ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་གི་བླང་བྱར་ནན་ཏན་ངང་གཞིགས་ནས་སྲིད་ཇུས་དོན་འཁྱོལ་དང་། འཕེལ་རྒྱས་ལ་སྐུལ་གཏོང་། བརྟན་ལྷིང་སྲུང་སྐྱོང་། དོ་དམ་ལ་ཤུགས་སྣོན། ཞབས་ཞུ་མཁོ་འདོན་བཅས་ཀྱི་གཞི་རྩའི་འགན་འཁྲི་ནན་ཏན་ངང་བསྒྲུབས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ས་གནས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་དམ་འཛིན་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ། སེམས་ཤུགས་གང་ཡོད་བཏོན་ནས་དམངས་འཚོར་ཕན་པ་དང་རྒྱུན་བསྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པ་བཅས་བྱས་ཏེ་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་དང་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་སློབ་སྦྱོང་གཏིང་ཟབ་བྱས་ནས་འབྱོར་འབྲིང་གི་བོད་ལྗོངས་དང་། དུས་བདེའི་བོད་ལྗོངས། མཐུན་སྦྱོར་ལྡན་པའི་བོད་ལྗོངས། སྣོད་བཅུད་བཟང་བའི་བོད་ལྗོངས་བཅས་བསྐྲུན་ཕྱིར་ལེགས་སྐྱེས་ཆེན་པོ་ཕུལ་ནས་སྔོན་ཐོན་གྱི་དཔེ་མཚོན་འབོར་ཆེན་ཞིག་ཆུ་གཏེར་རྒྱས་པ་བཞིན་ཐོན་ཡོད་པ་རེད།
སྔོན་ཐོན་ལ་གཟེངས་བསྟོད་དང་སྲོལ་བཟང་དར་སྤེལ་བཏང་ནས་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་སྔར་བས་སྐུལ་མ་གཏོང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་མ་གཏོང་བ། བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་དང་དེ་བཞིན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་བཅས་ཀྱི་རླབས་ཆེན་ལག་ལེན་ཁྲོད་མང་ཚོགས་དང་འབྲེལ་བ་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ལ་སློབ་གསོ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་ལས་དོན་ཁྲོད་སྔོན་གཏོད་ལེགས་བརྩོན་དང་བྱས་རྗེས་གསར་པ་བཞག་ནས་འོད་སྟོང་གསར་པ་གཏོད་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཏུ་ཚན་རིག་གོང་དུ་བཀུར་བ་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་སྔར་བས་གཏོད་པ་བཅས་བྱ་ཆེད་ལྗོངས་ཏང་ཨུད་ཀྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཏང་ཨུད་སོགས་གཞི་རིམ་ཏང་རྩ་འཛུགས་བཅུ་ལ “ལྗོངས་ཡོངས་ཀྱི་གཞི་རིམ་གྱི་ཏང་རྩ་འཛུགས་ཡག་ཤོས་བཅུ ”ཡི་གཟི་བརྗིད་མཚན་སྙན་གནང་བ་རེད།
ད་རེས་གཟེངས་བསྟོད་ཐོབ་པའི་གཞི་རིམ་ཏང་རྩ་འཛུགས་ཡག་ཤོས་བཅུ་ནི་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཕུལ་བྱུང་མཚོན་བྱེད་ཅིག་རེད། ཁོང་ཚོས “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། ཁོང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་མ་ཤུགས་ཆེན་བཏང་བ། ཁོང་ཚོས་བློ་བརྟན་འགྱུར་མེད་ངང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་པ། ཁོང་ཚོས་དམངས་ཀྱི་དོན་དུ་དབང་ཆ་སྤྱོད་པ་དང་། དམངས་ལ་བརྩེ་སེམས་འཆང་བ། དམངས་ཀྱི་དོན་དུ་ཁེ་ཕན་དོན་གཉེར་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་དམངས་དོན་དང་། དངོས་སྒྲུབ། སྤྱོད་གཙང་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་སྔོན་ཐོན་རང་བཞིན་གསལ་འགྲེལ་བྱས་ཏེ་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་གཟུགས་བཪྙན་བཟང་པོ་བཏོད་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པའི་ཁོང་ཚོའི་ཆབ་སྲིད་བྱང་ཚད་ལ་སློབ་སྦྱོང་བྱས་ནས་ཏང་དང་མི་དམངས་དབུགས་ལམ་གཅིག་གྱུར་ཡོང་བ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཡིན་མིན་གྱི་གནད་དོན་ཆེན་པོའི་ཐད་ངོས་འཛིན་གསལ་ལ་མི་གསལ་མིན་པ། རྣམ་འགྱུར་ཟ་རི་ཟི་རི་མིན་པ། བྱ་སྤྱོད་གྱ་རི་གྱུ་རེ་མིན་པ་བཅས་བྱེད་དགོས་པ་དང་། ཚན་རིག་ལ་སྣང་ཆེན་དང་འཕེལ་རྒྱས་ལ་དོ་སྣང་བྱེད་པའི་ཁོང་ཚོའི་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་ཟུང་འབྲེལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པ་དང་དོན་འཁྱོལ་བྱེད་པའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་ཧུར་ཐག་གཏོང་དགོས་པ། སྤྱི་དོན་དུ་ཏང་འཛུགས་དང་དམངས་དོན་དུ་སྲིད་སྐྱོང་བའི་ཁོང་ཚོའི་དམིགས་ཡུལ་གྱི་འདུ་ཤེས་ཆེན་པོར་སློབ་སྦྱོང་བྱས་ནས་སེམས་ནང་ཐོག་མཐའ་བར་གསུམ་དུ་མང་ཚོགས་འཇོག་པ་དང་བྱ་བ་གང་ཞིག་སྒྲུབ་ཀྱང་མང་ཚོགས་ལ་བསམ་བློ་གཏོང་བ་མ་ཟད་ཡོད་ཚད་མང་ཚོགས་ཀྱི་དོན་དུ་སྒྲུབ་དགོས་པ། སྲིད་བརྩོན་སྲིད་གཙང་གི་གཞུང་དྲང་ལ་སྣང་ཆེན་དང་དངོས་སྒྲུབ་དོན་གཉེར་གྱིས་དོན་འཁྱོལ་དམ་འཛིན་བྱེད་པའི་ཁོང་ཚོའི་སྤྱོད་ཚུལ་བཟང་པོར་སློབ་སྦྱོང་བྱས་ཏེ་ཁྱོན་ཡོངས་སྲུང་སྐྱོང་དང་། དཀའ་སྤྱད་འབད་འཐབ། རང་གཅུན་ནན་པོ། བདེན་འཚོལ་དངོས་སྒྲུབ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་བཅས་ཀྱི་དར་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་ཏང་གི་སྔོན་ཐོན་རང་བཞིན་ནམ་ཡང་གནས་པ་བྱེད་དགོས།
མིག་སྔར་རང་ལྗོངས་འདི་ཉིད་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་འགག་རྩའི་དུས་སྐབས་ཤིག་ཏུ་གནས་བཞིན་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཡག་པོ་སྒྲུབ་པར་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད། ལྗོངས་ཏང་ཨུད་ཀྱིས་གཟེངས་བསྟོད་ཐོབ་པའི་གཞི་རིམ་ཏང་རྩ་འཛུགས་ཡག་ཤོས་བཅུས་མཚན་སྙན་ལ་གཅེས་སྤྲས་དང་སྔོན་ཐོན་ནམ་ཡང་གནས་པ་དང་། ཁེངས་སྐྱུང་གཟབ་ནན་དང་ང་རྒྱལ་དང་འཚབ་འཚུབ་སྤོང་བ། གྲུབ་འབྲས་དར་སྤེལ་དང་ཡང་འབད་བསྐྱར་འབད་བཅས་བྱས་ཏེ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས་པའི་རེ་བ་བཏོན་ཡོད།
ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ལ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ། ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ལས་དོན་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་འགན་ལེན་བྱེད་པ། དམངས་འཚོ་ལེགས་སུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབ་སར་བྱེད་པ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་གྱིས་སྙིང་སྟོབས་ཆེར་བསྐྱེད་དང་། བབ་བསྟུན་འཕྲལ་སྒྲུབ། གསར་གཏོད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཡོང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་མ་གཏོང་བ། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90 འཁོར་བར་བསུ་བ་ཞུ་དགོས་པའི་འབོད་སྐུལ་བྱས་པ་རེད།