སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་34འཚོགས་པ་བརྒྱུད་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པ་དེ་2010ལོའི་ཟླ་11ཚེས་25ནས་26ཉིན་བར་ལྷ་སར་འཚོག་རྒྱུའི་ཞིབ་འཇུག་གཏན་འཁེལ་བྱས་ཡོད། གྲོས་འགོའི་ཚོགས་འདུའི་གྲོས་རིམ་གཙོ་བོ་ནི།
1、ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ་དང་།
2、ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱ་རྒྱུ།
3、མི་དོན་གྱི་ལས་དོན་ཁག་བཅས་རེད།