“ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ནི་རང་ལྗོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མང་ཤོས་དང་། མ་དངུལ་གཏོང་ཚད་མང་ཤོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་དུས་སྐབས་གལ་ཆེན་ཞིག་ཡིན། ལོ་ལྔའི་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཀྲུང་དབྱང་གི་པུའུ་ཨུད་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་གྱིས་མཛུབ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ། གོ་སྐབས་དམ་འཛིན་བྱེད་པ་དང་དུས་བསྟུན་འཕེལ་རྒྱས་གཏོང་བ། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ་དང་ལས་དོན་ཏན་ཏིག་སྒྲུབ་པ། “ལོ་ལྔ་ཚན་བཅུ་གཅིག་པའི ”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཇུས་གཞི་སྒོ་ཀུན་ནས་ལག་བསྟར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་དང་འདེགས་སྐྱོར་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་གཙོ་གནད་རྣམ་གྲངས་ཁག་གཅིག་ལག་བསྟར་བཅས་བྱས་པས་མི་སེམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། རྣམ་གྲངས་ཆེ་གྲས་དེ་དག་ལག་བསྟར་བྱས་པ་དེས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཇུར་མིག་གི་ཚོད་འཛིན་ཞི་ལྷོད་ནུས་ལྡན་བྱུང་བ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བྱུང་བ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱུང་བ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་དུ་འདེགས་སྐྱོར་ནུས་ལྡན་བཅས་བྱས་ཡོད་པ་རེད།
“ལོ་ལྔ་ཚན་བཅུ་གཅིག་པའི ”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱེད་པའི་ལས་དོན་ཁྲོད་དུ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། སྤྱི་ཡོངས་ལ་གཞིགས་པ། རང་འཁྲིའི་ལས་གནས་ལ་གཞི་འཛུགས་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཅིག་པའི ”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལས་དོན་གྱི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱས་པ་དང་སྔོན་ཐོན་ཚན་པ་དང་། མཉམ་སྡེབ། མི་སྒེར་བཅས་མང་པོ་ཞིག་ཐོན་ཡོད་པ་རེད།
སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་། དཔེ་མཚོན་འཛུགས་པ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་སྔར་བས་སྐུལ་མ་གཏོང་བ། གསར་གཏོད་བྱེད་ཕོད་པ་དང་གསར་འབྱེད་ཡར་བརྩོན་བྱེད་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་ཀྱི་ཆེད་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་ཚན་པ་15ལ “རང་སྐྱོང་ལྗོངས་ཀྱི ‘ལོ་ལྔ་ཚན་བཅུ་གཅིག་པའི ’གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལས་དོན་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པའི ”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་སོགས་མཉམ་སྡེབ་70ལ “རང་སྐྱོང་ལྗོངས་ཀྱི ‘ལོ་ལྔ་ཚན་བཅུ་གཅིག་པའི ’གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལས་དོན་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་མཉམ་སྡེབ ”ཀྱི་གཟི་བརྗིད་མཚན་སྙན། ཧུའུ་ཧྲི་ཆོན་སོགས་བློ་མཐུན་98ལ “རང་སྐྱོང་ལྗོངས་ཀྱི ‘ལོ་ལྔ་ཚན་བཅུ་གཅིག་པའི ’གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལས་དོན་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་མི་སྒེར ”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་རེད།
གཟེངས་བསྟོད་ཐོབ་པའི་ཚན་པ་དང་། མཉམ་སྡེབ། མི་སྒེར་བཅས་ལ་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་གྲུབ་འབྲས་དར་སྤེལ་དང་། ཁེངས་སྐྱུང་གཟབ་ནན་དང་ཡང་འབད་བསྐྱར་འབད། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་བཅས་བྱས་ཏེ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་རྒྱུན་ཆད་མེད་པར་ཐོབ་པའི་རེ་བ་བྱེད་ཀྱི་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཁོང་ཚོ་མིག་དཔེར་བརྩིས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་གཞག་ཐད་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་ཁོང་ཚོའི་ཕུལ་བྱུང་གི་གཤིས་རྒྱུས་ལ་སློབ་སྦྱོང་དང་། རང་འཁྲིའི་ལས་གནས་ལ་གཞི་བཙུགས་ནས་རྩེ་གྲ་གཏོད་པའི་ཁོང་ཚོའི་ལས་ཀའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་པ། དུས་བསྟུན་འཕེལ་རྒྱས་དང་གསར་འབྱེད་གསར་གཏོད་བྱེད་པའི་ཁོང་ཚོའི་ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོར་དམ་པོ་བསྟུན་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྙིང་སྟོབས་སྔར་བས་འཕེལ་བ་དང་ངར་ཤུགས་གཅིག་སྒྲིམ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་སྒོ་ཀུན་ནས་ལག་བསྟར་བྱེད་པ། གཙོ་གནད་རྣམ་གྲངས་འཛུགས་བསྐྲུན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་ཀའི་གྲུབ་འབྲས་ཕུལ་བྱུང་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ཏེ་ལོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་ལེགས་སྐྱེས་འབུལ་བ་བཅས་བྱ་རྒྱུའི་འབོད་སྐུལ་བྱས་ཡོད།