གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བསམ་འཆར།
ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )ཁག་གི་དམངས་སྲིད་དང་། ནོར་སྲིད། འཕྲོད་བསྟེན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ལ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་ནད་གཞི་ལྕི་རིགས་དང་གཅོང་ནད་སོགས་ཀྱི་རྐྱེན་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་འཚོ་བ་འཁྱོལ་ཐབས་དཀའ་བའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱ་ཆེད 《〈 གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི 〉དམངས་སྲིད་པུའུ་དང་། ནོར་སྲིད་པུའུ། འཕྲོད་བསྟེན་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱི་བསམ་འཆར 》 (དམངས་འགྲེམས [2009]ཨང་81)དང 《སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར 》 (བོད་སྲིད་འགྲེམས [2009]ཨང་12) དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་བཅས་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་གོང་ཞུ་བྱས་ནས་མོས་མཐུན་བྱས་པ་བརྒྱུད་ད་ལྟ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་ལ་བསམ་འཆར་འདོན་རྒྱུ་གཤམ་གསལ་སྟེ།
དང་པོ། མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་དང་ལས་འགན།
( གཅིག ) མཛུབ་ཁྲིད་བསམ་བློ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། མི་རྩ་བར་འཛིན་རྒྱུ་དང་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་མཐའ་འཁྱོངས་བྱེད་པ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་སྲིད་གཞུང་གི་འགན་འཁྲི་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྨན་བཅོས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ། ལམ་སྲོལ་གསར་གཏོད་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་ཐད་ཀྱི་དཀའ་གནད་དང་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མཐུན་སྦྱོར་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་དེ་རེད།
( གཉིས ) གཞི་རྩའི་རྩ་དོན། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ན་དུས་སྨན་བཅོས་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་དང་སྨན་བཅོས་འགན་བཅོལ་ལམ་ལུགས་གཉིས་འབྲེལ་མཐུད་ཡག་པོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱ་རྒྱུ། རོགས་སྐྱོབ་གོ་རིམ་སྟབས་བདེ་རུ་གཏོང་རྒྱུ་དང་རོགས་སྐྱོབ་བྱ་ཡུལ་ལ་སྟབས་བདེ་ལ་མགྱོགས་པའི་རོགས་སྐྱོབ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྨན་བཅོས་རོགས་སྐྱོབ་སྲིད་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ། ལས་དོན་ལམ་ལུགས་ཁག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་བཀོལ་སྤྱོད་གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཞུགས་རྒྱུ་མཐའ་འཁྱོངས་ཀྱིས་སྨན་བཅོས་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་བཅས་རེད།
( གསུམ ) དམིགས་ཚད་དང་ལས་འགན། སྨན་བཅོས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྨན་བཅོས་འགན་ལེན་གྱི་ཚད་གཞི་དམའ་ཤོས་སྲ་བརྟན་གཏོང་རྒྱུ་དེ་ཡིན་ཞིང་། ས་ཁུལ ( གྲོང་ཁྱེར ) ཁག་གིས་མ་དངུལ་ཡོང་ཁུངས་བརྟན་པ་དང་། དོ་དམ་འཁོར་རྒྱུག་ཚད་དང་ལྡན་པ། རོགས་སྐྱོབ་གྲུབ་འབྲས་མངོན་གསལ་དོད་པ། འབྲེལ་ཡོད་སྨན་བཅོས་འགན་ལེན་ལམ་ལུགས་དང་འབྲེལ་མཐུད་དམ་ཟབ་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྟབས་བདེ་ལ་མགྱོགས་པའི་ངང་ཞབས་ཞུ་ཐུབ་པ་བཅས་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་འཛུགས་དགོས།
གཉིས་པ། སྨན་བཅོས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་དང་ཚད་གཞི།
( གཅིག ) རོགས་སྐྱོབ་ཀྱི་ཁྱབ་ཁོངས།
སྨན་བཅོས་རོགས་སྐྱོབ་བྱ་ཡུལ་ནི་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཐེམ་ཐོ་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་རང་ལྗོངས་ཀྱི་ཞིང་ཆེན་ལས་བརྒལ་ནས་བཀོད་སྒྲིག་བྱས་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཡིན་པ།
(གཉིས ) རོགས་སྐྱོབ་ཀྱི་ཚད་གཞི།
1. གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི (ལས་བཟོའི )གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས། སྨན་བཅོས་འགན་བཅོལ་གྱི་ཁ་གསབ་གཞན་དག་བཅས་ལོངས་སྤྱོད་བྱས་ཀྱང་ཁྱིམ་ཚང་གི་གཞི་རྩའི་འཚོ་བ་འཁྱོལ་ཐབས་བྲལ་ཚེ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་སྨན་བཅོས་རོགས་སྐྱོབ་བྱེད་དགོས། མི་རེར་ལོ་རེར་སྨན་བཅོས་ཀྱི་རོགས་སྐྱོབ་དངུལ་མཐོ་ཤོས་ལ་སྒོར་60000ཡིན། རོགས་སྐྱོབ་ཚད་གཞི་སྒོར་10000མན་ཡིན་ཕྱིན་རྫོང (གྲོང་ཁྱེར་དང་ཆུས )དམངས་སྲིད་སྡེ་ཚན་ནས་ཞིབ་མཆན་འགོད་དགོས་པ་དང་། སྒོར་10000ཡན་ནས་སྒོར་30000མན་ཡིན་ཕྱིན་རྫོང (གྲོང་ཁྱེར་དང་ཆུས )མི་དམངས་སྲིད་གཞུང་ནས་ཞིབ་མཆན་འགོད་རྒྱུ། སྒོར་30000ཡན་ནས་སྒོར་60000མན་ཡིན་ཕྱིན་ས་ཁུལ (གྲོང་ཁྱེར )དམངས་སྲིད་དང་ནོར་སྲིད་སྡེ་ཚན་ནས་ཞིབ་མཆན་འགོད་རྒྱུ་དང་འབྲེལ་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་ལ་སྙན་སེང་ཞུས་ནས་ཐོ་འགོད་དགོས།
2. སྡོད་གནས་ཁ་ཐོར་ཡིན་པའི་བསྙེན་བཀུར་བྱ་ཡུལ་འགན་ལེན་ལྔའི་དུད་ཚང་ལ་ནད་གཞིས་རྐྱེན་པས་འཚོ་བ་རང་གསོ་མི་ཐུབ་མཁན་ཡིན་ཕྱིན་གནས་ཡུལ་གྲོང་ཚོ་ཨུ་ལྷན་གྱིས་ཆེད་མངགས་ལྟ་རྟོག་བྱེད་མཁན་མངགས་དགོས་པ་དང་། མི་རེར་ལོ་རེར་ལྟ་རྟོག་འགྲོ་གྲོན་སྒོར་800ཁ་གསབ་རྒྱག་རྒྱུ་དེ་ཡུལ་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་དངུལ་ཁྲོད་ནས་གཏོང་དགོས།
གསུམ་པ། ལག་བསྟར་གོ་རིམ།
སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་ནི་ཀྲུང་དབྱང་གིས་བཏོན་པའི་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་ཀྱི་འགན་ལེན་མ་ལག་དང་སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་མགྱོགས་མྱུར་གཏོད་རྒྱུའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པ་མ་ཟད། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་ཡིན་པར་བརྟེན་ཞིབ་དཔྱད་དང་ཞིབ་མཆན་ལས་ཁུངས་ཁག་གིས་འགག་སྒོ་ནན་པོ་བསྲུངས་ཏེ་དམངས་ཕན་སྲིད་ཇུས་དངོས་འབྲེལ་དཀའ་ངལ་ཡོད་པའི་མང་ཚོགས་ཁྲོད་དོན་འཁྱོལ་ཏན་ཏིག་བྱེད་པ་ལས་དགའ་ཉེ་ཕྱོགས་ཞེན་དང་ཉེ་ཕྱོགས་གཡོ་ཟོལ་སོགས་ཀྱི་གནད་དོན་མི་ཐོན་པ་བྱེད་དགོས།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཐད་གཏོགས་ཁོངས་དོ་དམ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་སྨན་བཅོས་རོགས་སྐྱོབ་ཀྱི་རེ་ཞུ་བྱེད་སྐབས་མི་སྒེར་གྱིས 《གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་རེ་ཞུའི་རེའུ་མིག 》འབྲི་དགོས་ལ་སྨན་བཅོས་འགྲོ་སོང་གི་འབྲེལ་ཡོད་འཛིན་ཤོག་དང་དེ་བཞིན་སྨན་བཅོས་འགན་ལེན་ལྟེ་གནས་སམ་ཡང་ན་རྫོང་སྨན་བཅོས་དོ་དམ་གཞུང་དོན་ཁང་གི་རྩིས་ཞུའི་འཛིན་ཤོག་དང་ཐམ་ག་བརྒྱབ་པའི་སྨན་བཅོས་འཛིན་ཡིག་བསྐྱར་པར་བཅས་ཁྱེར་ནས་གྲོང་མི (གྲོང་ཚོ )ཨུ་ལྷན་དུ་རྩིས་ཞུ་བྱེད་ཆོག གྲོང་མི (གྲོང་ཚོ ) ཨུ་ལྷན་གྱིས་ཞིབ་དཔྱད་བྱས་རྗེས་བསམ་འཆར་མེད་ཚེ་ཁྲོམ་གཞུང་དོན་གཅོད་ཁང་དང་ཤང (གྲོང་རྡལ )མི་དམངས་སྲིད་གཞུང་ལ་ཞིབ་དཔྱད་བྱ་རྒྱུར་སྙན་སེང་ཞུ་དགོས་པ་དང་། ཁྲོམ་གཞུང་དོན་གཅོད་ཁང་དང་ཤང (གྲོང་རྡལ )མི་དམངས་སྲིད་གཞུང་གིས་དུད་ཚང་རེར་ཞིབ་བཤེར་བྱས་ཏེ་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་ཚེ་རྫོང (གྲོང་ཁྱེར་དང་ཆུས )དམངས་སྲིད་སྡེ་ཚན་ལ་ཞིབ་མཆན་འགོད་རྒྱུའི་སྙན་སེང་ཞུ་དགོས་པ་དང་འབྲེལ་རྫོང (གྲོང་ཁྱེར་དང་ཆུས )དམངས་སྲིད་སྡེ་ཚན་ལ་བསྐྱར་ཞིབ་བྱ་རྒྱུའི་འགན་ཡོད་པས་དོགས་འདྲི་ཡོད་པའམ་ཡང་ན་མང་ཚོགས་ཀྱི་ཐེར་འདོན་བྱེད་མཁན་ཡོད་ཚེ་དུད་ཚང་དུ་བསྐྱོད་དེ་ཞིབ་བཤེར་བྱེད་དགོས། རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་ཚེ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་དགོས་པ་དང་སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་མེད་པར་རེ་ཞུ་བྱེད་མཁན་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས་པ་དང་འབྲེལ་རྒྱུ་མཚན་གསལ་བཤད་རྒྱག་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོས་སྨན་བཅོས་རོགས་སྐྱོབ་ཀྱི་རེ་ཞུ་བྱེད་སྐབས་མི་སྒེར་གྱིས 《གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་རེ་ཞུའི་རེའུ་མིག 》འབྲི་དགོས་ལ་སྨན་བཅོས་འགྲོ་སོང་གི་འབྲེལ་ཡོད་འཛིན་ཤོག་དང་དེ་བཞིན་སྨན་བཅོས་འགན་བཅོལ་ལྟེ་གནས་དང་འགན་བཅོལ་ཀུང་སིའི་རྩིས་ཞུའི་འཛིན་ཡིག་དང་ཐམ་ག་བརྒྱབ་པའི་སྨན་བཅོས་འཛིན་ཡིག་བསྐྱར་པར་བཅས་ཁྱེར་ནས་རང་ཉིད་ཀྱི་ཐེམ་ཁོངས་སུ་རྩིས་ཞུ་བྱེད་དགོས། ཚན་པས་དུད་ཚང་ལ་ཞིབ་བཤེར་བྱེད་དགོས་པ་དང་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་ཚེ་གཏོགས་ཁོངས་དོ་དམ་གྱི་རྩ་དོན་ལྟར་རང་ཉིད་ཀྱི་ཐེམ་ཁོངས་ས་ཁུལ (གྲོང་ཁྱེར )དམངས་སྲིད་སྡེ་ཚན་ལ་སྙན་སེང་ཞུས་ནས་ཞིབ་མཆན་འགོད་དགོས། དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་པར་དུས་ཐོག་ཏུ་རོགས་སྐྱོབ་བྱེད་དགོས་པ་དང་སྨན་བཅོས་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་མེད་པར་རེ་ཞུ་བྱེད་མཁན་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས་པ་དང་འབྲེལ་རྒྱུ་མཚན་གསལ་བཤད་རྒྱག་དགོས།
ཞིང་ཆེན་གཞན་དུ་བཀོད་སྒྲིག་བྱས་པའི་རྒན་ཡོལ་ཞུ་མཁན་གྱིས་སྨན་བཅོས་རོགས་སྐྱོབ་རེ་ཞུ་བྱེད་སྐབས་མི་སྒེར་གྱིས་ཐེམ་ཐོ་གནས་ཡུལ་གྱི་དེ་སྔའི་ཚན་པའམ་ཡང་ན་ཚབ་བྱེད་དོ་དམ་ཚན་པར་རེ་ཞུ་བྱེད་དགོས་པ་དང་འབྲེལ་སྨན་བཅོས་འགྲོ་སོང་གི་འབྲེལ་ཡོད་འཛིན་ཤོག་དང་དེ་བཞིན་སྨན་བཅོས་འགན་བཅོལ་ལྟེ་གནས་དང་འགན་བཅོལ་ཀུང་སིའི་རྩིས་ཞུའི་འཛིན་ཡིག་དང་ཐམ་ག་བརྒྱབ་པའི་སྨན་བཅོས་ཀྱི་འཛིན་ཡིག་བསྐྱར་པར་བཅས་བཏོན་དགོས་པ་དང་། མི་སྒེར་གྱི་ཐེམ་ཐོ་གནས་ཡུལ་གྱི་དེ་སྔའི་ཚན་པའམ་ཡང་ན་ཚབ་བྱེད་དོ་དམ་བྱེད་མཁན་ཚན་པས་དུད་ཚང་ལ་ཞིབ་བཤེར་བྱེད་དགོས་པ་དང་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་ཚེ་རང་ཉིད་ཀྱི་ཐེམ་ཐོ་གནས་ཡུལ་དམངས་སྲིད་སྡེ་ཚན་ལ་རེ་ཞུ་བྱེད་དགོས། དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་པར་དུས་ཐོག་ཏུ་རོགས་སྐྱོབ་བྱེད་དགོས་པ་དང་ཆ་རྐྱེན་འཛོམས་མེད་པའི་རེ་ཞུ་བྱེད་མཁན་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་དགོས་པ་དང་འབྲེལ་རྒྱུ་མཚན་གསལ་བཤད་རྒྱག་དགོས།
ས་ཁུལ (གྲོང་ཁྱེར )ཁག་གི་དམངས་སྲིད་སྡེ་ཚན་གྱིས་སྨན་བཅོས་རོགས་སྐྱོབ་ཀྱི་འཁོར་རྒྱུག་མ་དངུལ་བཙུགས་པ་དེ་ཐེམ་ཁོངས་དེ་རང་ཡིན་པའི་དམིགས་བསམ་སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱི་སྨན་བཅོས་འགྲོ་གྲོན་ལ་སྤྱོད་དགོས། བཙུགས་ཟིན་པའི་སྨན་བཅོས་རོགས་སྐྱོབ་ཀྱི་འཁོར་རྒྱུག་མ་དངུལ་དོ་དམ་བྱ་ཐབས་དེ་ལོགས་སུ་བཟོ་རྒྱུ་ཡིན།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལག་བསྟར་བྱེད་རིང་རོགས་སྐྱོབ་སྲིད་ཇུས་དང་། བྱ་ཡུལ། ཚད་གཞི། དངུལ་གྲངས་བཅས “བཞི་ཁ་གསལ ”བྱེད་ཐུབ་པ་དང་། རེ་ཞུའི་རྒྱུ་མཚན་དང་ཞིབ་དཔྱད་བསམ་འཆར། ཞིབ་མཆན་འབྲས་བུ་བཅས “གསུམ་ཁ་གསལ ”བྱས་ནས་སྤྱི་ཚོགས་དང་མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་བྱེད་དགོས།
བཞི་པ། སྨན་བཅོས་ཞབས་ཞུ།
རྫོང་རིམ་པ་ཡན་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་འབྲེལ་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་བྱ་ཡུལ་ལ་ཞབས་ཞུ་སྤུས་ལེགས་ཞུ་དགོས།
(གཅིག ) སྨན་བཅོས་ཞབས་ཞུའི་རྣམ་གྲངས་ཚད་ལྡན་དུ་གཏོང་དགོས། སྨན་བཅོས་ལས་ཁུངས་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ཡང་ན་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་གཞི་རྩའི་སྨན་བེད་སྤྱོད་བྱས་པའི་དཀར་ཆག་དང་སྨན་བཅོས་བརྟག་དཔྱད་རྣམ་གྲངས་དང་དེ་བཞིན་སྨན་བཅོས་ཞབས་ཞུའི་སྒྲིག་བཀོད་དཀར་ཆག་གཞིར་བཟུང་བརྟག་དཔྱད་ལུགས་མཐུན་བྱེད་པ་དང་། སྨན་སྤྱོད་ལུགས་མཐུན་བྱེད་པ། ནད་གཞིར་གཞིགས་ནས་སྨན་བཅོས་བྱེད་པ་བཅས་བྱས་ཏེ་སྨན་བཅོས་ཀྱི་འགྲོ་གྲོན་ཚོད་འཛིན་དང་དམའ་རུ་བཏང་ནས་སྨན་བཅོས་ཀྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་དགོས།
(གཉིས ) སྨན་བཅོས་ཞབས་ཞུའི་བྱེད་ཐབས་དོན་འཁྱོལ་བྱེད་དགོས། སྨན་བཅོས་སྒྲིག་གཞིས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གྱིས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སྨན་བཅོས་རོགས་སྐྱོར་བྱེད་ཡུལ་སྨན་ཁང་དུ་བསྡད་དེ་ནད་གཞི་བཅོས་རྒྱུར་སྟབས་བདེ་སྐྲུན་དགོས། གཞུང་བཙུགས་སྨན་བཅོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྒྲིག་གཞིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྨན་བཅོས་བྱ་ཡུལ་གྱི་སྨན་བཅོས་འགྲོ་གྲོན་རང་མོས་ངང་ཆག་ཡང་དང་རྩ་ཆག་གཏོང་དགོས།
(གསུམ ) སྨན་བཅོས་ཞབས་ཞུར་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་མང་ཚོགས་ལ་སྟབས་བདེ་སྐྲུན་དགོས།
ལྔ་པ། དངུལ་གྱི་ཡོང་ཁུངས་དང་དོ་དམ་བྱེད་ཐབས།
(གཅིག ) དངུལ་གྱི་ཡོང་ཁུངས།
1.ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ནང་གཏན་འབེབས་བྱས་པའི་5%ཡི་སྨན་བཅོས་རོགས་སྐྱོབ་ཀྱི་ཐེབས་རྩ་དང་།
2. ཀྲུང་དབྱང་ནོར་སྲིད་ཀྱིས་གཤམ་སྤྲོད་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཆེད་དོན་ཁ་གསབ་དངུལ།
3. ས་གནས་རིམ་ཁག་ནོར་སྲིད་ཀྱིས་བཀོད་སྒྲིག་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཆེད་སྤྱོད་དངུལ།
4. གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཐད་ཆེད་མངགས་སྤྱོད་པའི་དངུལ་གཞན་དག
5. ནོར་སྲིད་ཀྱི་ཆེད་འཇོག་རྩིས་ཁུངས་ལས་ཆགས་པའི་དངུལ་ཁང་གི་སྐྱེད་ཀ་བཅས་ཡིན།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་དེ་རིམ་ཁག་ནོར་སྲིད་ཀྱིས་རིམ་པ་དབྱེ་ནས་འགན་འཁུར་རྒྱུ་དང་། འགན་འཁུར་བའི་བསྡུར་གྲངས་ནི་ལྗོངས་དང་ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )6:2:2 ཡིན་པ་སྟེ་རང་སྐྱོང་ལྗོངས་ཀྱིས་60%འགན་འཁུར་རྒྱུ་དང་ས་ཁུལ (གྲོང་ཁྱེར )གྱིས་20%འགན་འཁུར་རྒྱུ རྫོང (གྲོང་ཁྱེར་དང་ཆུས )གིས་20%འགན་འཁུར་རྒྱུ་བཅས་ཡིན། རིམ་ཁག་ནོར་སྲིད་ཀྱིས་འགན་འཁུར་བའི་དངུལ་དེ་ལོ་འཁོར་གྱི་སྔོན་རྩིས་ནང་འཇོག་རྒྱུ་དང་འབྲེལ་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་སྨན་བཅོས་རོགས་སྐྱོབ་ཀྱི་དགོས་མཁོར་བསྟུན་ནས་དངུལ་གཏོང་ཤུགས་རིམ་གྱིས་ཆེ་རུ་གཏོང་རྒྱུ།
(གཉིས ) དངུལ་དོ་དམ་བྱེད་ཐབས།
རིམ་ཁག་ནོར་སྲིད་ཀྱིས “ནོར་སྲིད་ཀྱི་སྤྱི་ཚོགས་འགན་ལེན་ཐེབས་རྩའི་ཆེད་འཇོག་རྩིས་ཁུངས ”འོག་ཏུ “གྲོང་ཁྱེར་གྱི་སྨན་བཅོས་རོགས་སྐྱོབ་ཐེབས་རྩ ”དང “གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཐེབས་རྩའི ”ཡན་ལག་རྩིས་ཁུངས་བཟོ་དགོས། སྨན་བཅོས་རོགས་སྐྱོབ་མ་དངུལ་ཐད་ཆེད་སྤྱོད་སྔོན་སྤྲོད་དང་ཆེད་དངུལ་ཆེད་སྤྱོད་བྱེད་དགོས། གོང་རིམ་གྱིས་སྔོན་སྤྲོད་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་དང་དེ་བཞིན་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ཀྱིས་བཀོད་སྒྲིག་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་ལེ་ལག་ཚང་བའི་དངུལ་རྣམས་རིམ་པ་གཅིག་མཚུངས་ཀྱི་རྒྱལ་མཛོད་ཁོངས་སུ་བཙུགས་པའི “ནོར་སྲིད་ཀྱི་སྤྱི་ཚོགས་འགན་ལེན་ཁ་གསབ་དངུལ་གྱི་ཆེད་འཇོག་རྩིས་ཁུངས ”ནང་འཇོག་དགོས་པ་དང་། རིམ་ཁག་ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )གི་དམངས་སྲིད་དང་ནོར་སྲིད་སྡེ་ཚན་གྱིས་ལོ་རེའི་ཟླ་11པར་ལོ་དེ་གའི་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་གྱི་གཏོང་ཆ་དང་ལྷག་འཕྲོའི་གནས་ཚུལ་ལ་གཞིགས་ནས་ལོ་རྗེས་མའི་དངུལ་སྤྱོད་ཀྱི་འཆར་འགོད་བཟོས་ཏེ་རང་སྐྱོང་ལྗོངས་དམངས་སྲིད་དང་ནོར་སྲིད་སྡེ་ཚན་ལ་འབུལ་དགོས། རིམ་ཁག་ནོར་སྲིད་ཀྱིས་དངུལ་སྤྱོད་ཀྱི་འཆར་གཞི་དང་འགན་འཁུར་དགོས་པའི་བསྡུར་གྲངས་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇོག་དགོས་པ། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་རེའི་ལོ་འགོར་ས་ཁུལ་ཁག་གི་ལོ་གོང་མའི་སྨན་བཅོས་རོགས་སྐྱོབ་དངུལ་གྱི་གཏོང་ཆ་དང་ལྷག་འཕྲོའི་གནས་ཚུལ་ལ་གཞིགས་ནས་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་སྔོན་སྤྲོད་བྱེད་དགོས།
དྲུག་པ། ལས་ཀའི་དགོས་མཁོ།
ས་ཁུལ (གྲོང་ཁྱེར )དང་རྫོང (གྲོང་ཁྱེར་དང་ཆུས )ཁག་གི་དམངས་སྲིད་སྡེ་ཚན་གྱིས་འཕྲོད་བསྟེན་དང་། ནོར་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་བཅས་སྡེ་ཚན་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་རོགས་སྐྱོབ་བྱ་ཡུལ་གྱི་རིགས་མི་འདྲ་བ་དང་། དཀའ་ཚད། ནད་རིགས་དང་ནད་གཞིའི་གནས་ཚུལ། སྨན་གྲོན་གྱི་གཏོང་ཆ་སོགས་གནས་ཚུལ་ལ་གཞིགས་ནས་རོགས་སྐྱོབ་བྱེད་དགོས་རིགས་ཀྱི་མི་གྲངས་དང་དེར་མཁོ་བའི་དངུལ་གྲངས་གསལ་རྟོགས་ཐུབ་པ་བྱེད་དགོས། མཉམ་སྡེབ་ཀྱིས་ཞིབ་དཔྱད་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ལྐོག་ཏུ་བཀོལ་སྤྱོད་བྱེད་པའམ་ཡང་ན་མི་སྒེར་གྱིས་ཐག་གཅོད་བྱ་རྒྱུ་གཏན་འགོག་བྱེད་པ་དང་སྨན་བཅོས་རོགས་སྐྱོབ་ཀྱི་སྒྲིག་ལམ་ནན་པོ་ཡོང་བ་བྱས་ཏེ་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་སྒེར་སྤྱོད་དང་། གཞན་སྤྱོད། ལྐོག་ཟ་བཅས་བྱེད་མཁན་དང་ཉེ་ཕྱོགས་གཡོ་ཟོལ་དང་མི་བདེན་བདེན་བཟོ་བྱས་ནས་སྨན་བཅོས་རོགས་སྐྱོབ་ཀྱི་དངུལ་གཡོ་ལེན་བྱེད་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་ཁྲིམས་དང་སྒྲིག་ལམ་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་བདེ་བླག་ངང་ལག་བསྟར་བྱེད་ཐུབ་པའི་འགན་ལེན་བྱེད་དགོས།
བདུན་པ། འགན་འཁྲི་ཁ་གསལ་བཟོ་དགོས།
དམངས་སྲིད་སྡེ་ཚན་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལས་དོན་གྱི་གཙོ་གཉེར་སྡེ་ཚན་ཡིན་པས་འབྲེལ་ཡོད་སྡེ་ཚན་དང་གཞོགས་འདེགས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་དོ་དམ་གྱི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་བཙུགས་ནས་སྨན་བཅོས་རོགས་སྐྱོབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ནོར་སྲིད་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་དངུལ་དོན་འཁྱོལ་ཧུར་ཐག་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཐེབས་རྩའི་དོ་དམ་དང་བེད་སྤྱོད་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་དངུལ་གྲངས་ཚང་བའི་འགན་ལེན་བྱེད་དགོས། འཕྲོད་བསྟེན་སྡེ་ཚན་གྱིས་སྨན་བཅོས་ཞབས་ཞུའི་སྒྲིག་གཞིར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། རོགས་སྐྱོབ་བྱ་ཡུལ་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དང་རྩ་ཆག་དང་ཆག་ཡང་སྲིད་ཇུས་དོན་འཁྱོལ་བྱེད་པ། འབྲེལ་ཡོད་སྨན་གྲོན་དུས་ཐོག་ཏུ་རྩིས་ཞུ་བྱེད་པ་བཅས་བྱེད་དགོས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་སྡེ་ཚན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་རྒྱུའི་ཞབས་ཞུའི་དོ་དམ་ལས་ཀ་ཡག་པོ་བསྒྲུབ་པ་དང་འབྲེལ་ཡོད་སྨན་གྲོན་དུས་ཐོག་ཏུ་རྩིས་ཞུ་བྱེད་དགོས།
ས་ཁུལ་ཁག་གིས་བསམ་འཆར་འདིའི་དགོངས་དོན་གཞིར་བཟུང་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་བཟོས་ནས་དམངས་ཕན་གྱི་སྲིད་ཇུས་དེ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས།
རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་།
རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་།
རང་སྐྱོང་ལྗོངས་མི་ཤུཌ་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་བཅས་ཀྱིས།
2010ལོའི་ཟླ་5ཚེས་20ཉིན།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣