དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་རྒྱུའི་བཅའ་ཁྲིམས》ལག་བསྟར་བྱེད་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

       1994ལོའི་ཟླ་12ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ། 1997ལོའི་ཟླ་3ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་དག་བཅོས་ཐེངས་དང་པོ་བྱས་པ། 1999ལོའི་ཟླ་11ཚེས་25ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་དག་བཅོས་ཐེངས་གཉིས་པ་བྱས་པ། 2009ལོའི་ཟླ་9ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་དག་བཅོས་ཐེངས་གསུམ་པ་བྱས་པ།

     བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

        (2009)ཨང་8པ།

        《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་རྒྱུའི་བཅའ་ཁྲིམས 〉བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས 》འདི་2009ལོའི་ཟླ་9ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་དག་བཅོས་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2009ལོའི་ཟླ་12ཚེས་30ཉིན་ནས་ལག་བསྟར་བྱེད་རྒྱུ།

        དམིགས་བསལ་དུ་སྤྱི་བསྒྲགས་བྱེད་རྒྱུ།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

        2009ལོའི་ཟླ་10ཚེས་ 13ཉིན།

        ལེའུ་དང་པོ། སྤྱིའི་རྩ་འཛིན།

        དོན་ཚན་དང་པོ། ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་། ན་ཚོད་མ་ལོན་པའི་མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཚད་ལོན་ཞིག་གསོ་སྐྱོང་བྱེད་པའི་ཆེད་དུ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་རྒྱུའི་བཅའ་ཁྲིམས 》དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

        དོན་ཚན་གཉིས་པ། རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་ཧྲིལ་ལོ་18མ་སོན་པའི་སྤྱི་དམངས་ལ་སྲུང་སྐྱོབ་བྱེད་རྒྱུར་བྱ་ཐབས་འདི་སྤྱད་ན་འཐུས།

        དོན་ཚན་གསུམ་པ། ན་ཚོད་མ་ལོན་པའི་མིར་འཚོ་གནས་དབང་ཆ་དང་། གོང་འཕེལ་དབང་ཆ། སྲུང་སྐྱོབ་ཐོབ་དབང་། ཐེ་ཞུགས་བྱེད་དབང་སོགས་ཀྱི་དབང་ཆ་སྤྱོད་རྒྱུ་ཡོད་པ་དང་། སྤྱི་ཚོགས་དང་། སློབ་གྲྭ ཁྱིམ་ཚང་བཅས་ཀྱིས་ན་ཚོད་མ་ལོན་པའི་མིའི་ལུས་སེམས་འཚར་ལོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དམིགས་བསལ་དང་སྔོན་ལ་སྲུང་སྐྱོབ་བྱས་ཏེ་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་མི་ཕོག་པའི་འགན་སྲུང་བྱེད་དགོས། ན་ཚོད་མ་ལོན་པའི་མིར་ཁྲིམས་ལུགས་ལྟར་སློབ་གསོ་ཐོབ་དབང་ཡོད་པ་དང་། སྤྱི་ཚོགས་དང་། སློབ་གྲྭ ཁྱིམ་ཚང་བཅས་ཀྱིས་ན་ཚོད་མ་ལོན་པའི་མིར་སློབ་གསོ་ཐོབ་པའི་དབང་ཆར་བརྩི་སྲུང་དང་འགན་སྲུང་བྱེད་དགོས། ན་ཚོད་མ་ལོན་པའི་མིར་ཕོ་མོ་དང་། མི་རིགས། རིགས་རྒྱུད། ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ། ཆོས་དད་སོགས་ཀྱི་དབྱེ་བ་མེད་པར་ཁྲིམས་ལུགས་ལྟར་དབང་ཆ་འདྲ་མཉམ་སྤྱོད་རྒྱུ་ཡོད།

        དོན་ཚན་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་ལས་དོན་སྤེལ་རྒྱུར་འགོ་ཁྲིད་བྱེད་དགོས། རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པས་རང་གི་འཁྲི་འགན་ནང་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། སློབ་མ་མཉམ་འབྲེལ་ལྷན་ཚོགས། ལོ་ཆུང་གདོང་ལེན་རུ་ཁག དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་ཚོགས་པ་གཞན་དག་བཅས་ཀྱིས་རིམ་ཁག་མི་དམངས་སྲིད་གཞུང་ལ་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་ནས་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས།

        དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་ལས་དོན་སྤེལ་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་ལོ་འཁོར་འཆར་གཞིའི་ནང་འཇུག་དགོས་པ་དང་། འབྲེལ་ཡོད་འགྲོ་གྲོན་དེ་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་ལས་དོན་སྤེལ་རྒྱུ་འགན་སྲུང་ཐུབ་པ་བྱེད་དགོས། མཉམ་སྡེབ་དང་། མི་སྒེར། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་བཅས་ཀྱིས་ན་ཚོད་མ་ལོན་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕན་ཐོགས་ཡོད་པའི་སྤྱི་ཕན་བྱ་གཞག་གཉེར་རྒྱུར་རང་སྐྱོང་ལྗོངས་ཀྱིས་སྐུལ་ལྕག་བྱེད་རྒྱུ།

        དོན་ཚན་དྲུག་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར (ས་གནས ) རྫོང (གྲོང་ཁྱེར་དང་ཆུད )བཅས་ཀྱིས་ན་ཚོད་མ་ལོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། ན་ཚོད་མ་ལོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་དེ་རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་དང་། དེ་བཞིན་གུང་གཞོན་སྡེ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྤྱི་ཚོགས་ཚོགས་པའི་འགན་འཁུར་མི་སྣ། སྤྱི་ཚོགས་ཐོག་གི་གྲགས་ཅན་མི་སྣ་བཅས་ལས་གྲུབ་རྒྱུ་དང་། རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་གི་འགན་འཁུར་མི་སྣས་ཀྲུའུ་རེན་ཨུ་ཡོན་གྱི་འགན་འཁུར་རྒྱུ། ན་ཚོད་མ་ལོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགན་འཁུར་མི་སྣ་དེའི་ནང་ཞུགས་རྒྱུར་གདན་ཞུ་བྱས་ན་འགྲིག དེའི་དོན་བྱེད་ལས་ཁུངས་དེ་རིམ་པ་གཅིག་མཚུངས་ཀྱི་གུང་གཞོན་སྡེ་ཚོགས་རྩ་འཛུགས་སུ་འཛུགས་རྒྱུ་དང་། དགོས་ངེས་སྐབས་སུ་ལས་བྱ་བསྐོ་སྒྲིག་བྱེད་རྒྱུ། ན་ཚོད་མ་ལོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ནི། (གཅིག )ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་རྒྱུའི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་དང་སློབ་སྦྱོང་སྒྲིག་འཛུགས་བྱེད་རྒྱུ་དང་། (གཉིས )སྲིད་འཛིན་ས་ཁོངས་དེ་གའི་ནང་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་རྒྱུའི་འབྲེལ་ཡོད་ལས་ཀའི་བྱ་ཐབས་བཟོ་རྒྱུ། (གསུམ )ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་དོན་ནང་གི་གལ་ཆེའི་དོན་གནད་ལ་ཞིབ་འཇུག་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་བསམ་འཆར་དང་གྲོས་འཆར་འདོན་རྒྱུ། (བཞི )འབྲེལ་ཡོད་སྡེ་ཚན་དང་། ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་ལ་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་རྒྱུ་དང་ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུར་སྒྲིག་འཛུགས་དང་། མཐུན་སྦྱོར། ལྟ་སྐུལ་བཅས་བྱེད་རྒྱུ། (ལྔ )ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་གཏོང་བའི་བྱེད་སྤྱོད་ལ་ཞུ་འབུལ་དང་། ཐེར་འཛུགས། ཉེས་འདོན་བཅས་བྱ་རིགས་དང་ལེན་གྱིས་འབྲེལ་ཡོད་སྡེ་ཚན་ལ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུར་བརྒྱུད་སྤྲོད་བྱས་ཏེ་གནོད་འཚེ་ཕོག་མཁན་ལ་བཅའ་ཁྲིམས་ཐོག་ནས་རོགས་སྐྱོར་བྱེད་པའམ་ཡང་ན་རོགས་སྐྱོར་ཐོབ་རྒྱུའི་རེ་འདུན་ཞུ་རྒྱུ། (དྲུག )རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱས་ཁྲིམས་འགལ་དང་འགན་འཛོལ་གྱི་བྱ་སྤྱོད་སྤེལ་བའི་རྐྱེན་གྱིས་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་རིགས་འབྲེལ་ཡོད་སྡེ་ཚན་ལ་འགན་འཁྲི་ཡོད་མཁན་མི་སྣར་ཁྲིམས་ལུགས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་གྲོས་འཆར་འདོན་རྒྱུ། (བདུན )ན་ཚོད་མ་ལོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་དོན་ནང་གི་སྔོན་ཐོན་དཔེ་མཚོན་རིགས་ཕྱོགས་བསྡོམས་དང་ཁྱབ་གདལ་གཏོང་རྒྱུ། (བརྒྱད )ན་ཚོད་མ་ལོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཕན་པའི་བྱ་བ་གཞན་དག་བསྒྲུབ་རྒྱུ་བཅས་སོ། ན་ཚོད་མ་ལོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་དོན་བྱེད་ལས་ཁུངས་ཀྱིས་ན་ཚོད་མ་ལོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་ལས་ཀ་བྱེད་འགན་འཁུར་རྒྱུ།

        དོན་ཚན་བདུན་པ། ན་ཚོད་མ་ལོན་པའི་མི་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ལས་ཁུངས་དང་། དྲག་ཆས་སྟོབས་ཤུགས། སྲིད་ཏང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་རྩ་འཛུགས། གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས། ན་ཚོད་མ་ལོན་པའི་མིའི་ལྟ་སྐྱོང་པ། ནར་སོན་པའི་སྤྱི་དམངས་གཞན་དག་བཅས་ཀྱིས་མཉམ་དུ་འཁུར་དགོས་པའི་འགན་འཁྲི་ཡིན། ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་གཏོང་བའི་བྱ་སྤྱོད་ལ་རྩ་འཛུཌ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་དེ་བྱེད་མི་ཆོག་པའི་ཁ་ཏ་བྱེད་པ་དང་། བཀག་འགོག་བྱེད་པའམ་ཡང་ན་འབྲེལ་ཡོད་སྡེ་ཚན་ལ་ཉེས་འདོན་ནམ་ཡང་ན་ཐེར་འཛུཌ་བྱེད་པའི་དབང་ཆ་ཡོད།

        དོན་ཚན་བརྒྱད་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས། སློབ་གྲྭ ཁྱིམ་ཚང་བཅས་ཀྱིས་ན་ཚོད་མ་ལོན་པའི་མིར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཕུགས་བསམ་དད་སེམས་ཀྱི་སློབ་གསོ། ཚན་རིག་རིག་གནས་ཀྱི་སློབ་གསོ། རྒྱལ་སྲུང་ཤེས་བྱའི་སློབ་གསོ། དེ་བཞིན་བོད་ཀྱི་ལོ་རྒྱུས་ཤེས་བྱའི་སློབ་གསོ་བཅས་སྤེལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཚད་ལོན་པ་ཞིག་གསོ་སྐྱོང་བྱེད་དགོས།

        དོན་ཚན་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ན་ཚོད་མ་ལོན་པའི་མིར་སློབ་གསོ་དང་། དེ་གསོ་སྐྱོང་ངམ་ཡང་ན་སྐྱོབ་ཐབས་བྱེད་པ་དང་། ན་ཚོད་མ་ལོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་བྱེད་པར་ཕན་ཐོགས་ཡོད་པའི་ཡིད་གསོས་གསར་རྩོམ་དང་རྩོམ་སྒྱུར་བྱེད་པ། ན་ཚོད་མ་ལོན་པའི་མིར་བྱེད་སྒོ་སྤེལ་ཡུལ་དང་སྒྲིག་བཀོད་མཁོ་འདོན་བྱེད་པ་དང་གསར་རྒྱག་བྱེད་པ། ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོབ་བྱེད་པ་སོགས་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པའི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་རྒྱུ།

        

        ལེའུ་གཉིས་པ། ཁྱིམ་ཚང་གིས་སྲུང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་བཅུ་པ། ཕ་མ་ནི་ན་ཚོད་མ་ལོན་པའི་མིའི་ཁྲིམས་གཏན་འཁེལ་བའི་ལྟ་སྐྱོང་པ་ཡིན་པས་ན་ཚོད་མ་ལོན་པའི་མིའི་ལྟ་སྐྱོང་འགན་འཁྲི་དང་མགོ་འདོན་འཚོ་སྐྱོང་གི་འོས་འགན་ཁྲིམས་ལུགས་ལྟར་བསྒྲུབས་ནས་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་མི་ཕོག་པའི་འགན་སྲུང་བྱེད་དགོས། ཁྱིམ་ཚང་ནང་གི་ནར་སོན་པའི་མི་གཞན་དག་གིས་ན་ཚོད་མ་ལོན་པའི་མིའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་ན་ཚོད་མ་ལོན་པའི་མིར་སློབ་གསོ་དང་སྲུང་སྐྱོབ་བྱེད་རོགས་བྱེད་དགོས།

        དོན་ཚན་བཅུ་གཅིག་པ། ཕ་མ་ཕྱོགས་ལས་ཀ་བྱེད་པར་ཐོན་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་གིས་རྐྱེན་པས་ན་ཚོད་མ་ལོན་པའི་བུ་ཕྲུག་ལ་ལྟ་སྐྱོང་འགན་འཁྲི་བསྒྲུབ་མ་ཐུབ་ཚེ་ལྟ་སྐྱོང་ནུས་པ་ཡོད་པའི་ནར་སོན་པའི་མི་གཞན་དག་ལ་ལྟ་སྐྱོང་བྱེད་རྒྱུའི་མངགས་བཅོལ་བྱེད་དགོས། ཕ་མས་ལྟ་སྐྱོང་མངགས་བཅོལ་བྱས་ཚུལ་དེ་དུས་ཐོག་ཏུ་ན་ཚོད་མ་ལོན་པའི་བུ་ཕྲུག་གི་ཐེམ་ཐོ་གནས་ཡུལ་ལམ་ཡང་ན་རྒྱུན་སྡོད་བྱེད་སའི་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་དང་སློབ་ཞུགས་བྱེད་སའི་སློབ་གྲྭར་སྙན་སེང་ཞུ་དགོས། གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་དང་སློབ་གྲྭས་མངགས་བཅོལ་ཐོབ་པའི་ལྟ་སྐྱོང་པ་དང་འབྲེལ་གཏུགས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ན་ཚོད་མ་ལོན་པའི་མིར་དགོས་ངེས་ཀྱི་རོཌ་རམ་བྱེད་དགོས། ཕ་མས་ན་ཚོད་མ་ལོན་པའི་བུ་ཕྲུག་དང་མངགས་བཅོལ་བྱས་པའི་ལྟ་སྐྱོང་པར་རྟག་ཏུ་འབྲེལ་གཏུགས་བྱས་ཏེ་ན་ཚོད་མ་ལོན་པའི་བུ་ཕྲུག་གི་ལུས་སེམས་བདེ་ཐང་དང་འཚོ་བ། སློབ་སྦྱོང་བཅས་ལ་སེམས་ཁུར་བྱེད་དགོས་པ་དང་། དགོས་ངེས་ཀྱི་འཚོ་བའི་འགན་སྲུང་བྱེད་དགོས། མངགས་བཅོལ་ཐོབ་པའི་ལྟ་སྐྱོང་པས་མངཌ་བཅོལ་གྲོས་དན་གཞིར་བཟུང་ལྟ་སྐྱོང་འགན་འཁྲི་བསྒྲུབ་དགོས་པ་དང་། ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།

        དོན་ཚན་བཅུ་གཉིས་པ། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ཁྱིམ་ཚང་གི་སློབ་གསོའི་ཤེས་བྱ་སློབ་སྦྱོང་བྱེད་རྒྱུར་ཤུགས་བརྒྱབ་སྟེ་གཞི་མཐུན་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་གི་ཁོར་ཡུག་ཅིག་སྐྲུན་དགོས་པ་དང་། ན་ཚོད་མ་ལོན་པའི་མིར་བསམ་བློ་ཀུན་སྤྱོད་བཟང་པོ་ལྡན་པའི་སློབ་གསོ་དང་གསོ་སྐྱོང་བྱེད་དགོས་པ། ན་ཚོད་མ་ལོན་པའི་མིར་སློབ་སྦྱོང་དང་འཚོ་བའི་གོམས་གཤིས་བཟང་པོ་འཇགས་ཐུབ་པའི་ཁྲིད་སྟོན་བྱེད་དགོས་པ། ན་ཚོད་མ་ལོན་པའི་མིས་ཐ་མག་འཐེན་པ་དང་ཆང་རག་ཚོད་མེད་འཐུང་རིགས་བཀག་འགོག་བྱེད་དགོས། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ན་ཚོད་མ་ལོན་པའི་མིར་སློང་མོར་འགྲོ་དགོས་པའི་ངན་བསླབ་རྒྱག་མི་ཆོག

        དོན་ཚན་བཅུ་གསུམ་པ། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ན་ཚོད་མ་ལོན་པའི་མིའི་ཁེ་དབང་དང་འབྲེལ་བ་ཡོད་པའི་གཏན་འབེབས་བྱེད་སྐབས་ན་ཚོད་མ་ལོན་པའི་མིའི་ལོ་ན་དང་རིག་སྟོབས་གནས་ཚུལ་ལ་གཞིགས་ནས་དེའི་བསམ་འཆར་ཉན་དགོས།

        དོན་ཚན་བཅུ་བཞི་པ། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་སློབ་ལོ་ལོན་པའི་ན་ཚོད་མ་ལོན་པའི་མིར་ཁྲིམས་ལུགས་ལྟར་འགན་བབས་སློབ་གསོ་དང་ལེན་བྱས་ནས་ལེགས་སྒྲུབ་བྱེད་རྒྱུའི་འགན་སྲུང་བྱེད་དགོས་པ་དང་། སློབ་གྲྭ་དང་འབྲེལ་ཡོད་ཕྱོགས་གཞན་དག་ལ་གཞོགས་འདེགས་ཀྱིས་ན་ཚོད་མ་ལོན་པའི་མིར་སློབ་གསོ་དང་། ཁྲིད་སྟོན། དོ་དམ་བཅས་ཀྱི་ལས་ཀ་བྱེད་དགོས་པ་ལས་འགན་བབས་སློབ་གསོ་དང་ལེན་བྱེད་མཁན་ན་ཚོད་མ་ལོན་པའི་མི་སློབ་གྲྭ་ནས་འཐེན་པའམ་ཡང་ན་སློབ་ཤོར་བྱེད་དུ་འཇུག་མི་ཆོག

        དོན་ཚན་བཅོ་ལྔ་པ། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ན་ཚོད་མ་ལོན་པའི་མིར་དགོན་པར་གྲྭ་བཙུན་བྱེད་རྒྱུའི་བསླུ་བྲིད་དང་བཙན་ཤེད་བྱེད་མི་ཆོག

        དོན་ཚན་བཅུ་དྲུག་པ། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ན་ཚོད་མ་ལོན་པའི་མིར་དྲ་རྒྱའི་ཐོན་ཁུངས་གདམ་ག་དང་བེད་སྤྱོད་ཡང་དག་པ་བྱེད་དགོས་པའི་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས་པ་ལས་ན་ཚོད་མ་ལོན་པའི་མི་དྲ་རྒྱ་དང་གློག་རྡུལ་རོལ་རྩེད་ནང་མགོ་འཁོར་དུ་འཇུག་མི་ཆོག ན་ཚོད་མ་ལོན་པའི་མིར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་། ཆགས་སྲེད། འདོད་གཡེམ། གཏུམ་སྤྱོད། ཆོས་ལོག རྨོངས་དད་སོགས་ཀྱི་ནང་དོན་ཡོད་པའི་དཔེ་དེབ་དང་། ཚགས་པར་དུས་དེབ། གློག་བཪྙན་བཪྙན་འཕྲིན་ལེ་ཚན། སྒྲ་བཪྙན་ཐོན་རྫས། གློག་རྡུལ་དཔེ་སྐྲུན་དངོས་རིགས། དྲ་རྒྱའི་ཆ་འཕྲིན་བཅས་ལྟ་ཀློག་དང་། བསྡུ་ཉན། འཚོལ་བསྡུ། བརྒྱུད་བསྒྲགས་བཅས་བྱེད་རྒྱུ་མེད་པའི་སློབ་གསོ་གཏོང་དགོས།

        དོན་ཚན་བཅུ་བདུན་པ། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ན་ཚོད་མ་ལོན་པའི་མིར་བདེ་འཇགས་ཀྱི་སློབ་གསོ་སྤེལ་རྒྱུར་ཤུགས་སྣོན་རྒྱག་དགོས། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ན་ཚོད་མ་ལོན་པའི་མིར་གློག་ཆས་དང་། སོལ་རླངས་སོགས་ན་ཚོད་མ་ལོན་པའི་མིའི་བདེ་འཇགས་ལ་གནོད་ཉེན་ཡོད་པའི་སྒྲིག་ཆས་དང་དངོས་པོ་བེད་སྤྱོད་ཡང་དག་པ་གཏོང་རྒྱུའི་མཛུབ་ཁྲིད་བྱེད་དགོས་པ་དང་། ན་ཚོད་མ་ལོན་པའི་མིར་ཕྱི་རོལ་དུ་བྱེད་སྒོ་སྤེལ་བར་བདེ་འཇགས་ཡོང་བའི་འབྲེལ་ཡོད་མཛུབ་ཁྲིད་བྱེད་དགོས་པ་ལས། བདེ་འཇགས་འགན་སྲུང་བྱ་ཐབས་འཐུས་ཚང་མེད་པའི་ཕྱི་རོལ་བྱེད་སྒོར་ན་ཚོད་མ་ལོན་པའི་མི་ཞུགས་རྒྱུ་བཀག་འགོག་བྱེད་དགོས། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་དང་ནར་སོན་པའི་སྤྱི་དམངས་གཞན་དག་གིས་ན་ཚོད་མ་ལོན་པའི་མི་འཁོར་རིགས་ལ་ཞུགས་སྐབས་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་ཤིང་། ཧྲིལ་ལོ་12མ་ལོན་པའི་མི་ཁེར་རྐྱང་འཕྲུལ་སྒུལ་འཁོར་རིགས་ནང་འཇོག་མི་ཆོག ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་ཧྲིལ་ལོ་12མ་ལོན་པའི་མིར་རྒྱ་ལམ་ཐོག་རྐང་འཁོར་བཞོན་མི་ཆོག་པའི་སློབ་གསོ་རྒྱག་དགོས་པ་དང་། ཧྲིལ་ལོ་16མ་ལོན་པའི་མིར་རྒྱ་ལམ་ཐོག་འཕྲུལ་སྒུལ་རྐང་འཁོར་བཞོན་མི་ཆོག་པའི་སློབ་གསོ་རྒྱག་དགོས།

        ལེའུ་གསུམ་པ། སློབ་གྲྭས་སྲུང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་བཅོ་བརྒྱད་པ། སློབ་གྲྭས་རྒྱལ་ཁབ་ཀྱི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ན་ཚོད་མ་ལོན་པའི་སློབ་མའི་རང་ཚུགས་ཀྱི་བསམ་གཞིགས་བྱེད་ནུས་དང་། གསར་གཏོད་བྱེད་ནུས། ལག་ལེན་ནུས་པ་བཅས་གསོ་སྐྱོང་བྱེད་དགོས་པ་དང་། ན་ཚོད་མ་ལོན་པའི་སློབ་མར་ཀུན་སྤྱོད་དང་། རིག་གནས། ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཀྱི་སློབ་གསོ་རྒྱག་པ་དང་། དེ་བཞིན་སྤྱི་ཚོགས་ཀྱི་འཚོ་བའི་མཛུབ་ཁྲིད་དང་ལང་ཚོའི་དུས་ཀྱི་སློབ་གསོ་སྤེལ་ཏེ་ན་ཚོད་མ་ལོན་པའི་སློབ་མ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་གྲྭས་ན་ཚོད་མ་ལོན་པའི་སློབ་མའི་སློབ་གསོ་ཐོབ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས་པ་དང་། སློབ་མར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཀུན་སྤྱོད་ལ་ཞན་ཆ་ཡོད་པ་དང་། ལུས་ཁམས་ལ་སྐྱོན་ཡོད་པ། སློབ་སྦྱོང་ལ་དཀའ་ངལ་ཡོད་པ་བཅས་ཀྱི་སློབ་མར་ངང་རྒྱུད་རིང་པོས་སློབ་གསོ་གཏོང་བ་དང་རོགས་རམ་བྱེད་དགོས་པ་ལས། མཐོང་ཆུང་བྱེད་པའམ་ཡང་ན་དེ་རང་དགར་སློབ་གྲྭ་སྒྱུར་བ་དང་། སློབ་མཚམས་འཇོག་པ། སློབ་གྲྭ་ནས་དོན་དུ་འཇུག་པ་བཅས་བྱེད་མི་ཆོག

        དོན་ཚན་བཅུ་དགུ་པ། རང་སྐྱོང་ལྗོངས་དང་གྲོང་ཁྱེར (ས་གནས )མི་དམངས་སྲིད་གཞུང་གིས་ཆ་རྐྱེན་བསྐྲུན་ཏེ་ཆེད་དམིགས་སློབ་གྲྭ་རིམ་པས་འཛུགས་དགོས། ཆེད་དམིགས་སློབ་གྲྭས་སློབ་གསོ་དང་བཅོས་བསྲང་གལ་ཆེ་མཉམ་འཛིན་གྱི་རྩ་དོན་གཞིར་བཟུང་སློབ་གྲྭར་ཡོད་པའི་ན་ཚོད་མ་ལོན་པའི་སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། རིག་གནས་ཀྱི་སློབ་གསོ། སྒྲིག་ཁྲིམས་དང་ཁྲིམས་ལུགས་ཀྱི་སློབ་གསོ། ངལ་རྩོལ་རྩལ་ནུས་ཀྱི་སློབ་གསོ། དེ་བཞིན་ལས་རིགས་ལག་རྩལ་གྱི་སློབ་གསོ་བཅས་བཏང་སྟེ་སློབ་གསོ་ཐོབ་པའི་དབང་ཆ་འགན་ལེན་བྱེད་དགོས།

        དོན་ཚན་ཉི་ཤུ་པ། སློབ་གྲྭས་སེམས་ཁམས་བདེ་སྲུང་གི་ཟུར་ཁྲིད་པ་ཆེད་བསྐོས་སམ་ཡང་ན་གཅིག་ལྕོཌ་བསྐོ་སྒྲིག་བྱེད་དགོས་པ་དང་། ན་ཚོད་མ་ལོན་པའི་སློབ་མའི་ལུས་ཁམས་དང་སེམས་ཁམས་འཕེལ་ཕྱོཌ་ཀྱི་ཁྱད་ཆོས་ལ་གཞིཌ་ཏེ་སེམས་ཁམས་བདེ་ཐང་གི་སློབ་གསོ་སྤེལ་དགོས། སེམས་ཁམས་ལ་ཪྙོག་ཟིང་ངམ་ཡང་ན་འགོག་རྐྱེན་ཡོད་པའི་ན་ཚོད་མ་ལོན་པའི་སློབ་མར་སེམས་ཁམས་ཐད་ཀྱི་བློ་འདྲི་དང་ཟུར་ཁྲིད་བྱེད་དགོས། ལང་ཚོའི་དུས་ལ་སླེབས་པའི་ན་ཚོད་མ་ལོན་པའི་སློབ་མར་ཕོ་མོའི་ལུས་ཁམས་དང་འཁྲིག་སྤྱོད་ཀྱི་སེམས་ཁམས་སོཌ་ལང་ཚོའི་དུས་ཀྱི་སློབ་གསོ་རྒྱག་དགོས།

        དོན་ཚན་ཉེར་གཅིག་པ། སློབ་གྲྭས་རིམ་རིཌ་བགོས་ནས་སློབ་གསོ་རྒྱག་རྒྱུའི་རྩ་དོན་གཞིར་བཟུང་སློབ་དུས་རེར་ཉུང་མཐར་ཁྲིཌ་ལུཌ་སློབ་གསོའི་སློབ་ཚན་ཐེངས་གཉིས་བཀོད་སྒྲིག་བྱས་ཏེ་ན་ཚོད་མ་ལོན་པའི་སློབ་མར་ཁྲིམས་ལུཌ་དྲིལ་བསྒྲཌ་ཀྱི་སློབ་གསོ་གཏོང་རྒྱུར་ཤུཌ་སྣོན་བརྒྱབ་ནས་དེའི་ཁྲིམས་ལུཌ་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས།

        དོན་ཚན་ཉེར་གཉིས་པ། སློབ་གྲྭས་སྤྱི་ཚོགས་རིང་ལུགས་ཀྱི་གཟི་ཁྲེལ་ལྟ་བ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་སློབ་ཚན་བཀོད་སྒྲིག་བྱེད་དགོས་པ་དང་། ན་ཚོད་མ་ལོན་པའི་སློབ་མར་ཡང་དག་པའི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

        དོན་ཚན་ཉེར་གསུམ་པ། སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱིས་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ཡོད་པ་དང་ཀུན་སྤྱོད་བཟང་བའི་དགེ་རྒན་འདེམས་སྒྲུག་གདན་ཞུ་བྱེད་དགོས་པ་དང་། དགེ་རྒན་གྱི་ལས་རིཌ་ཀུན་སྤྱོད་ཀྱི་སློབ་གསོ་གཏོང་རྒྱུ་དང་ལས་སྒོར་དཔྱད་ཞིབ་བྱེད་རྒྱུར་ཤུཌ་སྣོན་རྒྱག་དགོས། སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱི་དགེ་རྒན་དང་ལས་བཟོས་ན་ཚོད་མ་ལོན་པའི་སློབ་མར་ལུས་ཆད་གཅོད་པ་དང་རྣམ་པ་འགྱུར་བའི་ལུས་ཆད་གཅོད་པའམ་ཡང་ན་དེ་མིན་མི་ལ་དམའ་འབེབས་གཏོང་བ་བཅས་ཀྱི་བྱ་སྤྱོད་སྤེལ་མི་ཆོག་པ་དང་། ན་ཚོད་མ་ལོན་པའི་མིའི་སྡོད་གནས་དང་ལུས་པོའམ་ཡང་ན་སྤྱོད་ཆས་བཅས་ལ་གང་བྱུང་དུ་སྔོག་བཤེར་བྱེད་མི་ཆོག་པ། ན་ཚོད་མ་ལོན་པའི་མི་ལ་ལོག་གཡེམ་བྱེད་མི་ཆོག

        དོན་ཚན་ཉེར་བཞི་པ། སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་པའི་ན་ཚོད་མ་ལོན་པའི་སློབ་མར་སློབ་གྲྭས་གོ་སྐོན་བློ་འགུག་དང་། སློབ་གསོ། རོགས་རམ་བཅས་བྱེད་དགོས་པ་དང་། དེར་ཆད་པ་དངོས་འབྲེལ་གཅོད་དགོས་ཚེ་སློབ་གྲྭས་སྔོན་ལ་ན་ཚོད་མ་ལོན་པའི་སློབ་མ་དང་དེའི་ལྟ་སྐྱོང་པར་རྒྱུ་མཚན་གསལ་བཤད་རྒྱག་དགོས་པ་མ་ཟད། དེའི་བསམ་འཆར་ཉན་ལེན་བྱས་ཏེ་གཟབ་ནན་དང་། དྲང་སྙོམས། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་ཆད་པ་གཅོད་རྒྱུ་གཏན་འཁེལ་བྱེད་དགོས། ན་ཚོད་མ་ལོན་པའི་སློབ་མར་ཆད་པ་ཕོག་རྗེས་ཡོ་བསྲང་བྱེད་པའི་རིགས་ལ་སློབ་གྲྭས་སློབ་གྲྭ་མ་ཐོན་གོང་མི་སྒེར་གྱི་ཡིག་ཚགས་ནང་ནས་དེའི་ཆད་གཅོད་ཟིན་ཐོ་སུབ་དགོས།

        དོན་ཚན་ཉེར་ལྔ་པ། སློབ་གྲྭས་ན་ཚོད་མ་ལོན་པའི་སློབ་མའི་ངལ་གསོ་དང་། རིག་རྩེད་ལུས་རྩལ། སློབ་ཚན་བར་གསེང་གི་བྱེད་སྒོ་བཅས་ཀྱི་དུས་ཚོད་འགན་ལེན་བྱེད་དགོས་པ་དང་། ལུས་ཁམས་བདེ་ཐང་ལ་ཕན་ཐོཌ་ཡོད་པའི་རིག་རྩེད་ལུས་རྩལ་གྱི་བྱེད་སྒོའི་ནང་ན་ཚོད་མ་ལོན་པའི་སློབ་མ་ཞུཌ་རྒྱུར་སྒྲིག་འཛུཌ་དང་མཛུབ་ཁྲིད་བྱེད་དགོས་པ་མ་ཟད། སློབ་གྲྭ་དེ་གའི་གུང་གཞོན་སྡེ་ཚོཌ་དང་། ལོ་ཆུང་གདོང་ལེན་རུ་ཁག སློབ་མའི་ལྷན་ཚོཌ་སོཌ་རྩ་འཛུཌ་ཀྱི་བྱེད་སྒོར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱས་ནས་དགོས་ངེས་ཀྱི་འགྲོ་གྲོན་དང་བྱེད་སྒོ་སྤེལ་ཡུལ་མཁོ་འདོན་བྱེད་དགོས། སློབ་གྲྭ་དང་དགེ་རྒན་གྱིས་རང་འདོད་བཞིན་ཀུན་སྤྱོད་དང་། ལུས་རྩལ། གླུ་གཞས། རི་མོ་སོགས་ཀྱི་སློབ་ཚན་དུས་ཚོད་རང་དགར་བཟུང་སྤྱོད་བྱེད་མི་ཆོག་ཅིང་། ན་ཚོད་མ་ལོན་པའི་སློབ་མའི་སློབ་ཚན་གྱི་སྦྱོང་ཚན་ཁུར་པོ་ལྕི་རུ་གཏོང་མི་ཆོག སློབ་གྲྭས་མིང་གང་རུང་འཁྱེར་ནས་ན་ཚོད་མ་ལོན་པའི་སློབ་མའི་དབྱར་དགུན་གཉིས་ཀྱི་གུང་གསེང་དང་ཁྲིམས་གཏན་འཁེལ་བའི་དུས་ཆེན་བཟུང་སྤྱོད་བྱས་ཏེ་མཉམ་དུ་སློབ་ཚན་གསབ་ཁྲིད་རིགས་བྱེད་མི་ཆོག

        དོན་ཚན་ཉེར་དྲུག་པ། སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱིས་བདེ་སྲུང་དང་འཕྲོད་བསྟེན་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཕྲོད་བསྟེན་གྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། སློབ་གྲྭའི་ཉལ་ཁང་དང་དེ་མིན་གྱི་སྒྲིག་བཀོད། གནས་ཡུལ་བཅས་ལ་དུས་བཀག་ནང་ཞིབ་བཤེར་བྱེད་དགོས་པ་དང་། བཟའ་བཅའ་དང་། སྨན་རྫས། སྤྱོད་ཆས་བཅས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་ལམ་འཐུས་ཚང་དུ་བཏང་སྟེ་སློབ་གྲྭའི་ནང་གི་ནད་ཡམས་སྔོན་འགོག་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱིས་ན་ཚོད་མ་ལོན་པའི་སློབ་མ་བསུ་སྐྱེལ་བྱེད་པའི་འཁོར་རིགས་ཀྱི་བདེ་འཇགས་ལ་ཞིབ་བཤེར་དང་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དོན་ཚན་ཉེར་བདུན་པ། སློབ་གྲྭ་དང་དགེ་རྒན་གྱིས་ན་ཚོད་མ་ལོན་པའི་སློབ་མའི་དབར་མཐོང་ཆུང་དང་། དམའ་འབེབས། བཪྙས་གཅོས་སོགས་མིའི་ཐོབ་ཐང་ལ་བཙན་གནོད་གཏོང་བའི་བྱེད་སྤྱོད་རིགས་བཀག་འགོག་བྱེད་དགོས་པ་མ་ཟད། བྱ་ཐབས་སྤྱད་དེ་སློབ་གྲྭའི་ནང་དུ་གཏུམ་སྤྱོད་རིགས་མི་ཐོན་པའི་སྔོན་འགོག་ཀྱང་བྱེད་དགོས།

        སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱིས་རང་འགུལ་ངང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། སློབ་ཁྲིད་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བའམ་ཡང་ན་ན་ཚོད་མ་ལོན་པའི་སློབ་མའི་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་རིགས་སྔོན་འགོག་དང་བཀག་སྡོམ་བྱེད་དགོས།

        དོན་ཚན་ཉེར་བརྒྱད་པ། སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱིས་རེ་འགའི་འགན་འཁུར་བ་གཅིག་ཁ་གསལ་བཟོས་ནས་ན་ཚོད་མ་ལོན་པའི་མིའི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་འཁུར་དུ་འཇུག་དགོས།

        དོན་ཚན་ཉེར་དགུ་པ། སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱིས་གནོད་འཚེ་དང་། འགོས་ནད། ཟས་དུག གློ་བུར་གྱི་རྨས་སྐྱོན་སོགས་དོན་རྐྱེན་སྣ་ཚོགས་ཐོན་པར་ཁ་གཏད་གཅོག་པའི་གཞི་རྩའི་བདེ་འཇགས་འགོག་ཟོན་གྱི་སློབ་གསོ་སྤེལ་ནས་ན་ཚོད་མ་ལོན་པའི་སློབ་མས་རང་སྲུང་དང་། རང་སྐྱོབ། ཕན་ཚུན་རོགས་སྐྱོབ་བཅས་བྱེད་པའི་སྤྱིར་བཏང་རྩལ་ནུས་ཁོང་དུ་ཆུད་པ་བྱས་ཐོག་སློབ་དུས་ཚང་མར་ཉུང་མཐར་རང་སྐྱོབ་ཀྱི་སྦྱོང་བརྡར་ཐེངས་གཅིག་སྤེལ་ཐུབ་པ་བྱེད་དགོས།

        དོན་ཚན་སུམ་ཅུ་པ། སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱིས་གློ་བུར་དོན་རྐྱེན་རིགས་ལ་འཕྲལ་མྱུར་ཁ་གཏད་གཅོག་པའི་སྔོན་ཇུས་བཟོ་དགོས། ན་ཚོད་མ་ལོན་པའི་སློབ་མའི་ལུས་ཁམས་ལ་རྨས་སྐྱོན་ཕོག་པའི་བྱུར་རྐྱེན་ནམ་ཡང་ན་གློ་བུར་གྱི་དོན་རྐྱེན་གཞན་དག་ཐོན་སྐབས་འཕྲལ་མྱུར་སྔོན་ཇུས་སྤེལ་ནས་སྔོན་ལ་ན་ཚོད་མ་ལོན་པའི་སློབ་མའི་བདེ་འཇགས་སྲུང་སྐྱོབ་བྱས་ཏེ་དུས་ཐོག་ཏུ་མྱུར་སྐྱོབ་དང་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་སྦྲགས་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་ལའང་སྙན་སེང་ཞུ་དགོས།

        ལེའུ་བཞི་པ། སྤྱི་ཚོགས་ཀྱིས་སྲུང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་སོ་གཅིག་པ། སྤྱི་ཚོགས་ཡོངས་ཀྱིས་ན་ཚོད་མ་ལོན་པའི་མིར་བརྩི་འཇོག་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱེད་པའི་སྲོལ་བཟང་གཏོད་དགོས་པ་དང་། ན་ཚོད་མ་ལོན་པའི་མིའི་ལུས་སེམས་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཡོད་པའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ཚོགས་པས་རྣམ་པ་འདྲ་མིན་སྤྱད་དེ་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ན་ཚོད་མ་ལོན་པའི་མིར་རོགས་སྐྱོར་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་དབང་པོ་སྐྱོན་ཅན་གྱི་ན་ཚོད་མ་ལོན་པའི་མིར་དམིགས་བསལ་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ནས་དེར་སློབ་གསོ་ཐོབ་པ་བྱེད་རྒྱུ་དང་སྨན་བཅོས་དྲག་སྐྱེད་ཡོང་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་དགོས།

        དོན་ཚན་སོ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ན་ཚོད་མ་ལོན་པའི་མིའི་བྱེད་སྒོ་སྤེལ་ཡུལ་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་དེ་ས་གནས་དེ་གའི་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་འཆར་འགོད་ནང་འཇུག་དགོས་པ་དང་། གཏོང་ཆ་མང་དུ་བཏང་སྟེ་ན་ཚོད་མ་ལོན་པའི་མིའི་བྱེད་སྒོ་སྤེལ་ཡུལ་དང་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་པ་དང་ལེགས་སུ་གཏོང་དགོས།

        དོན་ཚན་སོ་གསུམ་པ། ན་ཚོད་མ་ལོན་པའི་མིར་སྒོ་དབྱེ་བའི་བྱེད་སྒོ་སྤེལ་ཡུལ་དེ་རྒྱལ་ཁབ་དང་ལས་རིགས་ཀྱི་བདེ་འཇགས་ཚད་གཞི་དང་མཐུན་དགོས་པ་དང་། ན་ཚོད་མ་ལོན་པའི་མིའི་གཅིག་སྡུད་བྱེད་སྒོ་སྤེལ་སའི་སྤྱི་པའི་གནས་ཡུལ་ལ་དེ་མཚུངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་ཐབས་སྤྱོད་དགོས་པ་མ་ཟད། ན་ཚོད་མ་ལོན་པའི་མིའི་ལུས་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དྲན་སྐུལ་གྱི་མཚོན་རྟགས་མངོན་གསལ་དོད་པོ་འགེལ་དགོས། རོལ་རྩེད་སྒྲིག་བཀོད་ཀྱི་དོ་དམ་ཚན་པས་སྒྲིག་བཀོད་ཉེ་འགྲམ་གྱི་མངོན་གསལ་དོད་པའི་སར་ལོ་ཚད་དང་འཚམ་པའི་ཁྱབ་ཁོངས་སམ་ཡང་ན་དོ་སྣང་བྱེད་དགོས་པའི་དོན་གནད་སོགས་ཀྱི་ཉེན་ཟོན་དྲན་སྐུལ་གྱི་མཚོན་རྟགས་འགེལ་དགོས་པ་མ་ཟད། དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་བཀག་ཐོག་ཉམས་གསོ་བདག་སྐྱོང་བྱེད་དགོས།

        དོན་ཚན་སོ་བཞི་པ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། དཔེ་དེབ་ཁང་། ན་གཞོན་བྱིས་པའི་ཕོ་བྲང་། རྟེན་རྫས་ཁང་། དྲན་གསོ་ཁང་། དེ་བཞིན་སྡེ་ཁུལ་གྱི་སྤྱི་པའི་རིག་གནས་ལུས་རྩལ་སྒྲིག་བཀོད་བཅས་ན་ཚོད་མ་ལོན་པའི་མི་ལ་རིན་མེད་ཐོག་སྒོ་འབྱེད་དགོས། ཚན་རྩལ་ཁང་དང་། རིག་གནས་ཁང་། ལུས་རྩལ་ཐང་(ཁང་) གློག་བཪྙན་ཟློས་གར་ཁང་། སྤྱན་གཟིགས་གླིང་ག སྤྱི་གླིང་སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ན་ཚོད་མ་ལོན་པའི་མི་ལ་རིན་དངུལ་མེད་པའམ་ཡང་ན་དམིགས་བསལ་གྱིས་སྒོ་འབྱེད་དགོས།

        དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་གསར་འགྱུར་དང་། དཔེ་སྐྲུན། རླུང་འཕྲིན། གློག་བཪྙན། བཪྙན་འཕྲིན། རིག་རྩལ་སོགས་ཚན་པ་དང་། རྩོམ་པ་པོ། ཚན་རིག་མཁས་ཅན། སྒྱུ་རྩལ་མཁས་ཅན། དེ་བཞིན་སྤྱི་དམངས་གཞན་དག་བཅས་ལ་ན་ཚོད་མ་ལོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཕན་པའི་བརྩམ་བྱ་གསར་རྩོམ་དང་མཁོ་འདོན་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས། ན་ཚོད་མ་ལོན་པའི་མི་ལ་མཁོ་བའི་དཔེ་དེབ་དང་། ཚགས་པར་དུས་དེབ། སྒྲ་བཪྙན་ཐོན་དངོས་སོགས་དཔེ་སྐྲུན་དངོས་རིགས་པར་བཟོ་བྱེད་རྒྱུར་སྲིད་གཞུང་གིས་རོགས་སྐྱོར་བྱེད་དགོས།

        དོན་ཚན་སོ་དྲུག་པ། རླུང་འཕྲིན་དང་། གློག་བཪྙན། བཪྙན་འཕྲིན། རིག་གནས་སྲིད་འཛིན་སྡེ་ཚན་བཅས་ཀྱིས་བྱ་ཐབས་སྤྱད་དེ་ལྗོངས་ཡོངས་ཀྱི་རླུང་འཕྲིན་དང་། གློག་བཪྙན། བཪྙན་འཕྲིན། ཟློས་གར་བཅས་ཀྱི་ལེ་ཚན་དང་དེ་བཞིན་རིགས་འདྲ་མིན་གྱི་འཁྲབ་སྟོན་བྱ་ཡུལ་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྤྱི་བདེ་དང་འཕྲིན་གཏོང་སོགས་སྡེ་ཚན་གྱིས་དྲ་རྒྱའི་ཆ་འཕྲིན་ངན་པའི་རིགས་རྩད་བཤེར་ཐག་གཅོད་དང་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ན་ཚོད་མ་ལོན་པའི་མིས་ལྟ་རྒྱུར་མི་འཚམ་པའི་གློག་བཪྙན་དང་བཪྙན་འཕྲིན་ལེ་ཚན་རིགས་ལ་རླུང་འཕྲིན་བཪྙན་འཕྲིན་སྡེ་ཚན་དང་། འཁྲབ་སྟོན་བྱེད་མཁན་ལས་ཁུངས་ཀྱིས་མངོན་གསལ་དོད་པའི་སར་ལྟ་མི་ཆོག་པའི་དྲན་སྐུལ་ཆ་འཕྲིན་འགེལ་དགོས། ན་ཚོད་མ་ལོན་པའི་མིར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་། ཆགས་སྲེད། གཏུམ་སྤྱོད། དམར་གསོད། འཇིགས་སྐུལ། བཀས་བཀོད་རྒྱུད་འཛིན་རྨོངས་དད་སོགས་ཁོ་ཚོའི་ལུས་སེམས་བདེ་ཐང་ལ་གནོད་པའི་པར་སྐྲུན་དངོས་རྫས་དང་། སྒྲ་བཪྙན་ཐོན་དངོས། གློག་རྡུལ་དཔེ་སྐྲུན་དངོས་རིགས། བཪྙན་ལམ། སྐད་ལམ་དཔྱད་ཡིག དྲ་རྒྱའི་ཆ་འཕྲིན་སོགས་འཚོང་བ་དང་། བོགས་མར་གཏོང་བའམ་ཡང་ན་དེ་མིན་གྱི་ཐབས་ལ་བརྟེན་ནས་བརྒྱུད་འགྲེམས་བྱེད་རིགས་བཅས་བཀག་འགོག་ནན་པོ་བྱེད་དགོས།

        དོན་ཚན་སོ་བདུན་པ། སློབ་གྲྭ་འབྲིང་ཆུང་གི་ཉེ་འཁོར་དུ་ཁེ་གཉེར་རང་བཞིན་གྱི་གླུ་གར་རོལ་རྩེད་སྤེལ་ཡུལ་དང་། ཨིན་འབྲེལ་དྲ་རྒྱའི་ཞབས་ཞུའི་ལས་གཉེར་བྱེད་ས། གློག་རྡུལ་རོལ་རྩེད་ཁང་། བཪྙན་ཕབ་ཁང་། ཨར་ཁང་སོགས་ན་ཚོད་མ་ལོན་པའི་མི་འཛུལ་ཞུགས་བྱེད་སྒོ་སྤེལ་རྒྱུར་མི་འཚམ་པའི་བྱེད་སྒོ་སྤེལ་ཡུལ་རིགས་འཛུགས་མི་ཆོག ན་ཚོད་མ་ལོན་པའི་མི་འཛུལ་ཞུགས་བྱེད་སྒོ་སྤེལ་རྒྱུར་མི་འཚམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་འཛུལ་སྒོའི་མངོན་གསལ་དོད་པའི་ས་ཆར་ན་ཚོད་མ་ལོན་པའི་མི་འཛུལ་མི་ཆོག་པའི་མཚོན་རྟགས་འགེལ་དགོས། བྱེད་སྒོ་སྤེལ་ཡུལ་དུ་ཡོང་མཁན་འཛད་སྤྱོད་པ་ན་ཚོད་ཆེ་ཆུང་གང་ཡིན་གསལ་པོ་མི་ཤེས་པའི་སྐབས་ཐོབ་ཐང་ལག་ཁྱེར་འདོན་དུ་འཇུག་དགོས།

        དོན་ཚན་སོ་བརྒྱད་པ། སློབ་གྲྭ་འབྲིང་ཆུང་ཉེ་འཁོར་གྱི་རྨིད་500ཁྱབ་ཁོངས་ནང་འབར་གས་སླ་བ་དང་། དུག་ཤེད་ཆེ་བ། ཟེར་འགྱེད་རང་བཞིན་ལྡན་པ། རུལ་བསླད་རང་བཞིན་ལྡན་པ་སོགས་ཀྱི་ཉེན་ཡོད་དངོས་རྫས་ཐོན་སྐྱེད་དང་། གཉེར་སྐྱོང་། གསོག་འཇོག བེད་སྤྱོད་བཅས་བྱ་ཡུལ་བཟོ་བའམ་ཡང་ན་སྒྲིག་བཀོད་འཛུགས་མི་ཆོག

        དོན་ཚན་སོ་དགུ་པ། སློབ་གྲྭ་འབྲིང་ཆུང་ཉེ་འཁོར་གྱི་རྨིད་200ཁྱབ་ཁོངས་ནང་རྒྱན་ཤོག་འཚོང་ས་འཛུགས་མི་ཆོག

        དོན་ཚན་བཞི་བཅུ་པ། སྤྱི་བདེ་དང་། འཛུགས་སྐྲུན། འགྲིམ་འགྲུལ་བཅས་སྲིད་འཛིན་སྡེ་ཚན་གྱིས་སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱི་ཉེ་འཁོར་རྒྱ་ལམ་ཐོག་ཉེན་ཟོན་དང་། མྱུར་ཚད་ཚོད་འཛིན། དལ་སྐྱོད། ཟུར་གཡོལ་སོགས་ཀྱི་འགྲིམ་འགྲུལ་མཚོན་རྟགས་དང་དེ་བཞིན་འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་བཀོད་ཆ་ལག་ཚང་བ་འཛུགས་དགོས་པ་དང་། སློབ་གྲྭའི་སྒོ་མདུན་གྱི་རྒྱ་ལམ་ཐོག་མི་འགྲོ་སའི་འཕྲེད་ཐིག་རྒྱག་དགོས་པ་དང་། ཆ་རྐྱེན་ཡོད་མཁན་གྱིས་མི་འགྲོ་སའི་འཕྲེད་ཐིག་ཐོག་བརྡ་སྟོན་གློག་སྒྲོན་བསྒར་དགོས་པ། གྲོང་ཁྱེར་གྱི་སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཆ་རྐྱེན་ཡོད་པའི་རྒྱ་ལམ་ཐོག་སློབ་གྲྭ་ཚོགས་གྲོལ་སྐབས་མོ་ཊ་འཇོག་ས་བཟོ་དགོས། འཕྲུལ་འགུལ་དང་འཕྲུལ་འགུལ་མིན་པའི་འཁོར་རིགས་གཏོང་མཁན་ཁ་ལོ་བས་ན་ཚོད་མ་ལོན་པའི་མི་ལ་གཡོལ་ནས་སྔོན་ལ་གཏོང་དགོས།

        དོན་ཚན་ཞེ་གཅིག་པ། ན་ཚོད་མ་ལོན་པའི་མི་བསུ་སྐྱེལ་བྱེད་པར་མོ་ཊ་བེད་སྤྱོད་གཏོང་མཁན་ཚན་པའམ་མི་སྒེར་གྱིས་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་དགོས་པ་དང་། མོ་ཊའི་མི་བླུགས་ཚད་ཀྱི་ཚད་གཞི་ལྟར་ན་ཚོད་མ་ལོན་པའི་མི་བསུ་སྐྱེལ་བྱས་ཏེ་འཁོར་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་དང་འབྲེལ་ན་ཚོད་མ་ལོན་པའི་མི་བསུ་སྐྱེལ་འཁོར་རིགས་ཀྱི་མཚོན་རྟགས་མངོན་གསལ་དོད་སར་རྒྱག་དགོས། སྤྱི་བདེ་དང་སློབ་གསོའི་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་ཚན་པས་བྱ་ཐབས་སྤྱད་དེ་ན་ཚོད་མ་ལོན་པའི་མི་བསུ་སྐྱེལ་ཞབས་ཞུའི་ཐད་སྤྱོད་པའི་འཁོར་རིགས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད་དུས་ཐོག་ཏུ་བདེ་འཇགས་ཐད་ཀྱི་ཉེན་ཁའི་རྐྱེན་རྩ་མེད་པ་བཟོ་དགོས།

        དོན་ཚན་ཞེ་གཉིས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་སྤྱད་དེ་སྡེ་ཁུལ་དང་སློབ་གྲྭར་སྤྱི་ཕན་རང་བཞིན་གྱི་ཨིན་འབྲེལ་དྲ་ཞུགས་ཞབས་ཞུའི་སྒྲིག་བཀོད་བཙུགས་སྐབས་ན་ཚོད་མ་ལོན་པའི་མིར་བདེ་འཇགས་སྐྱོན་བྲལ་གྱི་དྲ་ཞུགས་ཞབས་ཞུ་མཁོ་འདོན་བྱེད་དགོས།

        དོན་ཚན་ཞེ་གསུམ་པ། འབྲེལ་ཡོད་སྡེ་ཚན་གྱིས་བྱིས་པའི་བཟའ་བཅའ་དང་། རྩེད་ཆས། སྤྱོད་ཆས་བཅས་ལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེ་ཡོད་པའི་བཟའ་བཅའ་དང་། རྩེད་ཆས། སྤྱོད་ཆས་བཅས་ཁྲོམ་རར་འདོན་རྒྱུ་སྔོན་འགོག་དང་བཀག་བསྡོམ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་བྱིས་པའི་རོལ་རྩེད་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རོལ་རྩེད་སྒྲིག་བཀོད་ཀྱིས་བྱིས་པར་རྨས་སྐྱོན་མི་ཡོང་སྔོན་འགོག་བྱེད་དགོས།

        དོན་ཚན་ཞེ་བཞི་པ། ན་ཚོད་མ་ལོན་པའི་མི་ལ་ཐ་མག་དང་ཆང་རག་འཚོང་མི་ཆོག་ཅིང་། གཉེར་སྐྱོང་བྱེད་མཁན་གྱིས་ན་ཚོད་མ་ལོན་པའི་མིར་ཐ་མག་དང་ཆང་རག་འཚོང་མི་ཆོག་པའི་མཚོན་རྟགས་མངོན་གསལ་དོད་པོར་བཀོད་དགོས་པ་དང་དར་མ་དང་ན་ཚོད་མ་ལོན་པའི་མི་གང་ཡིན་དབྱེ་བ་འབྱེད་མི་ཐུབ་པའི་སྐབས་སུ་དེའི་ཐོབ་ཐང་ལག་འཁྱེར་སྟོན་དགོས་པའི་བླང་བྱ་འདོན་དགོས། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་ན་ཚོད་མ་ལོན་པའི་མིར་ཐ་མག་དང་ཆང་རག་སྟེར་མི་ཆོག་ལ། མི་སུ་ཞིག་གིས་ཀྱང་ན་ཚོད་མ་ལོན་པའི་མི་ལ་ཚབ་བྱས་ནས་ཐ་མག་དང་ཆང་རག་ཉོ་རུ་འཇུག་མི་ཆོགམི་སུ་ཞིག་གིས་ཀྱང་སློབ་གྲྭ་འབྲིང་ཆུང་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱི་སློབ་ཁང་དང་། ཉལ་ཁང་། དེ་བཞིན་ན་ཚོད་མ་ལོན་པའི་མི་གཅིག་སྡུད་བྱེད་སྒོ་སྤེལ་ཡུལ་དུ་ཐ་མག་འཐེན་པ་དང་ཆང་རག་བཏུང་བ་སོགས་བྱེད་མི་ཆོག

        དོན་ཚན་ཞེ་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྤྱི་བདེ་དང་། རིག་གནས། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ། ཐོན་རྫས་སྤུས་ཚད་ལྟ་བཤེར། བཟོ་ཚོང་སྲིད་འཛིན་དོ་དམ། གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་སློབ་གྲྭ་འབྲིང་ཆུང་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱི་ཉེ་འཁོར་བདེ་འཇགས་དང་། འགྲིམ་འགྲུལ། ཁོར་ཡུག བཟའ་བཅའ་གནོད་མེད། བརྡ་ཁྱབ། གྲོང་དོན་འཛུགས་སྐྲུན་སྒྲིག་བཀོད་སོགས་ཀྱི་ཐད་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དོན་ཚན་ཞེ་དྲུག་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། ཁེ་ལས་མིན་པའི་དམངས་བཙུགས་ཚན་པའམ་ཡང་ན་ཁེར་རྐྱང་བཟོ་ཚོང་ཐེམ་དུད་བཅས་ཚང་མས་རྒྱལ་ཁབ་ཀྱི་གཏན་འབེབས་ལོགས་སུ་ཡོད་པ་ཕུད། ཧྲིལ་ལོ་16མ་ལོན་པའི་མི་བསྡུ་སྤྱོད་བྱེད་མི་ཆོགཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་ཧྲིལ་ལོ་16མ་ལོན་པའི་མིར་ལས་ཞུགས་ངོ་སྤྲོད་བྱེད་མི་ཆོག

        དོན་ཚན་ཞེ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་དམངས་སྲིད་སྡེ་ཚན་གྱིས་དགོས་མཁོར་གཞིགས་ཏེ་འཁྱམས་སྡོད་ན་ཚོད་མ་ལོན་པའི་མིར་རོགས་སྐྱོབ་བྱ་ཡུལ་བཙུགས་ཐོག་ཁོ་ཚོར་རོགས་སྐྱོབ་བྱས་ནས་གནས་སྐབས་ལྟ་སྐྱོང་གི་འགན་འཁྲི་འཁུར་དགོས་པ་དང་། སྤྱི་བདེའམ་ཡང་ན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་དུས་ཐོག་ཏུ་བརྡ་ཐོ་བཏང་སྟེ་ལེན་དུ་བཅུག་དགོས་པ། དྭ་ཕྲུག་དང་ཕ་མའམ་དེའི་ལྟ་སྐྱོང་པ་གསལ་པོ་རྩད་ཪྙེད་མི་ཐུབ་ཚེ། དམངས་སྲིད་སྡེ་ཚན་ནས་བཙུགས་པའི་བྱིས་པའི་ཕན་བདེ་ལས་ཁུངས་ཀྱིས་དེ་ཉར་གསོ་བྱེད་དགོས།

        དོན་ཚན་ཞེ་བརྒྱད་པ། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་བཅའ་ཁྲིམས་དང་ཁྲིམས་སྲོལ་ཐོག་གཏན་འབེབས་གཞན་དག་ཡོད་པ་ཕུད། རྣམ་པ་གང་ཞིག་གི་ཐོག་ནས་ན་ཚོད་མ་ལོན་པའི་མིའི་གསང་དོན་ཕྱིར་བསྒྲགས་བྱེད་མི་ཆོག རླུང་འཕྲིན་དང་། བཪྙན་འཕྲིན། དྲ་རྒྱ་སོགས་མཚམས་སྦྱོར་དང་དེ་བཞིན་ཚགས་པར་དང་། དུས་དེབ། པར་དེབ། སྒྲ་བཪྙན་ཐོན་རྫས་སོགས་ཡོངས་བསྒྲགས་སུ་དཔེ་སྐྲུན་བྱེད་པའི་དངོས་རྫས་ཐོག་ཁྲིམས་འགལ་ཉེས་གསོག་གི་ན་ཚོད་མ་ལོན་པའི་མི་དང་གནོད་འཚེ་ཕོག་པའི་ན་ཚོད་མ་ལོན་པའི་མིའི་རུས་མིང་དང་། སྡོད་གནས། བཪྙན་པར་སོགས་དང་དེ་བཞིན་ན་ཚོད་མ་ལོན་པའི་མི་སུ་ཞིག་ཡིན་པ་དབྱེ་འབྱེད་ཐུབ་པའི་དཔྱད་ཡིག་བཅས་ཕྱིར་བསྒྲགས་བྱེད་མི་ཆོག

        དོན་ཚན་ཞེ་དགུ་པ། རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་ན་ཚོད་མ་ལོན་པའི་མིའི་འཕྲིན་ཡིག་དང་། ཟིན་ཐོ། གློག་རྡུལ་བསྐུར་མ་སོགས་སྒེར་གྱི་ཆ་འཕྲིན་འཁོད་རིགས་སྦས་སྐུང་དང་དབྲལ་དབྱུགས་གཏོང་མི་ཆོག

        དོན་ཚན་ལྔ་བཅུ་པ། འཕྲོད་བསྟེན་སྡེ་ཚན་དང་སློབ་གྲྭས་ན་ཚོད་མ་ལོན་པའི་མིར་དགོས་ངེས་ཀྱི་འཕྲོད་བསྟེན་འཕྲོད་སྦྱོར་ཆ་རྐྱེན་མཁོ་འདོན་བྱེད་དགོས་པ་དང་རིམས་ནད་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་དགོས། འཕྲོད་བསྟེན་སྡེ་ཚན་གྱིས་བྱིས་པའི་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་བྱིས་པའི་ཐོན་རྟག་པ་དང་རྒྱུན་གཏན་གྱི་ནད་གཞི་འགོག་བཅོས་ཧུར་ཐག་བྱེད་དགོས་པ་དང་། འགོས་ནད་འགོག་བཅོས་ལས་དོན་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་གྱིས་སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱི་འཕྲོད་བསྟེན་འཕྲོད་སྦྱོར་ལས་སྒོར་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དོན་ཚན་ང་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་བུ་བཅོལ་ཁང་དང་བྱིས་གསོ་ཁང་གི་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་ཐོག་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། དེ་བཞིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མི་སྒེར་བཅས་ནས་བྱིས་གསོ་ཁང་དང་བུ་བཅོལ་ཁང་འཛུགས་གཉེར་བྱེད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་བུ་བཅོལ་ཁང་དང་བྱིས་གསོ་ཁང་གི་དགེ་རྒན་དང་མ་མར་གསོ་སྐྱོང་དང་སྦྱོང་བརྡར་སྤྲས་ཏེ་དགེ་རྒན་གྱི་བསམ་བློ་ཆབ་སྲིད་སློབ་གསོ་དང་ལས་སྒོའི་སྦྱོང་བརྡར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        དོན་ཚན་ང་གཉིས་པ། གཏན་འབེབས་བྱས་པའི་ལོ་ཚད་ཀྱི་འགན་བབས་སློབ་གསོ་ལེགས་གྲུབ་ཟིན་ནས་སླར་ཡང་ལོ་རིམ་མཐོ་བར་སློབ་སྦྱོང་དུ་མི་འགྲོ་བའི་ན་ཚོད་མ་ལོན་པའི་མི་ལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བྱ་གཞག་རྩ་འཛུགས་བཅས་ཀྱིས་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་ཁོ་ཚོར་ལས་རིགས་སློབ་གསོའི་ལག་རྩལ་སྦྱོར་བརྡར་སྤྲས་ནས་ཁོ་ཚོར་ངལ་རྩོལ་ལས་ཞུགས་ཀྱི་ཆ་རྐྱེན་སྐྲུན་དགོས།

        དོན་ཚན་ང་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་བྱ་ཐབས་སྤྱད་དེ་ན་ཚོད་མ་ལོན་པའི་མི་བ སླུ་བྲིད་མགོ་སྐོར་དང་། ཉོ་འཚོང་། བཙན་ཁྲིད་བཅས་བྱེད་པའི་ཉེས་གསོག་བྱེད་སྤྱོད་ལ་སྔོན་འགོག་དང་ཁྲིམས་ལུགས་ལྟར་རྡུང་རྡེག་ནན་པོ་གཏོང་དགོས།

        དོན་ཚན་ང་བཞི་པ། ཚན་པ་དང་མི་སྒེར་སུ་ཞིག་གིས་ཀྱང་ན་ཚོད་མ་ལོན་པའི་མི་བེད་སྤྱོད་ཀྱིས་འཁྲབ་རྩེད་བྱེད་དུ་འཇུག་པ་དང་ལྟོ་སློང་དུ་འཇུག་པའི་རིགས་བྱེད་མི་ཆོག་ལ། ན་ཚོད་མ་ལོན་པའི་མི་ལ་ཁྲིམས་འགལ་ཉེས་གསོག་བྱེད་རྒྱུར་ངན་སྐུལ་དང་། མགོ་སྐོར། བཙན་ཤེད། རྒྱ་ཡན་དུ་གཏོང་བ། འགེབས་སྲུང་བཅས་བྱེད་མི་ཆོགརྒྱལ་ཁབ་ཀྱི་དམིགས་བསལ་གཏན་འབེབས་ཡོད་པ་ཕུད། དགོན་སྡེས་འགན་བབས་སློབ་གསོའི་དུས་མཚམས་ཀྱི་ན་ཚོད་མ་ལོན་པའི་མི་གྲྭ་བཙུན་བྱེད་དུ་འཇུག་མི་ཆོག

        དོན་ཚན་ང་ལྔ་པ། གནོད་འཚེ་གེགས་བར་བྱུང་ཡུལ་དུ་མྱུར་སྐྱོབ་བྱེད་མཁན་རྩ་འཛུགས་དང་མི་སྣས་ན་ཚོད་མ་ལོན་པའི་མི་ཉེན་ཁ་ལས་སྐྱོབ་རོགས་གང་ཐུབ་བྱེད་དགོས་པ་དང་། གཞི་རྒྱ་ཆེ་བའི་གནོད་འཚེ་བྱུང་ཁུལ་དུ་ལུས་པའི་ན་ཚོད་མ་ལོན་པའི་མི་སྔོན་ལ་སྐྱོབ་པ་དང་དེར་བཀོད་སྒྲིག་འོས་འཚམ་བྱེད་དགོས

        ལེའུ་ལྔ་པ། ཁྲིམས་འཛིན་ཐོག་ནས་སྲུང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་ང་དྲུག་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་དེ་བཞིན་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་བཅས་ཀྱིས་ཁྲིམས་ལུགས་ལྟར་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་སྒྲུབ་དགོས། ཁྲིམས་འགལ་ཉེས་གསོག་གི་ན་ཚོད་མ་ལོན་པའི་མིར་སློབ་གསོ་དང་། བློ་འགུགས། སྐྱོབ་ཐབས་བཅས་བྱས་ཏེ་སློབ་གསོ་གཏོང་རྒྱུ་གཙོ་བོ་དང་ཉེས་ཆད་གཅོད་རྒྱུ་ཞོར་འདེགས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

        དོན་ཚན་ང་བདུན་པ། ཧྲིལ་ལོ་བཅུ་བཞི་ལོན་པའི་ན་ཚོད་མ་ལོན་པའི་མིས་ཉེས་གསོག་བྱས་ཀྱང་ཧྲིལ་ལོ་བཅུ་དྲུག་མི་ལོན་པའི་རྐྱེན་གྱིས་ཉེས་དོན་ཉེས་ཆད་མི་གཏོང་རྒྱུའི་རིགས་ལ། ཁྱིམ་བདག་གམ་ཡང་ན་དེའི་ལྟ་སྐྱོང་པར་ལྟ་སྡོམ་ནན་པོ་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཉར་གསོ་སློབ་གཅུན་བྱས་ནའང་འགྲིག

        དོན་ཚན་ང་བརྒྱད་པ། སྤྱི་བདེ་ལས་ཁུངས་དང་མི་དམངས་ཞིབ་དཔྱོད་ཁང་གིས་ན་ཚོད་མ་ལོན་པའི་མིའི་ཉེས་གསོག་དོགས་གཞིར་འདྲི་རྩད་དང་། ན་ཚོད་མ་ལོན་པའི་དཔང་མི་དང་གནོད་འཚེ་ཕོག་མཁན་ལ་འདྲི་རྩད་བྱེད་སྐབས་དེའི་ལྟ་སྐྱོང་པ་ས་ཡུལ་དངོས་སུ་ཡོང་རྒྱུར་བརྡ་ཐོ་གཏོང་དགོས། ལྟ་སྐྱོང་པར་བརྡ་ཐོ་གཏོང་ཐབས་བྲལ་བའམ་ཡང་ན་ལྟ་སྐྱོང་པ་ས་ཡུལ་དངོས་སུ་སླེབས་ཐབས་བྲལ་བའི་སྐབས་སུ་བཅའ་ཁྲིམས་ཀྱི་རོགས་སྐྱོབ་ལས་ཁུངས་དང་། ན་ཚོད་མ་ལོན་པའི་མི་གནས་སའི་སློབ་གྲྭ ན་ཚོད་མ་ལོན་པའི་མི་སྡོད་གནས་བཅས་ཀྱི་གྲོང་ཚོ (གྲོང་མི )ཨུ་ཡོན་ལྷན་ཁང་ངམ་ཡང་ན་ན་ཚོད་མ་ལོན་པའི་མི་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་བཅས་ནས་ས་ཡུལ་དངོས་སུ་མི་མངགས་གཏོང་བྱེད་དགོས་པའི་བརྡ་ཐོ་གཏོང་དགོས།

        དོན་ཚན་ང་དགུ་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་འདྲི་ཞིབ་མ་བྱས་གོང་ལ་བཀག་སྐྱིལ་བྱས་པའི་ན་ཚོད་མ་ལོན་པའི་མི་དེ་བཀག་ཉར་བྱས་པའི་ནར་སོན་པའི་མི་དང་དབྱེ་བ་ཕྱེ་ནས་ལྟ་སྡོམ་བྱེད་དགོས། མི་དམངས་ཁྲིམས་ཁང་ནས་ཁྲིམས་ཆད་གཅོད་རྒྱུར་ཁྲུན་ཐག་བཅད་ཟིན་པའི་ན་ཚོད་མ་ལོན་པའི་མི་དེ་ཁྲིམས་ཆད་འཁུར་མཁན་ནར་སོན་པའི་མི་དང་དབྱེ་བ་ཕྱེ་ནས་བཀག་བཅུག་དང་དོ་དམ་བྱེད་དགོས། དེའི་ནང་འགན་བབས་སློབ་གསོ་ལེགས་གྲུབ་ཟིན་མེད་པའི་རིགས་ལ། འབྲེལ་ཡོད་སྡེ་ཚན་གྱིས་རྒྱབ་སྐྱོར་བྱས་ནས་དེར་མུ་མཐུད་འགན་བབས་སློབ་གསོ་དང་ལེན་བྱེད་རྒྱུའི་འགན་ལེན་བྱེད་དགོས།

        དོན་ཚན་དྲུག་བཅུ་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ན་ཚོད་མ་ལོན་པའི་མིའི་གྱོད་གཞི་གཉེར་སྒྲུབ་བྱེད་སྐབས་ན་ཚོད་མ་ལོན་པའི་མིའི་ལུས་ཁམས་དང་སེམས་ཁམས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དེས་ཉེས་གསོག་གི་རྒྱུ་རྐྱེན་དང་ཉེས་གསོག་བྱ་སྤྱོད་ཀྱིས་སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་རང་བཞིན་ལ་ངོས་འཛིན་ཐུབ་ཏུ་བཅུག་ནས་སློབ་གསོའི་ཁྲོད་དུ་འདྲི་ཞིབ་བྱེད་རྒྱུ་དང་། ཉེས་ཆད་དང་སློབ་གསོ་ཟུང་འབྲེལ་ཐུབ་པ་བྱེད་དགོས། ན་ཚོད་མ་ལོན་པའི་མིའི་ཉེས་གསོག་གཅུན་འདོམས་ཁང་གིས་ན་ཚོད་མ་ལོན་པའི་མིར་ཁྲིམས་ཆད་བཀག་ཉར་དང་དོ་དམ་བྱེད་རིང་། ཁྲིམས་འགལ་ཉེས་གསོག་གི་ན་ཚོད་མ་ལོན་པའི་མིར་དམའ་འབེབས་གཏོང་མི་ཆོག་པ་དང་དེའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།

        དོན་ཚན་རེ་གཅིག་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་བཅས་ཀྱིས་ན་ཚོད་མ་ལོན་པའི་མིའི་གྱོད་གཞི་ཞིབ་གཅོད་བྱེད་སྐབས་ཁྲིམས་ལུགས་ལྟར་དུས་ཐོག་ཏུ་དེའི་དོ་བདག་གམ་ཡང་ན་དེའི་ལྟ་སྐྱོང་པར་ཁྲིམས་རྩོད་པ་གདན་ཞུ་བྱེད་དབང་ཡོད་པ་དང་བཅའ་ཁྲིམས་ཀྱིས་རོགས་སྐྱོར་ཐོབ་རྒྱུའི་རེ་འདུན་ཞུ་བའི་འགྲོ་ལུགས་བརྒྱུད་རིམ་ཤེས་སུ་འཇུག་དགོས། དེའི་ལྟ་སྐྱོང་པར་འབྲེལ་གཏུག་བྱེད་ཐབས་བྲལ་བའམ་ཡང་ན་ཁྲིམས་རྩོད་པ་གདན་ཞུ་བྱས་མེད་པའི་ན་ཚོད་མ་ལོན་པའི་ཉེས་གསོག་དོགས་ཅན་ལ་མྱུལ་ཞིབ་ལས་ཁུངས་ཀྱིས་འདྲི་གཅོད་ཐེངས་དང་པོའམ་ཡང་ན་བཙན་ཤེད་ཀྱི་བྱ་ཐབས་སྤེལ་བ་ནས་བཟུང་ཉིན་གསུམ་ནང་ཚུན་དུ་བཅའ་ཁྲིམས་ཀྱི་རོགས་སྐྱོར་སྡེ་ཚན་ལ་དེར་བཅའ་ཁྲིམས་ཐོག་ནས་རོགས་་སྐྱོར་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས།

        དོན་ཚན་རེ་གཉིས་པ། ཁྱིམ་ཚང་དང་། སློབ་གྲྭ དེ་བཞིན་འབྲེལ་ཡོད་ཚན་པ་གཞན་དག་བཅས་ཀྱིས་ཁྲིམས་འགལ་ཉེས་གསོག་གི་ན་ཚོད་མ་ལོན་པའི་མི་ཡོད་སའི་སློབ་གཅུན་ཁང་ལ་གཞོགས་འདེགས་བྱས་ནས་ཐུན་མོང་ཐོག་ན་ཚོད་མ་ལོན་པའི་ཁྲིམས་འགལ་ཉེས་གསོག་པར་སློབ་གསོ་དང་སྐྱོབ་ཐབས་ཀྱི་ལས་དོན་ཡག་པོ་སྤེལ་དགོས།

        དོན་ཚན་རེ་གསུམ་པ། ཁྲིམས་སྦྱོར་མི་བྱེད་རྒྱུའི་གཏན་འཁེལ་བྱས་པ་དང་། ཉེས་དོན་ཆད་པ་མེད་པ་བཟོས་པ། ཁྲིམས་ཆད་དུས་འགྱངས་བྱས་པ། དེ་བཞིན་བཀུག་ཉར་སློབ་གཅུན་བྱེད་མི་དགོས་པའམ་ཡང་ན་ཁྲིམས་ཆད་ཀྱི་དུས་ཚད་ཐིམས་ནས་གློད་འགྲོལ་བཏང་བ་བཅས་ཀྱི་ན་ཚོད་མ་ལོན་པའི་མི་སློབ་གྲྭར་བསྐྱར་ལོག་་བྱེད་པ་དང་། སློབ་རིམ་འཕར་བ། ལས་ཀར་ཞུགས་པ་བཅས་བྱེད་སྐབས་མཐོང་ཆུང་བྱེད་མི་ཆོག

        དོན་ཚན་རེ་བཞི་པ། མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་བའི་གྱོད་གཞིར་འདྲི་ཞིབ་བྱེད་སྐབས་བཟའ་ཚང་ཁ་བྲལ་མཁན་དོ་བདག་དེའི་ན་ཚོད་མ་ལོན་པའི་བུ་ཕྲུག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལུགས་ལྟར་འགན་སྲུང་བྱེད་དགོས་པ་དང་བུ་ཕྲུག་དེར་ཕན་པའི་ལྟ་སྐྱོང་དང་འཚོ་སྐྱོང་ཐོབ་པ་བྱེད་དགོས། མི་དམངས་ཁྲིམས་ཁང་གིས་ཤུལ་འཛིན་གྱི་གྱོད་གཞི་འདྲི་ཞིབ་བྱེད་སྐབས་ན་ཚོད་མ་ལོན་པའི་མིའི་ཤུལ་འཛིན་དབང་ཆ་དང་ཤུལ་ནོར་ཐོབ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་དང་གཉེན་སྒྲིག་གི་འགྲོ་ལུགས་མ་གཉེར་བར་བྱུང་བའི་ཕྲུ་གུ་ན་ཚོད་མ་ལོན་པའི་རིགས་ཀྱི་ཤུལ་འཛིན་བྱེད་རྒྱུའི་ཁྲིམས་མཐུན་ཁེ་ཕན་འགན་སྲུང་བྱེད་དགོས།

        དོན་ཚན་རེ་ལྔ་པ། སྤྱི་བདེ་ལས་ཁུངས་ཀྱིས་སློབ་གྲྭའི་ཉེ་འཁོར་དེ་བདེ་འཇགས་སྐོར་གཡེངས་བྱེད་རྒྱུ་དང་ལྟ་སྡོམ་བྱེད་ཁོངས་གཙོ་གནད་དུ་བརྩིས་ནས་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་འདྲ་མིན་དུས་ཐོག་ཏུ་ཤེས་རྟོགས་ཀྱིས་མེད་པ་བཟོས་ཏེ་སློབ་གྲྭའི་ཉེ་འཁོར་གྱི་བདེ་འཇགས་སྲུང་སྐྱོབ་བྱས་ནས་ན་ཚོད་མ་ལོན་པའི་མིའི་ལུས་པོ་དང་རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་རིགས་མི་ཐོན་སྔོན་འགོག་དང་བཀག་འགོག་བྱེད་དགོས།

        དོན་ཚན་རེ་དྲུག་པ། སྤྱི་བདེ་ལས་ཁུངས་དང་། མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་རང་འཁྲིའི་འགན་འཁྲི་གཞིར་བཟུང་ན་ཚོད་མ་ལོན་པའི་མིའི་ཉེས་གསོག་སྔོན་འགོག་ལས་དོན་ཡག་པོ་སྤེལ་ནས་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ན་ཚོད་མ་ལོན་པའི་མིར་ཁྲིམས་ལུགས་ཀྱི་སློབ་གསོ་སྤེལ་དགོས།

        དོན་ཚན་རེ་བདུན་པ། ཁྲིམས་འཛིན་གྱི་བྱེད་སྒོའི་ནང་བཅའ་ཁྲིམས་ཀྱི་རོགས་སྐྱོར་རམ་ཡང་ན་ཁྲིམས་འཛིན་གྱི་རོགས་སྐྱོབ་བྱེད་དགོས་པའི་ན་ཚོད་མ་ལོན་པའི་མིར་བཅའ་ཁྲིམས་ཀྱི་རོགས་སྐྱོབ་ལས་ཁུངས་སམ་ཡང་ན་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལུགས་ལྟར་དེར་བཅའ་ཁྲིམས་ཀྱི་རོགས་སྐྱོབ་བམ་ཡང་ན་ཁྲིམས་འཛིན་གྱི་རོགས་སྐྱོབ་བྱེད་དགོས།

        ལེའུ་དྲུག་པ། རང་སྲུང་རང་སྐྱོབ་བྱེད་རྒྱུའི་སྐོར།

        དོན་ཚན་རེ་བརྒྱད་པ། ན་ཚོད་མ་ལོན་པའི་མིས་རང་སྲུང་རང་སྐྱོབ་བྱེད་རྒྱུའི་འདུ་ཤེས་ཆེ་རུ་གཏོང་བ་དང་། རང་སྲུང་རང་སྐྱོབ་བྱེད་ནུས་ཆེ་རུ་བཏང་སྟེ་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པ་དང་བྱ་སྤྱོད་ཚུལ་ལྡན་ཡོང་བ་བྱས་ཏེ་རང་འགུལ་ཐོག་སྤྱོད་ཚུལ་ངན་པའི་རིགས་དང་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་རིགས་བཀག་འགོག་ཐུབ་པ་བྱེད་དགོས།

        དོན་ཚན་རེ་དགུ་པ། ན་ཚོད་མ་ལོན་པའི་མིས་སྒྲིག་བཀུར་ཁྲིམས་སྲུང་བྱེད་དགོས་པ་དང་འགྲིག་མིན་དབྱེ་བ་འབྱེད་ནུས་ཆེ་རུ་བཏང་ནས་རང་འགུལ་ཐོག་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་དགོས།

        དོན་ཚན་བདུན་ཅུ་པ། ན་ཚོད་མ་ལོན་པའི་མིས་རང་བཀུར་དང་། རང་གཅེས། རང་གཅུན། རང་འཕེལ་བཅས་ཀྱི་འདུ་ཤེས་བཙུགས་ནས་ཚེ་སྲོག་ལ་གཅེས་སྐྱོང་དང་། ཐ་མག་མི་འཐེན་པ། ཆང་རག་མི་འཐུང་བ། སྨན་རིགས་གང་བྱུང་མི་སྤྱོད་པ། སློབ་གྲྭའི་ནང་གཏུམ་སྤྱོད་མི་སྤེལ་བ། ཚོང་གཉེར་རང་བཞིན་གྱི་ཞབས་བྲོ་ཁང་དང་། དྲྭ་ཁང་། གློག་རྡུལ་རོལ་རྩེད་ཁང་སོགས་ལ་མི་འགྲོ་བ། དོ་དམ་བྱེད་ཁོངས་ཀྱི་གྲི་སོགས་ཉེན་ཆེའི་མཚོན་ཆ་མི་འཁྱེར་བ། འཕྲུལ་འགུལ་འཁོར་རིགས་མི་གཏོང་བའམ་ཡང་ན་། འགྲོ་ལམ་ཐོག་མོ་ཊ་འགྲན་རྩོད་བྱེད་པའམ་ཡང་ན་རྩལ་ལག་འགྲན་པ་སོགས་ཀྱི་ཉེན་ཁ་ཆེ་བའི་བྱེད་སྒོའི་ནང་མི་ཞུགས་པ། བདེ་འཇགས་ཀྱི་འགན་སྲུང་མེད་པའི་གནས་ཚུལ་འོག་ཉེན་ཁ་ཆེ་བའི་ལུས་རྩལ་དང་རོལ་རྩེད་ཀྱི་བྱེད་སྒོའམ་ཡང་ན་ལུས་སེམས་བདེ་ཐང་ལ་གནོད་པའི་བྱེད་སྒོ་གཞན་དག་ནང་ཞུགས་རྒྱུ་མེད།

        དོན་ཚན་དོན་གཅིག་པ། ན་ཚོད་མ་ལོན་པའི་མིས་འཚོ་གནས་ཐུབ་པའི་གཞི་རྩའི་ཤེས་བྱ་དང་བསམ་ཡུལ་ལས་འདས་པའི་གནོད་འཚེ་སོགས་གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་རྩལ་ནུས་ཁོང་དུ་ཆུད་པ་བྱེད་དགོས་པ་དང་རང་བྱུང་གནོད་འཚེ་འགོག་པའི་འདུ་ཤེས་དང་ནུས་པ་ཆེ་རུ་བཏང་སྟེ་རྒྱུན་སྤྱོད་ཀྱི་ཉེན་བརྡ་གཏོང་རྒྱུ་བྱང་ཆུབ་པ་དང་མྱུར་སྐྱོབ་ཁ་པར་གཏོང་ཤེས་པ་བྱེད་དགོས།

        དོན་ཚན་དོན་གཉིས་པ། ན་ཚོད་མ་ལོན་པའི་མིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཤེས་པ་དང་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་སྐབས་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཐོབ་རྒྱུའི་རེ་འདུན་ཧུར་ཐག་ཞུ་དགོས། ཁྱིམ་ཚང་ནང་གཏུམ་སྤྱོད་བྱེད་པ་དང་། མནར་གཅོད་གཏོང་བའམ་ཡང་ན་བདག་མེད་ཕྱིར་འབུད་བྱེད་པ། འགན་བབ་སློབ་གསོ་ཐོབ་རྒྱུའི་གཞི་རྩའི་ཆ་རྐྱེན་མི་སྐྲུན་པ། བཙན་ཤེད་ངང་གཉེན་སྒྲིག་བྱེད་དུ་འཇུག་པའམ་ཡང་ན་གཉེན་སྒྲིག་གི་ཁ་ཆད་བྱེད་པ། དེ་བཞིན་ན་ཚོད་མ་ལོན་པའི་མིའི་ཁེ་དབང་གཞན་དག་ལ་གནོད་འཚེ་ཚབས་ཆེ་གཏོང་བ་བཅས་ཀྱི་བྱེད་སྤྱོད་རིགས་ལ་ན་ཚོད་མ་ལོན་པའི་མིས་རང་ཉིད་ཀྱི་སློབ་གྲྭའམ་ཡང་ན་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པར་སྲུང་སྐྱོབ་ཐོབ་རྒྱུའི་རེ་འདུན་ཞུས་ན་འགྲིག སྲུང་སྐྱོབ་རེ་ཞུ་འབྱོར་བའི་ཚན་པས་དུས་ཐོག་ཏུ་མྱུར་སྐྱོབ་ཀྱི་བྱ་ཐབས་སྤེལ་དགོས་པ་ལས་ཁ་ཡ་མི་བྱེད་པ་དང་རང་འགན་གཞན་དཀྲི་བྱེད་མི་ཆོག

        དོན་ཚན་དོན་གསུམ་པ། ན་ཚོད་མ་ལོན་པའི་སློབ་མ་དང་དེར་ལྟ་སྐྱོང་པས་སློབ་གྲྭ་ནས་སྒྲིག་ཆད་གཏོང་བ་དང་། རྒྱུགས་སྤྲོད་ཀྱི་ཐོབ་ཐང་ངམ་ཡང་ན་སློབ་ཞུགས་ཀྱི་ཐོབ་ཐང་མེད་པ་བཟོ་བ། དེ་བཞིན་ན་ཚོད་མ་ལོན་པའི་སློབ་མའི་ཁྲིམས་མཐུན་ཁེ་དབང་གཞན་དག་ལ་གནོད་འཚེ་ཚབས་ཆེན་གཏོང་བར་ཐག་གཅོད་བྱེད་ཕྱོགས་བཅས་ཀྱི་ཐད་ལ་ཡི་རང་མ་བྱུང་ཚེ་སློབ་གསོ་སྲིད་འཛིན་སོགས་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞུ་འབུལ་བྱས་ན་འགྲིགལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲིའི་སྐོར།

        དོན་ཚན་དོན་བཞི་པ། རྒྱལ་ཁབ་ལས་ཁུངས་དང་དེའི་ལས་བྱས་བྱ་ཐབས་འདིའི་གཏན་འབེབས་དང་འགལ་ནས་ཁྲིམས་ལུགས་ལྟར་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་མི་འཁུར་བའམ་ཡང་ན་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ཡང་ན་ཞུ་འབུལ་བྱེད་མཁན་དང་། ཁྲིམས་སྦྱོར་བྱེད་མཁན། ཐེར་འདོན་བྱེད་མཁན་བཅས་ལ་རྡུང་རྡེག་འཁོན་ལན་སློག་མཁན་རིགས་ལ་ཚན་པ་དེ་གའམ་ཡང་ན་གོང་རིམ་ལས་ཁུངས་ཀྱིས་སྒྱུར་བཅོས་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། ཐད་ཀའི་འགན་འཁུར་མཁན་མི་སྣ་གཙོ་བོ་དང་ཐད་ཀར་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལུགས་ལྟར་སྲིད་འཛིན་ཆད་གཅོད་བྱེད་དགོས།

        དོན་ཚན་དོན་ལྔ་པ། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་གིས་བྱ་ཐབས་འདིའི་གཏན་འབེབས་དང་འགལ་ནས་ཁྲིམས་ལུགས་ལྟར་ལྟ་སྐྱོང་འགན་འཁྲི་མི་འཁུར་བའམ་ཡང་ན་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མཁན་རིགས་ལ་དེ་གནས་སའི་ཚན་པའམ་ཡང་ན་གྲོང་ཚོ (གྲོང་མི )ཨུ་ལྷན་གྱིས་ཁ་ཏ་བསླབ་བྱ་དང་བཀག་འགོག་བྱེད་དགོས་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས 》དང་འགལ་ན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལུགས་ལྟར་སྲིད་འཛིན་ཆད་གཅོད་བྱེད་དགོས། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ། ཕ་མའམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་གོང་གསལ་བྱེད་སྤྱོད་རིགས་ཡོད་ཚེ་མི་དམངས་ཁྲིམས་ཁང་གིས་འབྲེལ་ཡོད་མི་སྣའམ་ཡང་ན་འབྲེལ་ཡོད་ཚན་པའི་ཞུ་འབུལ་བྱས་པར་གཞིགས་ནས་དེའི་ལྟ་སྐྱོང་པའི་ཐོབ་ཐང་མེད་པ་བཟོ་རྒྱུ་མ་ཟད་ཁྲིམས་ལུགས་ལྟར་ལྟ་སྐྱོང་པ་གཞན་དག་གཏན་འཁེལ་བྱེད་དགོས། ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་སྐབས་གནོད་འཚེ་ཕོག་མཁན་ནམ་ཡང་ན་དེའི་ལྟ་སྐྱོང་པས་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཐག་གཅོད་བྱེད་རྒྱུའི་རེ་བ་ཞུ་དབང་ཡོད་པ་དང་ཡང་ན་ཁྲིམས་ལུགས་ལྟར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་ཆོག

        དོན་ཚན་དོན་དྲུག་པ། སློབ་གྲྭ་དང་། བྱིས་གསོ་ཁང་། བུ་བཅོལ་ཁང་བཅས་ཀྱི་དགེ་རྒན་ལས་བཟོས་བྱ་ཐབས་འདིའི་གཏན་འབེབས་དང་འགལ་ནས་ན་ཚོད་མ་ལོན་པའི་སློབ་མའི་སློབ་གསོ་ཐོབ་དབང་ལ་གནོད་འཚེ་གཏོང་བ་དང་། ལུས་ཆད་གཅོད་པ། རྣམ་པ་འགྱུར་བའི་ལུས་ཆད་གཅོད་པའམ་ཡང་ན་མི་ལ་དམའ་འབེབས་གཏོང་བ་སོགས་ཀྱི་བྱེད་སྤྱོད་རིགས་ལ་དེ་གནས་སའི་ཚན་པའམ་ཡང་ན་གོང་རིམ་སློབ་གསོ་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་སྐྱོན་བརྗོད་སློབ་གསོའམ་ཡང་ན་སྲིད་འཛིན་གྱི་ཉེས་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡོད་ཚེ་དེའི་གདན་ཞུ་བརྩི་མེད་གཏོང་དགོས། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལུགས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

        དོན་ཚན་དོན་བདུན་པ། བྱ་ཐབས་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་དང་འགལ་ཚེ་རྫོང་རིམ་ཡན་གྱི་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་རྒྱུའི་བཀའ་གཏོང་དགོས་པ་དང་ཐ་ཚིག་སྒྲོག་དགོས། བྱ་ཐབས་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་གསུམ་པའི་གཏན་འབེབས་དང་འགལ་ཚེ་འབྲེལ་ཡོད་སྡེ་ཚན་གྱིས་སོ་སོའི་འགན་དབང་ལྟར་ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད་དངུལ་ཆད་གཅོད་དགོས།

        དོན་ཚན་དོན་བརྒྱད་པ། བྱ་ཐབས་འདིའི་དོན་ཚན་སོ་བདུན་པའི་གཏན་འབེབས་དང་འགལ་ཚེ་རྫོང་རིམ་ཡན་གྱི་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས།

        དོན་ཚན་དོན་དགུ་པ། བྱ་ཐབས་འདིའི་དོན་ཚན་སོ་བརྒྱད་པའི་གཏན་འབེབས་དང་འགལ་ཚེ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་རྒྱུའི་བཀའ་གཏོང་དགོས་པ་མ་ཟད་ཐ་ཚིག་སྒྲོག་དགོས་པ་དང་སྦྲགས་དངུལ་ཆད་གཅོད་རྒྱུ།

        དོན་ཚན་བརྒྱ་བཅུ་པ། བྱ་ཐབས་འདིའི་དོན་ཚན་ཞེ་བཞི་པའི་ནང་གསེས་དང་པོའི་གཏན་འབེབས་དང་འགལ་ཚེ་རྫོང་རིམ་ཡན་གྱི་འབྲེལ་ཡོད་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སོ་སོའི་འགན་འཁྲི་ལྟར་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་དགོས་པ་མ་ཟད་ཐ་ཚིག་སྒྲོག་དགོས། ཡོ་བསྲང་མི་བྱེད་མཁན་ལ་དངུལ་ཆད་སྒོར་50ཡན་ནས་སྒོར་200མན་གཅོད་དགོས། གནས་ཚུལ་ཚབས་ཆེ་ཡོད་ཚེ་དངུལ་ཆད་སྒོར་200ཡན་ནས་སྒོར་3000མན་གཅོད་རྒྱུ།

        དོན་ཚན་གྱ་གཅིག་པ། བྱ་ཐབས་འདིའི་གཏན་འབེབས་དང་འགལ་ནས་ན་ཚོད་མ་ལོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཚེ་བྱ་ཐབས་འདིའི་ནང་ཆད་གཅོད་ཀྱི་གཏན་འབེབས་བྱས་མེད་ཀྱང་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་གཏན་འབེབས་བྱས་ཡོད་རིགས་གཏན་འབེབས་བཞིན་བྱེད་རྒྱུ།

        ལེའུ་བརྒྱད་པ། ཞར་བྱུང་།

        དོན་ཚན་གྱ་གཉིས་པ། བྱ་ཐབས་འདི་2009ལོའི་ཟླ་12ཚེས་30ཉིན་ནས་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།