ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ལས་བྱེད་དཔུང་ཁག་དང་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
2009 ལོར་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཚུའེ་ཡུས་དབྱིང་གིས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་ཚོགས་འདུའི་མཐུན་སྒྲིལ་དང་སྣེ་ཁྲིད་འོག་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས་དྲིལ་བསྒྲགས་རིག་གནས་བྱ་གཞག་སྔར་བས་ལེགས་པ་དང་། སྔར་བས་མགྱོགས་པ། སྔར་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་དོ་དམ་ལ་དམ་འཛིན་དང་། དོན་འཁྱོལ་བྱ་རྒྱུར་དམ་འཛིན། ཚན་ཁག་ལ་དམ་འཛིན། དཔུང་ཁག་ལ་དམ་འཛིན་བཅས་བྱས་པས་དྲིལ་བསྒྲགས་རིག་གནས་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་པ་དང་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ཁྲོད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་ཐོན་ཡོད།
བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོ་དེ་གོ་སྐབས་སུ་བརྩིས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “ཏང་ཡོན་ལས་བྱེད་པར་སློབ་གསོ་ཐེབས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ཆུ་ཚད་དུ་སླེབས་པ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་གི་གྲུབ་འབྲས་ཐོབ་པ་བྱེད་པ། མི་དམངས་མང་ཚོགས་ལ་དངོས་ཕན་ཐོབ་པ་བྱེད་པ ”བཅས་ཀྱི་སྤྱིའི་དམིགས་ཚད་ལྟར་དང་། བློ་མཐུན་ཚུའེ་ཡུས་དབྱིང་གིས་བཏོན་པའི “མིག་དཔེ་བཞི ”བྱེད་ཐུབ་པ་བྱེད་པ་དང “མདུན་གྲལ་དུ་བསྐྱོད་དགོས་པ་བཞི ”བྱེད་ཐུབ་པ་བྱ་རྒྱུ་དེ་ལག་ལེན་གྱི་བླང་བྱར་བརྩི་བ (“མིག་དཔེ་བཞི ”ནི་སློབ་སྦྱོང་ནན་ཏན་དང་། བསམ་བློར་བཅིངས་འགྲོལ། བརྟག་ཞིབ་གཏིང་ཟབ་བཅས་ཀྱི་མིག་དཔེ་སྟོན་པ་དང་། མངོན་གསལ་དོད་པའི་གནད་དོན་འཚོལ་ཞིབ་དང་། རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ཞིབ་བཤེར། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་བསམ་ཕྱོགས་གསལ་པོར་རྟོགས་པ་བཅས་ཀྱི་མིག་དཔེ་སྟོན་པ། ལེགས་སྒྲིག་གི་བྱེད་ཐབས་བཟོ་བགོས་དང་། ལེགས་སྒྲིག་གི་འགན་འཁྲི་དོན་འཁྱོལ། ལམ་སྲོལ་དང་སྒྲིག་སྲོལ་འཐུས་ཚང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་ཀྱི་མིག་དཔེ་སྟོན་པ། “དོ་དམ་ལོ་དང་དོན་འཁྱོལ་ལོའི ”བླང་བྱ་ལག་བསྟར་བྱེད་པ་དང་དོ་དམ་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བྱེད་པ་དང་དོ་དམ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མིག་དཔེ་སྟོན་པ་བཅས་སོ། “མདུན་གྲལ་དུ་བསྐྱོད་དགོས་པ་བཞི ”ནི་བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་གསར་གཏོད་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་དགོས་པ་དང་། བརྟག་ཞིབ་དང་བསམ་གཞིགས་གཏིང་ཟབ་དང་གནད་དོན་གནད་ལ་འཁེལ་པོས་འཚོལ་བའི་ཐད་མདུན་གྲལ་དུ་བསྐྱོད་དགོས་པ། ལག་ལེན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་རྒྱུ་མཐའ་ཁྱོངས་བྱེད་པ་དང་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དོ་དམ་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་དོ་དམ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་བསྐྱོད་དགོས་པ་བཅས་སོ )སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བྱེད་པ། དྲིལ་བསྒྲགས་རིག་གནས་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུ་དེ་དོན་ལ་བབས་སར་བརྩི་བ་བཅས་ཀྱི་ཐོག་ཆབ་སྲིད་ཐད་རིག་པ་དྭངས་ལ་བློ་རྩ་བརྟན་པ་དང་། འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་ལ་རྒྱུས་མངའ་ཆེ་བ། ཕྱོགས་བསྡུས་བྱང་ཚད་དང་མཐུན་སྒྲིལ་རོགས་རེས་ཀྱི་ནུས་པ་ཆེ་བ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་བཅས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱ་རྒྱུར་དམིགས་ནས་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་གྱི་འགོ་ཁྲིད་དབང་ཆ་དེ་མར་ཁེ་སི་རིང་ལུགས་ལ་བློ་དཀར་སེམས་དཀར་བྱེད་པ་དང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱེད་མཁན་གྱིས་སྟངས་འཛིན་ནན་པོ་ཐུབ་པ་བྱ་རྒྱུའི་འགན་ལེན་བྱས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ཏན་ཏིག སྒྲིག་ཁྲིམས་ནན་པ་བཅས་ཀྱི་དྲིལ་བསྒྲགས་དཔུང་ཁག་གཅིག་འཛུགས་སྐྱོང་ཧུར་ཐག་བྱ་རྒྱུར་དམིགས་ནས་འགག་རྩའི་དུས་སུ་འཁྲིད་ཐུབ་པ་དང་། དོན་ཕོད་པ། རྒྱལ་ཁ་ལེན་ཐུབ་པ་བཅས་བྱས་པ། མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོར་དམིགས་པའི་ཁར་བརྟག་ཞིབ་དང་སྒྲོག་འགྲེལ་དང་དབུལ་སྐྱོར་སོགས་ལས་ཀ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལག་ལེན་ཁྲོད་སྦྱོང་བརྡར་ཐེབས་པ་དང་། ལག་ལེན་ཁྲོད་གོང་མཐོར་འགྲོ་བ་། ལག་ལེན་ཁྲོད་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཆེ་རུ་འགྲོ་བ། ལག་ལེན་ཁྲོད་གསར་གཏོད་ཡོང་བ་བཅས་བྱས་པ། དྲིལ་བསྒྲགས་རིག་གནས་ཀྱི་ལས་བྱེད་དཔུང་ཁག་དང་ལྷག་པར་དུ་འགོ་ཁྲིད་ཚན་ཁག་གིས་ཚན་རིག་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ། སྤྱི་ཡོངས་ལ་དམིགས་པ། སྤྱི་ཡོངས་འཆར་འགོད་བྱེད་པ། དེ་བཞིན་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པ་སོགས་ཐད་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
སྤྱོད་ཚུལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
ལས་ཁུངས་དང་དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “འདུ་ཤེས་བདུན ”(ཆབ་སྲིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ཞབས་ཞུའི་འདུ་ཤེས། སློབ་སྦྱོང་གི་འདུ་ཤེས། མཐུན་སྒྲིལ་རོགས་རེས་ཀྱི་འདུ་ཤེས། དོ་དམ་གྱི་འདུ་ཤེས། ལས་ཕྱོད་ཀྱི་འདུ་ཤེས )བཅས་ཆེ་རུ་ཏན་ཏིག་བཏང་བ་དང་ནན་པོ་དང་། ཞིབ་ཚགས། གཏིང་ཟབ། ཏན་ཏིག་བཅས་ཀྱི་ལས་ཀའི་སྤྱོད་ཚུལ་དར་སྤེལ་དང་གསོ་སྐྱོང་ཤུགས་ཆེན་བྱས་ཡོད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་དོན་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་སུ་ལོ་གསུམ་བསྟུད་མར “དོ་དམ་ལོ་དང་དོན་འཁྱོལ་ལོ ”ཁྱབ་གདལ་གཏོང་རྒྱུའི་བཀོད་སྒྲིག་གལ་ཆེན་བྱས་ཡོད་པ་དང་། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་སྣེ་ཁྲིད་སོགས་ཀྱི་ལས་དོན་ཁག་ལ་བླང་བྱ་ཁ་གསལ་བཏོན་ཡོད། 2009 ལོའི་ཚུན་དུ་པུའུ་ལས་དོན་ཚོགས་འདུས་ཞིབ་བཤེར་དཔྱད་ཞིབ་ཚོགས་ཆུང་སྒྲིག་འཛུགས་ཀྱིས་ས་ཁུལ (གྲོང་ཁྱེར )ཨུ་ཡོན་ལྷན་ཁང་7 གྱི་དྲིལ་བསྒྲགས་པུའུ་དང་ལྗོངས་ཐད་གཏོགས་ཀྱི་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་ཀྱི་ཚན་པ་ཁག་ཏུ “དོ་དམ་ལོ་དང་དོན་འཁྱོལ་ལོ ”ཁྱབ་གདལ་གཏོང་ཚུལ་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་དཔྱད་ཞིབ་བྱེད་པར་བསྐྱོད་པ་དང་དཔྱད་ཞིབ་བྱས་པའི་ཐོག་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱིས་ཚན་ཁག་ལ་དམ་འཛིན་བྱེད་པ་དང་དཔུང་ཁག་ལ་སྣེ་ཁྲིད་བྱེད་པ་དང་། ལམ་ལུགས་ལ་བརྟེན་ནས་མི་དང་བྱ་བར་དོ་དམ་བྱེད་པ། ལས་འགན་རིམ་བཞིན་ཁག་བགོས་དང་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་སྔར་བས་ཤུགས་སྣོན་ཐེབས་ནས་ཁོངས་གཏོགས་ཅན་དང་། དམིགས་ཚད་ཅན། ཚད་ལྡན་ཅན་བཅས་ཀྱི་ཚན་རིག་དང་མཐུན་པའི་དོ་དམ་གྱི་འབྲེལ་ཐག་ཞིག་དང་ཧུར་བརྩོན་ཡར་རྒྱས་དང་གསོན་ཤུགས་ཀྱིས་ཁེངས་པའི་བསམ་པའི་འཁྱེར་སོ་ཞིག་རགས་ཙམ་ཆགས་ཡོད་པ་གསལ་བཤད་ཐུབ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི “མངོན་གསལ་དོད་པོ་དྲུག ”(ཁ་ཕྲལ་ལ་ངོ་རྒོལ་དང་། བརྟན་ལྷིང་ལ་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་གཏོང་བཅས་ཀྱི་ཆབ་སྲིད་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རྒྱན་པོ་འགྱེད་པའི་སྣང་ཚུལ་མངོན་གསལ་དོད་པོས་བཀག་སྡོམ་བྱུང་བ། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་གང་རྒྱས་བྱས་ཏེ་སྐབས་དང་བསྟུན་ནས་རྒྱུ་ནོར་བསྡུ་ལེན་བྱེད་པའི་སྲོལ་ངན་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་སྲོལ་བཟང་དར་སྤེལ་བཏང་བས་ཏང་སྲོལ་སྲིད་སྲོལ་དང་དེ་བཞིན་སྤྱི་ཚོགས་ཀྱི་དར་སྲོལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ལས་ཀར་སྐྱོད་ནའང་ནུས་ཤུགས་མི་འདོན་པ་དང་། ལས་ཕྱོད་ཆུང་བ། ལས་སྤུས་དག་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས་ལས་ཁུངས་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཏང་གི་དམངས་ཕྱུག་དང་། དམངས་ཕན། ཞིང་དར་ཞིང་ཕན་བཅས་ཀྱི་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱས་པས་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། བག་མེད་ལོངས་སྤྱོད་ཀྱི་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱུང་བ་དང་གྲོན་ཆུང་བསྲི་ཚགས་བྱེད་པའི་སྤྱི་ཚོགས་ཀྱི་སྲོལ་བཟང་མངོན་གསལ་དོད་པོས་ཆགས་པ་བཅས་སོ )དམིགས་ཚད་དུ་བྱས་ཏེ་བསམ་བློ་འཛུགས་སྐྱོང་དང་ལམ་ལུགས་འཛུགས་སྐྱོང་གཙོ་གནད་དུ་བྱས་ནས་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་བས་བློ་བརྟན་འགྱུར་མེད་ཀྱི་ཏང་གཤིས་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་བྱ་གཞག་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཏང་ཡོན་ལས་བྱེད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་སྔར་བས་ཆེ་རུ་ཕྱིན་པ་དང་ལས་བྱེད་པའི་དཔུང་ཁག་གི་ཏང་གཤིས་བློ་སྦྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུར་འཕོ་འགྱུར་གསར་པ་བྱུང་ཡོད། རང་ཉིད་ཀྱི་ཐོབ་ཤོར་ལ་མི་བལྟོས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་མང་དུ་ཕྱིན་པ་དང་། སྒྲོན་བཀལ་མཚན་འཐབ་བྱེད་མཁན་དང་ལས་ཀ་འཕར་མ་བྱེད་མཁན་མང་དུ་ཕྱིན་པ། ཁྱོན་ཡོངས་ལ་ལྟ་རྟོག་བྱེད་མཁན་དང་འགན་འཁུར་ཕོད་མཁན་མང་དུ་ཕྱིན་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་རོགས་རམ་བྱེད་མཁན་མང་དུ་ཕྱིན་པ། བསམ་བློ་གཏོང་མཁས་པ་དང་ཇུས་བཟང་འགོད་མཁན་མང་དུ་ཕྱིན་ཡོད་པ་མ་ཟད་ད་དུང་ལས་ཁུངས་ཀྱི་ལས་དོན་སྒྲུབ་པའི་དམག་འཐབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ཉེ་བའི་ལོ་ཤས་རིང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་གཙིགས་ཆེན་བྱས་ཏེ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱི་བླང་བྱ་གཞིར་བཟུང་ལས་བྱེད་པ་རིམ་ཁག་དང་རིགས་ཁག་གི་གསོ་སྦྱོང་འཛིན་གྲྭར་ཞུགས་པར་འདེམས་མངགས་བྱས་པ་དང་དྲིལ་བསྒྲགས་རིག་གནས་ཀྱི་ལས་བྱེད་པའི་ལས་སྒོ་གསོ་སྦྱོང་གི་འཛིན་གྲྭ་སྣ་ཚོགས་གཉེར་ནས་ལས་བྱེད་པའི་དཔུང་ཁག་གི་ལས་སྒོའི་བྱང་ཚད་དང་ཕྱོགས་བསྡུས་ནུས་པ་ཆེས་ཆེར་བཏང་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའི་བླང་བྱ་ལྟར “ཁག་གཅིག་བྱས་པ་བཞི ”(ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྣ་ཚོགས་ལ་མཁས་པ། དོན་དངོས་དང་ཟུང་འབྲེལ་བྱེད་ཤེས་པ་བཅས་ཀྱི་རིགས་པའི་གཞུང་ལུགས་མཁས་པ་ཁག་གཅིག་དང་། ཕྱོགས་སྟོན་ཡང་དག་མཐའ་འཁྱོངས་བྱེད་པ་དང་། འཚོ་བ་དངོས་མཚོན་པར་བྱེད་པ། མང་ཚོགས་ཀྱིས་དགའ་པོ་བྱེད་པ་བཅས་ཀྱི་སྐད་གྲགས་ཡོད་པའི་གསར་འགོད་པ་དང་། སྐད་གྲགས་ཡོད་པའི་རྩོམ་སྒྲིག་པ། སྐད་གྲགས་ཡོད་པའི་གཙོ་སྐྱོང་པ་བཅས་ཁག་གཅིག ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་མངའ་ཆེ་བ་དང་། སྤྱི་ཚོགས་ཀྱི་འགན་སེམས་ཆེ་བ། ལས་སྒོའི་ཤེས་བྱ་བྱང་ཆུབ་པ་བཅས་ཀྱི་དཔེ་སྐྲུན་མཁས་ཅན་ཁག་གཅིག དུས་རབས་ཀྱི་རྗེས་སུ་སྙེགས་ཐུབ་པ་དང་། མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་ཆེ་བ། སྒྱུ་རྩལ་གྱི་ཆུ་ཚད་མཐོ་བ་བཅས་ཀྱི་རྩོམ་པ་པོ་དང་སྒྱུ་རྩལ་མཁས་ཅན་ཁག་གཅིག )ཡི་ཤེས་ལྡན་པ་འོས་སྦྱོར་དང་འདེམས་སྒྲུག་གི་ལས་དོན་ནན་ཏན་ངང་སྤེལ་ཏེ་རང་ལྗོངས་ཀྱི་དྲིལ་བསྒྲགས་རིག་གནས་ཆེད་ལས་ལག་རྩལ་མི་སྣ་གསོ་སྦྱོང་བྱེད་པའི་ལས་དོན་ལ་སྐུལ་འཁྲིད་བྱས་ཡོད། རང་ལྗོངས་ཀྱི་རླུང་འཕྲིན་གློག་བཪྙན་ལེ་ཚན་གྱི་ཆུ་ཚད་དང་སྤུས་ཚད་མཐོ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་ཀྱི་དགོས་མཁོ་སྔར་བས་སྐོང་ཆེད་ཀྲུང་དབྱང་དྲིལ་བསྒྲགས་པུའི་ཐུགས་ཁུར་འོག་དང་རྒྱལ་ཁབ་རླུང་འཕྲིན་བཪྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ 2009 ལོར་ཀྲུང་དབྱང་གི “བཪྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་གསུམ་པ ”དང་བོད་ཀྱི “བཪྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་གཉིས་པ ”ཡི་དབར་ཆེད་ལས་ལག་རྩལ་རྐང་འཛིན་པ་ཕན་ཚུན་གཏོང་རེས་ཀྱི་ལས་དོན་ཐོག་མར་སྤེལ་བ་དང་ཕན་ཚུན་སྤེལ་རེས་གནས་སྦྱར་སློབ་སྦྱོང་བྱས་པ་བརྒྱུད་བཪྙན་འཕྲིན་ལས་སྒོ་གཉེར་བའི་མིག་རྒྱང་རིང་དུ་ཕྱིན་པ་དང་། ལས་སྒོའི་བྱང་ཚད་མཐོ་རུ་ཕྱིན་པ། ལེ་ཚན་གྱི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུའང་ཐོབ་ཡོད། ལོ་མང་རིང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཤེས་ལྡན་པའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་དུས་བབ་གསར་པའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་བླང་བྱ་གསར་པ་དང་འཚམ་པ་བྱ་ཆེད་གཙོ་གནད་མཐོ་རིམ་སློབ་གྲྭ་དང་གཞི་རིམ་ནས་སྤྱོད་ཡོན་གཉིས་ལྡན་ནམ་ཡང་ན་གཞི་རིམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ཕྱོགས་བསྡུས་བྱང་ཚད་མཐོ་བ། དྲིལ་བསྒྲགས་རིག་གནས་ལས་དོན་དང་འཚམ་པ་བཅས་ཀྱི་ཤེས་ལྡན་པ་བསྡུས་པས་དཔུང་ཁག་གི་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཤེས་བྱ་གསར་བརྗེས་ཐུབ་པ། གསོན་ཤུགས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།
སློབ་སྦྱོང་གི་སྲོལ་བཟང་དར་སྤེལ་ཤུགས་ཆེན་བཏང་བ།
རིགས་པའི་གཞུང་ལུགས་དང་དོན་དངོས་གཉིས་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ཤིང་། བརྟག་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་ལྗོངས་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་དང་དེ་བཞིན་སྤྱི་ཚོགས་ཐོག་གླེང་ཆེ་བ་དང་ཐག་གཅོད་དཀའ་བའི་གནད་དོན་ལ་དམིགས་པའི་ཐོག་པུའུ་ལས་དོན་ཚོགས་འདུས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་ཁྲིད་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་རིགས་པའི་གཞུང་ལུགས་ཀྱི་ཚོགས་འདུ་རྟག་ཏུ་འཚོགས་ནས་གནད་དོན་ཚབས་ཆེ་རིཌ་ལ་དམིགས་ཏེ་དབྱེ་ཞིབ་ཞིབ་འཇུག་བྱེད་པ་དང་། མཉམ་སྡེབ་ཀྱི་བློ་གྲོས་གཅིག་ཏུ་བསྡུ་བ། ལས་དོན་གྱི་བསམ་ཕྱོགས་གསལ་བཟོ་བྱེད་པ། ལས་དོན་གྱི་གཙོ་གནད་གཏན་འཁེལ་གསལ་པོ་བྱེད་པ། ལས་དོན་གྱི་ཚད་བརྒལ་ས་འཕྱུག་པ་མེད་པའི་ངང་འཚོལ་བ་བཅས་བྱས་པས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་དམིགས་སའི་རང་བཞིན་དང་། འཐབ་ཇུས་རང་བཞིན། སྔོན་བལྟའི་རང་བཞིན། ནུས་ཆེའི་རང་བཞིན་བཅས་དེ་བས་ཀྱང་ལྡན་ཐུབ་པ་བྱུང་ཡོད། གཞི་རིམ་གྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་རྨང་གཞི་བརྟན་དུ་བཏང་ཞིང་། ཚུའེ་ཡུས་དབྱིང་དང་དེ་བཞིན་པུའུ་ལས་དོན་ཚོགས་འདུའི་ཁོངས་མིས་རུ་སྣེ་འཁྲིད་དེ་གཞི་རིམ་དུ་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་གཞི་རིམ་གྱི་འདུ་ཤེས་འཛིན་སྟངས་ཐད་ཀྱི་ལས་དོན་སྤེལ་ཚུལ་རིམ་པ་མང་བ་དང་། ལྟ་ཕྱོགས་མང་བ། ཁྱབ་ཁོངས་མང་བ་བཅས་ཀྱི་སྒོ་ནས་ཤེས་རྟོགས་བྱས་ཏེ་འགལ་བ་གཙོ་བོ་དང་ལས་དོན་གཙོ་བོར་དམ་འཛིན་གྱིས་ཞིབ་འཇུག་བྱས་པ་དང་འབྲེལ་ཁ་གཏད་འཇལ་ཐབས་ཀྱང་བཏོན་ཡོད།
ལོ་མང་རིང་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་ནུས་ལྡན་ཐེབས་པ་དང་། གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱོད་ཚུལ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་བཅས་བྱུང་ནས་དྲིལ་བསྒྲགས་རིག་གནས་བྱ་གཞག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་པའི་འདེགས་སྐྱོར་བྱས་ཡོད་པ་དང་དེ་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ཪྙོག་འཛིང་ཆེ་བའི་གནས་ཚུལ་ལ་ཁ་གཏད་གཅོག་པ་དང་དམག་འཐབ་དྲག་པོ་བྱེད་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣