དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་2009ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2010ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        འཐུས་མི་རྣམ་པ།

        རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངག་ལྟར་བོད་རང་སྐྱོང་ལྗོངས་ཀྱི་2009ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་། 2010ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་འདི་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་ཡིན་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

        གཅིག 2009ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

        2009ལོ་ནི་“ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ཀྱི་དམིགས་ཚད་མངོན་གྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་ནོར་སྲིད་ལས་དོན་ཐད་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་གནང་བའི་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་དཔལ་འབྱོར་བརྟན་པོའི་ངང་ནས་འཕར་སྣོན་མྱུར་ཙམ་ཡོང་བ་བྱེད་རྒྱུའི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཐོག དཔལ་འབྱོར་འཕར་སྣོན་གྱི་རྨང་གཞི་བརྟན་པོ་མེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ལྕི་བའི་ཁར་རང་བྱུང་གནོད་འཚེ་སྣ་ཚོགས་ཐོན་མང་བ་བཅས་ཀྱི་འགྲན་སློང་དང་དཀའ་ངལ་ལ་གཟབ་ལྷིང་ངང་ཁ་གཏད་བཅག་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་། འབབ་འཕར་གཏོང་མཁས་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་པ། གཏོང་སྒོའི་གྲུབ་ཆ་ལེགས་འགྱུར་བྱས་པ། སྔོན་རྩིས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། ནོར་ཁྲལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་བཅས་ཀྱིས་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་འབྱོར་སྟོབས་ཀྱི་འགན་སྲུང་བློས་འགེལ་ཆོག་པ་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཡག་པོ་བྱུང་ཡོད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི་བོད་རང་སྐྱོང་ལྗོངས་ཀྱི་2009ལོའི་ནོར་སྲིད་སྔོན་རྩིས་ནི། ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་སྤྱིའི་འབྱོར་སྟོབས་སྒོར་ཁྲི་3,515,378.5ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་རྩིས་ན་ལོ་གོང་མའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་680,699.5མང་བ་ཡོད་པས་35%འཕར་ཡོད། དེའི་ནང་ནས་ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་169,200ཡིན་པ་དེ་ལོ་གོང་མའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་28,200 མང་བ་ཡོད་པས་20%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཁག་ཁྱོན་བསྡོམས་སྒོར་ཁྲི་2,468,144.5ཡིན་པ་དེ་ལོ་གོང་མའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་652,499.5མང་བ་ཡོད་པས་36%འཕར་ཡོད། ལོ་གོང་མའི་འཕྲོས་སྒྱུར་ཡོང་འབབ་སྒོར་ཁྲི་878,034ཡོད། ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་3,515,378.7བཀོད་སྒྲིག་བྱས་ཡོད་པས་ལོ་དེའི་ནོར་སྲིད་གཏོང་ཡོང་མགོ་ཐུག་པ་བྱུང་ཡོད། 2009ལོའི་ལོ་འགོར་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་སྒོར་ཁྲི་53,791.7བཀོད་སྒྲིག་བྱས་ཡོད། ལོ་འཁོར་སྔོན་རྩིས་དོན་འཁྱོལ་བྱེད་པའི་ནང་འབྱོར་སྟོབས་འགྱུར་བ་བྱུང་ཚུལ་ལ་གཞིགས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པས་ཆོག་མཆན་གནང་དོན་བཞིན་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་ཡོང་དེ་སྒོར་ཁྲི་4,830,000ལ་བཟོ་བཅོས་བརྒྱབ་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་དེ་སྒོར་ཁྲི་39,732.7ལ་བཟོ་བཅོས་བརྒྱབ་ཡོད།

        སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཐད། རང་སྐྱོང་ལྗོངས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་ཚོད་རྩིས་བྱས་ན་སྒོར་ཁྲི་5,763,656ཡིན་པ་དེའི་ནང་ནས་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ཚོད་རྩིས་བྱས་ན་སྒོར་ཁྲི་300,894བྱུང་ཡོད་པ་དེ་ལོ་འགོའི་སྔོན་རྩིས་ཀྱི་177.8%ཟིན་ཞིང་། ལོ་གོང་མ་ལས་སྒོར་ཁྲི་52,071མང་བ་ཡོད་པས་20.9%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཀྱི་གཏོང་སྒོ་ཚོད་རྩིས་བྱས་ན་སྒོར་ཁྲི་4,701,322སོང་ཡོད་པ་དེ་སྔོན་རྩིས་བཟོ་སྐྱོར་བྱས་པའི་97.3%ཟིན་ཞིང་། ལོ་གོང་མའི་ངེས་རྩིས་གྲངས་ལས་སྒོར་ཁྲི་892,366མང་བ་ཡོད་པས་23.4%འཕར་ཡོད། གོང་འཕོས་གཏོང་སྒོ་སྒོར་ཁྲི་2,367ཡིན་པ་བཅས་གཏོང་ཡོང་མགོ་ཐུག་བཏང་ནས་ལོ་རྗེས་མར་འཕྲོས་སྒྱུར་བྱས་པ་སྒོར་ཁྲི་1,048,796འཐེན་རྗེས་འགྲིལ་གསོག་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་27,687ཡོད་པ་དེའི་ནང་རང་སྐྱོང་ལྗོངས་རིམ་པའི་འགྲིལ་གསོག་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་8,525ཡིན་པ་དང་། ས་གནས་དང་རྫོང་གི་འགྲིལ་གསོག་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་19,162ཡིན། ལོ་དེ་གའི་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་11,171ཡོད་པ་དེའི་ནང་རང་སྐྱོང་ལྗོངས་རིམ་པའི་ལོ་དེ་གའི་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་5,098ཡིན་པ་དང་། ས་གནས་དང་རྫོང་གི་ལོ་དེ་གའི་ལྷག་འཕྲོས་ཁེ་གཙང་སྒོར་ཁྲི་6,073ཡིན་པ་བཅས་གཏོང་ཡོང་ཁ་འཐབ་བྱུང་བའི་ཐོག་ལྷག་འཕྲོས་ཕྲན་བུ་ཡོད།

        སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་ཁྲི་26,481བྱུང་ཡོད་པ་དེའི་ནང་ནས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ས་གནས་སྔོན་རྩིས་ཡོང་འབབ་ཚོད་རྩིས་བྱས་ན་སྒོར་ཁྲི་2,832བྱུང་ཡོད་པ་དང་། ཐེབས་རྩའི་སྔོན་རྩིས་གཏོང་སྒོ་ཚོད་རྩིས་བྱས་ན་སྒོར་ཁྲི་13,976སོང་ཡོད། གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ཀྱི་དུས་ཚོད་ནི་2009ལོའི་ཟླ་12ཚེས་31ཉིན་ཕན་ཆད་ཡིན། ས་གནས་ཀྱི་ནོར་སྲིད་ངེས་རྩིས་ཕྱོགས་བསྡུས་བྱས་རྗེས་ད་དུང་འགྱུར་བ་ཕྲན་བུ་ཡོང་སྲིད།

        2009ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་དང་ནོར་སྲིད་ལས་དོན་གྱི་གནས་ཚུལ་གཙོ་བོ་ནི།

        (གཅིག ) ནོར་སྲིད་ཀྱིས་དཔལ་འབྱོར་གོང་འཕེལ་ལ་ཕན་སྐུལ་གཏོང་བའི་ནུས་པ་སྔར་བས་ཤུགས་ཆེར་སོང་བ།

        ན་ནིང་ཚུན་ནས་དཔལ་འབྱོར་འཕར་ཤུགས་ཆག་པའི་ཛ་དྲག་གི་དུས་བབ་ལ་དམིགས་ཕན་ཁ་གཏད་གཅོག་ཕྱིར་ལྗོངས་ཡོངས་ཀྱི་རིམ་ཁག་ནོར་སྲིད་ཚན་པས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་གནང་བའི་ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་འཕར་སྣོན་འགན་ལེན་བྱེད་རྒྱུའི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག་ཐབས་བརྒྱ་ཇུས་སྟོང་གིས་གསོག་དངུལ་ཕན་འགྱུར་བྱས་པ་དང་འབྲེལ་ཀྲུང་དབྱང་ནོར་སྲིད་ནས་གཏོང་སྒོ་གསར་སྣོན་རགས་ཐབས་ཧུར་ཐག་བྱས་པ་མ་ཟད་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཁར་གཟབ་ནན་བབ་བསྟུན་གྱིས་དཔལ་འབྱོར་གོང་འཕེལ་ལ་ལེགས་སྒྲིག་སྟངས་འཛིན་བྱེད་རྒྱུའི་བྱ་ཐབས་རབ་དང་རིམ་པ་སྤྱད་པར་བརྟེན་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་ནས་གོང་འཕེལ་མྱུར་ཙམ་འགྲོ་ཐུབ་པའི་འགན་ལེན་བྱས་ཡོད། དེའང་གཅིག་ནི་གཞི་རྩའི་འཛུགས་སྐྲུན་ཐད་ནོར་སྲིད་ཀྱི་གཏོང་ཆ་ཤུགས་ཆེར་བཏང་ནས་མ་འཇོག་གི་དགོས་མཁོ་ཆེ་རུ་བཏང་བ་དེ་ཡིན། གཞི་རྩའི་འཛུགས་སྐྲུན་ལ་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི་1,468,499དོན་འཁྱོལ་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་257,680མང་བ་ཡོད་པས་21.28%འཕར་ཡོད་ཅིང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ནས་མ་འཇོག་སྒོར་ཁྲི་849,997གསར་སྣོན་བྱས་ཡོད་པ་དང་། ས་གནས་སྔོན་རྩིས་ནང་ནས་མ་དངུལ་སྒོར་ཁྲི་60,000བཏང་ཡོད་པས་ལོ་གོང་མ་ལས་20%འཕར་ཡོད། གཞི་རྩའི་འཛུགས་སྐྲུན་གྱི་གཏོང་སྤྱོད་མ་དངུལ་སྒོར་ཁྲི་250,000ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་44,813མང་བ་ཡོད་པས་21.84%འཕར་ཡོད། ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་དང་། ལས་ཤག་སྐྲུན་རྒྱུ། ཁང་གླ་ཁེ་བའི་སྡོད་ཁང་རྒྱག་རྒྱུ་སོགས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་དོན་འཁྱོལ་བྱས་པ་དང་། ཆུ་གློག་ལམ་གསུམ་ལ་སོགས་པའི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཆེ་གྲས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཡོད། གཉིས་ནི་འཛད་སྤྱོད་ལ་ངར་སྐུལ་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་ཧུར་ཐག་བྱས་ནས་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་བཏང་བ་དེ་ཡིན། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་རོགས་དངུལ་ཚད་གཞི་དང་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་ལྟོ་རྩ་འཕྱིད་པའི་འགན་སྲུང་ཚད་གཞི་མཐོ་རུ་བཏང་བ་དང་། ཡོང་འབབ་དམའ་བའི་མང་ཚོགས་ལ་དངོས་ཟོག་ཉོ་འཛིན་གཱ (ཡང་ན་དངུལ་སྨར )སྤྲད་ནས་སྒོར་ཁྲི་9,531སྐབས་ཐོག་འཛད་སྤྱོད་བྱེད་རྒྱུར་སྐུལ་འདེད་བཏང་བ། ཁྱིམ་སྤྱོད་གློག་ཆས་དང་། ནང་ཆས། མོ་ཊ། སྦག་སྦག་བཅས་གྲོང་གསེབ་ལ་གཏོང་རྒྱུར་ནོར་སྲིད་ཀྱི་ཁ་གསབ་སྤྲོད་ཚད་མཐོ་རུ་བཏང་བ་དང་ཁ་གསབ་སྤྲོད་རྒྱུའི་སྣ་རིགས་མང་དུ་བཏང་བ་བཅས་གྲོང་གསེབ་ཀྱི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་ཚད་མང་དུ་བཏང་ཁར་བུན་གཡར་དུས་ཚད་རིང་དུ་བཏང་ནས་སྡོད་ཁང་གི་འཛད་སྤྱོད་བྱེད་རྒྱུར་ཕན་སྐུལ་བཏང་ཡོད། གྲོང་ཁྲི་ཤང་སྟོང་དང་བརྒྱ་གཉིས་ལས་གཞི་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་ཟོག་འགྲེམས་མ་ལག་སྐྲུན་ཚད་མྱུར་དུ་བཏང་བའི་ཐོག་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་འགྱུར་བྱས་ཏེ་གྲོང་མིའི་འཛད་སྤྱོད་བྱེད་སེམས་ལ་ངར་སྐུལ་དང་འཛད་སྤྱོད་ཀྱི་སྤུས་རིམ་མཐོ་རུ་བཏང་ཡོད། གསུམ་ནི་ཕྱི་ཕྱོགས་ཚོང་དོན་གོང་འཕེལ་གྱི་མ་དངུལ་མང་དུ་ཤུགས་ཆེ་བཏང་ནས་དངོས་ཟོག་ཕྱིར་གཏོང་གིས་ཕྱི་དངུལ་འབབ་བཟོ་བྱེད་རྒྱུར་སྐུལ་འདེད་བཏང་བ་དེ་ཡིན། ཕྱི་ཕྱོགས་ཚོང་དོན་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་ཁྲི་7,843དོན་འཁྱོལ་བྱས་པ་དེ་ལོ་གོང་མ་ལས་སྒོར་ཁྲི་2,789མང་བ་ཡོད་ཅིང་། དགེ་སྟོབས་ཆེ་ཙམ་ལྡན་པའི་ཕྱིར་གཏོང་རྣམ་གྲངས་ཁག་40ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ནས་དངོས་ཟོག་ཕྱིར་གཏོང་ཁེ་ལས་ཀྱི་ཕྱི་དངུལ་ཡོང་འབབ་བཟོ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། བཞི་ནི་ཐོན་ལས་གོང་འཕེལ་གྱི་མ་དངུལ་མང་དུ་ཤུགས་ཆེ་བཏང་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་མྱུར་དུ་བཏང་བ་དེ་ཡིན། རང་སྐྱོང་ལྗོངས་ནོར་སྲིད་ནས་ཐོན་ལས་དང་ཁེ་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་ཁྲི་50,000བཀོད་སྒྲིག་བྱས་ནས་ཨར་སྐྲུན་རྒྱུ་ཆ་དང་གཏེར་ལས་ལ་སོགས་པའི་གཙོ་རྟེན་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད། ས་གཤིས་འཚོལ་ཞིབ་ཀྱི་མ་དངུལ་སྒོར་ཁྲི་10,000དོན་འཁྱོལ་བྱས་ཏེ་ལྷོ་ཁ་ཆུ་གསུམ་རྫོང་གི་ནོར་བུ་སའི་ལྕགས་རྡོ་གཏིང་འཚོལ་བྱེད་རྒྱུ་དང་། ས་གནས་དང་རྫོང་ཁག་གཅིག་གི་ལྕགས་རྡོ་མང་བའི་གཏེར་ཁར་ཡོངས་བཤེར་བྱེད་རྒྱུ་སོགས་གཏེར་རྫས་ཐོན་ཁུངས་འཚོལ་ཞིབ་བྱེད་རྒྱུའི་རྣམ་གྲངས་ཁག་5ལས་འགོ་བཙུགས་ཡོད། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་དངུལ་སྒོར་ཁྲི་83,000དོན་འཁྱོལ་བྱས་པ་དང་། ཡུལ་སྐོར་གོང་འཕེལ་དང་བྲིན་སྐུལ་གཏོང་རྒྱུའི་མ་དངུལ་སྒོར་ཁྲི་5,000དོན་འཁྱོལ་བྱས་ནས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ལ་རྒྱབ་སྐྱོར་དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་བ། ཡུལ་སྐོར་ལས་རིགས་དར་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་པར་བརྟེན་གཙོ་གནད་ཐོན་ལས་ཀྱིས་དཔལ་འབྱོར་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གང་འཚམ་སོང་ཡོད། ལྔ་ནི་དམིགས་བསལ་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཐོན་སྐྱེད་གཉེར་སྐྱོང་གི་སྒྲིག་ལམ་སླར་གསོ་བྱེད་རྒྱུ་མགྱོགས་སུ་བཏང་བ་དེ་ཡིན། 2009ལོར་ལྗོངས་ཡོངས་ཀྱི་ནོར་སྲིད་ནས་“གསུམ་པའི་བཅུ་བཞིའི ”དོན་རྐྱེན་ནང་གྱོང་གུན་ཕོག་པའི་ཚོང་པ་དང་ལས་རིགས་ཁག་ལ་ལས་ཤོར་རོགས་སྐྱོབ་དང་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་1,936.5སྤྲད་པ་དང་གྱོང་གུན་ཕོག་མཁན་ཚོང་པར་བསྡུ་དགོས་རིགས་ཀྱི་དཔྱ་ཁྲལ་སྒོར་ཁྲི་2,240རྩ་ཆག་བཏང་བ་དེས་དུས་ཐུང་ནང་དུ་ཐོན་སྐྱེད་གཉེར་སྐྱོང་སླར་གསོ་བྱེད་རྒྱུ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བྱེད་རྒྱུར་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་པ་ཆེན་པོ་ཐོན་ཡོད། དྲུག་ནི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ནང་ཁོངས་ཀྱི་ཁེ་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་བ་དེ་ཡིན། ལྗོངས་ནང་ཁོངས་ཀྱི་ཁེ་ལས་ལ་སྐུལ་ལྕག་གཏོང་རྒྱུའི་བྱ་ཐབས་དང་ཁེ་ལས་ཀྱི་མཐོ་རིམ་དོ་དམ་མི་སྣར་སྐུལ་ལྕག་གཏོང་རྒྱུའི་བྱ་ཐབས་གཏན་ལ་ཕབ་པ་དང་སྦྲགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་གཏེར་ལས་ཚོགས་པ་དང་། ཨར་སྐྲུན་རྒྱུ་ཆའི་ཚོགས་པ། ཨར་སྐྲུན་ཚོགས་པ་བཅས་འཛུགས་གཉེར་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་ཐོག་ཁེ་ལས་འབྲིང་ཆུང་རིགས་འཛུགས་སྐྱོང་ཧུར་ཐག་བྱས་ནས་ཁེ་ལས་གོང་འཕེལ་འགྲོ་ནུས་ཆེ་རུ་བཏང་ཡོད།

        ( གཉིས ) ནོར་སྲིད་ཀྱིས་ཞིང་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ།

        འབྱོར་སྟོབས “ཞིང་གསུམ ”ཐད་འཁྱོག་རྒྱུ་མཐའ་འཁྱོངས་ཀྱིས “ཞིང་གསུམ ”ལ་མ་དངུལ་གཏོང་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་ནས་སྤྱི་པའི་ནོར་སྲིད་གཏོང་སྒོ་ཁྱབ་ཁྱོན་ཆེ་རུ་བཏང་བར་བརྟེན་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རྒྱུར་གྲུབ་འབྲས་གསར་པ་ཐོབ་ཡོད། དེའང་གཅིག་ནི་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་དང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དེ་ཡིན། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞིར་རང་སྐྱོང་ལྗོངས་ནས་ལོ་དེ་རང་ལ་མ་དངུལ་སྒོར་ཁྲི་78,568བཏང་ནས་དུད་ཚང་59,637ལ་ཁང་པ་གསར་པ་རྒྱག་རྒྱུ་དང་མི་གྲངས་ཁྲི་33ལ་ཕན་པ་ཐོབ་པ་བྱེད་རྒྱུའི་བཀོད་སྒྲིག་བྱས་ཡོད། གྲོང་གསེབ་ཀྱི་སྡོད་ཁང་ཡོམ་ཟོན་བརྟན་སྐྱོར (འགོག་ཟོན )རྣམ་གྲངས་ལ་དངུལ་སྒོར་ཁྲི 29,818བཏང་ཡོད། ཞིང་འབྲོག་ཁུལ་གྱི་མི་ཕྱུགས་ལ་འཐུང་ཆུ་གཙང་མ་སྤྱོད་རྒྱུ་དང་། “ཤར་གཏོང་དྲུག ”གི་ལས་གཞི། འབུད་ཤིང་རྒྱུ་ཚབ་ཀྱི་རྫབ་རླངས་རྒྱག་རྒྱུའི་རྣམ་གྲངས་སོགས་ལེ་ལག་ཚང་སྒྲིག་གི་ཕྱོགས་བསྡུས་བཟོ་སྐྲུན་ལས་གཞི་མུ་མཐུད་ལག་བསྟར་བྱས་ཡོད། ད་ཕན་དུ་ལྗོངས་ཡོངས་སུ་ཞིང་འབྲོག་དུད་ཚང་ཁྲི་23གྱི་མི་གྲངས་ཁྲི་120སྡོད་ཁང་གསར་པར་སྤོས་ཟིན་པས་སྡོད་ཁང་ཆ་རྐྱེན་ཅུང་ཞན་པའི་ཞིང་འབྲོག་མང་ཚོགས་80%བདེ་འཇགས་གོ་ཆོད་ཀྱི་ཁང་པར་སྡོད་ཐུབ་པ་བཟོ་རྒྱུའི་དམིགས་ཚད་ལོ་གཅིག་སྔ་སྣུར་དུ་སྒྲུབ་ཡོད། གྲོང་གསེབ་ཀྱི་ཆུ་དང་། གློག འགྲོ་ལམ། འཕྲིན་གཏོང་། སྦྲག་བསྐུར་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་བས་སྔ་རྗེས་བསྡོམས་པས་མི་གྲངས་ཁྲི་122,2ལ་འཐུང་ཆུ་གཙང་མ་སྤྱོད་རྒྱུ་ཡོད་པ་བྱུང་བ་དང་། གློག་སྤྱོད་རྒྱུ་ཡོད་པ་དང་གློག་སྤྱོད་ཆ་རྐྱེན་ཡག་ཏུ་བཏང་བའི་མི་གྲངས་ཁྲི་11མང་དུ་སོང་བ། ཁྱོན་བསྡོམས་ཤང་གྲོང་668དང་སྲིད་འཛིན་གྲོང་ཚོ་4,222ལ་གཞུང་ལམ་ཤར་གཏོང་ཐུབ་པ། སྲིད་འཛིན་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་ཚད་85%ཟིན་པ། ཤང་གྲོང་སྦྲག་བསྐུར་ཤར་གཏོང་ཐུབ་ཚད་80%ཟིན་པ། རླུང་འཕྲིན་བཪྙན་འཕྲིན་ཁྱབ་ཚད་ཁག་སོ་སོར་89.2%དང་90.4% ཟིན་པ་བཅས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། མ་དངུལ་སྒོར་ཁྲི་19,700བཏང་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ཕྱོགས་བསྡུས་བྱེད་སྒོ་སྤེལ་གནས་1,743བརྒྱབ་ཡོད། གཉིས་ནི་དབུལ་སྐྱོར་ཐོན་འབྱེད་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དེ་ཡིན། དབུལ་སྐྱོར་མ་དངུལ་སྒོར་ཁྲི་27,900དང་། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་མ་དངུལ་སྒོར་ཁྲི་23,000 ས་ཆ་གསར་སྦོལ་ལེགས་སྒྲིག་མ་དངུལ་སྒོར་ཁྲི་3,990 བཅས་དོན་འཁྱོལ་བྱས་ནས “ཡུག་སྦྲེལ་གསར་སྤེལ ”དང་རོགས་རེས་མཉམ་ལས་ཀྱི་ཚོད་ལྟ་ཏན་ཏིག་བྱས་པ་དེས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་པ་སྔར་བས་ཆེ་རུ་སོང་ཡོད། གསུམ་ནི་ཞིང་འབྲོག་མང་ཚོགས་ལ་སྤྱོད་གོ་ཆོད་པའི་ལག་རྩལ་སྦྱོར་བརྡར་སྤྲོས་རྒྱུའི་ལས་གཞི་དང་ཞིང་པའི་ཆེད་ལས་ཀྱི་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དེ་ཡིན། ཞིང་འབྲོག་མང་ཚོགས་ལ་སྦྱོར་བརྡར་སྤྲོས་རྒྱུའི་མ་དངུལ་སྒོར་ཁྲི་5,000དང་ཞིང་པའི་ཆེད་ལས་ཀྱི་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་ལ་ཁ་གསབ་སྤྲོད་རྒྱུའི་མ་དངུལ་སྒོར་ཁྲི་3,874དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་28ལ་སྦྱོང་བརྡར་སྤྲོས་རྒྱུ་དང་ཞིང་པའི་ཆེད་ལས་ཀྱི་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་171འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད་པས་ཆེད་ལས་ཀྱི་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་ཁོངས་སུ་དུད་ཚང་ཁྲི་5.5ཟིན་པ་དང་། ཞིང་འབྲོག་མང་ཚོགས་ཁྲོམ་རར་ཐེ་ཞུགས་བྱེད་རྒྱུ་དེ་སྒྲིག་འཛུགས་ཅན་དུ་གྱུར་ཚད་སྔར་བས་མཐོ་རུ་སོང་ནས་གྲོང་གསེབ་ཀྱི་ངལ་ནུས་ལྷག་འཕྲོས་རྣམས་གནས་སྒྱུར་ལས་ཞུགས་བྱེད་ཚད་དང་འབབ་འཕར་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་མངོན་གསལ་དོད་པོ་སོང་ཡོད། བཞི་ནི་གནོད་སེལ་རོགས་སྐྱོབ་དང་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ་དེ་ཡིན། གནོད་འཚེ་འགོག་སེལ་མ་ལག་འཛུགས་སྐྱོང་བྱེད་རྒྱུར་མ་དངུལ་སྒོར་ཁྲི་11,489བཏང་ནས་ལྷ་ས་དང་། ཆབ་མདོ། ཉིང་ཁྲི་བཅས་ས་གནས་དེ་རང་དང་། དེ་བཞིན་གནོད་འཚེ་ཐོན་སླ་བའི་རྫོང་51དང་ཤང་32ལ་གེགས་སེལ་འཕྲལ་སྡོམ་དངོས་ཟོག་མཛོད་ཁང་བརྒྱབ་པ་དང་། གནོད་འཚེ་ཐོན་རྟག་པ་དང་ཐོན་སླ་བའི་རྫོང་53ལ་གཞུང་ལམ་མྱུར་བཟོའི་འཕྲུལ་འཁོར་ཉོས་ཡོད། མ་དངུལ་སྒོར་ཁྲི་6,875དོན་འཁྱོལ་བྱས་ནས་ཉིང་ཁྲི་དང་། ཆབ་མདོ། གཞིས་རྩེ་སོགས་ས་གནས་ལ་ས་གཤིས་གནོད་འཚེ་བཅོས་སྐྱོང་བྱས་པ་དེས་གནོད་འཚེ་ཐོན་སླ་བའི་ས་ཁུལ་གྱི་གནོད་འཚེ་འགོག་ཟོན་བྱེད་ནུས་ཆེ་རུ་ཞེ་དྲག་ཕྱིན་ཡོད། མ་དངུལ་སྒོར་ཁྲི་5,000དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་དགུན་དཔྱིད་སྐྱ་དུས་ཀྱི་འཚོ་བ་འགན་ལེན་བྱས་པ་དང་། མ་དངུལ་སྒོར་ཁྲི་5,865དོན་འཁྱོལ་བྱས་ནས་གནོད་འཚེ་ཕོག་པའི་ཞིང་འབྲོག་དུད་ཚང་4,800ལ་སྡོད་ཁང་བསྐྱར་སྐྲུན་བྱེད་རྒྱུའི་རོགས་རམ་བྱས་པ། མ་དངུལ་སྒོར་ཁྲི་2,500དོན་འཁྱོལ་བྱས་ནས་གངས་སྐྱོན་དང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་རྫོང་ལ་ཕྱུགས་ཟོག་གང་མགྱོགས་བཤས་གཏོང་རྒྱུའི་རོགས་རམ་བྱས་པ། ཁྲོམ་རའི་ཉེན་ཟོན་འཕྲལ་སྡོམ་མ་དངུལ་སྒོར་ཁྲི་2,000ཟུར་འཇོག་གིས་གློ་བུར་དོན་རྐྱེན་དང་ཤིན་ཏུ་ཆེ་བའི་རང་བྱུང་གནོད་འཚེ་ཐོན་སྐབས་འཕྲལ་མཁོའི་དངོས་ཟོག་ཉོ་བྱེད་དུ་བཏང་བ། མ་དངུལ་སྒོར་ཁྲི་1,180དོན་འཁྱོལ་བྱས་ནས་“5.26”གངས་ཆར་གྱི་གནོད་འཚེ་ཕོག་ཁུལ་ལ་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། ཆུ་སྐྱོན་དང་ཐན་སྐྱོན་འགོག་སེལ་བྱེད་རྒྱུའི་མ་དངུལ་སྒོར་ཁྲི་6,046དང་ཞིང་ཁའི་ཆུ་བེད་ཆུང་གྲས་སྐྲུན་རྒྱུའི་མ་དངུལ་སྒོར་ཁྲི་10,200དོན་འཁྱོལ་བྱས་ནས་ཞིང་ཁའི་ཆུ་བེད་སྒྲིག་བཀོད་དང་། ཆུ་རགས། ཆུ་ཤུགས་གློག་ཁང་ཆུང་གྲས་བཅས་ཉམས་གསོ་དང་གསར་སྐྲུན་བྱེད་རྒྱུའི་རྣམ་གྲངས་ཁག་228གཉེར་སྒྲུབ་བྱས་ཡོད། ཞིང་འབྲེལ་ཚོང་ལས་འགན་བཅོལ་གྱི་ཚོད་ལྟ་བྱེད་ཁྱོན་དེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་རྫོང་ཆེན་དང་གནོད་འཚེ་ཐོན་སླ་བའི་རྫོང་བཅས་ཁྱོན་བསྡོམས་རྫོང་ཁག་30ལ་ཁྱབ་པ་བྱས་ཏེ་ཞིང་འབྲེལ་ཚོང་ལས་འགན་བཅོལ་གྱི་གུན་གསབ་སྤྲོད་ཚད་མ་དངུལ་སྒོར་ཁྲི་3,737ཟིན་པས་ཞིང་འབྲོག་ལས་ཐད་ཀྱི་ཉེན་ཁ་འགོག་ཟོན་བྱེད་ནུས་ཆེ་རུ་ཤུགས་ཆེ་སོང་ཡོད། ལྔ་ནི་ཞིང་སྐྱོར་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་པ་དེ་ཡིན། འབྲུ་རིགས་ཀྱི་ཐད་གསབ་དང་། ཞིང་ལས་འཕྲུལ་ཆས་ཉོ་རྒྱུའི་ཁ་གསབ། རྫས་ལུད་ཀྱི་ཁ་གསབ། ཕྱུགས་བཤས་ཁ་གསབ་སོགས་ཀྱི་ཁ་གསབ་འདྲ་མིན་སྤྲོད་རྒྱུར་སྒོར་ཁྲི་21,300དོན་འཁྱོལ་བྱས་པ་དེས་ཞིང་འབྲོག་མང་ཚོགས་ལ་དངོས་ཤུགས་ཅི་ཐད་ནས་ཁ་གསབ་རགས་པ་ལོ་རེ་མི་རེར་ཆ་སྙོམས་སྒོར་1,467ཡན་ཟིན་ཡོད། གཞན་ཡང་“ཞིང་འབྲོག་མང་ཚོགས་ལ་ནོར་སྲིད་ཀྱི་ཁ་གསབ་གཟིགས་སྐྱོང་ཡོད་པའི་སྲིད་ཇུས་གསལ་ཡིག ”ལག་དེབ་ཁྲི་44པར་འགྲེམས་བྱས་པ་དེའི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་གང་དུ་ཕན་ཐོགས་བྱུང་ཡོད་པ་དང་ཕན་སྦྱར་བྱེད་མཁན་སུ་ཡིན་པ་དེ་ཤེས་ཚོར་གསལ་པོ་བྱུང་ཡོད།

        (གསུམ ) དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་ཁྱབ་སྤེལ་ཏན་ཏིག་བཏང་བ་མ་ཟད་དེ་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ།

        ང་ཚོས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་བསྒྱུར་བཅོས་ཁྱབ་སྤེལ་དང་། གོང་འཕེལ་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་རྒྱུའི་དོན་ཆེན་ཞིག་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཡོད། དེའང་གཅིག་ནི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་ལྟོ་རྩ་འཕྱིད་པའི་འགན་སྲུང་ཚད་གཞི་མཐོ་རུ་བཏང་བ་དེ་ཡིན། གྲོང་གསེབ་ལ་ལྟོ་རྩ་འཕྱིད་པའི་འགན་སྲུང་ཚད་གཞི་དེ་ལོ་རེ་མི་རེར་ཆ་སྙོམས་སྒོར་850ཡིན་པ་ནས་སྒོར་1,100ལ་སྤར་ཡོད་པ་དང་། གྲོང་ཁྱེར་གྱི་གྲོང་མིར་ལྟོ་རྩ་འཕྱིད་པའི་འགན་སྲུང་ཚད་གཞི་དེ་ཟླ་རེ་མི་རེར་སྒོར་260ཡིན་པ་ནས་སྒོར་310ལ་སྤར་ཡོད། གཉིས་ནི་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་དང་མ་དངུལ་གྲབས་གསོག་ཚད་གཞི་མཐོ་རུ་བཏང་བ་དེ་ཡིན། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ཀྱི་ཁ་གསབ་སྤྲོད་ཚད་ལོ་རེ་མི་རེར་སྒོར་140ཡིན་པ་ནས་སྒོར་180ལ་སྤར་བ་དང་། གྲོང་ཁྱེར་གྲོང་བརྡལ་གྱི་གྲོང་མི་སྨན་ཁང་ལ་སྡོད་པར་སྨན་བཅོས་འགན་བཅོལ་ནས་སྨན་ཡོན་རྩིས་ཞུ་ཆོག་པའི་ཚད་གཞི་མཐོ་ཤོས་སྒོར་ཁྲི་2ནས་སྒོར་ཁྲི་5ལ་སྤར་བ། སྒོ་བསྟེན་སྨན་ཁང་གི་སྨན་ཡོན་རྩིས་ཞུ་ཆོག་པའི་དམིགས་བསལ་ནད་རིགས་15ཡིན་པ་ནས་20བར་མང་དུ་བཏང་བ། སྨན་ཁང་དུ་སྡོད་པར་ཐོག་མར་སྤྲོད་དགོས་པའི་གླ་རིན་ཚད་གཞི་ཆ་སྙོམས་སྒོར་533ཡིན་པ་ནས་སྒོར་187.5ལ་བཅག་པ་བཅས་བྱས་པ་མ་ཟད། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚོའི་བུ་བཙའི་འགྲོ་གྲོན་རིགས་གཅིག་གྱུར་གྲབས་གསོག་ཐེབས་རྩ་ནས་གཏོང་རྒྱུའི་ཁོངས་སུ་བཅུག་ཡོད། ཆེད་སྤྱོད་མ་དངུལ་སྒོར་ཁྲི་891དོན་འཁྱོལ་བྱས་ནས་གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་དང་གཞུང་ལས་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མིན་པ་རྣམས་སྨན་གྲོན་ཆེ་རིགས་ཀྱི་ཁ་གསབ་དེ་ཚོང་ལས་འགན་བཅོལ་ལམ་སྲོལ་ནང་ཞུགས་ཆོག་པ་བཟོས་ཡོད། མ་དངུལ་སྒོར་ཁྲི་34,000དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་སྨན་ཡོན་མི་དགོས་པའི་སྨན་བཅོས་ལམ་ལུགས་ལག་བསྟར་བརྟན་པོ་བྱེད་ཐུབ་པའི་འགན་ལེན་བྱས་ཡོད། གསུམ་ནི་ཁེ་ལས་ཀྱི་རྒན་གསོའི་རོགས་དངུལ་ཐོབ་ཐང་བཟོ་སྐྱོར་བྱེད་རྒྱུའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་པ་དེ་ཡིན། 2009ལོར་རང་ལྗོངས་ཀྱི་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣར་རྒན་གསོའི་རོགས་དངུལ་ཟླ་རེ་མི་རེར་སྒོར་200རེ་སྤར་ཡོད་པས་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་རོགས་དངུལ་དེ་ཟླ་རེ་མི་རེར་སྒོར་1,899ཟིན་ཞིང་ཁོང་ཚོའི་ཐོབ་ཐང་གི་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། བཞི་ནི་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་དོན་འཁྱོལ་སྔར་བས་ལེགས་པ་བྱས་པ་དེ་ཡིན། མ་དངུལ་སྒོར་ཁྲི་13,989དོན་འཁྱོལ་བྱས་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བྱས་པ་དང་། སློབ་གྲྭ་ཆེ་ཁག་གི་སློབ་ཐོན་སློབ་མར་ལས་ཞུགས་བྱ་དགའི་མ་དངུལ་སྒོར་ཁྲི་675དོན་འཁྱོལ་བྱས་ནས་སློབ་གྲྭ་ཆེ་ཁག་གི་སློབ་ཐོན་སློབ་མར་རང་ལས་རང་འཚོལ་དང་རང་བརྟེན་གསར་གཏོད་བྱེད་རྒྱུའི་སྐུལ་ལྕག་བཏང་ཡོད།

        ལྔ་ནི་འགན་སྲུང་རང་བཞིན་གྱི་སྡོད་ཁང་རྒྱག་ཤུགས་ཆེ་རུ་བཏང་བ་དེ་ཡིན། ཁང་གླ་ཁེ་བའི་སྡོད་ཁང་རྒྱག་རྒྱུའི་ཁ་གསབ་མ་དངུལ་སྒོར་ཁྲི་43,500དོན་འཁྱོལ་བྱས་ནས་ཁང་གླ་ཁེ་བའི་སྡོད་ཁང་4,236བརྒྱབ་པ་དང་། མ་དངུལ་སྒོར་ཁྲི་77,900དོན་འཁྱོལ་བྱས་ནས་རྫོང་དང་ཤང་ལ་ལས་ཤག་7,045བརྒྱབ་ཡོད། དྲུག་ནི་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་ཐོབ་ཐང་ཡག་ཏུ་བཏང་བ་དེ་ཡིན། མ་དངུལ་སྒོར་ཁྲི་9,530དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་ལྟོ་རྩ་འཕྱིད་པའི་འགན་སྲུང་བྱ་ཡུལ་དང་། གཞུང་ཁོངས་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣ། གཟིགས་སྐྱོང་བྱ་ཡུལ། “རྒན་གྲས་གསུམ ”བཅས་ལྗོངས་ཡོངས་ཀྱི་མི་གྲངས་ཁྲི་6.8ལ་དངོས་ཟོག་ཉོ་འཛིན་(གཱ )ནམ་ཡང་ན་དངུལ་སྨར་ཐོག་ནས་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་སྤྲད་ཡོད། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར ”རྟེན་འབྲེལ་ཞུ་ཆེད་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་53,254དོན་འཁྱོལ་བྱས་ནས་གྲོང་ཁྱེར་གྲོང་རྡལ་གྱི་ལྟོ་རྩ་འཕྱིད་པ་བྱེད་རྒྱུའི་དུད་ཚང་དང་། “59.3.28”གོང་དུ་ལས་ཀར་ཞུགས་པའི་བློ་མཐུན་རྒན་གྲས་རྣམས་ལ་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་སྤྲད་ཡོད། གཞན་ཡང་ཞིང་སྤྱོད་སྐྱེལ་འདྲེན་འཁོར་རིགས་དང་། འཕྲལ་སྤྱོད་གློག་བཞུ། རླུང་འཕྲིན་བཪྙན་འཕྲིན་བསྡུ་ལེན་ཡོ་ཆས་སོགས་སྲིད་འཛིན་གྲོང་ཚོ་དང་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་སྤྲད་ཡོད་པས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཏང་གི་ཐུགས་འཁུར་གཟབ་བཞེས་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚད་མེད་མྱོང་ཚོར་ཐུབ་པ་བྱུང་ཡོད། བདུན་ནི་ཆགས་བརྟེན་མེད་པའི་རྒན་འཁོགས་དང་དྭ་ཕྲུག་ལ་སོགས་པའི་ཉམས་ཐག་རིགས་གྲས་ཀྱི་འཚོ་བ་འགན་སྲུང་བྱེད་རྒྱུའི་གནད་དོན་ལ་མཐོང་ཆེན་པོ་བྱས་པ་དེ་ཡིན། ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་ཚད་གཞི་དེ་ལོ་རེར་མི་རེར་སྒོར་1,600ཡིན་པ་ནས་སྒོར་1,800 ལ་སྤར་ཡོད་པ་དང་། མ་དངུལ་སྒོར་ཁྲི་400དོན་འཁྱོལ་བྱས་ནས་གསར་དུ་བརྒྱབ་པའི་རྒན་གསོ་ཁང་ལ་སྒྲིག་བཀོད་ཆ་ཚང་བཟོས་པ་སོགས་ཉམས་ཐག་རིགས་གྲས་ཀྱི་འཚོ་བ་འགན་སྲུང་བྱས་ཡོད། བརྒྱད་ནི་ལྗོངས་ཡོངས་ཀྱི་ལས་བྱེད་ལས་བཟོའི་གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་དང་དྲོད་དོད་ཚད་གཞི་སྔར་བས་མཐོ་རུ་བཏང་བ་དེ་ཡིན། ལས་བྱེད་ལས་བཟོའི་དྲོད་དོད་ལོ་རེར་མི་རེར་སྒོར་1,278ཟིན་པ་དང་། གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་ཚད་གཞི་སྒོར་650ལ་སྤར་ཡོད། དགུ་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་བྱེད་ལམ་གསར་པ་དེ་རྒྱལ་ཡོངས་དང་མཉམ་དུ་ཟླ་11པར་ཚོད་ལྟ་བྱེད་འགོ་བཙུགས་ཡོད།

        (བཞི ) སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་བ།

        སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུར་གཏོང་ཆ་མང་དུ་བཏང་ནས་མི་དམངས་མང་ཚོགས་ལ་སྤྱི་པའི་ཐོན་རྫས་དང་ཞབས་ཞུ་དེ་བས་མང་བ་མཁོ་སྤྱོད་བྱེད་རྒྱུ་ཡོད་པ་བཟོས་ཡོད། དེའང་གཅིག་ནི་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དེ་ཡིན། སློབ་གསོའི་གཏོང་ཆ་སྒོར་ཁྲི་554,928ཟིན་པ་དེ་ལོ་གོང་མ་ལས་17.87%འཕར་ཡོད། 2009ལོར་ཞིང་འབྲོག་ཁུལ་གྱི་འགན་བབས་སློབ་གསོའི་དུས་རིམ་གྱི་སློབ་མར “འགན་ལེན་གསུམ ”གྱི་ཚད་གཞི་སྔ་རྗེས་ཐེངས་གཉིས་མཐོ་རུ་བཏང་བས་ལོ་རེར་སློབ་མ་རེའི “འགན་ལེན་གསུམ ”གྱི་འགྲོ་གྲོན་ཚད་གཞི་དེ་ལོ་གོང་མར་སྒོར་1,275ཡིན་པ་ནས་སྒོར་1,800ལ་སྤར་ཡོད་པ་དང་། སློབ་གྲྭ་འབྲིང་ཆུང་གི་སྤྱི་སྤྱོད་འགྲོ་གྲོན་ཚད་གཞི་ཡང་སྔར་བས་མཐོ་རུ་བཏང་བ་བཅས་འགན་བབས་སློབ་གསོའི་འགྲོ་གྲོན་འགན་སྲུང་བྱེད་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མ་དངུལ་སྒོར་ཁྲི་22,000དོན་འཁྱོལ་བྱས་ནས་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། མ་དངུལ་སྒོར་ཁྲི་6,400དང་སྒོར་ཁྲི་8,824དོན་འཁྱོལ་བྱས་ནས་ཁག་སོ་སོར་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་སློབ་གྲྭ་སླར་གསོ་བསྐྱར་སྐྲུན་བྱེད་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་དང་ཉལ་ཁང་ཉེན་སེལ་བཟོ་བཅོས་བྱེད་རྒྱུའི་ལས་གཞིར་རྒྱབ་སྐྱོར་བྱས་ཡོད་པ་བཅས་ལྗོངས་ཡོངས་ཀྱི་རྨང་གཞིའི་སློབ་གསོའི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད། ཆེད་སྤྱོད་མ་དངུལ་སྒོར་ཁྲི་10,851དོན་འཁྱོལ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་དང་ཞག་སྡོད་གླ་རིན་སྤྲོད་མི་དགོས་པ་བཟོས་པ་དང་། དགེ་འོས་དང་། ཞིང་ལས། འབྲོག་ལས། ནགས་ལས། ཆུ་བེད། ས་གཤིས་གཏེར་ལས་སོགས་འབྲེལ་ཡོད་ཆེད་ལས་སློབ་གྲྭ་ཆེ་རིགས་ཀྱི་གསར་ཞུགས་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་པ་བཅས་སློབ་གསོའི་རོགས་དངུལ་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད་པས། འབྲིང་རིམ་ལས་རིགས་སློབ་གསོ་དང་སློབ་གྲྭ་ཆེ་ཁག་གི་ཁྱད་ཡོན་ཆེད་ལས་ལེགས་སྐྱོང་བྱེད་རྒྱུར་གྲུབ་འབྲས་མངོན་གསལ་པོ་ཐོབ་ཡོད། གཉིས་ནི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དེ་ཡིན། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་ཚོད་རྩིས་བྱས་ནས་སྒོར་ཁྲི་216,315ཟིན་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་26.7%འཕར་ཡོད། མ་དངུལ་སྒོར་ཁྲི་6,840དོན་འཁྱོལ་བྱས་ནས་སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་བསམ་འཆར་ལྟར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེར་ཆ་སྙོམས་སྒོར་25རེ་དུས་ཐོག་ཏུ་དོན་འཁྱོལ་བྱས་ཡོད། མི་མང་སྡེབ་ལ་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་བྱུང་རིགས་ཀྱི་འགན་བཅོལ་དང་ཟུར་སྣོན་སྨན་བཅོས་འགན་བཅོལ “གསུམ་རོགས་གཅིག་སྐྱོར ”མི་སྣར་དོན་འཁྱོལ་བྱས་ཡོད་པ་དང་། ཞིང་འབྲོག་ཁུལ་དུ་སྐྱེ་གསོ་གཉིས་ལེགས་ཀྱི་ཁ་གསབ་ཚད་གཞི་དེ་ལོ་རེར་མི་རེར་སྒོར་6ཡིན་པ་ནས་སྒོར་12ལ་སྤར་ཡོད་པ་མ་ཟད། “ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ལ་ཕན་སྐུལ་གཏོང་བའི་བྱེད་སྒོ ”སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཏེན་རྒྱུ་མི་འདེང་བའི་ནད་དང་། གྲུམ་བུ་ཚེགས་ཆེན་གྱི་ནད། ཧྥོ་ཆུའི་ནད། སྐྱ་འགྲིབ་ལ་སོགས་པའི་ཡུལ་ནད་འགོག་བཅོས་ཀྱི་ལས་དོན་སྤེལ་བ་དང་། ཡུལ་ནད་ཡོད་ཁུལ་གྱི་སློབ་ལོ་ལོན་པའི་བྱིས་པ་གནས་སྒྱུར་སློབ་ཞུགས་བྱེད་རྒྱུའི་ལས་དོན་ཡོངས་རྫོགས་ལེགས་སྒྲུབ་ཟིན་པ། ཞིང་འབྲོག་ཁུལ་ལ་ཏེན་ཚྭ་མི་མགོར་ཁྱབ་ཚད་80%ཟིན་ཡོད། མ་དངུལ་སྒོར་ཁྲི་5,000དོན་འཁྱོལ་བྱས་ནས་བཟའ་བཅའ་དང་། སྨན་རིགས། དེ་མིན་ཐོན་རྫས་གཞན་དག་བཅས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད། མ་དངུལ་སྒོར་ཁྲི་5,594དོན་འཁྱོལ་བྱས་ནས་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་མི་དམངས་སྨན་ཁང་བཟོ་བཅོས་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞིར་རྒྱབ་སྐྱོར་བྱས་ཡོད། H1N1ཆམ་རིམས་ཀ་པའི་ནད་དུག་འགོག་བཅོས་བྱེད་རྒྱུའི་མ་དངུལ་སྒོར་ཁྲི་6,000དོན་འཁྱོལ་བྱས་ནས་སྔོན་འགོག་གི་ཁབ་རྒྱག་རྒྱུ་དང་། སྒྲིག་བཀོད་ཉོ་སྒྲུབ་བྱེད་རྒྱུ། མི་སྣ་གསོ་སྐྱོང་བྱེད་རྒྱུ། ནད་པ་ལོགས་སུ་འཇོག་རྒྱུ། འཕྲལ་སྡོམ་འགན་སྲུང་བྱེད་རྒྱུ་བཅས་ཀྱི་ཐད་ལ་བཏང་ཡོད། གསུམ་ནི་ཚན་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དེ་ཡིན། མ་དངུལ་སྒོར་ཁྲི་34,960དོན་འཁྱོལ་བྱས་ཡོད་པ་དེ་ལོ་གོང་མ་ལས་20.4%འཕར་ཡོད། ཚན་རྩལ་གྱི་དམངས་ཕྱུག་རྫོང་འཕེལ་ལས་གཞི་དང་། ཚན་རྩལ་ཁྱབ་གདལ་གྱི་ཞིང་ཕན་གྲོང་དར་འཆར་འགོད། ཚན་རྩལ་ཆེད་ལས་པ་མངག་གཏོང་བྱེད་ལམ། ཚན་རྩལ་ཁྱབ་གདལ་ཆེད་དོན་བྱེད་སྒོ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་པ་དང་། གསེར་ཉི་དང་གསེར་གཡག་ཚན་རྩལ་ལས་གཞི་དང་། བོད་སྨན་ཐོན་ལས་ཚན་རྩལ་གསར་གཏོད་མཉམ་འབྲེལ་ལས་གཞི། བོད་ལྗོངས་ས་མཐོའི་འབྱུང་འཕྲོད་བཟའ་བཅའི་(འཐུང་བཅའ )ཐོན་ལས་ཚན་རྩལ་གསར་གཏོད་མཉམ་འབྲེལ་ལས་གཞི་སོགས་ལག་བསྟར་བྱས་ཡོད། བཞི་ནི་རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དེ་ཡིན། མ་དངུལ་སྒོར་ཁྲི་111,338དོན་འཁྱོལ་བྱས་ཡོད་པ་དེ་ལོ་གོང་མ་ལས་20.8%འཕར་ཡོད། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་ལས་གཞི་བསྐྲུན་རྒྱུ་དང་གཞི་རིམ་གྱི་རིག་གནས་སྒྲིག་བཀོད་ཆ་རྐྱེན་ཡག་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ཞིང་པའི་དཔེ་དེབ་ཁང་680བརྒྱབ་པ་མ་ཟད། “ལྗོངས་ཐད་གཏོགས་ཀྱི་རིག་རྩལ་ཚོགས་པ་གསུམ ”དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་འཁྲབ་སྟོན་གྱི་ཁ་གསབ་སྤྲོད་ཚད་མང་དུ་བཏང་ནས་གཞི་རིམ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་སྤུས་ཚད་མཐོ་རུ་བཏང་ཡོད། དེ་མིན་ད་དུང་རྒྱལ་སྟོན་རྟེན་འབྲེལ་གྱི་གཟབ་རྒྱན་མོ་ཊར་བྱ་དགའ་ཆེ་གྲས་མང་པོ་རགས་ཡོད། མ་དངུལ་སྒོར་ཁྲི་8,708དོན་འཁྱོལ་བྱས་ནས་རླུང་འཕྲིན་བཪྙན་འཕྲིན་གྲངས་འཛིན་ཅན་དུ་གྱུར་ཚད་མགྱོགས་སུ་བཏང་སྟེ་བོད་ལྗོངས་རླུང་འཕྲིན་བཪྙན་འཕྲིན་ལེ་ཚན་གྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་ཡོད། མ་དངུལ་སྒོར་ཁྲི་17,387དོན་འཁྱོལ་བྱས་ནས་“དམར་པོའི་རྗེས་ཤུལ ”དང་། སྔོན་གཤེགས་དཔའ་བོའི་བང་སོ། “གནའ་ཤུལ་གནའ་གྲོང ” དེ་བཞིན་གཙོ་ཆེའི་རིག་དངོས་སོགས་མྱུར་སྐྱོབ་དང་། ཉམས་གསོ། སྲུང་སྐྱོབ་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།

        (ལྔ ) སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་ལས་དོན་འགན་སྲུང་ནུས་ལྡན་བྱས་པ།

        དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་ཐད་ལ་འགྲོ་གྲོན་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། དེའང་གཅིག་ནི་སྲིད་ཁྲིམས་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱི་རྨང་གཞིའི་སྒྲིག་བཀོད་དང་གོ་མཚོན་གྱི་ཆ་རྐྱེན་ཡག་ཏུ་བཏང་བ་དང་། ལྗོངས་ཡོངས་ཀྱི་ཁྲིམས་འཛིན་འགན་སྲུང་ལམ་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྲིད་ཁྲིམས་ལས་ཁུངས་ཀྱི་ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་དེ་ཡིན། གཉིས་ནི་རང་སྐྱོང་ལྗོངས་ཀྱི་སྲིད་ཁྲིམས་ཀྱི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་རང་ལྗོངས་ཀྱི་གློ་བུར་དོན་རྐྱེན་ཐག་གཅོད་བྱེད་རྒྱུའི་འཕྲལ་སྡོམ་བཀོད་གཏོང་ནུས་པ་ཆེ་རུ་བཏང་ཡོད། གསུམ་ནི་ཉེན་རྟོག་དཔུང་སྡེ་ཁག་གི་གོ་མཚོན་གྱི་ཚད་གཞི་མཐོ་རུ་བཏང་བ་དང་རྨང་གཞིའི་སྒྲིག་བཀོད་ཡག་ཏུ་བཏང་སྟེ་གློ་བུར་དོན་རྐྱེན་འཕྲལ་སྡོམ་བྱེད་རྒྱུ་དང་ཉེན་སེལ་རོགས་སྐྱོབ་བྱེད་རྒྱུའི་ནུས་པ་ཆེ་རུ་བཏང་བ་དེ་ཡིན། བཞི་ནི “བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་50འཁོར་བ ”དང་“རྒྱལ་ཁབ་དབུ་བཪྙེས་ནས་ལོ 60འཁོར་བའི ”རྟེན་འབྲེལ་ཆེ་མོའི་བདེ་འཇགས་འགན་ལེན་བྱས་པ་དེ་ཡིན། ལྔ་ནི་མཚོ་བོད་ལྕགས་ལམ་སྲུང་རྒྱུར་གཏོང་ཆ་མང་དུ་བཏང་ཞིང་། མཚོ་བོད་ལྕགས་ལམ་གྱི་ལམ་སྐྱོང་རུ་ཁག་ལེགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཐོག་ལམ་སྐྱོང་པའི་ཐོབ་ཐང་ཡག་ཏུ་བཏང་སྟེ་མཚོ་བོད་ལྕགས་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་དེ་ཡིན།

        (དྲུག ) སྣོད་བཅུད་ལེགས་སྐྱོང་བྱེད་རྒྱུ་དང་ནུས་རྒྱུ་བསྲི་ཚགས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་གཏོང་ཆ་མང་དུ་ཤུགས་ཆེ་བཏང་བ།

        སྣོད་བཅུད་ལེགས་སྐྱོང་བྱེད་རྒྱུ་དང་ནུས་རྒྱུ་བསྲི་ཚགས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་གཏོང་ཆ་མང་དུ་བཏང་ནས་སྣོད་བཅུད་དཔལ་ཡོན་དར་འཕེལ་བཏང་ཡོད། དེའང་གཅིག་ནི་ནགས་ཚལ་གྱི་སྣོད་བཅུད་ནུས་པ་གསོ་རྒྱུ་དང་གཙོ་གནད་ཁུལ་ཁོངས་ལ་འབྱུང་འཕྲོད་སྤྱི་ཕན་ནགས་འདེབས་བྱེད་རྒྱུའི་མ་དངུལ་སྒོར་ཁྲི་83,846དང་། ནགས་སྦོལ་ཞིང་ཁ་ནགས་སུ་བསྒྱུར་རྒྱུའི་ཁ་གསབ་རོགས་དངུལ་སྒོར་ཁྲི་5,284 རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་ལས་གཞིར་མ་དངུལ་སྒོར་ཁྲི་2,235བཅས་དོན་འཁྱོལ་བྱས་པ་དེ་ཡིན། གཉིས་ནི་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱེད་རྒྱུའི་བྱ་དགའི་མ་དངུལ་སྒོར་ཁྲི་30,000དོན་འཁྱོལ་བྱས་ནས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱེད་པའི་བྱ་དགའ་སྤྲོད་ཐབས་བསྒྱུར་བཅོས་བྱེད་རྒྱུའི་ཚོད་ལྟ་རྒྱལ་ཡོངས་ཀྱི་སྔོན་ལ་བྱས་ཏེ་རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་ཡག་ཏུ་བཏང་བ་དེ་ཡིན། གསུམ་ནི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དེ་ཡིན། ཆེད་སྤྱོད་མ་དངུལ་སྒོར་ཁྲི་1,404དོན་འཁྱོལ་བྱས་ནས་ཉི་ནུས་ཀྱི་དྲོད་ལེན་དང་ཉི་ནུས་ཀྱི་གློག “གྲོང་ཚོ་ཀུན་ཁྱབ ”སོགས་ཀྱི་བསྐྱར་སྐྱེའི་ནུས་རྒྱུ་བཟོ་སྐྲུན་མཁོ་སྤྱོད་དཔེ་མཚོན་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་པ་དང་། ནོར་སྲིད་ནས་ཁ་གསབ་སྤྲད་དེ་ནུས་ཆེའི་ཤེལ་ཏོག་ཁྲི་100ཉོ་སྤྲོད་ཁྱབ་གདལ་གཏོང་རྒྱུའི་ལས་དོན་སྤེལ་ཡོད། མ་དངུལ་སྒོར་ཁྲི་1,747དོན་འཁྱོལ་བྱས་ནས་ཁོར་ཡུག་གི་གནས་ཚུལ་བསྡོམས་རྩིས་བྱེད་ནུས་དང་། ཁོར་ཡུག་བཟང་ཞན་ཞིབ་དཔྱད་བྱེད་ནུས། གཙོ་གནད་གྲོང་ཁྱེར་གྱི་འཕྲལ་སྡོམ་ཞིབ་དཔྱད་བྱེད་ནུས། རྒྱུན་ལྡན་གྱི་ཟེར་འགྱེད་ཞིབ་དཔྱད་བྱེད་ནུས་བཅས་ལེགས་སྐྱོང་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་ཁོར་ཡུག་ཕྱོགས་བསྡུས་ཞིབ་དཔྱད་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་སོང་བ་དང་ཆེད་ལས་ལག་རྩལ་གྱི་ནུས་པ་སྔར་བས་ཆེ་རུ་སོང་ཡོད། བཞི་ནི་མ་དངུལ་སྒོར་ཁྲི་15,840དོན་འཁྱོལ་བྱས་ནས་འབུད་ཤིང་གི་རྒྱུ་ཚབ་ལས་གཞི་ལག་བསྟར་བྱས་པར་སྔ་རྗེས་བསྡོམས་པས་དུད་ཚང་ཁྲི་11.4ལ་རྫབ་རྫིང་བརྒྱབ་ཟིན་པ་དང་ཞིང་འབྲོག་དུད་ཚང་ཁྲི་39.5ལ་ཉི་ཐབ་སྤྲད་པ་བཅས་སྣོད་བཅུད་སྲུང་སྐྱོང་བྱེད་རྒྱུར་ཕན་སྐུལ་བཏང་ཡོད་པ་དེ་ཡིན། ལྔ་ནི་མ་དངུལ་སྒོར་ཁྲི་5,532དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་རྡལ་78དང་སློབ་གྲྭ་ཆེ་གྲས་11གི་འཐུང་ཆུའི་ཆུ་རྩ་ཁག་140ཡི་ཁོར་ཡུག་སྲུང་སྐྱོང་འཆར་གཞི་བཟོ་འགོད་བྱས་ཟིན་པ་དང་། ས་གནས་5ལ་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་གྲངས་འཛུགས་སྐྱོང་བྱས་པ། གཞིས་རྩེ་གྲོང་ཁུལ་གྱི་བཙོག་ཆུ་བཤང་ཡུར་དམིགས་བཀར་བཅོས་སྐྱོང་བྱས་པ་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཇོ་མོ་གླང་མ་དང་ལྷ་ཀླུ་འདམ་རར་བདག་འདོམས་བྱེད་ནུས་སྔར་བས་ཚགས་ཚུད་དུ་བཏང་བ། མངའ་རིས་རུ་ཐོག་རྫོང་རེ་བཅོལ་བྱེ་གསེར་ལ་སོགས་པའི་གཏེར་རི་10ཡི་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱེད་རྒྱུ་ལེགས་གྲུབ་ཟིན་པ། རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་མངའ་རིས་རྩྭ་མདའི་གྲུ་དཀར་ལ་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་བཅས་བྱས་ཡོད།

        (བདུན ) ནོར་སྲིད་ཀྱིས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ།

        འབྱོར་སྟོབས་གཞི་རིམ་ལ་འཁྱོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ནོར་སྲིད་ཀྱིས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། དེའང་གཅིག་ནི་རང་སྐྱོང་ལྗོངས་ཀྱིས་གཤམ་འོག་ལ་ཆ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱས་པ་དེ་ལོ་གོང་མ་ལས་སྒོར་ཁྲི་82,923མང་བ་ཡོད་པས་30.6%འཕར་ཡོད་པ་དང་། རང་སྐྱོང་ལྗོངས་ཀྱིས་གཤམ་འོག་ལ་ཆ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱས་པའི་འཕར་ཚད་ལོ་གསུམ་བསྟུད་མར་30%ཡན་ཟིན་ཡོད་པ་དེ་ཡིན། གཉིས་ནི་འབྱོར་སྟོབས་མཐའ་མཚམས་ས་ཁུལ་ལ་འཁྱོགས་པ་དེ་ཡིན། རང་སྐྱོང་ལྗོངས་ནས་མཐའ་མཚམས་ས་ཁུལ་ལ་ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་22,800གསར་སྣོན་བྱས་ནས་ལྗོངས་ཡོངས་ཀྱི་མཐའ་མཚམས་ས་གནས་དང་རྫོང་གི་རྨང་གཞིའི་སྒྲིག་བཀོད་དང་རྒྱལ་ཁབ་ཀྱི་འགག་སྒོ་འཛུགས་སྐྲུན་བྱེད་རྒྱུ་དང་། དེ་བཞིན་མཐའ་མཚམས་ལ་ལྟ་སྡོམ་བྱེད་རྒྱུ། སྤྱི་ཕན་བྱ་གཞག་སྒྲུབ་རྒྱུ་སོགས་ཀྱི་ཐད་ཁ་གསབ་སྤྲད་དེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་བཏང་བ་དང་། མཐའ་མཚམས་ཀྱི་མང་ཚོགས་དང་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་ཡུལ་མིར་ལམ་སྐྱོང་ཁ་གསབ་སྤྲོད་རྒྱུའི་ལམ་སྲོལ་བཙུགས་ཡོད། གསུམ་ནི་སྐུལ་ལྕག་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་བ་དེ་ཡིན། སྐུལ་ལྕག་མ་དངུལ་སྒོར་ཁྲི་8,869དོན་འཁྱོལ་བྱས་ཏེ་གཞི་རིམ་སྲིད་གཞུང་ལ་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་མ་བཏང་ནས་དཔལ་འབྱོར་འཕར་སྣོན་ཡོང་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ཡོད། བཞི་ནི་གཞི་རིམ་སྲིད་དབང་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དེ་ཡིན། གཞི་རིམ་སྲིད་དབང་འཛུགས་སྐྱོང་བྱེད་རྒྱུར་ཁ་གསབ་མ་དངུལ་སྒོར་ཁྲི་7,000གཤམ་སྤྲོད་བྱས་ཏེ་གཞི་རིམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་འཛུགས་རྒྱུར་རོགས་རམ་བྱས་པ་དང་། ཆེད་སྤྱོད་མ་དངུལ་སྒོར་ཁྲི་13,840དོན་འཁྱོལ་བྱས་ཏེ་ཤང་གྲོང་གི་གཞུང་ལས་ཆ་རྐྱེན་ལེགས་བཅོས་ཏན་ཏིག་བྱས་ཡོད། ལྔ་ནི་གྲོང་ཚོའི་ལས་བྱེད་པའི་ཐོབ་ཐང་དང་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་བྱེད་སྒོའི་གྲོན་དངུལ་སོགས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་བཏང་བ་དེ་ཡིན། གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་ཐོབ་ཆ་དང་བྱས་རྗེས་ཞིབ་དཔྱད་ཀྱིས་བྱ་དགའ་སྤྲོད་རྒྱུའི་ལམ་ལུགས་བཙུགས་ཤིང་། གྲོང་ཚོའི་ཀྲེ་པུའུ་ཧྲུའུ་ཅི་དང་གྲོང་ཚོའི་ཀྲུའུ་རེན་ལ་ཁ་གསབ་སྤྲོད་ཚད་ལོ་རེ་མི་རེར་ཆ་སྙོམས་སྒོར་7,119ཟིན་ཡོད་པས་2008ལོ་ལས་སྒོར་3,119མང་བ་ཡོད། གྲོང་ཚོའི་སྤྱིར་བཏང་ལས་བྱེད་པར་ཁ་གསབ་སྤྲོད་ཚད་ལོ་རེ་མི་རེར་ཆ་སྙོམས་སྒོར་3,549ཟིན་ཡོད་པས་2008ལོ་ལས་སྒོར་1,567མང་དུ་སོང་ཡོད། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་བྱེད་སྒོའི་གྲོན་དངུལ་དེ་མི་རེར་ལོ་རེའི་ཁ་གསབ་ཚད་གཞི་དེ་སྔའི་སྒོར་70ཡིན་པ་ནས་སྒོར་100ལ་སྤར་བ་དང་། “རྒན་གྲས་གསུམ ”ལ་འཚོ་བའི་ཁ་གསབ་རོགས་དངུལ་མི་རེར་ཆ་སྙོམས་སྒོར་50རེ་སྤར་ཡོད་པ་བཅས་གྲོང་ཚོའི་ལས་བྱེད་པས་གཞི་རིམ་གྱི་རྨང་གཞིའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་ཐུབ་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་སྔར་བས་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། དྲུག་ནི་ཞིང་འབྲོག་ཁུལ་གྱི་གྲོང་ཚོའི་སྨན་པ་དང་གྲོང་ཚོ་རིམ་པའི་རིམས་འགོག་པར་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཡོད།

        འཐུས་མི་རྣམ་པ། 2009ལོར་ལྗོངས་ཡོངས་ཀྱི་ནོར་སྲིད་ཀྱི་ལས་དོན་དེ་རིམ་ཁག་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ། རིམ་ཁག་སྡེ་ཚན་ཁག་གི་བསམ་གཞིགས་རྒྱབ་སྐྱོར་བཅས་ཀྱི་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་གོང་འཕེལ་འགན་སྲུང་དང་། དམངས་འཚོ་འགན་སྲུང་། བརྟན་ལྷིང་འགན་སྲུང་བཅས་བྱས་ཏེ་འབྱོར་སྐྱོང་གི་ལྟ་བ་བརྗེ་སྒྱུར་དང་། འབྱོར་སྐྱོང་གི་བསམ་གཞི་གསར་གཏོད། འབྱོར་སྐྱོང་གི་ལམ་སྲོལ་འཐུས་ཚང་། འབྱོར་སྐྱོང་བྱེད་སྟངས་ལེགས་བཅོས། དོ་དམ་ཆུ་ཚད་མཐོ་རུ་བཅས་ཟམ་མི་ཆད་པ་བཏང་བར་བརྟེན་ལས་དོན་ཁག་ཚང་མར་གྲུབ་འབྲས་གསར་པ་ཐོབ་ཡོད། ལྗོངས་ཡོངས་ཀྱི་འབྱོར་སྟོབས་སྔར་བས་ཤུགས་ཆེར་སོང་སྟེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་གོང་འཕེལ་ཡོང་རྒྱུ་དང་སྤྱི་ཚོགས་དུས་བབ་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། འོན་ཀྱང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་གོང་འཕེལ་མྱུར་པོ་འགྲོ་བར་འབྱོར་སྟོབས་ཐོག་ནས་དགོས་མཁོ་སྐོང་ཐུབ་པ་བྱེད་རྒྱུ་དེ་དང་ནོར་སྲིད་ཀྱི་འགན་སྲུང་བྱེད་ནུས་དབར་གྱི་འགལ་བ་ཡུན་རིང་གནས་སྲིད་པ་དང་། འབབ་ཁུངས་ཁྲལ་གཞི་ད་དུང་བརྟན་པོ་མེད་པ། ས་གནས་དང་སྡེ་ཚན་རེ་ཟུང་གི་ནོར་སྲིད་མ་དངུལ་སྤྱོད་འབྲས་མཐོ་པོ་མེད་པའི་ཁར། ནོར་དཔལ་གྱི་སྒྲིག་ལམ་ལས་འགལ་བ་དང་རྒྱས་སྤྲོས་ཆུད་ཟོས་བྱེད་པ་སོགས་ཀྱི་གནད་དོན་སྔར་བཞིན་ཡོད་པ། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཁྱིམ་འཛིན་འབྱོར་སྐྱོང་གི་འདུ་ཤེས་སྔར་བས་ཤུགས་ཆེར་གཏོང་དགོས་པ་བཅས་ཀྱི་གནད་དོན་དེ་དག་ཀྱང་ང་ཚོས་ཤེས་གསལ་ཡིན་པས་ང་ཚོས་བསམ་བློར་བཅིངས་འགྲོལ་དང་། ལྟ་བ་གསར་བརྗེས། བསྒྱུར་བཅོས་གཏིང་ཟབ་བཅས་སྔར་བས་ལེགས་པར་བྱས་ཏེ་ནོར་སྲིད་ལ་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་རྒྱུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས་ཀྱི་ཡོད།

        གཉིས། 2010ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན།

        2010ལོའི་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི་དགོངས་དོན་དང་2010ལོའི་ནོར་སྲིད་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ནོར་སྲིད་པུའི་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་2010ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་འཆར་ཟིན་འདི་བཟོས་པ་ཡིན།

        (གཅིག ) 2010ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ།

        རང་སྐྱོང་ལྗོངས་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནོར་སྲིད་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་དང་ཟུང་འབྲེལ་གྱིས་2010ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོག་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་“མཚོན་བྱེད་གསུམ ”གྱི་གལ་ཆེའི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་གནས་རང་བཞིན་རྒྱུན་འཁྱོངས་ཀྱིས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ནས་ནོར་སྲིད་ཀྱི་གཞི་ཆེའི་སྟངས་འཛིན་བྱེད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཆ་མཚུངས་ཅན་ཡོང་རྒྱུའི་བླང་བྱ་གཞིར་བཟུང་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་དང་བཟང་བསྒྱུར་ཐོག་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་ཚོད་འཛིན་ནན་པོ་བྱས་ཏེ་འབྱོར་སྟོབས་ཆེན་པོ་མེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འགག་རྩའི་ཁྱབ་ཁོངས་སུ་དངོས་འབྲེལ་སྤྱོད་ཐུབ་པ་བྱས་ནས “ཞིང་གསུམ ”དང་། སློབ་གསོ། ཚན་རྩལ། སྨན་བཅོས་འཕྲོད་བསྟེན། རིག་གནས། སྤྱི་ཚོགས་འགན་སྲུང་། སྤྱི་པའི་བདེ་འཇགས། འགན་སྲུང་རང་བཞིན་གྱི་སྡོད་ཁང་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་གསུམ་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་། དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་རྒྱུར་ཤུགས་བརྒྱབ་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། ཁྱད་ལྡན་ཐོན་ལས་དང་ཁེ་ལས་འབྲིང་ཆུང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་དང་། གྲོང་མིའི་འཛད་སྤྱོད་རྒྱ་ཆེར་བཏང་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ཐོག་དཔལ་འབྱོར་འཕར་སྣོན་དང་། གྲུབ་ཆ་ལེགས་སྒྲིག སྤྱི་ཚོགས་གཞི་མཐུན་བརྟན་ལྷིང་། གྲོང་ཁྱེར་གྲོང་གསེབ་གཞི་མཚུངས་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ། ནོར་ཁྲལ་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུ་གཏིང་ཟབ་ཏུ་བཏང་སྟེ་སྲིད་གཞུང་གི་སྔོན་རྩིས་མ་ལག་རིམ་པས་འཛུགས་པ་དང་ཚགས་ཚུད་དུ་བཏང་ཐོག་ནོར་སྲིད་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་དོ་དམ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུ། འབབ་འཕར་གཏོང་མཁས་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ། གཙོ་གནད་མངོན་ཆེར་འཛིན་པ། འགན་ལེན་ཡོད་ལ་ཚོད་འཛིན་ཡང་ཡོད་པ་བཅས་བྱས་ཏེ་ནོར་སྲིད་ཀྱི་མ་དངུལ་སྤྱོད་འབྲས་སྔར་བས་ཆེ་རུ་གཏོང་རྒྱུ་བཅས་ཡིན།

        (གཉིས ) 2010ལོའི་ནོར་སྲིད་སྔོན་རྩིས་བཀོད་སྒྲིག

        2010ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་སྔོན་རྩིས་བཀོད་སྒྲིག་བྱས་པའི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་4,054,556.1ཡིན་པ་དེ་ལོ་གོང་མའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་368,415.6(བསྡུར་གཞི་གཅིག་མཚུངས་བཞིན་བརྩིས་པ། གཤམ་ལ་གཅིག་མཚུངས )མང་བ་ཡོད་པས་14%འཕར་ཡོད་ཅིང་། དེའི་ཁོངས་སུ་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི་203,000དང་། ཀྲུང་དབྱང་གི་ཁ་གསབ་ཡོང་འབབ་སྒོར་ཁྲི་2,802,760.1(ཁྲལ་འབབ་ཕྱིར་སློག་བྱེད་རྒྱུ་སྒོར་ཁྲི་88,495དང་། ལམ་སྲོལ་ཐད་ཁ་གསབ་བྱེད་རྒྱུ་སྒོར་ཁྲི་508,023 ཆ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་1,022,000 མི་རིགས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་110,600 གླ་ཕོགས་བཟོ་སྐྱོར་ཐད་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་188,307 གྲོང་གསེབ་ཀྱི་ཁྲལ་རིན་བསྒྱུར་བཅོས་ཐད་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་15,528 རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའི་གསབ་དངུལ་སྒོར་ཁྲི་16,500 དེ་མིན་གྱི་སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་432,338 ཆེད་སྤྱོད་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་420,969.1བཅས་ཡིན ) ལོ་གོང་མའི་འཕྲོས་སྒྱུར་བྱས་པ་སྒོར་ཁྲི་1,048,796བཅས་ཡིན། 2010ལོའི་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི་203,000(དེའི་ཁོངས་སུ་རིན་ཐང་འཕར་ཁྲལ་དང་། ཁེ་ལས་ཀྱི་འབབ་ཁྲལ། སྒེར་གྱི་འབབ་ཁྲལ་བཅས་ཀྲུང་དབྱང་གིས་གནང་བའི་ཆ་ཚུད་མེད )བཀོད་སྒྲིག་བྱས་པ་དེ་ལོ་གོང་མའི་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་33,800མང་བ་ཡོད་པས་20%འཕར་ཡོད།

        སྤྱིར་བཏང་སྔོན་རྩིས་ཀྱི་ཡོང་འབབ་འཕར་ཤུགས་རྒྱལ་དམངས་དཔལ་འབྱོར་གྱི་འཕར་ཚད་ལས་མཐོ་བ་ཡོད་པས་སྔོན་རྩིས་བཀོད་སྒྲིག་བརྟན་ཞིང་དགེ་མཚན་ལྡན་པའི་སྒོ་ནས་བྱས་ཡོད། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་4,054,556.1བཀོད་སྒྲིག་བྱས་ཡོད། སྤྱིར་བཏང་སྔོན་རྩིས་གཏོང་སྒོ་བཀོད་སྒྲིག་བྱེད་ཕྱོགས་ཐད་གཅིག་གྱུར་འཆར་འགོད་དང་ལྟ་རྟོག་གང་ཐུབ་དང་། གཙོ་གནད་མངོན་ཆེར་འཛིན་པ་བཅས་བྱས་ཡོད།

        2010ལོའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་14,179(གཙོ་བོ་ནི་གཞུང་ཁོངས་ས་ཆའི་སྤྱོད་དབང་ནང་བཤུག་གཏོང་བའི་མ་དངུལ་ཡོང་འབབ་སྒོར་ཁྲི་8,529དང་། རྒྱན་ཤོག་གི་སྤྱི་ཕན་མ་དངུལ་ཡོང་འབབ་སྒོར་ཁྲི་4,950འཛུགས་སྐྲུན་ཐད་སྤྱོད་རྒྱུའི་ས་ཆ་རིན་ཡོད་བེད་སྤྱོད་བྱས་རིན་ཡོང་འབབ་སྒོར་ཁྲི་500གསར་སྣོན་བྱས་པ། ནགས་གསོའི་ཐེབས་རྩའི་ཡོང་འབབ་སྒོར་ཁྲི་200བཅས་ཡིན )བཀོད་སྒྲིག་བྱས་ཡོད་པ། ཐེབས་རྩའི་སྔོན་རྩིས་གཏོང་སྒོ་ཡང་དེ་མཚུངས་བཞིན་སྒོར་ཁྲི་14,179བཀོད་སྒྲིག་བྱས་ཡོད།

        (གསུམ ) 2010ལོའི་ནོར་སྲིད་སྔོན་རྩིས་ཀྱིས་འགན་སྲུང་བྱེད་རྒྱུའི་གཙོ་གནད།

        1.མུ་མཐུད་དེ “ཞིང་གསུམ ”ཐད་གཏོང་ཆ་མང་དུ་ཤུགས་ཆེར་བཏང་སྟེ་གྲོང་གསེབ་གསར་པ་སྐྲུན་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ། ཞིང་སྐྱོར་ཐད་གཏོང་ཆ་སྒོར་ཁྲི་349,289.1བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ (ལོ་འགོའི་སྔོན་རྩིས་བཀོད་སྒྲིག གཤམ་དུ་གཅིག་མཚུངས )ལས་སྒོར་ཁྲི་136,728མང་བ་ཡོད་པས་64.3%འཕར་ཡོད། དེ་ཡང་གཅིག་ནི་ཞིང་ལས་ཐད་ཀྱི་ཁ་གསབ་རོགས་དངུལ་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་29,240བཀོད་སྒྲིག་བྱས་ནས་ཞིང་འབྲོག་མང་ཚོགས་ལ་རྫས་ལུད་དང་། སོན་བཟང་། ཞིང་ལས་འཕྲུལ་ཆས་བཅས་ཉོ་རྒྱུའི་ཁ་གསབ་རོགས་དངུལ་དང་། དེ་བཞིན་འབྲུ་རིགས་འདེབས་མཁན་ཞིང་པ་དང་ཞིང་ལས་ཐོན་སྐྱེད་རྒྱུ་ཆར་ཕྱོགས་བསྡུས་ཐད་གསབ་བྱས་ནས་ཞིང་པའི་ཐོན་སྐྱེད་ཀྱི་ཧུར་སེམས་ཆེ་རུ་གཏོང་རྒྱུ་ཡིན། གཉིས་ནི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་རྒྱུའི་ཐད་ཀྱི་གཏོང་ཆ་མང་དུ་ཤུགས་ཆེ་གཏོང་རྒྱུ་དེ་ཡིན། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་22,939དང་དེང་རབས་ཀྱི་ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་9,500བཀོད་སྒྲིག་བྱེད་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་10,000གསར་སྣོན་བྱས་ཏེ་མ་དངུལ་གྱི་ཁྱོན་འབོར་སྒོར་ཁྲི་60,000ཟིན་པ་བྱས་ནས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན། གསུམ་ནི་ཞིང་འབྲོག་ལས་ཀྱི་ཞབས་ཞུའི་འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དེ་ཡིན། དེ་ཡང་མ་དངུལ་སྒོར་ཁྲི་10,600བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་སྦྱོང་བརྡར་དང་། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་གདལ། ཞིང་ལས་ཐོན་རྫས་བྲིན་སྐུལ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། སྣེ་འདྲེན་ཁེ་ལས་དང་ཤང་གྲོང་ཁེ་ལས་ལ་རོགས་སྐྱོར་བྱེད་པ། གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚུགས་དང་ཞིང་འབྲོག་མང་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུའི་ཐད་ཁ་གསབ་སྤྲོད་པ། ཞིང་འབྲོག་ལས་ཀྱི་ཚན་རྩལ་འདུས་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ། མ་དངུལ་སྒོར་ཁྲི་3,600བཀོད་སྒྲིག་བྱས་ནས་ཞིང་པའི་མཉམ་ལས་དཔལ་འབྱོར་སྒྲིག་འཛུགས་འཛུགས་སྐྱོང་བྱེད་རྒྱུ་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ་བཅས་ཡིན། བཞི་ནི་གཏོང་ཆའི་ལམ་སྲོལ་གསར་གཏོད་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་19,394བཀོད་སྒྲིག་བྱས་ཏེ་ཞིང་འབྲེལ་ཚོང་ལས་འགན་བཅོལ་གྱི་ཚོད་ལྟ་བྱེད་ཁོངས་སྔར་བས་ཆེ་རུ་བཏང་ཐོག་གཙོ་གནད་སྲུང་སྐྱོབ་བྱེད་པའི་བདག་མེད་སྲོག་ཆགས་ཀྱིས་སྤྱི་དམངས་ལ་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོང་གུན་བཟོས་རིགས་ལ་གུན་གསབ་སྤྲོད་རྒྱུ་དང་། ཞིང་ལས་ཐད་ཀྱི་གནམ་གཤིས་སྔོན་དཔྱད་སྔོན་བརྡ་དང་། གནམ་གཤིས་ཀྱི་ཞབས་ཞུ། ཞིང་ལས་ཀྱི་ནད་འབུ་འགོག་བཅོས། ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ། ས་ཞིང་དང་རྩྭ་རར་སྲུང་སྐྱོང་། གྲོང་གསེབ་ཀྱི་མི་ཕྱུགས་ལ་འཐུང་ཆུ་གཙང་མ་སྤྱོད་རྒྱུ་སོགས་ཐད་ཀྱི་གཏོང་ཆ་མང་དུ་བཏང་སྟེ་ཞིང་འབྲོག་ལས་ཀྱི་གནོད་འགོག་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན། ལྔ་ནི་ནགས་ཚལ་གྱི་སྣོད་བཅུད་སྲུང་བཅད་འཛུགས་སྐྱོང་བྱེད་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་98,592བཀོད་སྒྲིག་བྱས་ཏེ་ནགས་ཚལ་གྱི་སྣོད་བཅུད་ནུས་པ་གསོ་བའི་ཁ་གསབ་དང་། ནགས་བཟོ་སྔོ་འགྱུར། ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་རྒྱུ། བྱེ་སྐྱོན་འགོག་བཅོས། རང་བྱུང་ནགས་ཚལ་སྲུང་སྐྱོང་། བདག་མེད་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། དེ་བཞིན་ནགས་ཚལ་ལ་གནོད་པའི་སྐྱེ་དངོས་དང་སྲོག་ཆགས་རིགས་འགོག་ཟོན། ནགས་ཚལ་གྱི་མེ་ཟོན་བཅས་ཀྱི་ལས་གཞི་སྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ནགས་ལས་ཐད་ཀྱི་ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། དྲུག་ནི་ཆུ་བེད་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་20,216བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་ཞིང་ཁའི་ཆུ་བེད་ཆུང་གྲས་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་ཆུ་ཤུགས་གློག་ཁང་ཆུང་གྲས་འཁོར་སྐྱོད་བདག་སྐྱོང་། ཉེན་ཆེའི་ཆུ་མཛོད་ལ་ཆེད་དམིགས་བཅོས་སྐྱོང་། གྲོང་གསེབ་ཀྱི་ཆུ་ལོག་སྔོན་འགོག་དང་། དེ་བཞིན་ས་ཆུ་སྲུང་འཛིན་དང་ཐན་ཞོད་སྔོན་འགོག་བཅས་བྱེད་རྒྱུར་རྒྱབ་སྐྱོར་དང་། རྩྭ་ཐང་ལ་ཆུ་བེད་འདྲེན་གཏོང་བྱེད་རྒྱུའི་ཚོད་ལྟ་ཁྱབ་སྤེལ་བཏང་སྟེ་ཆུ་བེད་འཛུགས་སྐྲུན་གྱི་ཚད་གཞི་དང་དོ་དམ་བདག་སྐྱོང་གི་ཆུ་ཚད་རིམ་པས་མཐོ་རུ་གཏོང་རྒྱུ་ཡིན། བདུན་ནི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་51,254བཀོད་སྒྲིག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཁོད་ལས་གཞི་སྐྲུན་རྒྱུ་དང་མང་ཚོགས་ཀྱི་སྡོད་ཁང་ཡོམ་ཟོན་བརྟན་སྐྱོར་བྱེད་རྒྱུ་ཁྱབ་སྤེལ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ཡིན། བརྒྱད་ནི་ནོར་སྲིད་ཐད་ནས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་23,345དང་མཐའ་དར་དམངས་ཕྱུག་གི་མ་དངུལ་སྒོར་ཁྲི་11,000བཀོད་སྒྲིག་ཐོག་དེ་ཤང་ཧྲིལ་པོར་ཁྱབ་པ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ་ཡིན། དགུ་ནི་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་1,000བཀོད་སྒྲིག་བྱས་ནས་ཁྱིམ་སྤྱོད་གློག་ཆས་དང་ནང་ཆས་གྲོང་གསེབ་ཏུ་གཏོང་རྒྱུའི་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་མུ་མཐུད་ལག་བསྟར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

        2.མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། དམངས་འཚོའི་ཐད་ཀྱི་གཏོང་ཆ་སྒོར་ཁྲི་230,077བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་49,780མང་བ་ཡོད་པས་38.6%འཕར་ཡོད། དེ་ཡང་གཅིག་ནི་སྤྱི་ཚོགས་འགན་བཅོལ་ཐད་ཀྱི་གཏོང་ཆ་མང་དུ་བཏང་སྟེ་སྤྱི་ཚོགས་འགན་བཅོལ་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་སྒོར་ཁྲི་42,392བཀོད་སྒྲིག་བྱས་ནས་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་ཐེབས་རྩ་དུས་ཐོག་དང་གྲངས་ཚང་གིས་སྤྲོད་རྒྱུ་དང་དེ་བཞིན་སྲིད་ཇུས་བཟོ་སྐྱོར་བྱས་པ་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་རྒྱུ་དང་། མ་དངུལ་སྒོར་ཁྲི་42,000བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་གྲོང་བརྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་དང་། གྲོང་ཁྱེར་གྲོང་བརྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། བུ་བཙའི་འགན་བཅོལ། ལས་རྨས་འགན་བཅོལ། གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་བཟོའི་སྨན་གྲོན་ཆེ་རིགས་ཀྱི་ཁ་གསབ་བཅས་ལ་ཚོང་ལས་འགན་བཅོལ་བྱེད་ལམ་ཁྱབ་སྤེལ་ཧུར་ཐག་བཏང་སྟེ་ཚན་པ་ནས་འཇལ་སྤྲོད་དང་ནོར་སྲིད་ཀྱིས་ཁ་གསབ་བྱེད་རྒྱུ་དུས་ཐོག་ཏུ་དོན་སྨིན་ཐུབ་པའི་འགན་ལེན་བྱེད་རྒྱུ། མ་དངུལ་སྒོར་ཁྲི་20,000བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་བྱེད་ལམ་གསར་པ་དེ་རྒྱལ་ཡོངས་དང་མཉམ་དུ་ཚོད་ལྟ་བྱེད་རྒྱུ་དང་སྦྲགས་སྐབས་དང་བསྟུན་ནས་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ་ཡིན། གཉིས་ནི་གྲོང་ཁྱེར་གྲོང་གསེབ་ཀྱི་རོགས་སྐྱོབ་ཐད་ཀྱི་གཏོང་ཆ་མང་དུ་བཏང་སྟེ་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་ཁག་འཐུས་ལེགས་སུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་23,916བཀོད་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་ལྟོ་རྩ་འཕྱིད་པའི་འགན་སྲུང་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་1,100ཡིན་པ་ནས་སྒོར་1,300ལ་སྤོར་རྒྱུ་དང་། གྲོང་ཁྱེར་གྲོང་བརྡལ་གྱི་ལྟོ་རྩ་འཕྱིད་པའི་འགན་སྲུང་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་310ཡིན་པ་ནས་སྒོར་330ལ་སྤར་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་སྲུང་ཏན་ཏིག་བྱེད་རྒྱུ། མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ཏེ་ཁང་གླ་ཁེ་བའི་སྡོད་ཁང་གནས་གཡར་བྱེད་པར་ཁ་གསབ་སྤྲད་ནས་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་བྱེད་རྒྱུ། མ་དངུལ་སྒོར་ཁྲི་14,493བཀོད་སྒྲིག་བྱས་ནས་གྲོང་ཁྱེར་གྲོང་བརྡལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་བཅོས་རོགས་སྐྱོབ་དང་། “རྒན་གྲས་གསུམ ”གྱི་འཚོ་བའི་ཁ་གསབ། འགན་ལེན་ལྔའི་དུད་ཚང་འཚོ་སྐྱོང་བཅས་ཀྱི་ཚད་གཞི་བཟོ་སྐྱོར་བྱེད་རྒྱུ། གཟིགས་སྐྱོང་བྱ་ཡུལ་ལ་འཚོ་བའི་ཁ་གསབ་སྤྲོད་རྒྱུ། དྭ་ཕྲུག་དང་དབང་སྐྱོན་བྱིས་པ། དེ་བཞིན་སྤྲང་འཁྱམས་བཅས་ལ་རོགས་སྐྱོབ་བྱེད་རྒྱུ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ཀྱི་ཉམས་ཐག་རིགས་གྲས་ཀྱི་མ་མཐའི་འཚོ་བའི་མཁོ་དགོས་འགན་སྲུང་བྱེད་རྒྱུ་ཡིན། གསུམ་ནི་གཏོང་ཆ་མང་དུ་བཏང་སྟེ་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་23,000བཀོད་སྒྲིག་བྱས་ཏེ་སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་བྱེད་རྒྱུ་དང་དེ་བཞིན་ལས་ཞུགས་དང་ལས་ཞུགས་བསྐྱར་མ་བྱེད་རྒྱུར་ཁ་གསབ་སྤྲོད་རྒྱུའི་ཐོག་སྤྱད་དེ་ལས་ཞུགས་ཀྱི་དུས་བབ་རྩ་བའི་ཆར་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་རྒྱུ་ཡིན། བཞི་ནི་གཏོང་ཆ་མང་དུ་བཏང་སྟེ་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་དམག་མིར་ལས་ཀ་བཀོད་སྒྲིག་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་44,366བཀོད་སྒྲིག་བྱས་ཏེ་ལས་ཀ་རང་འཚོལ་བྱེད་མཁན་དམག་ཁོངས་ནས་ཕྱིར་ལོག་བྱས་པའི་ལས་བྱེད་པའི་དམག་ལོག་གི་སློག་བྱ་དང་དམག་དཔུང་ནས་ས་གནས་ལ་བཀོད་སྒྲིག་བྱེད་རྒྱུར་རྩིས་སྤྲོད་བྱས་པའི་ལས་བྲལ་རྒན་ཡོལ་ཞུས་པའི་མི་སྣའི་གྲོན་དངུལ་དུས་ཐོག་ཏུ་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱས་ཏེ་དམག་ཁོངས་ནས་ཕྱིར་ལོག་བྱེད་མཁན་གྱི་ལས་ཀ་བཀོད་སྒྲིག་བྱེད་རྒྱུའི་སྲིད་ཇུས་དང་ཐོབ་ཐང་དོན་འཁྱོལ་གང་ལེགས་བྱེད་རྒྱུ་ཡིན། ལྔ་ནི་མ་དངུལ་སྒོར་ཁྲི་1,410བཀོད་སྒྲིག་བྱས་ཏེ་བཟའ་བཅའ་དང་སྨན་རྫས་དང་ཐོན་རྫས་གཞན་དག་གི་སྤུས་ཚད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཐོན་རྫས་ཀྱི་སྤུས་ཚད་ལ་ཞིབ་བཤེར་བྱེད་རྒྱུའི་ལས་དོན་དང་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། དྲུག་ནི་མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ཏེ་ལས་བྱེད་ལས་བཟོ་སྒེར་གྱི་དྲོད་དོད་ཁ་གསབ་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ་དེ་ཡིན།

        3.སྤྱི་ཚོགས་བྱ་གཞག་ཐད་ཀྱི་གཏོང་ཆ་མུ་མཐུད་མང་དུ་བཏང་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་བར་སྐུལ་འདེད་གཏོང་རྒྱུ། སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན་སོགས་སྤྱི་ཚོགས་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་544,493བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་94,308མང་བ་ཡོད་པས་21%འཕར་ཡོད། དེ་ཡང་གཅིག་ནི་སློབ་གསོའི་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། སློབ་གསོའི་བྱ་གཞག་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་ཁྲི་388,876བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་56,156མང་བ་ཡོད་པས་16.9%འཕར་ཡོད། དགེ་སློབ་ཀྱི་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ་དང་། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་ཙག་ཙིག་དང་ཞག་སྡོད་གྲོན་དངུལ་རྩ་ཆག་གཏོང་རྒྱུ་དང་དགེ་འོས་དང་དེ་བཞིན་ཞིང་ལས་དང་། འབྲོག་ལས། ནགས་ལས། ཆུ་བེད། ས་གཤིས་གཏེར་ལས་སོགས་ཆེད་ལས་ཀྱི་སློབ་མར་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུ། ལས་རིགས་སློབ་གསོ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་དང་ཉལ་ཁང་ཉམས་གསོ་དང་བཟོ་བཅོས་བྱས་ནས་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། ཕྱོགས་ཡོངས་ནས་སློབ་ཞུགས་རོགས་དངུལ་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་ཞུགས་རོགས་སྐྱོར་གྱི་སྐྱེད་སྦྱར་དངུལ་བུན་སོགས་སྲིད་ཇུས་ཁག་དོན་འཁྱོལ་བྱེད་རྒྱུ་བཅས་ཡིན། གཉིས་ནི་ཚན་རྩལ་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། ཚན་རྩལ་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་13,300བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་2,500མང་བ་ཡོད་པས་23.1%འཕར་ཡོད། དེའང་གོ་ཆོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་རྒྱུ་དང་། ཞིང་འབྲོག་ཚན་རྩལ་ཆེད་ལས་མངགས་གཏོང་པར་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་རྒྱུ་སོགས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ་ཚན་རྩལ་ཞིབ་འཇུག་གི་འབྲས་བུ་རྣམས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་ཐུབ་པ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། གསུམ་ནི་རིག་གནས་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་11,881བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་1,744མང་བ་ཡོད་པས་17.2%འཕར་ཡོད། དེ་དག་གཙོ་བོ་རིག་གནས་ཐོན་ལས་དང་གཙོ་རྒྱུན་རིག་གནས་གསར་རྩོམ་བྱེད་རྒྱུ་དང་། བོད་སྐད་ཡིག་ཁྱབ་གདལ་གཏོང་རྒྱུ། རྫོང་དང་ཤང་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་སྒྲིག་ཆས་ཉོ་སྒྲུབ་བྱེད་རྒྱུ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི་སྐྲུན་རྒྱུ། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་རྒྱུ། ཞིང་པའི་དཔེ་དེབ་ཁང་རྒྱག་རྒྱུ། དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་བྱེད་ཐེངས་ལ་ཁ་གསབ་སྤྲོད་རྒྱུ། རིག་གནས་གསར་རྩོམ་ལ་བྱ་དགའ་སྤྲོད་རྒྱུ། འཛམ་གླིང་དངོས་རིགས་འགྲེམས་ཚོགས་ལ་ཞུགས་རྒྱུ་སོགས་ཀྱི་ཐད་བཏང་ནས་རིག་གནས་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་སྤེལ་དང་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན། བཞི་ནི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ་སྨན་བཅོས་འཕྲོད་བསྟེན་གྱི་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་78,996བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་19,272མང་བ་ཡོད་པས་32.3%འཕར་ཡོད། དེ་དག་གཙོ་བོ་གཞི་རིམ་གྱི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་དང་བོད་ལུགས་གསོ་རིག་སྨན་ལས་གོང་འཕེལ་གཏོང་རྒྱུ་དང་། ཡུལ་ནད་དང་འགོས་ནད་འགོག་བཅོས་བྱེད་རྒྱུ། སྦྲུམ་མ་དང་ཕྲུ་གུ་ཤི་ཚད་ཉུང་གཏོང་དང་ཕྲུ་གུ་དམར་འབྱར་གྱི་འཛུམ་བུ་ལྟག་དགྱེ་མེད་པ་བཟོ་རྒྱུ། དེ་བཞིན་འཆར་ལྡན་རིམས་འགོག་བྱེད་རྒྱུ། ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་མི་སྣར་སྦྱོང་བརྡར་སྤྲོས་རྒྱུ། ཏེན་ཚྭའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། ཆམ་རིམས་ཀ་པ་འགོག་བཅོས་བྱེད་རྒྱུ། འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་བྱ་དགའ་སྤྲོད་རྒྱུ་སོགས་ཀྱི་ཐད་གཏོང་རྒྱུ་དང་། གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་ཚད་གཞི་སྔར་བས་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ཁ་གསབ་ཚད་གཞི་དེ་སྒོར་140ཡིན་པ་ནས་སྒོར་180ལ་སྤོར་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་བརྟན་གནས་ཐུབ་པ་བྱེད་རྒྱུ་བཅས་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་གྲོང་མིའི་གཞི་རྩའི་སྤྱི་པའི་སྨན་བཅོས་ཞབས་ཞུའི་ཧེ་བག་རིམ་པས་ཆུང་དུ་གཏོང་རྒྱུ་ཡིན། ལྔ་ནི་རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་དང་ཆ་འཕྲིན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་མཁོ་དགོས་འགན་ལེན་བྱེད་རྒྱུ་དེ་ཡིན། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་དང་ཆ་འཕྲིན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་18,460བཀོད་སྒྲིག་བྱས་ཡོད་པ་དེ་གཙོ་བོ་རླུང་འཕྲིན་བཪྙན་འཕྲིན་གྱི་སྒྲིག་ཆས་ཆ་རྐྱེན་དང་ལེ་ཚན་གྱི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དང་། གྲངས་འཛིན་བཪྙན་འཕྲིན་ཁྱབ་གདལ་གཏོང་རྒྱུ། གྲོང་གསེབ་ཏུ་གྲངས་འཛིན་ཅན་གྱི་གློག་བཪྙན་སྟོན་རྒྱུའི་ལས་གཞི་སྤེལ་རྒྱུ། ས་གནས་ཀྱིས་ཀྲུང་དབྱང་གི་རླུང་འཕྲིན་བཪྙན་འཕྲིན་ལེ་ཚན་བརྒྱུད་གཏོང་བྱེད་པའི་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ། བོད་ཤིན་ལས་གཞི་སྲུང་སྐྱོང་བྱེད་རྒྱུ། ཁ་པར་གྲོང་ཚོ་ཀུན་ལ་འཁྲིད་རྒྱུར་ཁ་གསབ་སྤྲོད་རྒྱུ། ཤང་ཚང་མར་འོད་ཆུན་འཁྲིད་རྒྱུའི་ལས་གཞིར་ཁ་གསབ་སྤྲོད་རྒྱུ་སོགས་ཀྱི་ཐད་བཏང་ནས་སྤྱི་པའི་རིག་གནས་ཐོན་རྫས་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན། དྲུག་ནི་མ་དངུལ་སྒོར་ཁྲི་5,450བཀོད་སྒྲིག་བྱས་ཏེ་གསར་བརྗེའི་ལོ་རྒྱུས་ཤུལ་བཞག་དང་རིག་དངོས་ཉམས་གསོ་བྱེད་པ་དང་། ས་གནས་ཀྱི་ཡིག་ཚགས་མྱུར་སྐྱོབ་བྱས་ཐོག་གསར་བརྗེའི་ལོ་རྒྱུས་རིག་དངོས་སྲུང་སྐྱོབ་བྱེད་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་ཀྱི་རིག་གནས་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུཡིན། བདུན་ནི་མ་དངུལ་སྒོར་ཁྲི་27,530བཀོད་སྒྲིག་བྱས་ཏེ་ཁྲིམས་ལུགས་དྲིལ་བསྒྲགས་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། དེ་བཞིན་ཕྱི་དོན་དང་ཕྱི་ཕྱོགས་དྲིལ་བསྒྲགས་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ “ལོ་ལྔ་ཚན་བཅུ་གཉིས་པའི ”གཙོ་ཆེའི་དཔྱོད་དོན་ཞིབ་འཇུག་དང་རྣམ་གྲངས་འཆར་འགོད་བྱེད་རྒྱུ་དང་། ལྗོངས་ཡོངས་ཀྱི་ཐེངས་གཉིས་པའི་ས་ཆ་ཞིབ་བཤེར་དང་སྒྲིག་གཞི་བསྒྱུར་བཅོས་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། དེ་མིན་སྤྱི་ཚོགས་ཀྱི་བྱ་གཞག་ཁག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

        4.སྤྱི་པའི་བདེ་འཇགས་ཐད་གཏོང་ཆ་མང་དུ་ཤུགས་ཆེ་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ། གཅིག་ནི་ཁྲིམས་འཛིན་གྱི་འགན་སྲུང་ལམ་སྲོལ་བསྒྱུར་བཅོས་བྱེད་རྒྱུའི་ཆེད་སྤྱོད་འགྲོ་གྲོན་འགན་སྲུང་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཁྲིམས་སྡེ་ཚན་རྒྱུན་ལྡན་འཁོར་སྐྱོད་བྱེད་རྒྱུའི་སྤྱི་པའི་འགྲོ་གྲོན་དང་གྱོད་སྒྲུབ་ལས་སྒོའི་འགྲོ་གྲོན་གྲངས་ཚང་དོན་འཁྱོལ་བྱེད་རྒྱུ་དེ་ཡིན། གཉིས་ནི་བརྟན་ལྷིང་སྲུང་སྐྱོང་གི་གཏོང་སྒོའི་འགན་ལེན་བྱེད་རྒྱུ་ཡིན་ཞིང་། ཁྲིམས་སྒྱུར་སྡེ་ཚན་དང་། མི་རིགས་དང་ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན། མཚོ་བོད་ལྕགས་ལམ་གྱི་ལམ་སྐྱོང་། དུས་བདེའི་བོད་ལྗོངས་སྐྲུན་རྒྱུ། མཐའ་མཚམས་ཀྱི་བདེ་སྲུང་མཉམ་འགོག ཡུལ་དམག་ལ་སྦྱོང་བརྡར་སྤྲོས་རྒྱུ་སོགས་ཀྱི་ཐད་ཆེད་དམིགས་ཁ་གསབ་སྤྲོད་རྒྱུ་དང་། མི་དཔུང་ཁྱུ་སྒྲིག་གི་དོན་རྐྱེན་སྣ་ཚོགས་སྔོན་འགོག་དང་ཐག་གཅོད་འོས་འཚམ་བྱེད་རྒྱུ་དེ་ཡིན། གསུམ་ནི་རང་སྐྱོང་ལྗོངས་ཀྱིས་བསྡུ་འཇུག་བྱས་པའི “བདེ་སྲུང་ཉེན་རྟོག་ལས་རོགས་པའི ”འབྲེལ་ཡོད་ཀྱི་གཏོང་སྒོའི་ཐད་སྤྱད་དེ་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན།

        5.ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་གཏོང་ཆ་མང་དུ་ཤུགས་ཆེ་བཏང་ནས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་གོང་འཕེལ་གཏོང་སྟངས་བརྗེ་སྒྱུར་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ། ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་23,750བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་12,150མང་བ་ཡོད་པས་104.7%འཕར་ཡོད། དེ་ཡང་གཅིག་ནི་ཁེ་ལས་བསྒྱུར་བཅོས་དང་གོང་འཕེལ་གཏོང་རྒྱུའི་མ་དངུལ་སྒོར་ཁྲི་50,000དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་མ་དངུལ་སྒོར་ཁྲི་13,000གསར་སྣོན་བཀོད་སྒྲིག་བྱས་ཏེ་གཙོ་གནད་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་དང་བྱེད་པ། རྐང་འཛིན་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་དང་སྐུལ་མ་གཏོང་བ། ས་གནས་དང་རྫོང་གི་འབབ་ཁུངས་བཟོ་བའི་རྣམ་གྲངས་ལ་སྐྱེད་སྦྱར་བྱེད་པ་བཅས་བྱས་ནས་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་མི་རིགས་ལག་ཤེས་བཟོ་ལས་གོང་འཕེལ་གཏོང་རྒྱུ་དེ་ཡིན། གཉིས་ནི་མ་དངུལ་སྒོར་ཁྲི་6,150བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་གོང་འཕེལ་དང་ཡུལ་སྐོར་བྲིན་སྐུལ་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། རིན་པ་མི་དགོས་པར་སྒོ་ཕྱེ་བའི་རྟེན་རྫས་ཁང་དང་དྲན་གསོ་ཁང་ལ་ཁ་གསབ་སྤྲད་དེ་གཙོ་རྟེན་ཐོན་ལས་ཡིན་པའི་ཡུལ་སྐོར་དེ་ཉིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་ཀྱི་ལས་ཞུགས་དང་། འཛད་སྤྱོད་ཁྲོམ་ར་གོང་འཕེལ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གསུམ་ནི་དངུལ་རྩའི་ཁྲིད་སྟོན་དང་སྐུལ་ལྕག་མ་དངུལ་སྒོར་ཁྲི་1,000བཀོད་སྒྲིག་བྱེད་པ་དང་། ཁེ་ལས་འབྲིང་ཆུང་གི་དངུལ་བུན་ཉེན་ཟོན་གུན་གསབ་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1,000གསར་སྣོན་བཀོད་སྒྲིག་བྱས་ཏེ་དངུལ་རྩའི་ལས་ཁུངས་དང་ཁག་ཐེག་ལས་ཁུངས་ཀྱི་ཉེན་ཟོན་གུན་གསབ་ཐད་སྤྱད་ཐོག་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་རྒྱུག་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན། བཞི་ནི་གཏེར་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་2,600བཀོད་སྒྲིག་བྱས་ཏེ་ཁྱད་ལྡན་གཏེར་ལས་ཐོན་ཁུངས་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན།

        6.རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་གཏོང་ཆ་མུ་མཐུད་མང་དུ་བཏང་སྟེ་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཏོང་ཆ་སྒོར་ཁྲི་144,000བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གང་མ་ལས་སྒོར་ཁྲི་7,300མང་བ་ཡོད་པས་5.3%འཕར་ཡོད། དེ་ཡང་གཅིག་ནི་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ནང་རྨང་གཞིའི་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི་60,000བཀོད་སྒྲིག་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་དང་སྔོན་གྲབས་ལས་ཀར་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། གཉིས་ནི་ཁང་གླ་ཁེ་བའི་སྡོད་ཁང་དང་ལས་ཤག་སྐྲུན་རྒྱུའི་ཐད་མ་དངུལ་སྒོར་ཁྲི་60,000བཀོད་སྒྲིག་བྱས་ཏེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྐྲུན་ཚད་མགྱོགས་སུ་གཏོང་རྒྱུ་དེ་ཡིན། གསུམ་ནི་མ་དངུལ་སྒོར་ཁྲི་20,000བཀོད་སྒྲིག་བྱས་ཏེ་རྫོང་དང་ཤང་གི་གཞུང་ལམ་དང་གྲོང་ཚོའི་འགྲོ་ལམ་ལ་བདག་སྐྱོང་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ཡིན། བཞི་ནི་མ་དངུལ་སྒོར་ཁྲི་4,000བཀོད་སྒྲིག་བྱས་ཏེ་སྐྱེལ་འདྲེན་འབབ་ཚུགས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན།

        7.ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་ཐད་གཏོང་ཆ་མུ་མཐུད་མང་དུ་བཏང་སྟེ་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་58,132བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་23,132མང་བ་ཡོད་པས་66.1%འཕར་ཡོད། དེ་ཡང་གཅིག་ནི་མ་དངུལ་སྒོར་ཁྲི་26,000བཀོད་སྒྲིག་བྱས་ནས་བྱ་དགའ་སྤྲད་དེ་བཅོས་སྐྱོང་ལ་སྐུལ་ལྕག་དང་རོགས་དངུལ་བྱ་དགར་བསྒྱུར་ནས་གྲོང་ཚོ་བཀོད་གཙང་བཟོ་བའི་བྱེད་སྒོ་སྤེལ་རྒྱུ་དེ་ཡིན། གཉིས་ནི་མ་དངུལ་སྒོར་ཁྲི་9,732བཀོད་སྒྲིག་བྱས་ཏེ་གཙོ་བོ་ཁོར་ཡུག་སྲུང་སྐྱོང་དང་། གཅིག་སྡུད་ཀྱི་འཐུང་ཆུའི་ཆུ་རྩ་སྲུང་སྐྱོང་། གཤེར་ས་སྲུང་སྐྱོང་། ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་སོགས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཐད་སྤྱད་དེ་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ལྟ་དཔྱད་དང་ལྟ་འདོམས་བྱེད་ནུས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། གསུམ་ནི་མ་དངུལ་སྒོར་ཁྲི་22,400བཀོད་སྒྲིག་བྱས་ཏེ་གཙོ་བོ་གཙོ་གནད་ཁུལ་ཁོངས་ཀྱི་ནགས་བཟོ་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་བྱེད་རྒྱུར་བྱ་དགའ་སྤྲོད་རྒྱུ་དང་གྲོང་གསེབ་ཀྱི་ཁྱིམ་སྤྱོད་རྫབ་རླངས་རྒྱག་རྒྱུ་སོགས་ཀྱི་ཐད་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་དང་ནུས་རྒྱུའི་རྒྱུ་ཚབ་བཟོ་འདོན་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན།

        8.འཕྲལ་རྐྱེན་སེལ་དམིགས་ཀྱི་ནོར་སྲིད་གཏོང་ཆ་མུ་མཐུད་འགན་སྲུང་བྱས་ནས་གློ་བུར་དུ་ཐོན་པའི་གནས་ཚུལ་རིགས་ལ་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། འཕྲལ་རྐྱེན་སེལ་དམིགས་འགན་སྲུང་བྱེད་རྒྱུའི་གཏོང་ཆ་སྒོར་ཁྲི་68,101བཀོད་སྒྲིག་བྱས་ཡོད། དེ་ཡང་གཅིག་ནི་རང་སྐྱོང་ལྗོངས་རིམ་པའི་གྲ་སྒྲིག་གྲོན་དངུལ་སྒོར་ཁྲི་50,000བཀོད་སྒྲིག་བྱས་ཏེ་ལོ་དེ་གའི་སྔོན་རྩིས་དོན་འཁྱོལ་བྱེད་པའི་ནང་སྔོན་དཔག་བྱེད་དཀའ་བའི་དམིགས་བསལ་གཏོང་སྒོའི་ཐད་སྤྱོད་རྒྱུ་དེ་ཡིན། གཉིས་ནི་མ་དངུལ་སྒོར་ཁྲི་2,000བཀོད་སྒྲིག་བྱས་ཏེ་གློ་བུར་དུ་ཐོན་པའི་རང་བྱུང་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱས་ཏེ་འཕྲལ་མྱུར་རོགས་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན། གསུམ་ནི་མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ཏེ་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་མ་ལག་འཆར་འགོད་དང་ཉེན་ཟོན་སྔོན་བརྡ། དེ་བཞིན་བཅོས་སྒྲིག་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན། བཞི་ནི་མ་དངུལ་སྒོར་ཁྲི་10,101བཀོད་སྒྲིག་བྱས་ཏེ་འབྲུ་རིགས་དང། ཞོར་ཟས། བཟའ་སྣུམ། དེ་བཞིན་སོལ་རླངས་སོགས་དངོས་ཟོག་གྲབས་གསོག་བྱས་ཏེ་ཐོན་བཟོ་ཡོད་པའི་ཉེན་ཁ་སེལ་རྒྱུ་དེ་ཡིན། ལྔ་ནི་མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ནས་ས་སྣུམ་སྤྱད་དེ་གློག་གཏོང་བར་ཁ་གསབ་སྤྲད་ནས་གློག་ཤུགས་མི་འདེང་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཡིན།

        9.འབྱོར་སྟོབས་གཞི་རིམ་ལ་འཁྱོག་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་སྲིད་གཞུང་གི་ནོར་སྲིད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ། གཞི་རིམ་གྱི་འབྱོར་སྟོབས་ལ་ཁ་གསབ་གཏོང་སྒོ་སྒོར་ཁྲི་490,593བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་94,619མང་བ་ཡོད་པས་23.9%འཕར་ཡོད། དེ་ཡང་གཅིག་ནི་གཤམ་འོག་ལ་ཆ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱུ་སྒོར་ཁྲི་414,344བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་82,920མང་བ་ཡོད་ཅིང་། 25%འཕར་ཡོད་པས་གཞི་རིམ་སྲིད་གཞུང་ལ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གཉིས་ནི་མཐའ་མཚམས་ས་ཁུལ་ལ་ཆེད་དམིགས་ཁ་གསབ་སྒོར་ཁྲི་23,000དང་མཐའ་མཚམས་ཀྱི་འགག་སྒོའི་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་3,000བཀོད་སྒྲིག་བྱས་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་7,450མང་བ་ཡོད་ཅིང་། 40.2%འཕར་ཡོད་པས་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཇེ་མགྱོགས་སུ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བྱ་གཞག་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། གསུམ་ནི་མ་དངུལ་སྒོར་ཁྲི་35,249བཀོད་སྒྲིག་བྱས་ཏེ་གཙོ་བོ་གཞི་རིམ་སྲིད་དབང་དང་། ཏང་ཡོན། ལས་བྱེད་དཔུང་ཁག་བཅས་འཛུགས་སྐྱོང་དང་དེ་བཞིན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཁ་གསབ་སྤྲོད་རྒྱུ་དང་། གྲོང་གསེབ་ཀྱི་སྨན་པ་དང་གྲོང་ཚོ་རིམ་པའི་རིམས་འགོག་ལས་བྱར་ལས་གནས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་ལམ་འཛུགས་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་སྡེ་ཁུལ་འཛུགས་སྐྲུན་དང་དེ་བཞིན་གྲོང་ཚོ་ཨུ་ལྷན་དང་གྲོང་མི་ཨུ་ལྷན་གྱིས་དཔལ་འབྱོར་སྡེ་གཞི་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་གཞི་རིམ་རྩ་འཛུགས་ལེགས་སྐྱོང་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་དེ་ཡིན། བཞི་ནི་ས་གནས (གྲོང་ཁྱེར )དང་རྫོང་ལ་ཆེད་སྤྱོད་ལྕག་སྐུལ་མ་དངུལ་སྒོར་ཁྲི་15,000བཀོད་སྒྲིག་བྱས་ནས་གཞི་རིམ་སྲིད་གཞུང་གིས་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ཏེ་དཔལ་འབྱོར་འཕར་སྣོན་ཡོང་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དང་ནོར་སྲིད་ཀྱི་འབབ་བཟོའི་ནུས་པ་ཆེ་རུ་གཏོང་བར་སྐུལ་མ་གཏོང་རྒྱུ་དེ་ཡིན།

        གསུམ། འབད་འབུངས་ཡར་བརྩོན་དང་ལས་ཀ་ཏན་ཏིག་བྱས་ནས་2010ལོའི་ནོར་སྲིད་སྔོན་རྩིས་ཀྱི་ལས་འགན་ཁག་ཡོངས་སུ་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ།

        2010ལོར་ང་ཚོས་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བས་མཛུབ་ཁྲིད་བྱས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། དགེ་ཚན་ལྡན་པའི་ནོར་སྲིད་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱིས་དཔལ་འབྱོར་བརྟན་པོའི་ངང་ནས་གོང་འཕེལ་མྱུར་ཙམ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་དཔལ་འབྱོར་འཕར་སྣོན་འགྲོ་བའི་སྤུས་ཚད་དང་ནུས་པ་ཆེ་རུ་གཏོང་དགོས་པ་དང་། འབབ་འཕར་གཏོང་མཁས་བྱེད་རྒྱུ་དམ་འཛིན་ནན་པོ་བྱས་ཐོག་ནོར་ཁྲལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ནོར་སྲིད་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡིད་ཆེས་ཆེན་པོ་དང་འབད་འབུངས་ཡར་བརྩོན་གྱིས་2010ལོའི་ནོར་སྲིད་སྔོན་རྩིས་གཏོང་ཡོང་གི་ལས་འགན་ཡོངས་སུ་ལེགས་གྲུབ་ཐུབ་པ་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་འདིང་རྒྱུ་ཡིན།

        (གཅིག ) འབབ་ཁུངས་ཁྲལ་གཞི་བརྟན་དུ་བཏང་སྟེ་ནོར་སྲིད་ཀྱི་བསྡུ་ལེན་ནུས་པ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

        གཞི་ཆེའི་དཔལ་འབྱོར་གོང་འཕེལ་འགྲོ་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་དགེ་ཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཐོག་ནོར་སྲིད་ཀྱི་གཞི་ཆེའི་སྟངས་འཛིན་བྱེད་རྒྱུར་ཤུགས་སྣོན་དང་ལེགས་བཅོས་ཟམ་མི་ཆད་པ་བྱས་ནས་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དཔལ་འབྱོར་འཕར་སྣོན་འགྲོ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ཐོག་ནོར་སྲིད་དཔལ་འབྱོར་གྱི་འབབ་ཁུངས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། ཁྱད་ལྡན་དང་དགེ་མཚན་ལྡན་པའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་འབབ་ཁུངས་བཟོ་བ་དང་ཁྲལ་གཞི་རྒྱ་ཆེར་གཏོང་རྒྱུ། དཔྱ་ཁྲལ་བསྡུ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲལ་འབབ་བར་ཐིམ་མི་འགྲོ་བ་དང་དཔྱ་ཁྲལ་རྣམ་པའི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ཏེ་དཔྱ་ཁྲལ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པའི་འགན་ལེན་བྱེད་རྒྱུ། “དཔྱ་ཁྲལ་ཡོ་བཅོས་དང་གླ་རིན་གཙང་སེལ ”གྱི་རྩ་དོན་ལྟར་དཔྱ་ཁྲལ་མིན་པའི་ཡོང་འབབ་ཀྱི་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་དཔྱ་ཁྲལ་མིན་པའི་ཡོང་འབབ་རིགས་ལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྲིད་གཞུང་གི་འབྱོར་སྟོབས་འབབ་ཁུངས་ཀྱི་ཆ་ཚང་རང་བཞིན་དང་གཅིག་གྱུར་རང་བཞིན་སྲུང་སྐྱོང་བྱེད་རྒྱུ། ཕྱོགས་མཚུངས་ཀྲུང་དབྱང་ནོར་སྲིད་ལ་སྙན་ཞུ་བྱེད་པ་དང་། ཕན་ཚུན་གནས་ཚུལ་སྤེལ་རེས་མཐུན་སྦྱོར་བྱེད་རྒྱུའི་ལས་དོན་རང་འགུལ་ངང་ཡག་པོ་བསྒྲུབས་ཐོག་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་དེ་བས་ཆེ་བ་ཐོབ་པའི་བརྩོན་ལེན་ཧུར་ཐག་བྱས་ཏེ་འབྱོར་སྟོབས་ཆེ་རུ་ཟམ་མི་ཆད་པར་གཏོང་རྒྱུ་བཅས་ཡིན།

        (གཉིས ) གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་གྱིས་གཙོ་གནད་གཏོང་སྒོ་འགན་སྲུང་ནུས་ལྡན་བྱེད་རྒྱུ།

        མི་དང་། མོ་ཊ། ཚོགས་འདུ། ཁ་པར་སོགས་ཐད་ཀྱི་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་ཚོད་འཛིན་ནན་པོ་བྱས་ནས་རྒྱས་སྤྲོས་ཆུད་ཟོས་ཀྱི་སྣང་ཚུལ་རིགས་གཏན་འགོག་བྱེད་རྒྱུ་དང་། “གསོག་འབོར་ལེགས་སྒྲིག་དང་འཕར་འབོར་ལེགས་སྒྱུར ”གྱི་རྩ་དོན་ལྟར་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བཟང་སྒྱུར་བྱས་ཏེ “ཞིང་གསུམ ”དང་། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། འགན་སྲུང་རང་བཞིན་གྱི་བདེ་འཁོད་ལས་གཞི། གྲོང་ཚོ་བཀོད་གཙང་བཟོ་རྒྱུ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང། བརྟན་ལྷིང་སྲུང་སྐྱོང་སོགས་བྱེད་རྒྱུའི་ཐད་ཀྱི་གཏོང་ཆ་མང་དུ་ཤུགས་ཆེ་གཏོང་རྒྱུ་དང་གྲོང་མིའི་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་རྒྱུ། རྣམ་གྲངས་ཀྱི་གཏོང་སྒོར་ཚོད་སྐོར་དང་རིགས་སྒྲུབ་ཁུངས་སྐྱེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཐོན་ཁུངས་སྒྲིལ་སྤྱོད་ཀྱིས་བསྐྱར་ཟློས་འཛུགས་སྐྲུན་བྱེད་པ་དང་གྱོང་གུན་དང་འཕྲོ་བརླག་གཏོང་རིགས་བཀག་འགོག་བྱེད་རྒྱུ། སྔོན་རྩིས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་རྩིས་དོན་འཁྱོལ་ཐུབ་ཚད་ཆེ་རུ་གཏོང་རྒྱུ་བཅས་ཡིན།

        (གསུམ ) ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ནོར་སྲིད་ཀྱི་མ་དངུལ་སྤྱོད་འབྲས་ཆེ་རུ་གཏོང་རྒྱུ།

        ནོར་སྲིད་ཀྱི་མ་དངུལ་དང་ནོར་སྲིད་འདུ་འགོད་ཧྲིལ་པོར་ཁེབས་པའི་ལྟ་སྐུལ་ལམ་སྲོལ་བཙུགས་ཏེ་ནོར་སྲིད་ཀྱི་མ་དངུལ་སྐྱོན་བྲལ་དང་། གཏན་འབེབས་དང་མཐུན་པ། ཆོད་ཆེ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་ལྟ་འདོམས་འགན་ནུས་ཚབ་སྒྲུབ་ཡག་པོ་བྱས་ཏེ་ཀྲུང་དབྱང་གི་བོད་སྡོད་སྔོན་རྩིས་ཚན་པའི་མ་དངུལ་ལ་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ་དང་། གཞི་རིམ་ནོར་སྲིད་ཀྱི་རང་ས་དང་ཉེ་སར་ལྟ་འདོམས་བྱེད་པའི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་ནོར་སྲིད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྩིས་པར་དོ་དམ་དང་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནོར་སྲིད་དང་ནོར་དོན་ལ་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་ཕན་འབྲས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་ཀྱི་གཏོང་སྒོ་གཙོ་བོར་བཟུང་ནས་ནོར་སྲིད་གཏོང་སྒོའི་ཕན་འབྲས་ལ་ཚོད་སྐོར་བྱེད་རྒྱུའི་མ་ལག་ཚན་རིག་དང་མཐུན་པའི་གཏན་འཁེལ་བྱས་ཐོག རྣམ་གྲངས་ལ་ཕན་འབྲས་ཇི་ཐོན་མཇུག་འདེད་འདྲི་རྩད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕན་འབྲས་ལྡན་པའི་ནོར་སྲིད་ལེགས་སྐྱོང་བྱེད་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་རྒྱུ་དང་། ལྷག་པར་དུ་རྫོང་རིམ་པའི་ནོར་སྲིད་དོ་དམ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ཤང་དང་གྲོང་ཚོའི་ནོར་དོན་དོ་དམ་ཚད་ལྡན་བཟོ་བ་དང་དེར་ཤུགས་སྣོན་རྒྱག་པ། ཤང་དང་གྲོང་རྡལ་གྱི་ནོར་དོན་དོ་དམ་བྱེད་རྒྱུ་དེ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་གྱི་ལམ་དུ་འཇུག་པ་བཅས་ཤང་དང་གྲོང་རྡལ་གྱི་ནོར་དོན་ཡོངས་བསྒྲགས་ལམ་ལུགས་ཁྱབ་སྤེལ་ཤུགས་ཆེ་བཏང་ཐོག་ཤང་དང་གྲོང་རྡལ་གྱི་དམངས་གཙོས་ནོར་སྐྱོང་བྱེད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་རྒྱ་ཁྱབ་བྱེད་དགོས། གྲོང་ཚོ་རིམ་པའི་ནོར་དོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས “གྲོང་ཚོའི་རྩིས་ཁྲ་ཤང་གིས་དོ་དམ་བྱེད་རྒྱུ ”ཁྱབ་སྤེལ་ཧུར་ཐག་བཏང་སྟེ་གྲོང་ཚོ་རིམ་པའི་ནོར་དོན་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གཞུང་ཁོངས་རྒྱུ་ནོར་གཙང་བཤེར་དང་རྩིས་པས་ཞིབ་རྩིས་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཤང་དང་གྲོང་རྡལ་གྱི་གཞུང་ཁོངས་རྒྱུ་ནོར་ཐོ་འགོད་དང་ཞིབ་གསལ་རེའུ་མིག་བཟོ་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག་རྒྱུ་ནོར་དངོས་ལ་དོ་དམ་དང་རིན་ཐང་གི་དོ་དམ་གཉིས་གཅིག་གྱུར་ཡོང་བ་བྱས་ནས་གཞུང་ཁོངས་རྒྱུ་ནོར་ཐོར་བརླག་མི་འགྲོ་བ་བྱེད་དགོས།

        (བཞི ) བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ནོར་སྲིད་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ།

        སྡེ་ཚན་གྱི་སྔོན་རྩིས་བཟོ་རྒྱུ་དང་། རྒྱལ་མཛོད་ནས་གཅིག་སྡུད་བསྡུ་སྤྲོད་བྱེད་རྒྱུ་སོགས་ནོར་སྲིད་ཀྱི་བསྒྱུར་བཅོས་ཁག་མུ་མཐུད་ཁྱབ་སྤེལ་གཏིང་ཟབ་བཏང་སྟེ་སྔོན་རྩིས་བཟོ་འགོད་བྱེད་རྒྱུ་དེ་སྔོན་རྩིས་དོན་འཁྱོལ་དང་། སྔོན་རྩིས་ལ་ལྟ་སྐུལ་བྱེད་རྒྱུ་དང་ཕན་ཚུན་ཆ་མཚུངས་བཟོ་བ་དང་། སྦྲེལ་མཐུད་དམ་ཟབ་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་ཡིན། གཞན་ཡང “གནད་ལ་འཕིགས་པ་དང་། ཞིབ་ཚགས་པ། གཏིང་ཟབ་པ ”བཅས་ཀྱི་བླང་བྱ་གཞིར་བཟུང་ཚན་རྩལ་གྱི་བྱ་ཐབས་སྤྱད་དེ་ནོར་སྲིད་འདུ་འགོད་ཀྱི་ལས་རིམ་སྔར་བས་ཚད་ལྡན་བཟོས་ཐོག་ལས་གནས་ཀྱི་འཁྲི་འགན་མ་ལག་འཐུས་ཚང་བཟོ་བ་དང་། ལས་རྗེས་ལ་ཞིབ་དཔྱད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ལམ་ལུགས་ཚགས་ཚུད་དུ་གཏོང་བ་བཅས་བྱས་ཏེ་ནོར་སྲིད་ཚན་རིག་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཐོག་རགས་ལས་རྣམ་པའི་དོ་དམ་ནས་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་ཕྱོགས་སུ་འགྱུར་རྒྱུའི་འབད་བརྩོན་བྱས་ཏེ་ནོར་སྲིད་དོ་དམ་གྱི་སྤུས་ཚད་ལེགས་སུ་གཏོང་རྒྱུ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་རྒྱུ་ཡིན།

        འཐུས་མི་རྣམ་པ། 2010ལོའི་ནོར་སྲིད་གཏོང་ཡོང་གི་སྔོན་རྩིས་དང་ནོར་སྲིད་ལས་དོན་ཁག་ལེགས་སྒྲུབ་བྱེད་རྒྱུའི་ལས་འགན་དཀའ་ཚེགས་ཆེ་ལ་ལས་སྐལ་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག་ཡིད་ཆེས་བརྟན་པོ་དང་། མཐུན་སྒྲིལ་རོགས་རེས། ལམ་བཤངས་ཡར་བརྩོན། ལས་དོན་ཏན་ཏིག་བཅས་བྱས་ཏེ “ལོ་ལྔ་ཚན་བཅུ་གཅིག་པའི ”འཆར་འགོད་ནང་གཏན་འཁེལ་བྱས་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་ཡོངས་སུ་ལེགས་སྒྲུབ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྔར་ལས་ཡག་པ་དང་། སྔར་ལས་མགྱོགས་པ། སྔར་ལས་ཆེ་བ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན།

        (རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང )

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།