བོ་ནི། ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་12%ཡན་འཕར་ཐུབ་པ་བྱེད་རྒྱུ་དང་། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་རྩིས་གཞི་རེའི་ནུས་ཁུངས་ཟད་གྲོན་དེ་རྒྱལ་ཁབ་ཀྱི་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་འབབ་སྨར་13%ཡན་འཕར་བ་བྱེད་རྒྱུ། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་15%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བྱེད་ཤུགས་18%ཡན་འཕར་བ་བྱེད་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རིགས་སིལ་འཚོང་སྤྱི་འབོར་18%ཡན་འཕར་བ་བྱེད་རྒྱུ། ཡུལ་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་འཕར་ཚད་3.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་ཡིན།
འདི་ལོར་སྲིད་གཞུང་གིས་གཤམ་གསལ་གྱི་ཕྱོགས་བརྒྱད་ཐད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབ་རྒྱུ་སྟེ། གཅིག་ནི་བདེ་འཁོད་ལས་བརྩོན་འགག་སྒྲོལ་བྱེད་གནས་སུ་བརྩིས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་མུ་མཐུད་དེ་འཛུགས་སྐྲུན་ཤུགས་ཆེ་བྱས་ཏེ “ཞིང་དུད་ལ་རིགས་བརྒྱད་བཟོ་ཁྲིད་བྱེད་པའི ”ལེ་ལག་ཚང་སྒྲིག་གི་འཛུགས་སྐྲུན་དམ་འཛིན་ཤུགས་ཆེ་བྱེད་རྒྱུ་དང་། སྲིད་འཛིན་གྲོང་ཚོ་1000གི་མིའི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཀྱི་ལས་དོན་སྤེལ་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་དང་། གཉིས་ནི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུར་དམ་འཛིན་ལྷོད་མེད་བྱས་ཏེ་ཁ་ཚ་དགོས་གཏུག་གི་རྣམ་གྲངས་ཁག་གཅིག་ལས་འགོ་འཛུགས་རྒྱུ་དང་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ། གཙོ་གནད་རྣམ་གྲངས་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཇུས་གཞིར་རྒྱལ་ཁབ་ནས་གང་མགྱོགས་ཆོག་མཆན་ཐོབ་པ་བྱེད་རྒྱུ་དང་། ལོ་ཧྲིལ་པོར་རྒྱལ་ཁབ་ནས་མ་འཇོག་སྒོར་དུང་ཕྱུར་260རག་ཐུབ་པའི་བརྩོན་ལེན་དང་། དམངས་ཁྲོད་ཀྱི་མ་འཇོག་བྱེད་རྒྱུར་སྐུལ་སྤེལ་གཏོང་བའི་ལག་བསྟར་བསམ་འཆར་གང་མགྱོགས་བཟོ་འབེབས་དང་དོན་འཁྱོལ་བྱེད་རྒྱུ། གསུམ་ནི་འཛད་སྤྱོད་ཀྱི་གཏིང་ཤུགས་སྔོག་འདོན་གང་ལེགས་བྱེད་རྒྱུ་དང་། ཁྲོམ་ར་འཛུགས་སྐྱོང་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། སྦག་སྦག་སོགས་གཤམ་ལ་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་སྤེལ་རྒྱུ། དེ་བཞིན་གོང་ཚད་སྙོམས་སྒྲིག་ལྟ་སྡོམ་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་རའི་གོང་ཚད་བརྟན་པོ་ཡོང་བ་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་ཐུབ་པ་བྱེད་རྒྱུ། བཞི་ནི་“ཐོན་ལས་དང་པོ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱེད་རྒྱུ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ ”བཅས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་ཁེ་ལས་ཚོགས་ཚོའི་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གཞི་ཁྱོན་ཅན་དུ་གཉེར་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། ཐོན་ལས་སྡེ་གླིང་འཛུགས་སྐྱོང་དང་གོང་འཕེལ་གཏོང་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་རྟགས་ལེགས་འདོན་རྒྱུའི་གོང་འཕེལ་གྱི་ལམ་བུར་སྐྱོད་རྒྱུ། ལྔ་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་གཙོ་གནད་དུ་བྱས་པའི་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གང་མགྱོགས་གཏོང་དགོས་ཤིང་། སློབ་གསོ་གོང་འཕེལ་གཏིང་ཟབ་བཏང་ནས་སློབ་ཞུགས་མ་བྱས་གོང་གི “སྐད་གཉིས ”སློབ་གསོའི་ལས་དོན་ཡག་པོ་སྤེལ་རྒྱུ་དང་“འགན་ལེན་གསུམ ”གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་སྤེལ་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ལས་ཞུགས་བྱེད་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ནས་རང་ལྗོངས་ཀྱི་མཐོ་རིམ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་བྱེད་པར་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཞིབ་འཇུག་བཟོ་འབེབས་བྱེད་རྒྱུ་དང་དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་དེའི་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ་དང་གཅིག་གྱུར་འཆར་འགོད་བྱེད་པའི་བང་རིམ་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཐོག་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་ལག་བསྟར་བྱེད་འགོ་འཛུགས་རྒྱུ། རིག་གནས་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་རིག་གནས་དར་རྒྱས་ཆེན་པོ་ཡོང་བ་བྱེད་རྒྱུ། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ལ་སེམས་ཁུར་དང་དེ་ཐག་གཅོད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ་དང་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས་གོང་འཕེལ་གྱི་འབྲས་བུ་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བྱེད་རྒྱུ། དྲུག་ནི་བོད་ཀྱི་སྣོད་བཅུད་སྲུང་བཅད་སྲུང་སྐྱོབ་དང་ལེགས་སྐྲུན་བྱེད་རྒྱུའི་འཆར་འགོད་གང་མགྱོགས་ལག་བསྟར་བྱས་ཏེ་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་སྐྱོང་གསབ་ཐེབས་རྩ་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། རྩྭ་ཐང་སྣོད་བཅུད་ཀྱི་རོགས་དངུལ་དང་བྱ་དགའ་སྤྲོད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་བཟོས་ཏེ་སྣོད་བཅུད་ཕན་འབྲས་སྐྱོང་གསབ་སྤྲོད་རྒྱུ་དང་། ཐོན་ཁུངས་གསར་སྤེལ་གྱི་སྐྱིན་གསབ་སྤྲོད་རྒྱུ་ཚོད་ལྟ་བྱས་ཐོག་ཤིང་འཛུགས་ནགས་གསོ་ཤུགས་ཆེ་བྱེད་རྒྱུ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཁོར་ཡུག་གི་ཁྲིམས་སྒྱུར་ལྟ་སྡོམ་ནན་པོ་བཅས་བྱེད་རྒྱུ། བདུན་ནི་མཐའ་མཚམས་ས་ཁུལ་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཟོ་རྒྱུ་དང་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཐབས་བརྒྱ་ཇུས་སྟོང་གིས་མཐའ་མཚམས་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ལེགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། བརྒྱད་ནི་བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་དུས་བདེའི་བོད་ལྗོངས་དང་གཞི་མཐུན་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།
དུས་བསྟུན་ཡར་རྒྱས་བཏང་ནས་མི་དམངས་ཀྱི་བློ་ལ་བབ་པའི་སྲིད་གཞུང་ཞིག་བསྐྲུན་དགོས།
“ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་འགྲུབ་ཕྱིར། རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་གསར་པ་འགྲོ་བར་ངོས་འཛིན་ཡང་དག་པ་བྱེད་པ་དང་། བསྒྱུར་འཕེལ་བརྟན་གསུམ་གྱི་དུས་བབ་གསར་པ་ཤེས་རྟོགས་ཡང་དག་པ་བྱེད་པ། མི་དམངས་མང་ཚོགས་ཀྱི་རེ་འགུག་གསར་པར་འཕྲལ་དུ་བརྡ་ལན་སློག་པ་བཅས་བྱས་ཏེ་འགན་འཁྲི་འཁུར་སེམས་དང་ལས་བསྐལ་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་སྲིད་གཞུང་ལེགས་སྐྱོང་བྱེད་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་དང་། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་རྒྱུ། ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་མི་དམངས་ལ་ཞབས་ཞུ་དང་། དམ་པ་དོན་གཉེར། སྲི་ཞུ་སྤྱོད་གཙང་བཅས་ཐུབ་པ་བྱེད་དགོས།
དམངས་ཀྱི་ཆེད་དུ་སྲིད་བསྐྱངས་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ། སྔ་ཕྱི་བར་གསུམ་དུ་ཏང་གི་མང་ཚོགས་ལམ་ཕྱོགས་དང་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་དང་། སྔ་ཕྱི་བར་གསུམ་དུ་མི་དམངས་སྲིད་གཞུང་གིས་མི་དམངས་ལ་ཕན་པ་སྐྲུན་རྒྱུའི་ངོ་བོའི་བླང་བྱ་མཐའ་འཁྱོངས་དང་། མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱས་ཏེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། དམངས་ཀྱི་བསམ་འདུན་མཚོན་གང་ཐུབ་བྱེད་པ། དམངས་ཀྱི་བློ་གྲོས་བསྡུ་རུབ་རྒྱ་ཁྱབ་ཏུ་བྱེད་པ། དམངས་ཀྱི་སྟོབས་ཤུགས་ལ་གཅེས་སྤྲས་གང་ལེགས་བྱེད་པ་བཅས་བྱས་ཏེ་ལག་ལེན་དངོས་དང་། མི་དམངས། ལོ་རྒྱུས་བཅས་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་འདོན་ཐུབ་པའི་འབད་བརྩོན་བྱེད་རྒྱུ། མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་གཞི་རིམ་ལ་སྐྱོད་པ་དང་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་དམངས་ཀྱི་རེ་འབོད་ཉན་པ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་དོ་ཁུར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་ལ་དངོས་ཕན་ཆེ་ཤོས་ཡིན་པ། མང་ཚོགས་ལ་ཐད་ཀའི་འབྲེལ་བ་ཡོད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱི་ཆེད་དུ་དཀའ་ངལ་ཐག་གཅོད་དང་། བྱ་བ་དངོས་བསྒྲུབ་པ། བྱ་བ་བཟང་པོ་བསྒྲུབ་པ་བཅས་ཀྱི་བྱ་སྤྱོད་ངོ་མ་དང་འབྲས་བུ་དངོས་ཀྱི་ཐོག་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་ཐུབ་པ་དང་དམངས་ཀྱི་ཆེད་དུ་དབང་ཆ་བེད་སྤྱོད་བྱེད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ལ་ཁེ་ཕན་སྐྲུན་པ་བཅས་དངོས་འབྲེལ་ཐུབ་པ་བྱས་ཏེ་ཏང་དང་སྲིད་གཞུང་གི་གོང་བུ་འགྲིལ་ཤུགས་དང་འབོད་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
འགན་ནུས་བརྗེ་སྒྱུར་བྱས་ཏེ་གོང་འཕེལ་གཏོང་བའི་ཁོར་ཡུག་ཟམ་མི་ཆད་པར་བཟང་སྒྲིག་བྱེད་རྒྱུ། ཁྲོམ་ར་གཉེར་མཁན་གྱི་མོས་པོ་དང་མི་དམངས་མང་ཚོགས་ཀྱི་མོས་པོ་ཡོང་བ་བྱེད་རྒྱུ་དེ་ཞབས་ཞུའི་ཚད་གཞི་མཐོ་ཤོས་ལ་བརྩི་རྒྱུ་དང་། ཁྲོམ་ར་གཉེར་མཁན་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་འགན་འཁྲི་བསྒྲུབ་རྒྱུར་བརྩི་རྒྱུ། ཚོང་གཉེར་བྱེད་མཁན་འདྲེན་འགུགས་དང་། བློ་བདེ་བག་ཕེབས་ཡོང་བ། ཕྱུག་པོ་ཆགས་པ་བཅས་བྱེད་རྒྱུ་དང་མང་ཚོགས་ལ་སྟབས་བདེ་ཡོང་བ་དང་། ཁེ་ཕན་ཐོབ་པ། འཕར་གཟིགས་བཅས་བྱེད་རྒྱུ་དེ་ལས་ཀའི་བླང་བྱ་ཨང་དང་པོར་འཇོག་རྒྱུའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་པ་དང་ཁོར་ཡུག་བཟང་པོ་སྲུང་སྐྱོང་ཧུར་ཐག་བྱེད་དགོས། སྲིད་འཛིན་དོ་དམ་བྱེད་སྟངས་གསར་པ་གཏོད་དེ་དཔལ་འབྱོར་སྙོམས་སྒྲིག་དང་ཁྲོམ་རར་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་དེ་ལེགས་བཅོས་བྱེད་པ་དང་སྦྲགས་སྤྱི་ཚོགས་ཀྱི་དོ་དམ་དང་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུར་དེ་བས་དོ་སྣང་ཆེན་པོ་བྱེད་དགོས། སྡེ་ཚན་ཁག་གི་འགན་ནུས་དང་ལས་བགོས་ཁ་གསལ་བཟོ་བ་དང་། ལས་རིམ་ལེགས་སྒྲིག་བྱེད་པ། ཞབས་ཞུ་བྱེད་སྟངས་ལེགས་བཅོས་བྱེད་པ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་བྱས་ནས་ལས་ཁུངས་ཀྱི་འདུ་བཀོད་སྔར་བས་ཚད་ལྡན་མཐུན་སྦྱོར་ཡོང་བ་དང་ལས་དོན་ཁག་སྔར་བས་དམངས་ལ་ཕན་ཞིང་ལས་ཕྱོད་ཆེ་བ་ཞིག་ཡོང་ཐུབ་པའི་ཐོག་གཞི་རིམ་དང་། ཁེ་ལས། སྤྱི་དམངས་བཅས་ལ་ཞབས་ཞུ་སྔར་བས་ཡག་པ་སྒྲུབ་དགོས།
སྲིད་འཛིན་ཁྲིམས་བཞིན་བསྐྱངས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏོང་དགོས། རང་འགུལ་ངང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་ཞུ་བ་དང་། མང་ཚོགས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་པའི་དབང་ཆ་ཁྲིམས་ལུགས་གཞིར་བཟུང་འགན་སྲུང་བྱེད་པ། གསར་འགྱུར་མཚམས་སྦྱོར་ཚན་པས་སྲིད་གཞུང་ལ་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་རྒྱུར་རྒྱབ་སྐྱོར་བཅས་བྱེད་རྒྱུ། སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་དང་དོན་གཅོད་ཡོངས་བསྒྲགས་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཐོག་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཀའི་གསལ་ཆ་ཆེ་རུ་གཏོང་རྒྱུ། ཁྲིམས་ལུགས་གཞིར་བཟུང་ཚན་རིག་དང་མཐུན་པའི་སྒོ་ནས་དམངས་གཙོའི་ཇུས་ཐག་གཅོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྲིད་འཛིན་གྱི་ཇུས་ཐག་གཅོད་པའི་ལས་རིམ་ཚད་ལྡན་བཟོ་བ་དང་། སྲིད་འཛིན་གྱི་ཇུས་ཐག་བཅད་པར་ཉེན་ཟོན་ཚོད་སྐོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གལ་ཆེའི་ཇུས་ཐག་བཅད་པར་རྗེས་འདེད་ལན་སློག་བྱེད་རྒྱུ་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། དམ་ནན་དང་། དྲང་གཞག ཡ་རབས་བཅས་ཀྱི་ཁྲིམས་སྒྱུར་བྱས་ཏེ་ཁྲིམས་བཅད་ཀྱི་དབང་ཚད་དང་བྱ་རིམ་གཞིར་བཟུང་དབང་ཆ་སྤྱོད་པ་དང་འགན་འཁྲི་སྒྲུབ་རྒྱུ། “ལོ་ལྔ་ཚན་དྲུག་པའི ”ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཧུར་ཐག་སྤེལ་ཏེ་ཁྲིམས་ལུགས་ཤེས་བྱ་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་ལུགས་ཀྱི་བྱ་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་རྒྱུ།
རང་འགན་གཙང་སྒྲུབ་བྱས་ཏེ་སྲིད་གཞུང་གི་སྲིད་འཛིན་ནུས་ཕྱོད་ཆེ་རུ་གཏོང་དགོས། རིམ་ཁག་སྲིད་གཞུང་དང་དེའི་ལས་བྱས་ངེས་པར་དུ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་འགན་ནུས་ཁག་ཏན་ཏིག་བསྒྲུབས་ཏེ་སྲིད་འཛིན་གྱི་ནུས་ཕྱོད་ཟམ་མི་ཆད་པར་ཆེར་སྐྱེད་བྱེད་རྒྱུར་ཤུགས་རྒྱག་དགོས། རང་སྐྱོང་ལྗོངས་ཀྱི་ལས་དོན་བཀོད་སྒྲིག་དང་གལ་ཆེའི་དོན་གནད་རིགས་ལ་ཁྲིམས་བཅད་ཀྱི་རྩ་དོན་དང་ལས་རིམ་གཞིར་བཟུང་ཇུས་ཐག་བཅད་ཕྱིན་ངེས་པར་དུ་དོ་ནན་འཕྲལ་མྱུར་དང་བློ་ཐག་རྦད་བཅད་ཀྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་འགན་འཁྲི་ཁ་གསལ་དང་འགན་ནུས་ཆ་ཚང་པོ་བཟོས་ནས་འགན་འཁྲི་དང་དབང་ཆ་ཡ་བྲལ་མི་ཤོར་བ་བྱེད་དགོས་པ་དང་འགན་ནུས་ཁག་མཉམ་འདྲེས་སོང་རིགས་ཉུང་དུ་གཏོང་རྒྱུ། སྲིད་འཛིན་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དང་། ལས་འབྲས་ཞིབ་དཔྱད་ལམ་ལུགས། ལྟ་སྐུལ་གཅུན་སྡོམ་ལམ་ལུགས་བཅས་སྔར་བས་ཚགས་ཚུད་པོ་བཟོས་ཐོག་བྱས་འབྲས་འགན་འདེད་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ནས་སྲིད་འཛིན་བྱས་འབྲས་མེད་པ་དང་སྲིད་འཛིན་གང་བྱུང་བྱེད་རིགས་སེམས་ཐག་གཙང་བཅད་ཀྱིས་ཡོ་བསྲང་བྱེད་རྒྱུ། ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་བཀོད་སྒྲིག་བྱས་པའི་ལས་དོན་ཚང་མ་དོན་དུ་འཁྱོལ་བ་དང་བྱས་འབྲས་ཐོན་པ་བྱེད་རྒྱུ། སྲིད་ལས་ཞབས་ཞུ་ལྟེ་གནས་གང་མགྱོགས་བཙུགས་ཏེ་དོན་བྱེད་ལས་རིམ་ལེགས་སྒྱུར་དང་ལས་ཕྱོད་ཆེ་རུ་གཏོང་དགོས།
སྲི་ཞུ་སྤྱོད་གཙང་དར་སྤེལ་བཏང་ནས་སྲིད་གཞུང་གི་གཞུང་ལས་པའི་བྱང་ཚད་མཐོ་རུ་གཏོང་རྒྱུ། སྤྱོད་གཙང་སྲིད་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྩ་བ་རང་ནས་བཅོས་སྐྱོང་བྱེད་རྒྱུར་དོ་སྣང་བྱས་ཏེ་སློབ་གསོ་དང་། ལམ་ལུགས། ལྟ་སྐུལ་བཅས་གལ་ཆེ་མཉམ་འཛིན་པའི་ཐོག་ནས་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཛུགས་པ་དང་ཆ་ཚང་པོ་བཟོ་རྒྱུ། ཏང་སྲོལ་སྲིད་གཙང་ལེགས་སྐྱོང་བྱེད་རྒྱུའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་སྲིད་གཞུང་ལས་ཁུངས་ཀྱི་ལས་བྱར་བླང་བྱ་ནན་པོ་འདོན་པ་དང་། སློབ་གསོ་ནན་པོ་རྒྱག་པ། དོ་དམ་ནན་པོ་བྱེད་པ། ལྟ་སྐུལ་ནན་པོ་བྱེད་པ་བཅས་བྱེད་རྒྱུ། སྒྱིད་ལུག་རུལ་སུངས་ཀྱི་སྣང་ཚུལ་མཐའ་དག་སེམས་ཐག་གཙང་བཅད་ཀྱིས་བཀག་འགོག་བྱས་ཏེ་ས་ཆ་བོགས་གཏོང་ཆོག་མཆན་སྤྲོད་པ་དང་། ལས་གྲྭ་འོས་སྐུལ་འོས་དཔོད་བྱེད་པ། བདག་དབང་ཉོ་ཚོང་བྱེད་པ། སྲིད་གཞུང་གིས་མཁོ་སྒྲུབ་བྱེད་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པ་སོགས་ཁྱབ་ཁོངས་ནང་གི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་ཤུགས་གང་ཆེ་རྒྱག་རྒྱུ། འགོ་ཁྲིད་ལས་བྱེད་པ་དང་། མི་རྒྱུ་དངུལ་གསུམ་གྱི་དོ་དམ་བེད་སྤྱོད། གནད་ཆེའི་ལས་གནས་བཅས་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། འདྲི་བ་འདོན་པ། འགན་འཁྲི་བདའ་འདེད་གཏོང་བ། དཔལ་འབྱོར་གྱི་འགན་འཁྲི་རྩིས་བཤེར། འགན་འཛོལ་རྩ་དགོངས་ཞུ་བ། གནས་དབྱུང་གཏོང་བ་སོགས་ཀྱི་ལམ་ལུགས་ཚགས་ཚུད་པོ་བཟོ་རྒྱུ། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་སྐྱོན་གཏོང་བའི་བྱ་ངན་སྤྱོད་ངན་རིགས་སེམས་ཐག་གཙང་བཅད་ཀྱིས་ཡོ་བསྲང་བྱེད་རྒྱུ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞིའི་རིགས་རྩད་བཤེར་ཐག་གཅོད་ཤུགས་ཆེ་བྱས་ནས་རུལ་སུངས་པ་སུ་འདྲ་ཞིག་ཡིན་རུང་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་ནན་པོ་གཅོད་པ་ལས་གྱ་ཡན་དུ་གཏན་ནས་གཏོང་རྒྱུ་མེད། རྒྱན་འཛུགས་བཀག་འགོག་དང་། རྟེན་འབྲེལ་དང་མྱ་ངན་གྱི་གོ་སྐབས་སྤྱད་ནས་རྒྱས་སྤྲོས་རྒྱས་གཤོམ་བྱེད་པ་དང་རྒྱུ་དངུལ་བསྡུ་ལེན་བྱེད་རིགས་ནན་འགོག་བྱེད་རྒྱུ། གཞུང་ལས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཁྲི་འགན་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།
འཐུས་མི་རྣམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ཚོགས་པ་དེས་བོད་ལྗོངས་འདི་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་དུང་བརྡ་གསར་པ་བཏང་བ་རེད། ང་ཚོའི་བྱ་གཞག་ནི་མཆོག་ཏུ་གྱུར་ཞིང་བླ་ན་མེད་པ་དང་མདུན་ལམ་འོད་ཟེར་ཆེ་ལ་མཛེས་སྡུག་ལྡན་པ་འགན་འཁྲི་ལྕི་ལ་གཟི་བརྗིད་ཆེ་བ་བཅས་ཡིན། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་འཐབ་ཇུས་བཀོད་སྒྲིག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྲལ་མེད་བརྟེན་ནས་གོ་སྐབས་དམ་འཛིན་དང་། བབ་བསྟུན་འཕྲལ་སྒྲུབ། དཀའ་སྤྱད་འབད་བརྩོན། ལམ་བཤངས་ཡར་བརྩོན་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་བྱེད་རྒྱུ་དང་། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། གཞི་མཐུན་བཅས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་སྐྲུན་རྒྱུར་འབད་འཐབ་ལྷོད་མེད་བྱེད་དགོས།
(ལྗོངས་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར )
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣