དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        2009 ལོ་ནི་དུས་རབས་གསར་པ་ཤར་ཚུན་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་ཆེ་ཤོས་འཕྲད་པའི་ལོ་ཞིག་རེད། ལོ་རྒྱུས་ཐོག་མཐོང་དཀོན་པའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་རྡབ་རྡེག་ཚབས་ཆེན་དང་། ལོ་མང་འཕྲད་མྱོང་མེད་པའི་རང་བྱུང་གནོད་འཚེའི་ཚོད་བགམ་ཆེན་པོ། རྒྱལ་ཁབ་ཕྱི་ནང་གི་ཞིང་ཟོག་ཁྲོམ་རར་རྣམ་ཀུན་དང་མི་འདྲ་བའི་འཕོ་འགྱུར་བྱུང་བའི་ཤུགས་རྐྱེན་ངན་པ་བཅས་ཀྱི་མདུན་དུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཀའ་ངལ་གྱི་གདོང་བསུས་ནས་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བྱས་ནས་ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་ཡག་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ཐོན་ལེགས་བྱུང་ནས་ལོ་དྲུག་བསྟུད་མར་ཐོན་འཕར་བྱུང་བ་དང་། ཞིང་པ་ལས་ཞུགས་བྱེད་ཤུགས་མྱུར་དུ་ཆེ་རུ་སོང་ནས་ཞིང་པའི་ཡོང་འབབ་ལོ་དྲུག་བསྟུད་མར་ཅུང་མྱུར་པོའི་ངང་འཕར་བ། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་སྒྲིག་སྲོལ་གསར་གཏོད་བྱ་རྒྱུར་ཚད་བརྒལ་གསར་པ་བྱུང་བ། གྲོང་གསེབ་ཀྱི་ཆུ་དང་། གློག ལམ། སོལ་རླངས། སྡོད་ཁང་བཅས་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པས་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་མགྱོགས་པོ་བྱུང་བ། གྲོང་གསེབ་ཀྱི་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་ལེན་བཅས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་གྲོང་གསེབ་ཀྱི་དམངས་འཚོའི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་སྔར་བས་བརྟན་དུ་ཕྱིན་པ་བཅས་གྲོང་གསེབ་ཀྱི་སྤྱི་ཚོགས་མཐུན་སྦྱོར་དང་བརྟན་ལྷིང་བྱུང་ཡོད། དེར་བརྟེན་ཏང་དང་རྒྱལ་ཁབ་ཀྱིས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་ཐུན་མོང་ཐོག་དཀའ་ངལ་ཁྱད་བསད་བྱེད་པའི་འཐབ་ཇུས་ཀྱི་རང་དབང་ཐོབ་པ་དང་། འཕར་རྒྱུ་འགན་ལེན་དང་། དམངས་འཚོ་འགན་ལེན། བརྟན་ལྷིང་འགན་ལེན་བཅས་བྱ་རྒྱུར་རྨང་གཞིའི་འདེགས་སྐྱོར་བྱུང་ཡོད།

        མིག་སྔར་རང་རྒྱལ་གྱི་ཞིང་ལས་ཀྱི་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་དང་། གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་དཔལ་འབྱོར་འབྲེལ་རྒྱ་མངོན་གསལ་དོད་པོས་ཆེ་རུ། ཞིང་ལས་ཐོན་སྐྱེད་ཐད་གནམ་གཤིས་ཀྱི་ཤུགས་རྐྱེན་ཉིན་བཞིན་ཆེ་རུ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་མཐུན་རྐྱེན་མང་དུ་བཅས་འགྲོ་བ་དང་དུས་མཚུངས་སུ་སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་འགྲན་སློང་སྣ་ཚོགས་ཀྱང་མང་དུ་འགྲོ་ཡི་ཡོད། ཪྙོག་འཛིང་ཆེ་ལ་འགྱུར་བ་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་དེ་འདྲ་ཞིག་ནང་ཞིང་ལས་ཐོན་སྐྱེད་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བར་ཚོད་འཛིན་ཕོག་ཇེ་མང་དུ་འགྲོ་བ་དང་། ཞིང་པའི་ཡོང་འབབ་ཅུང་མྱུར་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པར་དཀའ་ཚེགས་འཕྲད་ཇེ་མང་དུ་འགྲོ་བ། ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་དགོས་པའི་རེ་བ་ཇེ་མཐོར་འགྲོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་ཀྱི་གྲུབ་ཆ་མེད་པ་བཟོ་བའི་ལས་འགན་ཇེ་ཆེར་འགྲོ་ཡི་ཡོད། དེར་བརྟེན་ཏང་ཡོངས་ཀྱིས་ངེས་པར་དུ་བདེ་སྡོད་ཉེན་བསམ་གྱིས “ཞིང་གསུམ ”ལས་ཀར་སྣང་ཆུང་དང་ལྷོད་གཡེང་གཏོང་བའི་ཕྱོགས་ལྷུང་བཀག་འགོག་ཏན་ཏིག་བྱས་ཏེ་འབྲུ་རིགས་ཐོན་ཚད་དམའ་རུ་མི་འགྲོ་བ་དང་། ཞིང་པའི་ཡོང་འབབ་མི་ཆག་པ། གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་ཇེ་སྡུག་ཏུ་མི་འགྲོ་བ་བཅས་ཀྱི་འགན་ལེན་ཧུར་ཐག་བྱེད་དགོས། ངེས་པར་དུ “ཞིང་གསུམ ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བའི་གཞི་རྩའི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གིས་གྲོང་གསེབ་ལ་འཛིན་པའི་གཞི་རྩའི་སྲིད་ཇུས་བརྟན་དུ་དང་འཐུས་ཚང་དུ་གཏོང་བ། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་གཞི་རིམ་གྱི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཏང་རྩ་འཛུགས་ལྟེ་བར་བྱས་པའི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་གཏོང་བ། བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ལ་འགྱུར་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཞི་གཅིག་ཅན་གྱི་རྣམ་པ་གསར་པ་ཞིག་ཆགས་པ་ཧུར་ཐག་བྱེད་དགོས།

        2010 ལོར་ཞིང་ལས་དང་གྲོང་གསེབ་ལས་ཀའི་སྤྱིའི་བླང་བྱ་ནི་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་གཏིང་ཟབ་བྱེད་པ་བཅས་ཀྱི་ཁར་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྩ་བའི་བླང་བྱར་བརྩི་བ་དང་། གྲོང་གསེབ་ཀྱི་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་རྒྱལ་དམངས་ཡོང་འབབ་བགོ་བཤའ་རྒྱག་སྟངས་ལེགས་སྒྲིག་བྱེད་པའི་ནང་དོན་གལ་ཆེན་ཞིག་ལ་བརྩི་བ། གྲོང་གསེབ་ཀྱི་དགོས་མཁོ་ཆེ་རུ་གཏོང་རྒྱུ་དེ་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་ཡར་སྐུལ་བྱེད་པའི་འགག་རྩའི་བྱ་ཐབས་སུ་བརྩི་བ། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་བའི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་དཔལ་འབྱོར་བརྟན་པོ་དང་ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་བརྩི་བ་བཅས་བྱས་ཏེ་འབྲུ་རིགས་བརྟན་པོའི་སྒོ་ནས་མཁོ་སྤྲོད་བྱ་རྒྱུ་འགན་ལེན་བྱེད་པ་དང་། འབབ་འཕར་ལ་བརྟེན་ནས་དམངས་འཚོར་ཕན་པ་ཐོབ་པ་བྱེད་པ། སྒྱུར་བཅོས་ལ་བརྟེན་ནས་གཅིག་གྱུར་འཆར་འགོད་བྱ་རྒྱུར་སྐུལ་འདེད་གཏོང་བ། རྨང་གཞི་བརྟན་དུ་བཏང་ནས་རྟིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་གཞི་རྩའི་བསམ་ཕྱོགས་ལྟར་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་དམ་འཛིན་ཡག་པོ་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ཁྱོན་ཡོངས་ཀྱི་ཆེད་དུ་ལེགས་སྐྱེས་གསར་པ་མུ་མཐུད་འབུལ་དགོས་པ་དེ་ཡིན།

        གཅིག ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཁེ་ཕན་སྐྲུན་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གྲོང་གསེབ་ཏུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།

        1.རྒྱལ་ཁབ་ཀྱིས་ཞིང་ལས་དང་གྲོང་གསེབ་ལ་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། སྤྱི་འབོར་རྒྱུན་བསྲིང་ངང་མང་དུ་གཏོང་བ་དང་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བའི་བླང་བྱ་གཞིར་བཟུང “ ཞིང་གསུམ ”ཐད་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་གཏོང་སྒོས་ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་དམིགས་སུ་རྒྱབ་སྐྱོར་བྱ་རྒྱུ་དང་། སྔོན་རྩིས་ནང་གི་གཏན་འཇགས་མ་དངུལ་གྱི་མ་འཇོག་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གྲོང་གསེབ་ཀྱི་དམངས་འཚོའི་འདུ་འགོད་ཐད་དམིགས་སུ་སྤྱོད་རྒྱུ། ས་ཆ་ནང་བཤུག་གཏོང་བའི་ཁེ་ཕན་ཞིང་ལས་ཀྱི་ས་ཆ་གསར་སྤེལ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་དམིགས་སུ་སྤྱོད་རྒྱུ་བཅས་ཀྱི་འགན་ལེན་བྱེད་དགོས། རིམ་ཁག་ནོར་སྲིད་ཀྱིས་ཞིང་ལས་ཐད་གཏོང་ཆ་མང་དུ་གཏོང་ཚད་དེ་ནོར་སྲིད་ཀྱི་རྒྱུན་གཏན་རང་བཞིན་གྱི་ཡོང་འབབ་འཕར་ཚད་ལས་མང་བ་ཡོད་དགོས། སྔོན་རྩིས་ནང་གི་གཏན་འཇགས་མ་དངུལ་གྱི་མ་འཇོག་དེ་ཞིང་ལས་དང་གྲོང་གསེབ་ཀྱི་གནད་ཆེའི་རྣམ་གྲངས་ཐད་མུ་མཐུད་ཕྱོགས་དགོས། རྨོ་ཞིང་བཟུང་སྤྱོད་ཀྱི་ཁྲལ་དངུལ་འཇལ་ཚད་མང་དུ་བཏང་རྗེས་གསར་སྣོན་བྱུང་བའི་ཡོང་འབབ་མཐའ་དག་ཞིང་ལས་ལ་སྤྱོད་དགོས། འབྲེལ་ཡོད་གཏན་འབེབས་ནན་པོ་གཞིར་བཟུང་ཞིང་ལས་ཀྱི་ས་ཆ་གསར་སྤེལ་བྱེད་པའི་ས་ཆ་ནང་བཤུག་གཏོང་བའི་ཡོང་འབབ་འཆར་གཞི་ལྟར་འཐེན་པ་དང་བེད་སྤྱོད་གཏོང་དགོས་པ་དང་གསར་སྣོན་བྱུང་བའི་འཛུགས་སྐྲུན་ཐད་བེད་སྤྱོད་བཏང་བའི་ས་ཆ་རིན་ཡོད་བེད་སྤྱོད་འགྲོ་གྲོན་ཚང་མ་རྨོ་ཞིང་གསར་སྤེལ་དང་ས་ཆ་བཅོས་སྒྲིག་བྱེད་པའི་ཐད་སྤྱོད་དགོས་པའི་གཏན་འབེབས་ལག་ལེན་ནན་ཏན་བསྟར་དགོས། ས་གནས་ཁག་གི་ས་ཆའི་ཡོང་འབབ་ཞིང་ལས་དང་གྲོང་གསེབ་ཏུ་སྤྱོད་པའི་མ་དངུལ་བསྡུ་ལེན་བྱེད་ཚུལ་དང་བེད་སྤྱོད་གཏོང་ཚུལ་ཁག་ལ་ཆེད་དོན་ཞིབ་བཤེར་བྱེད་དགོས། དེང་རབས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་བའི་མ་དངུལ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་མ་དངུལ་གྱི་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་དགོས།

        2.ཞིང་ལས་ཀྱི་ཁ་གསབ་ལམ་ལུགས་དང་ཁྲོམ་རའི་སྙོམས་སྒྲིག་སྟངས་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་འདེབས་མཁན་ཞིང་པར་ཐད་ཀར་ཁ་གསབ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། སོན་བཟང་གི་ཁ་གསབ་མང་དུ་གཏོང་བ་དང་། ཞོག་ཁོག་གི་ཁ་གསབ་ཁྱབ་ཁོངས་ཆེ་རུ་གཏོང་བ། ནས་ཀྱི་སོན་བཟང་གི་ཁ་གསབ་སྤྲོད་འགོ་ཚུགས་པ། བ་དམ་གྱི་སོན་བཟང་ཁ་གསབ་སྤྲོད་རྒྱུ་ལག་བསྟར་བྱེད་པ་བཅས་བྱེད་དགོས། ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྔར་བས་མང་དུ་གཏོང་བ་དང་ཁ་གསབ་བྱེད་པའི་རིགས་མང་དུ་བཏང་ནས་འབྲོག་ལས་དང་། ནགས་ལས། ཐན་འགོག་དང་ཆུ་གྲོན་ཆུང་འཕྲུལ་ཆས་སྒྲིག་བཀོད་བཅས་ཁ་གསབ་ཁྱབ་ཁོངས་ནང་འཇུག་དགོས། ཞིང་ལས་མ་དངུལ་ཕྱོགས་བསྡུས་ཁ་གསབ་ཀྱི་འགུལ་ཚུལ་ལེགས་སྒྲིག་ལམ་སྲོལ་དོན་འཁྱོལ་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས། གསོག་འཇོག་བྱེད་ཚད་དེ་རང་འཇགས་འཇོག་པ་དང་མང་དུ་འགྲོ་བར་ཕྱོགས་པའི་རྩ་དོན་ལྟར་གསར་དུ་སྣོན་པའི་ཞིང་ལས་ཁ་གསབ་ནི་འབྲུ་རིགས་འདེབས་མཁན་དུད་ཆེན་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་འོས་འཚམ་ཕྱོགས་དགོས། འབྲོག་ཁུལ་དང་། ཞིང་ཁུལ། གསར་སྦོལ་ཁུལ་བཅས་ཀྱི་ཁྱད་ཆོས་དང་འཚམ་པའི་ཞིང་ལས་ཁ་གསབ་སྲིད་ཇུས་རིམ་བཞིན་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཁ་གསབ་བྱ་ཡུལ་དང་། སྣ་ཁ། མ་དངུལ་བཅས་བསྡོམས་རྩིས་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་གསབ་སྲིད་ཇུས་དོན་དངོས་སུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ་ལས་ཁ་གསབ་མ་དངུལ་དེ་དག་ཞིང་པའི་སྤྲོད་དགོས་པའི་འགྲོ་གྲོན་འཕྲི་འཐེན་བྱ་རྒྱུའི་ཐད་སྤྱོད་མི་ཆོག གྲོའི་མ་མཐའི་ཉོ་སྒྲུབ་རིན་གོང་གི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་འབྲས་སོབ་ཀྱི་མ་མཐའི་ཉོ་སྒྲུབ་རིན་གོང་མུ་མཐུད་མཐོ་རུ་གཏོང་དགོས། བྲིན་ཁུལ་གྱི་འབྲུ་རིགས་གསོག་འཇོག་གཞི་ཁྱོན་ཆེ་རུ་གཏོང་དགོས། མ་རྨོས་ལོ་ཏོག་དང་། སྲན་མ། པད་ཁ་སོགས་ཀྱི་གནས་སྐབས་བསྡུ་ལེན་དང་གསོག་འཇོག་སྲིད་ཇུས་འོས་འཚམ་ཞིག་ལག་ལེན་བསྟར་ནས་ཁེ་ལས་ཀྱིས་བསྡུ་ལེན་དང་གསོག་འཇོག་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཁབ་ཀྱིས་བསྡུ་ལེན་དང་གསོག་འཇོག་བྱས་པའི་ཞིང་ལས་ཐོན་ཟོག་ཕམ་ཚོང་རྒྱག་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིང་བལ་དང་། མངར་ཆ། ཕག་ཤ་བཅས་སྙོམས་སྒྲིག་སྟངས་འཛིན་གྱི་གྲ་སྒྲིག་འཆར་གཞི་ཡག་པོ་བཟོས་ནས་ཞིང་ལས་ཐོན་ཟོག་ཁྲོམ་ར་བརྟན་ལྷིང་ཡོང་བ་དང་རིན་གོང་ལུགས་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

        3.གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། ནོར་ཁྲལ་སྲིད་ཇུས་དེ་གྲོང་གསེབ་ཀྱི་དངུལ་རྩའི་སྲིད་ཇུས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་ཤུགས་སྣོན་རྒྱག་པ་དང་ཡིད་རྟོན་དངུལ་བུན་གྱི་མ་དངུལ་དེ་བས་མང་བ་ཞིག “ ཞིང་གསུམ ”ལ་འཇོག་རྒྱུར་སྣེ་ཁྲིད་བྱས་ནས་གྲོང་གསེབ་ཀྱི་མ་དངུལ་མཉམ་འདྲེས་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ཞིང་འབྲེལ་དངུལ་བུན་དང་ཁྲལ་བསྡུ་གཟིགས་སྐྱོང་དང་། གནས་གཏན་འཁེལ་གྱི་འགྲོ་གྲོན་ཁ་གསབ། འཕར་བར་བྱ་དགའ་སྤྲོད་པ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་འཐུས་ཚང་དུ་གཏོང་དགོས། རྫོང་ཁོངས་ནང་གི་དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིར་གསར་དུ་བྱུང་བའི་བཅོལ་དངུལ་གཙོ་བོ་ས་གནས་དེ་གར་དངུལ་བུན་གཏོང་བའི་ཐད་སྤྱོད་རྒྱུའི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་དགོས། དངུལ་རྩས་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནད་ཆེའི་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་སྲིད་ཇུས་རང་བཞིན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་ཞིང་ལས་གསར་སྤེལ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་གི་དུས་ཡུན་འབྲིང་རིང་གི་སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་ཤུགས་ཆེན་སྤེལ་དགོས། ཞིང་ལས་དངུལ་ཁང་དང་། གྲོང་གསེབ་ཀྱི་ཡིད་རྟོན་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་སོགས་དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིས་ཞིང་འབྲེལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གཏོང་རྒྱུ་ཁྱབ་སྤེལ་ཤུགས་ཆེན་གཏོང་དགོས། གྲོང་ཚོ་དང་གྲོང་རྡལ་དངུལ་ཁང་དང་། དངུལ་བུན་ཀུང་སི། གྲོང་གསེབ་ཀྱི་མ་དངུལ་རོགས་རེས་ཁང་བཅས་སྐྱེད་བསྲིང་བྱེད་མགྱོགས་སུ་བཏང་ནས་གྲངས་འབོར་ཉུང་བའི་དངུལ་བུན་རྩ་འཛུགས་བརྒྱུད་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ཀྱི་མ་དངུལ་གྱིས་མ་འཇོག་བྱས་པའི “ ཞིང་གསུམ ”གྱི་དགོས་མཁོ་དང་འཚམ་པའི་དངུལ་རྩའི་རྩ་འཛུགས་གསར་པ་སྣ་ཚོགས་འཛུགས་པར་ཁྲིད་སྟོན་བྱེད་དགོས། ཐག་རིང་ལུང་ཁུག་ས་ཁུལ་ལ་གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་གཞིའི་འགྲོ་གྲོན་ཁ་གསབ་སྤྲོད་རྒྱུ་སོགས་ཀྱི་ཐབས་ཤེས་དུས་ཚོད་དམ་འཛིན་གྱིས་བཟོས་ནས་ལོ་3ནང་རྨང་གཞིའི་དངུལ་རྩའི་ཞབས་ཞུ་མེད་པའི་ཤང་གྲོང་མེད་པར་བཟོ་རྒྱུའི་འགན་ལེན་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་ཁྱད་ཚོས་ལ་དམིགས་ནས་དངུལ་རྩའི་ཐོན་རྫས་དང་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ་དང་གྲོང་གསེབ་ཀྱི་ཡིད་རྟོན་ཁོར་ཡུག་འཛུགས་སྐྱོང་ཡག་པོ་བྱས་ནས་གྲོང་གསེབ་ཀྱི་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། ཞིང་ལས་ཐོན་ལས་ཀྱི་འཕེལ་རྒྱས་ཐེབས་རྩ་འཛུགས་དགོས། ཞིང་ལས་འགན་བཅོལ་འགྲོ་གྲོན་ཁ་གསབ་ཀྱི་སྣ་ཁ་དང་ས་ཁོངས་སུ་ཁྱབ་ཚད་ཆེ་རུ་ཧུར་ཐག་གཏོང་བ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་ལ་འགན་བཅོལ་དངུལ་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་གིས་ཁྱད་ལྡན་ཞིང་ལས་དང་ཞིང་པའི་སྡོད་ཁང་སོགས་ལ་འགན་བཅོལ་བྱས་པའི་འགན་བཅོལ་དངུལ་ཁ་གསབ་བྱ་རྒྱུར་ལྕག་སྐུལ་བྱེད་དགོས། གྲོང་གསེབ་ཀྱི་གྲངས་འབོར་ཉུང་བའི་འགན་བཅོལ་འཕེལ་རྒྱས་གཏོང་དགོས། ཞིང་ལས་ཀྱི་འགན་བཅོལ་བསྐྱར་མའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་པའི་གེགས་བར་ཚབས་ཆེན་གྱི་ཉམས་ཉེན་ཁ་ཐོར་གཏོང་བའི་ལམ་སྲོལ་འཛུགས་དགོས། ཆ་རྐྱེན་འཛོམས་པའི་ཞིང་འབྲེལ་ཁེ་ལས་ཁྲོམ་རར་ཞུགས་པར་རྒྱབ་སྐྱོར་བྱེད་དགོས།

        4.སྤྱི་ཚོགས་ཀྱི་ཐོན་ཁུངས་ཞིང་ལས་དང་གྲོང་གསེབ་ཏུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། སྡེ་ཚན་ཁག་དང་ལས་རིགས་ཁག་གིས་རང་འགུལ་ངང་“ཞིང་གསུམ ”ལ་ཞབས་འདེགས་ཞུ་དགོས་པ་དང་འཆར་འགོད་བཟོ་བ་དང་། རྣམ་གྲངས་བཀོད་སྒྲིག མ་དངུལ་མང་དུ་གཏོང་བ་བཅས་བྱེད་སྐབས་གྲོང་གསེབ་ལ་ཏན་ཏིག་ཕྱོགས་དགོས། གྲོང་ཁྱེར་ཆེ་འབྲིང་གིས་གྲོང་གསེབ་ལ་ཁྱབ་འགྱེད་དང་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་གྲོང་གསེབ་དང་ཆ་སྒྲིག་རོགས་སྐྱོར་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས། ཁེ་ལས་ཀྱིས་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་ཚོགས་པ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེ་བཞིན་དེའི་སྡེ་ཚན་ནམ་ཡང་ན་ཆེད་མངག་བཙུགས་པའི་གྲོང་གསེབ་ཀྱི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བརྒྱུད་གྲོང་གསེབ་ཀྱི་སྤྱི་ཕན་བྱ་གཞག་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་པའི་ཞལ་འདེབས་གཏོང་སྒོ་དེ་ལོ་འཁོར་གྱི་ཁེ་སྤོགས་བསྡོམས་འབོར་གྱི་12%ལས་མི་བརྒལ་བ་བྱེད་པའི་ཆ་དེ་ཁེ་ལས་ཀྱི་ཐོབ་ཁྲལ་རྩིས་མ་བརྒྱབ་གོང་ནས་འཐེན་ན་འགྲིག འབྲེལ་ཡོད་སྡེ་ཚན་གྱིས་ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་གཤམ་སྤེལ་གྱི་ཐོག་ནས་གྲོང་གསེབ་ཏུ་རོགས་སྐྱོར་བྱེད་པའི་ལམ་ལུགས་དམ་འཛིན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་བསམ་པའི་དངོས་པོའི་བྱ་དགའ་དང་། གོ་གནས་སྤོར་བ། གནས་གཏན་འཁེལ་གྱི་རིན་མེད་གསོ་སྦྱོང་སོགས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་གྲོང་ཁྱེར་གྱི་དགེ་རྒན་དེ་བས་མང་བས་གྲོང་གསེབ་ཀྱི་སློབ་གསོར་རྒྱབ་སྐྱོར་བྱ་རྒྱུ་དང་། གྲོང་ཁྱེར་གྱི་རིག་གནས་དང་ཚན་ཞིབ་སྒྲིག་གཞི་གྲོང་གསེབ་ཏུ་སྐྱོད་ནས་ཞབས་འདེགས་ཞུ་བ། གྲོང་ཁྱེར་གྱི་སྨན་པ་དཀའ་བཅུ་པས་གྲོང་གསེབ་ལ་རོགས་སྐྱོར་བྱེད་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ཞིང་ལས་ཐད་ཀྱི་གནམ་གཤིས་ཞབས་ཞུའི་མ་ལག་དང་གྲོང་གསེབ་ཀྱི་གནམ་གཤིས་ཀྱི་གནོད་འཚེ་འགོག་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས “ཞིང་གསུམ ”ལ་གནམ་གཤིས་ཀྱིས་ཞབས་འདེགས་ཞུ་བའི་གལ་ཆེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

        5.གྲོང་གསེབ་ཀྱི་ཁྲོམ་ར་གསར་འབྱེད་ཤུགས་ཆེན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་དམིགས་ཏེ་གྲོང་གསེབ་ཀྱི་འཛད་སྤྱོད་དགོས་མཁོར་སྐུལ་འདེད་གཏོང་བའི་བྱེད་སྟངས་གསར་པ་དང་བྱེད་ཐབས་གསར་པ་འདོན་དགོས། ཁྱིམ་སྤྱོད་གློག་ཆས་དང་། རླངས་འཁོར། སྦག་སྦག་སོགས་གཤམ་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཤམ་སྐྱེལ་བྱེད་པའི་ཁྱིམ་སྤྱོད་གློག་ཆས་གཤམ་སྐྱེལ་ཐོན་ཟོག་གི་རིན་གོང་ཚོད་འཛིན་བྱེད་པའི་ཚད་གཞི་ཆེས་ཆེར་མཐོ་རུ་བཏང་ནས་ད་ལྟ་ལག་བསྟར་བྱེད་པའི་རིན་གོང་ཚོད་འཛིན་ནང་གི་ཐོན་ཟོག་ལ་མུ་མཐུད་13%གྱི་ཁ་གསབ་ཚད་གཞི་ལག་བསྟར་བྱེད་དགོས་པ་དང་རིན་གོང་ཚོད་འཛིན་གྱི་ཚད་གཞི་ལས་བརྒལ་རིགས་ལ་གྲངས་བཅད་ཁ་གསབ་བྱེད་དགོས། ཞིང་ཆེན (རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར )གྱིས་ས་ཆ་དེ་རང་གི་དོན་དངོས་ལ་གཞིགས་ནས་སྣ་ཁ་གཅིག་བདམས་ཏེ་ཁ་གསབ་ཁྱབ་ཁོངས་སུ་འཇུག་ཆོག་པ་དང་ཁ་གསབ་བྱ་ཡུལ་དེ་གཞུང་ཁོངས་ཞིང་རའི (ཁུལ )གྱི་ལས་བཟོ་བར་རྒྱ་ཆེར་གཏོང་དགོས། བཙོངས་རྗེས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་དང་ཁྲོམ་རར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་ཟོག་རྫུས་མ་དང་སྤུས་ཞན་གྲོང་གསེབ་ཏུ་གཏོང་རྒྱུ་གཏན་འགོག་བྱེད་དགོས། ཟོག་འགྲེམས་སྐྱེལ་བ་དང་། མུ་འབྲེལ་སྒོ་རྩིས་ཚོང་ཁང་། གློག་རྡུལ་ཚོང་དོན་སོགས་དེང་རབས་འཁོར་རྒྱུག་བྱེད་སྟངས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཚོང་དོན་དང་སྦྲག་སྲིད་སོགས་ཁེ་ལས་ཀྱིས་གྲོང་གསེབ་ཏུ་བསྣུར་བསྲིང་ཞབས་ཞུ་བྱ་རྒྱུར་རོགས་སྐྱོར་བྱེད་པ། ཉིན་མཁོའི་འཛད་རྫས་དང་། ཞིང་ཞོར་ཐོན་ཟོག ཐོན་སྐྱེད་རྒྱུ་ཆ་སོགས་ཀྱི་གཉེར་སྐྱོང་དྲ་ཚུགས་འཛུགས་པ། སྒྲུབ་ཚོང་མཉམ་ལས་ཁང་གིས་གྲོང་གསེབ་གསར་པའི་དེང་རབས་འཁོར་རྒྱུག་དྲ་བའི་འདུ་འགོད་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་རོགས་སྐྱོར་བྱེད་པ་བཅས་བྱས་ཏེ “གྲོང་ཁྲི་ཤང་སྟོང ”གི་སྒོ་རྩིས་ཚོང་ཁང་དང་ཞིང་ཁྱིམ་ཚོང་ཁང་གི་ཞབས་ཞུའི་ནུས་པ་དང་སྤུས་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་གཞིས་ཞིང་པའི་སྡོད་ཁང་འཛུགས་སྐྲུན་དང་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་ཉོ་སྒྲུབ་སོགས་ཐད་འཛད་སྤྱོད་ཡིད་རྟོན་དངུལ་བུན་གཏོང་རྒྱུར་སྐུལ་ལྕག་བྱས་ནས་ཞིང་ཁྱིམ་ཚོང་ཁང་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་གཏོང་དགོས།

        གཉིས། དེང་རབས་ཞིང་ལས་ཀྱི་སྒྲིག་བཀོད་ཆུ་ཚད་གོང་མཐོར་བཏང་ནས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

        6.འབྲུ་རིགས་སོགས་ཞིང་ལས་ཐོན་ཟོག་ཆེ་གྲས་ཐོན་སྐྱེད་བྱ་རྒྱུ་བརྟན་པོའི་ངང་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་སྣ་ཁའི་གྲུབ་ཆ་བཟང་སྒྲིག་ཡོང་བ་བྱས་ནས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་མུའུ་རེའི་ཐོན་ཚད་་དང་སྤུས་ཚད་གོང་མཐོར་གཏོང་དགོས། རྒྱལ་ཡོངས་སུ་འབྲུ་རིགས་རྒྱ་མ་དུང་ཕྱུར་སྟོང་ཐོན་སྐྱེད་བྱེད་ཐུབ་པའི་འཆར་འགོད་སྒོ་ཀུན་ནས་ལག་བསྟར་བྱས་ཏེ་ཐོན་སྐྱེད་ཀྱི་ནུས་པ་མགྱོགས་མྱུར་ཆགས་པ་བྱེད་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་སྐྱིན་གསབ་ལམ་ལུགས་མགྱོགས་མྱུར་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་ལ་བྱ་དགའ་ཁ་གསབ་བྱེད་པའི་མ་དངུལ་མང་དུ་གཏོང་བ་དང་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་ཤུགས་ཆུ་ཚད་མཐོ་རུ་གཏོང་དགོས། འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དེ་ཚོང་འབྲུ་གཏོང་འདྲེན་བྱེད་མང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན (ཞིང་ར )ལ་ཕྱོགས་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཉེན་ཁའི་ཐེབས་རྩའི་ས་གནས་ཀྱི་མ་དངུལ་ལེ་ལག་མུ་མཐུད་དེ་ཉུང་དུ་བཏང་ནས་མཐར་མེད་པ་བཟོ་དགོས། སྣུམ་རྒྱུའི་པད་ཁའི་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྤུས་ལེགས་པད་ཁ་དང་བ་དམ་ཐོན་སྐྱེད་རྟེན་གཞིའི་རྫོང་མགྱོགས་མྱུར་སྐྲུན་ཏེ་སྣུམ་ཤིང་དང་སྟར་ཁ་སོགས་ཀྱི་ཤིང་རྒྱུད་སྣུམ་རྒྱུ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ལེགས་ཆའི་ཐོན་ཁུལ་གྱིས་སྲིང་བལ་དང་མངར་ཆ་ཐོན་སྐྱེད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། འབྲུ་རིགས་ཐད་ལོ་ལེགས་ཡོང་བའི་ཚན་རྩལ་འདུ་འགོད་མུ་མཐུད་ལག་བསྟར་བྱེད་དགོས། འབྲུ་རིགས་དང་སྲིང་བལ། པད་ཁ། མངར་ཆ་བཅས་ཐོན་མཐོ་གཏོད་པའི་གཞི་ཁྱོན་རྒྱ་ཆེར་བཏང་སྟེ་ལོའི་ནང་རྒྱལ་ཡོངས་ཀྱི་ཞིང་ལས་རྫོང (ཞིང་ར )ཡོད་དོ་ཅོག་ལ་ཁྱབ་པ་བྱེད་དགོས། ཞིང་ལས་སྐྱེ་དངོས་ཀྱི་ནད་དང་འབུའི་གནོད་ཚེའི་ཆེད་ལས་ཅན་གྱི་ཐོག་ནས་འགོག་བཅོས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གསར་སྦོལ་ཁུལ་དུ་དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཞིང་ཞོར་ཐོན་ཟོག་གི་རྟེན་གཞི་ཆེ་གྲས་སྐྲུན་ཏེ་མཐའ་འཁོར་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས།

        7.ཤ་ཚལ་སྒོང་གསུམ་གྱི་ཐོན་ཟོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཤ་ཚལ་སྒོང་གསུམ་གྱི་རེས་སྐོར་གསར་པའི་ལས་གྲྭ་འཛུགས་སྐྲུན་བྱས་ཏེ་ལྡུམ་ཁུལ་གྱི་སྐྱེ་དངོས་ཐོན་སྐྱེད་བྱ་རྒྱུ་དེ་སྒྲིག་ཆས་ཅན་དུ་འགྱུར་བ་དང་སྒོ་ཕྱུགས་དང་ཁྱིམ་བྱ་དང་ཆུ་ཐོན་གསོ་སྤེལ་བྱ་རྒྱུ་དེ་གཞི་ཁྱོན་དུ་འགྱུར་མགྱོགས་སུ་གཏོང་དགོས། ཕག་པ་དང་བཞོན་མ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ (ཁུལ་ཆུང )འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ལྡུམ་ཁུལ་སྐྱེ་དངོས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་ཆུ་ཐོན་སྐྱོན་བྲལ་ངང་གསོ་སྤེལ་བྱེད་པའི་དཔེ་སྟོན་ར་བ་འཕེལ་རྒྱས་བཏང་ནས་ཚད་ལྡན་ཅན་གསར་གཏོད་ཀྱི་བྱེད་སྒོ་སྤེལ་ཏེ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་དང་ལས་སྣོན་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་གསོ་སྤེལ་མ་ལག་འཛུགས་རྒྱུར་སྐུལ་མ་གཏོང་དགོས། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འགོག་གསོད་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་དུ་རིམས་ནད་སྔོན་འགོག་མ་ལག་འཛུགས་རྒྱུར་སྐུལ་སྤེལ་དང་ལས་ཀའི་གྲོན་དངུལ་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཉ་ལས་དང་ཉ་གསོའི་གྲུ་ཁ། ཉ་པའི་གྲུའི་བདེ་འཇགས་སྒྲིག་བཀོད་སོགས་འཛུགས་སྐྲུན་ཐད་མ་རྩ་གཏོང་ཤུགས་ཆེ་རུ་བཏང་ནས་ཆུ་ཐོན་གསོ་སྤེལ་དང་ཉ་ཕྲུག་གློད་པའི་བྱ་བ་ཡག་པོ་བསྒྲུབས་ནས་ཐག་རིང་རྒྱ་མཚོའི་ཉ་གསོའི་ལས་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་དང་ཞིབ་བཤེར་ཚད་ལེན་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་སྤྱི་གནོད་མེད་པའི་ཞིང་ཟོག་དང་། ལྷད་མེད་བཟའ་བཅའ། སྐྱེ་ལྡན་ཞིང་ཟོག་བཅས་འཕེལ་རྒྱས་ཧུར་ཐག་གཏོང་དགོས།

        8.ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་གིས་ཆུ་བེད་འཛུགས་སྐྲུན་བྱ་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་འཇོག་དགོས། གཙང་ཆེན་དང་ཆུ་ཆེན། མཚེའུ་ཆེན་བཅས་བཅོས་སྒྲིག་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཆུ་རྒྱུན་འབྲིང་ཆུང་གལ་ཆེ་བཅོས་སྒྲིག་བྱ་རྒྱུར་རིམ་བཞིན་སྐུལ་འདེད་གཏོང་དགོས། ཆུ་བེད་ཀྱི་ལྟེ་བའི་ལས་གྲྭ་ཆེ་འབྲིང་སྐྲུན་མགྱོགས་སུ་བཏང་ནས་ཆུ་ལོག་འགོག་ཁུལ་འཛུགས་སྐྲུན་དང་དང་ཆུ་རུད་ཀྱི་གནོད་འཚེ་འགོག་བཅོས་ཡག་པོ་བྱེད་དགོས། ལེ་ལག་ཚང་བའི་མཐུད་སྐྲུན་དང་ཆུ་གྲོན་ཆུང་གི་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཆུ་ཡུར་སྐྲུན་མགྱོགས་སུ་གཏོང་དགོས། དུས་བཀག་ལྟར་འཆར་འགོད་ནང་གི་ཉེན་ཡོད་ཆུ་མཛོད་ཀྱི་ཉེན་སེལ་བརྟན་གཏོང་ལས་འགན་ཡག་པོ་བསྒྲུབས་ནས་ཉེན་ཡོད་ཆུ་མཛོད་གཞན་དག་གི་ཉེན་སེལ་བརྟན་གཏོང་གཅིག་གྱུར་འཆར་འགོད་བྱེད་དགོས། ཚན་རིག་དང་མཐུན་པའི་འཆར་འགོད་རིགས་པས་ཁུངས་སྐྱེལ་བྱས་པའི་ཐོག་ཉེན་ཡོད་ཆུ་འགག་་ཆེ་འབྲིང་གི་ཉེན་སེལ་བརྟན་གཏོང་བྱེད་འགོ་བཙུགས་ནས་ཆུ་གཤོང་མདོང་ལམ་ས་ཚུགས་ཆེ་གྲས་གསར་བརྗེས་དང་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་དགོས། ཆུ་བེད་འཛུགས་སྐྲུན་གྱི་ཐེབས་རྩའི་མ་དངུལ་གྲབས་གསོག་གི་ལམ་བུ་རྒྱ་ཆེར་གཏོང་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཞིང་ནང་ཆུ་བེད་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་ཐད་ཁ་གསབ་རྒྱག་པའི་ཆེད་དངུལ་གཏོང་བའི་གཞི་ཁྱོན་ཆེ་རུ་བཏང་ནས་ཞིང་ནང་ཆུ་བེད་འཛུགས་སྐྲུན་ཆུང་གྲས་ཀྱི་གཙོ་གནད་རྫོང་ཁག་ཅིག་གསར་སྣོན་བྱེད་དགོས། ནུས་པ་ཆེ་ལ་ཞིང་ཆུ་གྲོན་ཆུང་གི་ཆུ་འདྲེན་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རི་ཁུལ་དུ་ཆར་ཆུ་གསོག་པ་སོགས་ཀྱི་ཆུ་བེད་སྒྲིག་ཆས་ཆུང་གྲས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས། བྱ་བ་རེར་གྲོས་རེ་བྱེད་པ་དང་། ནོར་སྲིད་ནས་ཁ་གསབ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་པས་རང་འགུལ་ངང་ལས་ཞུགས་དང་ངལ་ནུས་བཏོན་ནས་ཐད་ཀར་ཁེ་ཕན་ཐོབ་པའི་ཆུ་བེད་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་ནང་ཞུགས་པར་ལྕག་སྐུལ་བྱེད་དགོས། ཆུ་བེད་ལས་གྲྭ་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཆུ་སྤྱོད་མཁན་ཞིང་པ་ཚོ་དོ་དམ་བྱེད་སྟངས་དེའི་ནང་ཞུགས་རྒྱུ་ཁྱབ་སྤེལ་བཏང་ནས་ནོར་སྲིད་ཀྱིས་ཞིང་པའི་ཆུ་སྤྱོད་རྩ་འཛུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་ཐན་འགོག་ཞོད་འགོག་དང་། གྲོང་གསེབ་ཀྱི་ཆུ་བེད་ལག་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

        9.ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས། གཅིག་གྱུར་འཆར་འགོད་དང་། ལས་བགོས་རོགས་ལས། གཏོང་ཆ་གཅིག་སྡུད་ངང་གཏོང་བ། ཡུག་འབྲེལ་སྐུལ་འདེད་བཅས་ཀྱི་བླང་བྱ་གཞིར་བཟུང་ཐོན་མཐོ་ཐོན་བརྟན་གྱི་གཞི་རྩའི་ཞིང་ཁ་མགྱོགས་མྱུར་བསྐྲུན་དགོས། རྨོ་ཞིང་གི་སྤུས་ཚད་ཡག་ཏུ་གཏོང་བར་མཐོང་ཆེན་གྱིས་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་དུས་ཡུན་འབྲིང་རིང་གི་སྲིད་ཇུས་རང་བཞིན་གྱི་དངུལ་བུན་བཀོད་སྒྲིག་བྱས་ཐོག་ཞིང་ཁའི་ཆུ་འབུད་དང་ཆུ་འདྲེན་དང་། ས་ཆ་བཅོས་སྒྲིག ས་རྒྱུ་ལེགས་སུ་གཏོང་བ། འཕྲུལ་རྨོའི་ལམ་བུ། ཞིང་ཁའི་ནགས་དྲ་འཛུགས་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་ཏེ་འབྲུ་རིགས་ཐོན་ཁུལ་རྫོང་ཆེན་པོ་800ཡི་གཞི་རྩའི་ཞིང་ཁ་དེ་ཚད་གཞི་མཐོ་བའི་ཞིང་ཁར་མགྱོགས་མྱུར་བསྐྲུན་ཐོག་ཚོང་སྒྱུར་འབྲུ་རིགས་ཀྱི་རྟེན་གཞི་བརྟན་པོ་ཞིག་བསྐྲུན་དགོས། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་གྲོང་གསེབ་ཀྱི་ས་ཆ་བཅོས་སྒྲིག་ཐད་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཐོན་འབབ་འབྲིང་དམའི་ཞིང་ཁ་འཆར་གཞི་ཡོད་པ་དང་ཡུག་བགོས་ངང་སྒྱུར་བཀོད་བྱེད་དགོས། ས་རྒྱུ་ཞིབ་དཔྱད་ཚད་ལེན་ངང་ལུད་རྒྱག་པ་དང་ས་རྒྱུའི་སྐྱེ་ལྡན་རྫས་བཅུད་ཆེ་རུ་གཏོང་བའི་ཁ་གསབ་གཞི་ཁྱོན་དང་ཁྱབ་ཁོངས་ཆེ་རུ་གཏོང་དགོས། སྲུང་སྐྱོང་རང་བཞིན་གྱི་རྨོ་ལས་ལག་རྩལ་ཁྱབ་གདལ་བཏང་ནས་ཐན་པ་འགོག་ཐུབ་པའི་ཞིང་ལས་དཔེ་སྟོན་ལས་གྲྭ་ལག་བསྟར་བྱས་ཐོག་ཐན་པ་འགོག་ཐུབ་པའི་ཞིང་ལས་ལག་རྩལ་སྤྱོད་པར་ཁ་གསབ་སྤྲོད་དགོས།

        10.ཞིང་ལས་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་ནུས་པ་གོང་མཐོར་གཏོང་དགོས། ཞིང་ལས་ཚན་རྩལ་གྱི་གཙོ་གནད་དེ་སོན་བཟང་གསོ་སྤེལ་བྱ་རྒྱུའི་ཐད་ཏན་ཏིག་བཞག་ནས་ཞིང་ལས་སྐྱེ་དངོས་ཀྱི་སོན་གསོ་གསར་སྤེལ་དང་ཁྱབ་གདལ་གཏོང་བའི་དངོས་སྤྱོད་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། གྱིན་འགྱུར་བའི་སྐྱེ་དངོས་ཀྱི་ས་བོན་གསར་པ་གསོ་སྤེལ་བྱེད་པའི་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་འགངས་ཆེན་མུ་མཐུད་ལག་བསྟར་བྱས་ནས་དངོས་སྤྱོད་རིན་ཐང་དང་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་ནུས་པའི་གྱིན་དང་སྐྱེ་དངོས་ཀྱི་ས་བོན་གསར་པ་དུས་ཚོད་དམ་འཛིན་ངང་གསར་སྤེལ་བྱས་ཏེ་ཚན་རིག་དང་མཐུན་པའི་དཔྱད་དཔོག་དང་ཁྲིམས་ལུགས་ལྟར་དོ་དམ་བྱེད་པའི་རྨང་གཞིའི་ཐོག་གྱིན་འགྱུར་བའི་ས་བོན་གསར་པའི་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་འདེབས་ལས་ཀྱིས་ཁེ་ལས་ཟླ་སྒྲིལ་དང་ཐོན་ལས་བསྡུ་སྒྲིལ་མགྱོགས་སུ་གཏོང་བར་སྐུལ་འདེད་དང་ས་བོན་ཁེ་ལས་དང་ཚན་ཞིབ་ཚན་པ་མཉམ་འབྲེལ་བྱེད་པར་སྐུལ་ཁྲིད་བྱས་ཐོག་སྲོག་ཤིང་གི་འགྲན་རྩོད་ནུས་པ་ལྡན་པའི་ས་བོན་ཁེ་ལས་ཆེ་གྲས་དུས་ཚོད་དམ་འཛིན་ངང་སྐྱེད་བསྲིང་བྱེད་དགོས། ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ནུས་པ་ལྡན་པའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ་ཞིང་ལས་ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་བཅས་ཀྱི་མནའ་འབྲེལ་འཕེལ་རྒྱས་བཏང་ཐོག་ཞིང་ལས་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། ལས་གྲྭའི་ལག་རྩལ་ལྟེ་གནས། ཚན་རྩལ་རྨང་གཞིའི་ཆ་རྐྱེན་གྱི་སྟེགས་བུ་བཅས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་ཚན་རྩལ་ལས་གཏོད་བྱ་སྤྱོད་དང་། ཚན་རྩལ་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་དང་རྫོང་སྟོབས་ཆེར་གཏོང་བའི་ཆེད་དོན་བྱ་སྤྱོད་འཆར་འགོད། ཚན་རྩལ་ཁྱབ་གདལ་གཏོང་བར་བརྟེན་ནས་ཞིང་པར་ཕན་འདོགས་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཆར་གཞི་བཅས་ལག་བསྟར་བྱས་ཏེ་དེང་རབས་ཞིང་ལས་ཀྱི་ཐོན་ལས་ལག་རྩལ་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཤང་གྲོང་ངམ་ཡང་ན་ས་ཁོངས་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་དུས་ཚོད་དམ་འཛིན་ངང་འཛུགས་སྐྲུན་བྱས་ཏེ་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་སྒྱུར་བཅོས་དང་དཔེ་སྟོན་རྫོང་བསྐྲུན་པའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས། རྒྱུ་མང་ཅན་དང་སྤྱི་ཚོགས་ཅན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་ཞབས་ཞུའི་རྩ་འཛུགས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞིའི་དམིགས་འཛུགས་ལས་གནས་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཏེ་སློབ་གྲྭ་ཆེ་མོའི་ཞིང་འབྲེལ་ཆེད་ལས་ནས་ཐོན་པའི་སློབ་མ་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་སྒྲིག་གཞིར་ལས་ཀ་བྱེད་དུ་བསྐྱོད་རྒྱུར་སྐུལ་མ་གཏོང་དགོས། ཞིང་སྤྱོད་བཟོ་ལས་ལག་རྩལ་སྒྱུར་བཀོད་ལ་སྐུལ་མ་བཏང་ནས་ཞིང་ལས་འཕྲུལ་ཆས་ཅན་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་འཕྲུལ་ཆས་ལ་བརྟེན་ནས་ས་སོབ་སོབ་བཟོ་རྒྱུ་ཁྱབ་གདལ་ཤུགས་ཆེན་གྱིས་སོག་མ་ཞིང་ཁར་རྒྱག་པ་དང་འབྲས་ལྗང་འཛུགས་པ་སོགས་ཐད་ཞིང་འཕྲུལ་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ཐོག་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་དགོས།

        11. ཞིང་ལས་ཐོན་རྫས་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་བཀོད་སྒྲིག་འཆར་འགོད་གཅིག་གྱུར་ཐོག་བཟོས་ནས་ཞིང་ལས་ཐོན་རྫས་གཙོ་བོའི་སྡེབ་ཚོང་ཁྲོམ་ར་འཛུགས་སྐྲུན་དང་རིམ་སྤོར་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་ནས་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རར་སྤྱོད་རྒྱུའི་ས་ཆ་སོགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་ར་ཆེན་པོའི་འཁོར་རྒྱུག་ཆེན་པོ་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་དང་། སྲིང་བལ། པད་ཁ། མངར་ཆ་སོགས་ཞིང་ལས་ཐོན་རྫས་ཆེ་གྲས་མཛོད་འཇུག་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཐོན་རྫས་སོས་པ་གྲང་ཉར་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་མངགས་ཉོའི་ཚོང་ཟོག་ཁྲོམ་ར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཉོ་ཚོང་གི་སྣ་ཁ་རིམ་བཞིན་རྒྱ་ཆེར་བཏང་ནས་ཐོན་སྐྱེད་གཉེར་སྐྱོང་པས་མངགས་ཉོའི་ཉོ་ཚོང་ལམ་སྲོལ་སྤྱད་དེ་ཁྲོམ་རའི་ཉེན་ཁ་ལས་གཡོལ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་འགྲེམས་ཚོགས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ཞིང་ལས་ཐོན་རྫས་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས། བརྒྱ་གཉིས་ཁྲོམ་རའི་འདུ་འགོད་ཞིང་པའི་སྒོ་རྩིས་ཚོང་ཁང་དང་ཕན་ཚུན་འབྲེལ་རྒྱུར་སྒོ་ཀུན་ནས་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དེ་མུ་སྦྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་སློབ་གྲྭ དེ་བཞིན་ཁེ་ལས་ཆེ་གྲས་སོགས་དང་ཐོན་ཚོང་འབྲེལ་མཐུད་བྱ་རྒྱུར་གཙོ་གནད་ཐོག་རོགས་སྐྱོར་བྱས་ཏེ་འཁོར་རྒྱུག་གི་ལྷུ་ཚིགས་ཉུང་དུ་གཏོང་བ་དང་འཁོར་རྒྱུག་གི་མ་གནས་དམའ་རུ་གཏོང་དགོས། གྲོང་གསེབ་ཀྱི་བར་ཁེ་བ་གསོ་སྐྱོང་ཤུགས་ཆེན་བྱས་ནས་ས་ཁམས་ཀྱི་མཚོན་རྟགས་དང་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གང་ལེགས་སྤྱད་དེ་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲོམ་རའི་འགུལ་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སོས་པ་ཤར་བགྲོད་ཐུབ་རྒྱུའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས།

        12. སྲ་ཞིང་བརྟན་པའི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བསྐྲུན་དགོས། རྨོ་བསྐྱུར་ནགས་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་སྣོད་བཅུད་ཉམས་ཞན་ཁུལ་གཙོ་བོ་དང་སྣོད་བཅུད་ཁུལ་གཙོ་བོར་དབུལ་སྐྱོར་གསར་སྤེལ་དང་ཆུ་མཛོད་ཁུལ་གྱི་མང་ཚོགས་སྤོ་རྒྱུ་དང་ཟུང་འབྲེལ་གྱིས་རྨོ་བསྐྱུར་ནགས་གསོ་བཀོད་སྒྲིག་འོས་མཚམ་བྱེད་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱེད་པའི་དུས་ཚད་རིང་དུ་བཏང་ནས་ལག་བསྟར་བྱ་ཐབས་བཟོ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། བྱང་གསུམ་དང་། མཚོ་རྒྱུད། འབྲི་ཆུ་སོགས་འགོག་སྲུང་ནགས་ཚལ་མ་ལག་དང་པེ་ཅིང་དང་ཐེན་ཅིང་གི་བྱེ་རླུང་ལྡང་ཁུངས་བཅོས་སྒྲིག་དང་འདམ་ར་སྲུང་སྐྱོང་དང་བསྐྱར་གསོ་སོགས་ནགས་ལས་སྣོད་བཅུད་འདུ་འགོད་གཙོ་བོ་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། ནགས་ཚལ་དང་། རྩྭ་ཐང་། ས་ཆུ་སྲུང་འཛིན་སོགས་ཀྱི་སྣོད་བཅུད་ཕན་འབྲས་ཀྱི་གུན་གསབ་མ་དངུལ་གྲབས་གསོག་བྱ་ཤུགས་ཆེ་རུ་གཏོང་དགོས། 2010 ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་མཉམ་སྡེབ་ཀྱི་ནགས་ཁོངས་སུ་གཏོགས་པའི་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཀྱི་གུན་གསབ་ཚད་གཞི་མཐོ་རུ་གཏོང་དགོས། ནགས་བཟོ་དང་། གསོ་སྐྱོང་། སྲུང་སྐྱོང་། དོ་དམ་བཅས་ལ་མ་དངུལ་གཏོང་བའི་ཁ་གསབ་ལམ་ལུགས་བཙུགས་ནས་ནགས་བཟོའི་སྡོང་ཕྲུག་དང་ནགས་ཚལ་གསོ་སྐྱོང་ཁ་གསབ་ཀྱི་ཚོད་ལྟ་སྤེལ་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་ནགས་ཤིང་སོན་བཟང་ཐོན་སྐྱེད་བེད་སྤྱོད་དང་ནགས་ཤིང་སྡོང་ཕྲུག་དང་ནགས་ཤིང་སྐྱེ་འཚར་ཞན་པར་ཁ་གསབ་སྤྲོད་དགོས། ནགས་ས་སྲུང་སྐྱོང་དང་བེད་སྤྱོད་འཆར་འགོད་སྒྲིག་བཟོ་བྱས་ནས་ནགས་ཚལ་གཉེར་སྐྱོང་འདུ་འགོད་གཉེར་འགོ་བཙུགས་ཏེ་ནགས་ཚལ་སྣོད་བཅུད་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་ནགས་སའི་ཕྱོགས་བསྡུས་ཐོན་ནུས་ཆེ་རུ་གཏོང་དགོས། ནགས་ཚལ་གྱི་དབྱང་གཉིས་ཐན་འགྱུར་འདུ་ཚད་ཆེ་རུ་གཏོང་དགོས། རྩྭ་ཐང་གི་སྣོད་བཅུད་དོ་མཉམ་སྲུང་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྐྱས་སྤོ་རྩྭ་གསོའི་འདུ་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ལག་བསྟར་བྱེད་པའི་དུས་བཀག་རིང་དུ་གཏོང་བ་དང་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་འོས་འཚམས་གཏོང་དགོས། རྩྭ་ཕྱུགས་དོ་མཉམ་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ནས་ཕྱུགས་རིགས་འཚོ་རྒྱུར་བཀག་འགོག་བྱེད་པ་དང་། འཚོ་མཚམས་འཇོག་པ། རྩྭ་ཁ་རེས་སྐོར་བཅས་མུ་མཐུད་ཁྱབ་སྤེལ་བཏང་ནས་ལྷས་རྭའི་ནང་སྡོམ་གསོས་རྒྱག་རྒྱུ་གོང་འཕེལ་བཏང་སྟེ་མི་ཐབས་ལ་བརྟེན་པའི་གཟན་རྩྭ་འདེབས་ཁུལ་དང་འབྲོག་ཁུལ་གྱི་ཆུ་བེད་འཛུགས་སྐྲུན་ཡག་པོ་བྱེད་དགོས། བོད་ཀྱི་རྩྭ་རྭའི་སྣོད་བཅུད་སྲུང་སྐྱོང་གི་བྱ་དགའི་ལམ་སྲོལ་གྱི་ཚོད་ལྟའི་ལས་དོན་ཁྱབ་སྤེལ་གཏོང་དགོས། རྩྭ་རའི་འབུ་དང་ཨ་བྲའི་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩྭ་རའི་ལྟ་སྐུལ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྩྭ་ཐང་གི་ཁྲིམས་ལག་བསྟར་བྱ་རྒྱུར་ལྟ་སྐུལ་དོ་དམ་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་གྱི་གཙོ་གནད་འཛུགས་སྐྲུན་འདུ་འགོད་ལག་བསྟར་བྱས་ནས་བྲག་ཞུན་ས་ཁུལ་བྱེ་རྡོ་ཅན་དུ་འགྱུར་བ་དང་ལྷོ་ཕྱོགས་ཀྱི་དེའུ་འབུར་གས་པ་བཅོས་སྒྲིག་བྱེད་མགྱོགས་སུ་བཏང་སྟེ་རི་ལྡེབས་རྨོ་ཞིང་གི་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྒྲིག་འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་ནས་དྭངས་གཙང་ཆུ་རྒྱུན་འབབ་ཡུལ་འཛུགས་སྐྱོང་ཡག་པོ་བྱེད་དགོས། ཞིང་ལས་ཀྱི་ས་ངོས་སྦགས་བཙོག་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་འཁོར་རྒྱུག་ཞིང་ལས་དང་སྣོད་བཅུད་ཞིང་ལས་གོང་འཕེལ་གཏོང་དགོས།

        གསུམ། གྲོང་གསེབ་ཀྱི་དམངས་འཚོ་ལེགས་སུ་གང་མགྱོགས་བཏང་ནས་གྲོང་གསེབ་དང་གྲོང་ཁྱེར་གྱི་སྤྱི་པའི་བྱ་གཞག་གོང་འཕེལ་གཏོང་བའི་ཧེ་བག་ཆུང་དུ་གཏོང་དགོས།

        13. ཞིང་པ་ལས་ཞུགས་དང་བྱ་གཞག་གསར་གཏོད་བྱ་རྒྱུར་སྐུལ་མ་ཧུར་ཐག་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་ནས་ཞིང་ལས་ཐོན་སྐྱེད་ཀྱི་ལག་རྩལ་དང་ཞིང་པ་ལས་མིའི་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ནས་གསོ་སྦྱོང་གི་ཐོན་ཁུངས་སྡེབ་སྒྲིག་དང་གསོ་སྦྱོང་གི་ལས་དོན་ཚད་ལྡན་ཡོང་བ་བྱས་ཏེ་ཚན་རིག་དང་མཐུན་པའི་ཞིང་འདེབས་དང་ལས་ཞུགས་དང་བྱ་གཞག་གསར་གཏོད་ཀྱི་ཞིང་པའི་ནུས་པ་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ནུས་ཆེའི་ཞིང་ལས་དང་ནགས་ཁྲོད་ཀྱི་འདེབས་གསོའི་ལས་རིགས་གོང་འཕེལ་བཏང་ནས་ཞིང་ལས་ནང་ཁུལ་གྱི་ལས་ཞུགས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་དགོས། ཤང་གྲོང་ཁེ་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་རིམ་འཕར་ཡོང་རྒྱུར་སྐུལ་སྤེལ་བཏང་ནས་ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་ལ་རོགས་སྐྱོར་བྱེད་པ་དང་འཕེལ་རྒྱས་གཏོང་བ་དང་སོས་དལ་ཞིང་ལས་དང་། ཤང་གྲོང་ཡུལ་སྐོར་སྤྲོ་འཆམ། ནགས་ཚལ་ཡུལ་སྐོར་སྤྲོ་འཆམ། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་ཧུར་ཐག་བཏང་ནས་གྲོང་གསེབ་ཀྱི་ཞིང་ལས་མིན་པའི་ལས་ཞུགས་བར་ཁྱམས་རྒྱ་ཆེར་གཏོང་དགོས། ལས་གཏོད་ལ་བརྟེན་ནས་ལས་ཞུགས་སྣེ་ཁྲིད་བྱེད་པའི་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་དང་སྐུལ་མ་བཏང་ནས་ཞིང་པ་གླ་པ་རང་ཡུལ་དུ་ཕྱིར་ལོག་བྱས་ནས་ལས་གཏོད་བྱེད་པ་དང་ཞིང་པ་ས་ཆ་དེ་རང་དང་ཉེ་སར་ལས་གཏོད་བྱ་རྒྱུ་དེ་སྲིད་ཇུས་ཀྱི་རོགས་སྐྱོར་ཁྱབ་ཁོངས་ནང་འཇུག་དགོས། ཞིང་པ་ཕྱིར་ལས་ཞུགས་བྱེད་པར་སྐྱོད་པར་ལས་ཞུགས་མཛུབ་ཁྲིད་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་དང་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་གཞན་སྒྱུར་བྱེད་པར་སྐུལ་མ་གཏོང་དགོས། ཞིང་པ་ལས་མིའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ལས་རྨས་འགན་བཅོལ་ཡོངས་སུ་ཁྱབ་པའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་ལས་རིགས་ནད་འགོག་བཅོས་དང་ཞིང་པ་ལས་མི་ལུས་ཁམས་བདེ་ཐང་ལ་ཞབས་འདེགས་ཞུ་བར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་དང་ངལ་རྩོལ་གྱི་འབྲེལ་བ་བརྟན་པོ་འཛུགས་པའི་ཞིང་པ་ལས་མི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་བཅུག་ཏེ་ཞིང་པ་ལས་མི་ཚུད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་འབྲེལ་བ་གཞན་སྒྱུར་དང་འབྲེལ་མཐུད་བྱེད་ཐབས་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱེད་དགོས། གཞུང་བཙུགས་སློབ་གྲྭ་དང་འཛུལ་སའི་ཁུལ་གཙོ་བོ་བྱས་ནས་ཞིང་པ་ལས་མིའི་བུ་ཕྲུག་གི་སློབ་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པར་དོ་ཁུར་བྱེད་དགོས།

        14. གྲོང་གསེབ་ཀྱི་སློབ་གསོ་དང་། འཕྲོད་བསྟེན། རིག་གནས་བཅས་བྱ་གཞག་འཕེལ་རྒྱས་འགྲོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འགྲོ་གྲོན་འགན་ལེན་ལམ་སྲོལ་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་དགེ་རྒན་གསོ་སྦྱོང་ལམ་ལུགས་དང་ལས་རྗེས་གླ་ཕོགས་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་སློབ་གྲྭ་ཁྱབ་ཚུལ་དེ་དོན་དངོས་དང་བསྟུན་ནས་སློབ་མ་སློབ་གྲྭར་སྐྱོད་པར་སྟབས་བདེ་སྐྲུན་པ་དང་སློབ་མའི་བདེ་འཇགས་འགན་ལེན་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་བདེ་འཇགས་འདུ་འགོད་མུ་མཐུད་ལག་ལེན་བསྟར་དགོས། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་སློབ་མའི་འཚོ་བཅུད་གནས་ཚུལ་རིམ་བཞིན་ལེགས་སུ་གཏོང་དགོས། འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་གསེབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོའི་རིན་མི་དགོས་པའི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་གསར་དུ་བྱུང་བའི་ངལ་རྩོལ་ནུས་ཤུགས་ལ་རིན་མི་དགོས་པར་ངལ་རྩོལ་གྲ་སྒྲིག་གསོ་སྦྱོང་རིམ་བཞིན་བྱེད་དགོས། གྲོང་གསེབ་ཀྱི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་མི་སྣའི་ལས་རྗེས་གླ་ཕོགས་དང་ཤང་དང་གྲོང་ཚོའི་སྨན་པའི་སྤྱི་པའི་ཞབས་ཞུའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ནས་རིན་མི་དགོས་པར་གྲོང་གསེབ་ལ་གནས་གཏན་འཁེལ་ངང་ལག་རྩལ་བྱང་ཆུབ་པའི་སྨན་པ་གསོ་སྐྱོང་བྱེད་པ་དང་ལས་གཉེར་སྨན་པ་གདན་འདྲེན་ཞུ་བའི་འཆར་གཞི་རིམ་བཞིན་ལག་ལེན་བསྟར་དགོས། གྲོང་གསེབ་ས་ཁུལ་གྱི་བུད་མེད་དང་བྱིས་པའི་འཕྲོད་བསྟེན་ལས་དོན་དང་ནད་ཡམས་འགོག་བཅོས་ལེགས་པོ་བྱས་ནས་གྲོང་གསེབ་ཀྱི་བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་རྒྱང་རིང་སློབ་གསོ་དང་རྒྱང་རིང་སྨན་བཅོས་ཧུར་ཐག་ངང་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་བུ་བཙའ་ཉུང་བའི་་གནས་ཚུལ་བརྟན་པོ་ཡོང་བ་བྱས་ནས་གྲོང་གསེབ་གསར་པ་དང་ཁྱིམ་ཚང་གསར་པའི་འཆར་གཞི་དང་ཉུང་བཙའ་མགྱོགས་ཕྱུག་གི་འདུ་འགོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ལ་བྱ་དགའ་སྤྲོད་པ་དང་རོགས་སྐྱོར་བྱེད་པའི་ལམ་ལུགས་དང་འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་དམིགས་བསལ་རོགས་སྐྱོར་ལམ་ལུགས་ཁག་གཅིག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ཕྱོགས་མིའི་འཆར་ལྡན་བུ་བཙའི་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་མ་འཇོག་འགན་ལེན་ལམ་སྲོལ་བརྟན་པོ་ཞིག་འཛུགས་པ་དང་རླུང་འཕྲིན་བཪྙན་འཕྲིན་གྲོང་ཚོ་ཡོངས་ལ་ཁྱབ་པ་དང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་དུ་ལོངས་སྤྱོད་བྱེད་པ། ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་དང་གྲོང་ཚོའི་རིག་གནས་ཁང་། གྲོང་གསེབ་ལ་གློག་བཪྙན་སྟོན་པ། ཞིང་པའི་དཔེ་དེབ་ཁང་སོགས་གནད་ཆེའི་རིག་གནས་ཀྱིས་དམངས་ལ་ཁེ་ཕན་སྐྲུན་པའི་འདུ་འགོད་འཛུགས་སྐྱོང་དང་ཕྱོགས་བསྡུས་བེད་སྤྱོད་གཏོང་བར་སྐུལ་སྤེལ་བཏང་ནས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་དང་ཞིང་པའི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས།

        15.གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་ཆུ་ཚད་གོང་མཐོར་གཏོང་དགོས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མ་དངུལ་གྲབས་གསོག་བྱེད་ཚད་དང་། སྲིད་གཞུང་གི་ཁ་གསབ་ཚད་གཞི། འགན་སྲུང་བྱེད་ཚད་བཅས་རིམ་བཞིན་གོང་མཐོར་གཏོང་དགོས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དང་། གྲོང་གསེབ་ཀྱི་སྨན་བཅོས་སྐྱོབ་རོགས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་བཅས་ལམ་ལུགས་གསར་པའི་སྲིད་ཇུས་འབྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་དགོས། གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་གསར་པའི་ཚོད་ལྟར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཚོད་ལྟ་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་ཆོག ཚོད་ལྟའི་ས་ཁུལ་གྱི་ན་རྒས་གྲོང་གསེབ་ཀྱི་གྲོང་མི་འགན་བཅོལ་ནང་ཞུགས་པར་སྣེ་ཁྲིད་ཧུར་ཐག་བྱས་ནས་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་མཐུན་པའི་ཡུལ་མི་རྒན་རྒོན་རྣམས་དུས་ཐོག་ཏུ་རྒན་གསོའི་དངུལ་ཆ་ཚང་ལེན་ཐུབ་པའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་དང་ཁ་གསབ་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱས་ནས་འགུལ་ཚུལ་དོ་དམ་འོག་གི་འགན་ལེན་བྱེད་དགོས་རིགས་མཐའ་དག་འགན་ལེན་ཐུབ་པ་བྱེད་དགོས། ས་ཞིང་བསྡུ་ལེན་བྱས་པའི་ཞིང་པའི་སྤྱི་ཚོགས་འགན་ལེན་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་དགོས། གནས་སྐབས་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་བྱེད་ཚད་རིམ་བཞིན་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་རྒན་གསོ་ཁང་འཛུགས་སྐྲུན་ཡག་པོ་བྱེད་པ་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་མི་འབོར་ན་རྒས་ཅན་དུ་འགྱུར་བར་ཁ་གཏད་གཅོག་པའི་ནུས་ལྡན་ཐབས་ཤེས་ཤིག་འཚོལ་ཞིབ་བྱེད་དགོས། གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་བར་ཐོན་སྐྱེད་རོགས་སྐྱོབ་དང་འཚོ་བའི་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་ལེན་སྲིད་ཇུས་ཁག་དབང་པོ་སྐྱོན་ཅན་བར་དམིགས་སུ་ཁྱབ་པ་བྱེད་དགོས། གྲོང་གསེབ་ཀྱི་གེགས་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་དགོས།

        16. གྲོང་གསེབ་ཀྱི་ཆུ་དང་། གློག ལམ། རྫབ་རླངས། སྡོད་ཁང་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་འཆར་འགོད་ཀྱི་ཁྲིད་སྟོན་བྱེད་པ་དང་། བཀོད་སྒྲིག་ལུགས་མཐུན་བྱེད་པ། ནུས་པ་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མགྱོགས་པོ་གཏོང་དགོས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འདུ་འགོད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་ལས་གྲྭའི་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་བཀག་ཐོག་འཆར་འགོད་ཀྱི་ལས་འགན་ལེགས་སྒྲུབ་ཡོང་བའི་འགན་ལེན་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་ཆར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ལ་ཆུ་མཁོ་འདོན་ཁྱབ་སྤེལ་བྱེད་པར་སྐུལ་མ་གཏོང་དགོས། གྲོང་གསེབ་ཀྱི་གློག་སྤྱོད་དགོས་མཁོ་མགྱོགས་མྱུར་འཕར་བའི་འཕེལ་ཕྱོགས་དང་འཚམ་པ་དང་གྲོང་གསེབ་ཀྱི་གློག་ཤུགས་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་གྱིས་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་དང་རིམ་སྤོར་འདུ་འགོད་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ཏེ་ཞིང་དྲས་གློག་མཁོ་འདོན་བྱེད་པའི་བློས་འགེལ་ཆོག་པའི་རང་བཞིན་དང་གློག་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་དགོས། ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱིས་འབུད་ཤིང་གི་ཚབ་བྱེད་པའི་འདུ་འགོད་མུ་མཐུད་ལག་བསྟར་བྱས་ཏེ་ཆུ་གློག་ཐད་གྲོང་གསེབ་གསར་པའི་གློག་རླངས་ཅན་གྱི་རྫོང་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས། “ལོ་ལྔ་ཚན་བཅུ་གཅིག་པའི ”གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་འགན་སྒོ་ཀུན་ནས་ལེགས་སྒྲུབ་བྱེད་པ་དང་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་དང་བདག་སྐྱོང་འགན་འཁྲི་དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འགྲིམ་འགྲུལ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་ཁྱིམ་སྤྱོད་རྫབ་རླངས་དང་རྫབ་རླངས་ཆེ་འབྲིང་དང་གཅིག་སྡུད་ཐོག་རྫབ་རླངས་མཁོ་འདོན་བྱེད་པའི་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྫབ་རླངས་ཀྱི་ལག་རྩལ་གསར་གཏོད་དང་། སྲུང་སྐྱོང་དོ་དམ། ལེ་ལག་ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཏུ་ནུས་རྒྱུ་གསར་པ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཞིང་ནགས་ཀྱི་བེད་མེད་ཟོག་རོ་ཐོན་ཁུངས་ཅན་དང་གཙང་སྦྲ་ཅན་དུ་འགྱུར་ནས་བེད་སྤྱོད་གཏོང་རྒྱུར་སྐུལ་མ་གཏོང་དགོས། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་གཞུང་ཁོངས་ནགས་ཁུལ (ར་བ )དང་གསར་སྦོལ་ས་ཁུལ་དང་ཁང་པ་ཐབས་ཆག་ཁུལ་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་ནས་སྐྱས་སྤོའི་འབྲོག་པ་གཞིས་ཆགས་འདུ་འགོད་མུ་མཐུད་ལག་བསྟར་བྱེད་དགོས། མིག་སྔའི་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་མགྱོགས་སུ་འགྲོ་བ་དང་འཛུགས་སྐྲུན་རྒྱུ་ཆ་མཁོ་འདོན་འདང་ངེས་ཡོད་པའི་གོ་སྐབས་དམ་བཟུང་གིས་ཞིང་པའི་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དེ་ནང་མཁོ་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་འཛུགས་སྐྲུན་རྒྱུ་ཆ་གཤམ་སྐྱེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་རྣམ་པ་སྣ་ཚོགས་སྤྱད་པ་བརྒྱུད་ཞིང་པས་ཁྲིམས་མཐུན་དང་སྒྲིག་མཐུན་ངང་རང་ཉིད་ཀྱི་སྡོད་ཁང་བསྐྲུན་རྒྱུར་སྐུལ་མ་གཏོང་དགོས། གྲོང་ཚོ་དང་གྲོང་རྡལ་གྱི་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་པའི་སྣེ་ཁྲིད་དེ་ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པ། སྲོལ་རྒྱུན་གྱི་རྣམ་པ་ལྡན་པ་བཅས་ཀྱི་བདེ་འཇགས་དང་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་རྣམ་པའི་སྡོད་ཁང་འཛུགས་སྐྲུན་བྱེད་དགོས། བྱ་དགའ་སྤྲོད་པར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་མ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་གྲོང་གསེབ་ཀྱི་ཆུ་འབུད་དང་ཆུ་ལམ་བཤང་བ་སོགས་ཚོད་ལྟ་བྱས་ནས་གད་སྙིགས་དང་གཙོག་ཆུ་ཐག་གཅོད་ཡག་པོ་བྱས་ཐོག་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་གྲོང་ཁྱེར་དང་བཟོ་ལས་ཀྱི་སྦགས་བཙོག་གྲོང་གསེབ་ཏུ་ཁྱབ་རྒྱུ་བཀག་འགོག་བྱེད་དགོས། གྲོང་གསེབ་ཀྱི་ཆ་འཕྲིན་ཅན་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་གློག་འཕྲིན་དང་མཉམ་སྦྲེལ་དྲ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

        17.དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་གསར་སྤེལ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ལམ་ལུགས་ནུས་ལྡན་ངང་འབྲེལ་མཐུད་བྱེད་པའི་ཚོད་ལྟའི་ས་ཚིགས་རིམ་བཞིན་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མིར་དབུལ་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དབུལ་པོའི་ས་ཁུལ་གྱི་མང་ཚོགས་ཀྱིས་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ་བཅས་བྱས་ཏེ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་གི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་ལས་མཐོ་བ་ཡོང་རྒྱུ་འགན་ལེན་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་། ངལ་ནུས་གཞན་སྒྱུར་གྱི་གསོ་སྦྱོང་བྱེད་པ། ཐོན་ལས་ཅན་གྱི་དབུལ་སྐྱོར་བྱེད་པ། རྒུད་གསབ་ལས་སྤྲོད་བྱེད་པ་སོགས་ཀྱི་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་དབུལ་པོའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས། དབུལ་སྐྱོར་གནས་སྤོ་བྱ་རྒྱུ་ལག་བསྟར་ཧུར་ཐག་བྱས་ནས་གནས་སྤོའི་མང་ཚོགས་ཀྱི་རྗེས་མཐུད་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དམིགས་བསལ་རིགས་ཀྱི་དབུལ་པོའི་ས་ཁུལ་དུ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་དགོས། གྲོང་ཚོ་དབུལ་པོའི་རོགས་རེས་མ་དངུལ་དང་ཡུག་འབྲེལ་གསར་སྤེལ་དང་དེ་བཞིན་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་གྱིས་གསར་བརྗེའི་རྟེན་གཞི་ཁུལ་ཪྙིང་པ་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཚོད་ལྟའི་ས་ཚིགས་རྒྱ་ཆེར་གཏོང་དགོས། སྤྱི་ཚོགས་ལས་རིགས་ཁག་དབུལ་སྐྱོར་བྱ་གཞག་ནང་དུ་ཞུགས་རྒྱུར་སྐུལ་སློང་བྱེད་པ་དང་ལས་རིགས་ཁག་གི་དབུལ་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྒྲོལ་ཁྱབ་ཁོངས་ནང་གི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཧུར་ཐག་སྤེལ་དགོས། མ་འོངས་པའི་ལོ་10ཡི་ནང་དབུལ་སྐྱོར་གསར་སྤེལ་གྱི་རྩ་གནད་དང་འབྲེལ་ཡོད་ཀྱི་འཆར་འགོད་ཞིབ་འཇུག་བྱས་ནས་བཟོ་དགོས།

        བཞི་པ། གྲོང་ཁྱེར་དང་གྲོང་གསེབ་སྒྱུར་བཅོས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས།

        18.གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོ་ཡོང་བ་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་ཞིབ་ཕྲའི་བྱ་ཐབས་གང་མགྱོགས་བཟོས་ཏེ་གྲོང་གསེབ་ཀྱི་ད་ལྟའི་ས་ཞིང་འགན་གཙང་གི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོ་ཡོང་བ་བྱེད་དགོས་པ་མ་ཟད་ཡུན་རིང་མི་འགྱུར་བའི་འགན་ལེན་བྱེད་དགོས། ས་ཞིང་འགན་གཙང་གི་དོ་དམ་ལས་དོན་མུ་མཐུད་ཡག་པོ་སྒྲུབ་ནས་འགན་གཙང་བླངས་པའི་ས་ཞིང་དང་། རྒྱ་ཁྱོན། གན་རྒྱ། ལག་འཁྱེར་བཅས་བཞི་དུད་ཚང་དུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་ཐོ་བཀོད་དང་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ་དགོས་ངེས་ཀྱི་ལས་ཀའི་འགྲོ་གྲོན་འགན་ལེན་བྱེད་དགོས། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་རྒྱུན་འཁོར་གྱི་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་རྒྱུན་འཁོར་གྱི་ཁྲོམ་ར་འཐུས་ཚང་དུ་བཏང་སྟེ་ཁྲིམས་ལྟར་རང་མོས་ངང་རིན་དོད་ཡོད་པའི་སྒོ་ནས་རྒྱུན་འཁོར་བྱེད་པའི་རྨང་གཞིའི་ཐོག་རྣམ་པ་སྣ་ཚོགས་དང་གཞི་ཁྱོན་འོས་འཚམས་ལྡན་པའི་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་གི་རྩོད་གླེང་འདུམ་སྒྲིག་དང་ཁྲུན་ཐག་གཅོད་པའི་བཅའ་ཁྲིམས་ལག་བསྟར་ནན་པོ་བྱས་ཏེ་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་གི་རྩོད་གླེང་འདུམ་སྒྲིག་དང་ཁྲུན་ཐག་གཅོད་པའི་མ་ལག་མགྱོགས་མྱུར་འཛུགས་དགོས། དབང་ཆ་ཁ་གསལ་དང་། དོ་དམ་ཚད་ལྡན། དུད་ཚང་དུ་འགན་གཙང་སྤྲོད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་རྩྭ་ཐང་གི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། ཉ་པའི་ཆུ་ཁོངས་དང་གྲམ་ཐང་གི་གསོ་ཚགས་བེད་སྤྱོད་དབང་ཆ་བརྟན་པོ་ཡོང་བ་བྱེད་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གྲོང་གསེབ་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་དང་ཚོད་ལྟ་བྱ་རྒྱུར་སྐུལ་མ་གཏོང་དགོས།

        19. གྲོང་གསེབ་ཀྱི་ས་ཞིང་དོ་དམ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་མཐའ་གཅིག་ཏུ་སྲུང་བ་དང་། སྲུང་སྐྱོང་ཁ་གསབ་ཀྱི་ལམ་སྲོལ་འཛུགས་པ། གཞི་རྩའི་ས་ཞིང་གི་དབྱེ་མཚམས་གང་མགྱོགས་ཕྱེ་བ་བཅས་བྱས་ནས་ས་ཞིང་ཡུན་རིང་སྲུང་སྐྱོང་བྱེད་དགོས། སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་རིམ་པ་གོང་མའི་རྩིས་བཤེར་དང་། ལྟ་ཞིབ། རྩ་འཛུགས་སོགས་སྡེ་ཚན་དཔྱད་ཞིབ་ནང་ཞུགས་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་རང་བདག་དབང་ཆ་དང་། ཁང་ས་བེད་སྤྱོད་དབང་ཆ། མཉམ་སྡེབ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་བེད་སྤྱོད་དབང་ཆ་སོགས་མཐའ་གཅིག་ཏུ་ངོས་འཛིན་བྱེད་པའི་དབང་ཆ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་མགྱོགས་མྱུར་སྤེལ་ནས་ལས་ཀའི་འགྲོ་གྲོན་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས། ལོ་3གྱི་དུས་ཚོད་བེད་སྤྱད་ནས་གྲོང་གསེབ་ཀྱི་མཉམ་སྡེབ་ས་ཞིང་རང་བདག་དབང་ཆའི་ལག་ཁྱེར་དེ་རང་བདག་དབང་ཆ་ཡོད་པའི་ཞིང་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཚང་མར་དོན་འཁྱོལ་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་ས་ཞིང་བཅོས་སྒྲིག་གོ་རིམ་ལྡན་པའི་ངང་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཞིང་སྣོན་འཕྲི་ཟུང་འབྲེལ་བྱ་རྒྱུ་དེ་ཚོད་ལྟའི་ཁྱབ་ཁོངས་ནང་ཚོད་འཛིན་ནན་པོ་བྱེད་པ་དང་། འཁོར་རྒྱུག་དམིགས་ཚད་དེ་ལོ་འཁོར་མོའི་ས་ཞིང་བེད་སྤྱོད་ཀྱི་འཆར་གཞིའི་ནང་བཅུག་ནས་གཅིག་གྱུར་དོ་དམ་བྱེད་པ། གྲོང་གསེབ་ཀྱི་ཁང་ས་དང་གྲོང་ཚོ་བཅོས་སྒྲིག་བྱས་རྗེས་གྲོན་ཆུང་བྱས་པའི་ས་ཞིང་སྔར་བཞིན་ཞིང་པའི་མཉམ་སྡེབ་ལ་དབང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་བེད་སྤྱོད་པའི་ས་ཞིང་གི་སྤྱིའི་གཞི་ཁྱོན་ཚད་ལས་མི་བརྒལ་བའི་འགན་ལེན་དང་། བསྐྱར་སྦོལ་རྨོ་ཞིང་གི་སྤུས་ཚད་འགན་ལེན། ཞིང་པའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་འགན་ལེན་བཅས་བྱེད་དགོས། ཞིབ་མཆན་ནན་པོ་འགོད་པ་དང་། ཆ་ཤས་སུ་ཚོད་ལྟ་བྱེད་པ། བཀག་སྡོམ་ངང་འཁོར་སྐྱོད་བྱེད་པ། ཉེན་ཁ་ཚོད་འཛིན་ཐུབ་པ་བཅས་ཀྱི་རྩ་དོན་ལ་གཞིགས་ནས་གྲོང་གསེབ་ཀྱི་ས་ཞིང་དོ་དམ་ལམ་ལུགས་སྒྱུར་བཅོས་དང་ཚོད་ལྟ་བྱ་རྒྱུ་ཚད་ལྡན་ཡོང་བ་བྱེད་དགོས། ས་ཞིང་དོ་དམ་བཅའ་ཁྲིམས་ལ་མགྱོགས་མྱུར་བཟོ་བཅོས་རྒྱག་དགོས།

        20.ཞིང་ལས་ཐོན་སྐྱེད་དང་གཉེར་སྐྱོང་གི་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཁྱིམ་ཚང་ནང་གཉེར་སྐྱོང་བྱེད་པ་ནས་སྔོན་ཐོན་ཚན་རྩལ་དང་ཐོན་སྐྱེད་བྱེད་ཐབས་སྤྱོད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་གཅིག་གྱུར་གཉེར་སྐྱོང་བྱེད་པ་ནས་ཞིང་དུད་མཉམ་འབྲེལ་དང་མཉམ་ལས་བྱ་རྒྱུ་འཕེལ་རྒྱས་བཏང་ནས་རྒྱུ་མང་ཅན་དང་། རིམ་པ་མང་བ། བྱེད་ཐབས་མང་བ་བཅས་ཀྱི་གཉེར་སྐྱོང་ཞབས་ཞུའི་མ་ལག་ཆགས་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་དངོས་ཤུགས་སྟོབས་ཆེར་བཏང་ནས་ཞིང་པར་ནུས་ལྡན་གྱི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱེད་དགོས། ཞིང་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དཔེ་སྟོན་ཁང་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཞབས་ཞུའི་ནུས་པ་ཆེ་བ་དང་དམངས་གཙོའི་དོ་དམ་ལེགས་པའི་མཉམ་ལས་ཁང་ལ་ཁ་གསབ་རོགས་རམ་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་རོགས་སྐྱོར་བྱེད་པའི་དངུལ་བུན་ཁག་ཐེག་ཀུང་སིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དེ་ཞབས་ཞུའི་ཁྱབ་ཁོངས་ནང་བཅུག་ནས་ཆ་རྐྱེན་ཡོད་པའི་མཉམ་ལས་ཁང་གིས་གྲོང་གསེབ་ཀྱི་མ་དངུལ་རོགས་རེས་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་ལས་ཐོན་ཟོག་གི་ལས་སྣོན་ཁེ་ལས་གཉེར་རྒྱུར་རོགས་སྐྱོར་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་སྣ་ཚོགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཞིང་པར་སྟབས་བདེ་ལ་ཕན་འབྲས་ཆེ་བ་དང་སྤུས་ཚད་ལེགས་ལ་རིན་གོང་ཁེ་བའི་ཆེད་ལས་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱེད་དགོས། སྣེ་འདྲེན་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཞིང་ལས་ཐོན་ལས་ཅན་གྱི་ཆེད་དོན་མ་དངུལ་མང་དུ་བཏང་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་པ་དང་ ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུར་རོགས་སྐྱོར་བྱེད་དགོས། “གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་ཡོད་པའི ”གྲོང་དར་དམངས་ཕྱུག་གི་འདུ་འགོད་དང་ཆེད་ལས་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

        21.ནགས་ལས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ནགས་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དེང་རབས་ནགས་ལས་དོ་དམ་ལམ་ལུགས་འཛུགས་དགོས། ཐོན་དབང་ཁ་གསལ་དང་དུད་ཚང་ལ་འགན་གཙང་སྤྲོད་རྒྱུ་གཙོ་གནད་དུ་བྱས་པའི་མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ལེ་ལག་སྒྱུར་བཅོས་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། མཉམ་སྡེབ་ནགས་དབང་རྒྱུན་འཁོར་བྱ་རྒྱུ་ཚད་ལྡན་ཡོང་བ་བྱས་ནས་ནགས་ལས་དང་ཞིང་ལས་ཀྱི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། མཉམ་སྡེབ་ནགས་ཚལ་གཅོད་པའི་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ནགས་ཚལ་གཅོད་པའི་དོ་དམ་གྱི་ལམ་སྲོལ་གསར་པ་དང་ནགས་ཚལ་རྒྱུན་མཐུད་ངང་གཉེར་སྐྱོང་བྱེད་པའི་མ་ལག་གསར་པ་འཛུགས་དགོས། ནགས་དབང་གཏའ་མར་བཞག་ནས་དངུལ་བུན་གཏོང་བའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་ནགས་ཚལ་ཐོན་ཁུངས་དང་རྒྱུ་ནོར་གྱི་དཔྱད་དཔོག་ལམ་ལུགས་དང་དཔྱད་དཔོག་བའི་ལམ་ལུགས་འཛུགས་དགོས། སྲིད་ཇུས་རང་བཞིན་གྱི་ནགས་ཚལ་འགན་བཅོལ་གྱི་ཚོད་ལྟའི་ས་ཚིགས་ཀྱི་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་གཏོང་དགོས། ནགས་ལས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་བྱས་ནས་ནགས་ལས་ཁུལ་གྱི་ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་ནགས་ར་སྒྱུར་བཅོས་བྱེད་འགོ་བཙུགས་ནས་གཞུང་ཁོངས་ནགས་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། གཞུང་ཁོངས་ནགས་ཁུལ་དོ་དམ་སྒྲིག་གཞི་དང་གཞུང་ཁོངས་ནགས་ཚལ་ཐོན་ཁུངས་གཅིག་གྱུར་དོ་དམ་སྒྱུར་བཅོས་ཀྱི་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་སྤེལ་དགོས།

        22.གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཤང་གྲོང་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་ཆེན་གྱིས་རྫོང་གི་ནོར་སྲིད་ལ་ཐད་ཀར་དོ་དམ་བྱེད་པའི་སྒྲིག་སྲོལ་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་ཀྱིས་རྫོང་དང་ཤང་གི་རྩ་བའི་ནོར་ཤུགས་འགན་ལེན་བྱེད་པའི་ཆུ་ཚད་གོང་མཐོར་གཏོང་བ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འཁོར་རྒྱུག་འགྲོ་གྲོན་གྱི་འགན་ལེན་སྲིད་ཇུས་དོན་འཁྱོལ་བྱེད་དགོས། འབྲེལ་ཡོད་འཆར་འགོད་དང་བླང་བྱ་གཞིར་བཟུང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ལོ་རྒྱུས་ཀྱི་བུ་ལོན་གཙང་སེལ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་སྤྱི་ཕན་རང་བཞིན་གྱི་གྲོང་གསེབ་ཀྱི་བུ་ལོན་གཙང་སེལ་བྱེད་པའི་ཚོད་ལྟར་སྐུལ་འདེད་བཏང་ཐོག་གྲོང་གསེབ་ཀྱི་བུ་ལོན་གསར་པ་ཐོན་རྒྱུར་བཀག་འགོག་བྱེད་དགོས། སྲིད་གཞུང་གིས་སྣེ་ཁྲིད་པ་དང་། རིམ་དབྱེའི་འགན་འཁུར། ཞིང་པའི་རང་མོས། ཚད་བཀག་ཚོད་འཛིན། ནོར་སྲིད་ཀྱི་ཁ་གསབ་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་དུས་བབ་གསར་པའི་འོག་གྲོང་ཚོ་རིམ་པའི་སྤྱི་ཕན་བྱ་གཞག་འཛུགས་སྐྱོང་བྱེད་པའི་ཕན་ནུས་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བཟོ་བ་དང་བྱ་བ་རེར་གྲོས་བསྡུར་རེ་བྱེད་པའི་ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་ཀྱི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ཐོག་ཚོད་ལྟའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས། ཞིང་པའི་ཁུར་པོ་གཙོ་གནད་དུ་ཡང་དུ་གཏོང་རྒྱུའི་ལས་དོན་མུ་མཐུད་སྤེལ་ནས་ཞིང་པའི་ཁུར་པོ་སླར་ཡང་ལྕི་རུ་འགྲོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྒྲུབ་ཚོང་མཉམ་ལས་ཁང་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་མཉམ་ལས་ཁང་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཐོག་རྫོང་མཉམ་འབྲེལ་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ཞིང་སྦོལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་ནུས་བསྒྲུབ་རྒྱུ་ལོགས་སུ་དབྱེ་སྟེ་སྤྱི་ཚོགས་ཀྱི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དུས་བབ་གསར་པའི་འོག་གི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

        23.གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་ལམ་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་བསྐྲུན་རྒྱུར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཆར་འགོད་ཆུ་ཚད་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་གཏོང་གིས་དེང་སྐབས་གྲོང་ཁྱེར་འབྲིང་ཆུང་དང་ཚོང་འདུས་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་ཡོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་གཙོ་གནད་དུ་འཛིན་དགོས། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གྲོང་ཁྱེར་འབྲིང་ཆུང་དང་ཚོང་འདུས་གྲོང་རྡལ་ཆུང་གྲས་དང་ལྷག་པར་དུ་རྫོང་གྲོང་དང་ལྟེ་བའི་གྲོང་རྡལ་གྱི་གཞིས་ཆགས་ཆ་རྐྱེན་ལེགས་སུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་མགྱོགས་མྱུར་བྱས་ཏེ་ཆ་རྐྱེན་ཚང་བའི་ཞིང་ལས་གཞན་སྒྱུར་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་རྒྱུར་སྐུལ་འདེད་གཏོང་བ་མ་ཟད་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་འདྲ་མཉམ་གྱི་ཁེ་ཕན་ལོངས་སུ་སྤྱོད་རྒྱུའང་ཡོང་བ་བྱེད་དགོས། ཐབས་ལམ་མང་པོ་དང་རྣམ་པ་མང་པོའི་ཐོག་ནས་ཞིང་པ་ལས་མིའི་གནས་སྡོད་ཆ་རྐྱེན་ལེགས་སུ་བཏང་སྟེ་ཆ་རྐྱེན་ཡོད་པའི་གྲོང་ཁྱེར་གྱིས་ལས་རིགས་བརྟན་པོ་ཡོད་པ་མ་ཟད་གྲོང་ཁྱེར་དུ་གནས་སྡོད་བྱས་ཏེ་ལོ་ཚད་ངེས་ཅན་སོང་བའི་ཞིང་པ་ལས་མི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་མ་ལག་ནང་རིམ་བཞིན་འཇུག་རྒྱུའི་སྐུལ་མ་གཏོང་དགོས། དམིགས་བསལ་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་ཞིང་པ་ལས་མིའི་མི་རབས་གསར་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། ཞིང་ལས་གཞན་སྒྱུར་མི་འབོར་གྲོང་ཁྱེར་དུ་གཞིས་ཆགས་རྗེས་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གཅིག་འགྱུར་འཆར་འགོད་ངང་ཞིབ་འཇུག་བྱེད་དགོས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ལས་གཞན་སྒྱུར་གྱི་ཕན་ཡོད་གོ་སྐབས་དམ་འཛིན་གྱིས་ཁྱད་ལྡན་ཐོན་ལས་དང་ལེགས་ལྡན་རྣམ་གྲངས་རྫོང་གྲོང་དང་གཙོ་གནད་གྲོང་རྡལ་དུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་གོང་མཐོར་བཏང་ཐོག་གྲོང་གསེབ་ཀྱི་མི་འབོར་ཚོང་འདུས་གྲོང་རྡལ་ཆུང་གྲས་སུ་མགྱོགས་མྱུར་གཅིག་སྡུད་བྱ་རྒྱུར་ཚུར་བསྡུ་དགོས། ཚོང་འདུས་གྲོང་རྡལ་ཆུང་གྲས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་ནོར་ཁྲལ་དང་མ་དངུལ་མཉམ་འཇོག་སོགས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ལོ་འཁོར་གྱི་ས་ཆ་བེད་སྤྱོད་འཆར་གཞིས་གྲོང་ཁྱེར་འབྲིང་ཆུང་དང་ཚོང་འདུས་གྲོང་རྡལ་ཆུང་གྲས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་བཀོད་སྒྲིག་བྱེད་དགོས། གྲོང་གསེབ་ཀྱི་སྡོད་གནས་རྟེན་གཞི་དང་གྲོང་ཚོ་བཅོས་སྒྲིག་ཐད་གྲོན་ཆུང་བྱས་པའི་ས་ཆ་རྨོ་ཞིང་དུ་བྱེད་དགོས་པ་དང་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆ་རྫོང་ཁོངས་ནང་ས་ཆ་བེད་སྤྱོད་ཀྱི་སྤྱི་ཡོངས་འཆར་འགོད་ལྟར་སྤྱད་ནས་ལོ་འཁོར་གྱི་ས་ཆ་བེད་སྤྱོད་ཀྱི་འཆར་གཞིའི་ནང་བཅུག་ཐོག་ཐོན་ལས་གཅིག་སྡུད་ཐོག་འཕེལ་རྒྱས་ཡོང་རྒྱུའི་ཐད་གཙོ་བོར་སྤྱད་དེ་ཞིང་པར་ས་ཆ་དེ་གར་གཞན་སྒྱུར་ལས་ཞུགས་བྱེད་པར་སྟབས་བདེ་སྐྲུན་དགོས། དབང་ཆ་ཆེ་རུ་གཏོང་བར་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི་སྒྱུར་བཅོས་ཚོད་ལྟར་མུ་མཐུད་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་མགྱོགས་པ་དང་མི་འབོར་ཚུར་བསྡུ་ནུས་ཆེ་བའི་གྲོང་རྡལ་གྱི་སྲིད་འཛིན་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་གཞིར་བཟུང་དོ་དམ་དབང་ཚད་གཤམ་སྤྲོད་ཀྱིས་སྒྲིག་གཞི་དང་བཀོད་སྒྲིག་མི་སྣའི་སྒྲིག་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས།

        24.ཞིང་ལས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་གོང་མཐོར་གཏོང་དགོས། ལེགས་ལྡན་ཞིང་ལས་ཐོན་ཟོག་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཕྱིར་གཏོང་འགག་སྒྲོལ་དང་ནད་ཡམས་བརྟག་དཔྱད་དང་ཞིབ་བཤེར་ཐད་སྟབས་བདེ་ཡོང་བ་དང་གཟིགས་སྐྱོང་བྱེད་དགོས། ཞིང་ལས་ཐོན་ཟོག་གི་སྤུས་ཚད་ཁུངས་འདེད་ཐུབ་པའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཕྱིར་གཏོང་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་ཡིད་རྟོན་དངུལ་བུན་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཕྱིར་གཏོང་ཡིད་རྟོན་འགག་བཅོལ་དང་ཞིང་ལས་འགན་བཅོལ་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཉེན་ཟོན་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བཟོ་དགོས། རྒྱལ་སྤྱིའི་ཚོང་དོན་བཀག་རྟེན་ལ་ཁ་གཏད་ཧུར་ཐག་བཅག་ནས་ལས་རིགས་མཐུན་ཚོགས་དང་སྣེ་འདྲེན་ཁེ་ལས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། འགག་སྒོའི་ལས་ཁུངས་ཀྱི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་དང་ལས་སྣོན་དངོས་ཟོག་གི་དཔྱ་ཁྲལ་ཆག་ཡང་སོགས་ཀྱི་བྱ་ཐབས་གང་ལེགས་སྤྱད་ནས་ཞིང་ལས་ཐོན་ཟོག་ལས་སྣོན་བྱེད་པའི་ཚོང་དོན་འཕེལ་རྒྱས་གཏོང་དགོས། རྒྱལ་སྤྱིའི་ཞིང་ལས་ཚན་རྩལ་དང་ཞིང་ལས་ཐོན་ཁུངས་ཀྱི་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྐུལ་སྲིད་ཇུས་བཟོ་བ་དང་ཆ་རྐྱེན་ཡོད་པའི་ཁེ་ལས “ཕྱིར་སྐྱོད་པར ”རྒྱབ་སྐྱོར་བྱེད་དགོས། ཕྱི་དངུལ་སྐུལ་གཏོང་རིགས་ཀྱི་ཐོན་ལས་ནང་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ་ཞིང་ལས་ཐད་དངུལ་སྤྱོད་པའི་ཆུ་ཚད་གོང་མཐོར་གཏོང་དགོས། ཞིང་ལས་ཐོན་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྟངས་འཛིན་སྙོམ་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིང་ལས་ཐོན་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྐབས་བསྟུན་ནུས་ཆེའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཞིང་ལས་ཐོན་ཟོག་དང་ཞིང་སྤྱོད་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་ཞིང་ལས་ཐོན་ཟོག་ལྐོག་འདྲེན་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཐོག་ཕྱིར་གཏོང་ནང་འདྲེན་བྱེད་པའི་ཞིང་ལས་ཐོན་ཟོག་གི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

        ལྔ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཏུ་ཏང་གིས་སྲིད་སྐྱོང་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས།

        25.གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་གཞི་རིམ་ཏང་རྩ་འཛུགས་གྲོང་གསེབ་ཀྱི་རྩ་འཛུགས་གསར་པའི་ནང་ཁྱབ་རྒྱ་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་དང་། ཆེད་ལས་མཐུན་ཚོགས། ཕྱིར་ལས་ཀ་དང་ཚོང་གཉེར་བྱེད་པར་སྐྱོད་མཁན་ལྟོས་བཅས་ཀྱིས་གཅིག་སྡུད་ཆེ་བའི་ཁུལ་དུ་ཏང་རྩ་འཛུགས་འཛུགས་པའི་བྱེད་སྟངས་ཁྱབ་སྤེལ་གཏོང་དགོས། ཤང་གྲོང་ཏང་ཨུད་ཀྱི་ཧྲུའུ་ཅིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤང་གྲོང་ཏང་ཨུད་ཀྱི་ཚན་ཁག་མི་སྣ་བདམས་བཀོད་ཡག་པོ་བྱེད་དགོས། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་གི་བྱང་ཚད་མཐོ་རུ་བཏང་ནས་ལས་སྤོས་དང་དམག་ཁུངས་ནས་ཕྱིར་ལོག་བྱས་པའི་དམག་མི་དང་། ཕྱིར་ལོག་བྱས་པའི་ལས་མི་གཞོན་ནུ། ཕྱུག་འགྱུར་འཇོན་ཐང་ཅན་སོགས་ཏང་ཡོན་ཁྲོད་ནས་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བདམས་བཀོད་བྱ་རྒྱུར་མཐོང་ཆེན་བྱེད་དགོས། འགན་འཁྲི་ཁ་གསལ་དང་། དཔྱད་ཞིབ་ལ་ལྟ་སྐུལ། ཞབས་ཞུ་འགན་ལེན་བཅས་གཙོ་གནད་དུ་བྱས་ནས་ཤང་དང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འབྲེལ་ནུས་མེད་ཟབ་ཟོབ་ཀྱི་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཚན་ཁག་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས། ཡུན་རིང་གཞི་རིམ་དང་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་དུ་ལས་དོན་སྒྲུབ་མཁན་ལས་བྱེད་པ་དང་ཡུན་རིང་རྫོང་དང་ཤང་ཏང་སྲིད་ཀྱི་འགོ་ཁྲིད་གོ་གནས་འཁུར་མཁན་ལས་བྱེད་པར་གླ་ཕོགས་ཐད་ཀྱི་ཕན་བདེའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་གྲོང་ཚོའི་ལས་བྱེད་པའི “གཏན་འབེབས་གཅིག་དང་ཡོད་པ་གསུམ ”གྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་སྟེ་ཕུལ་བྱུང་གི་གྲོང་ཚོའི་ལས་བྱེད་པའི་ཁྲོད་ནས་ཤང་གྲོང་གི་གཞུང་ལས་པ་ཡིག་རྒྱུགས་བཏང་ནས་བསྡུ་བ་དང་ཤང་གྲོང་གི་འགོ་ཁྲིད་ལས་བྱེད་པ་འདེམས་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། བརྟན་ལ་ཚད་ལྡན་གྱི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་གྲོན་དངུལ་འགན་ལེན་ལམ་ལུགས་བཙུགས་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དེང་དུས་རྒྱང་ཁྲིད་སློབ་གསོའི་དྲ་སྦྲེལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཚོའི་འགོ་ཁྲིད་ཀྱི་འགན་འཁུར་རྒྱུར་མུ་མཐུད་འདེམས་པ་དང་གདན་ཞུ་བྱས་ཏེ་གཤམ་དུ་སྐྱོད་ཐུབ་པ་དང་། སྡོད་ཐུབ་པ། ལས་ཀ་ཡག་པོ་བྱེད་ཐུབ་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་གི་རིམ་གསུམ་མཉམ་གཏོད་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གཅིག་གྱུར་འཆར་འགོད་བྱེད་པ་དང་གྲོང་གསེབ་ཀྱི་སྐོར་སྐྱོད་ཏང་ཡོན་གྱི་སློབ་གསོའི་དོ་དམ་ཞབས་ཞུའི་ལམ་ལུགས་གསར་གཏོད་དང་འཐུས་ཚང་དུ་བཏང་སྟེ་ཞིང་པ་ལས་མིའི་ཁྲོད་ཀྱི་ཏང་གི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་གཤིས་ཏང་སྲོལ་ཏང་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

        26.རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྒྲིག་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་དགོས། ཏང་གིས་འགོ་ཁྲིད་བྱེད་པའི་གྲོང་ཚོ་རིམ་པའི་དམངས་གཙོའི་རང་སྐྱོང་ལམ་སྲོལ་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་ནས་གྲོང་ཚོ་རིམ་པའི་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་གོ་རིམ་ཚད་ལྡན་དུ་གཏོང་དགོས། ས་གནས་ཁག་གི་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་དང་ཡུལ་བ་དང་བསྟུན་ནས་གྲོང་ཚོ་དེ་རང་གི་བྱ་བ་གལ་ཆེན་གྲོང་ཚོའི་ཏང་ཀྲི་པུས་གྲོས་འགོ་འདོན་པ་དང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་གྲོས་ཚོགས་ཀྱིས་གྲོས་མོལ་བྱེད་པ། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ཚོགས་ཆེན་གྱིས་གྲོས་ཞིབ་བྱེད་པ། གྲོང་མིའི་འཐུས་མིའི་ཚོགས་འདུའམ་ཡང་ན་གྲོང་མིའི་ཚོགས་འདུས་གྲོས་ཆོད་འདོན་པ། དེ་བཞིན་གྲོས་ཆོད་མངོན་གསལ། ལག་བསྟར་གྲུབ་འབྲས་མངོན་གསལ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་གཏོང་དགོས། གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོར་འགོ་ཁྲིད་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འདེམས་ཤོག་ཐོབ་ཐབས་དང་ལྐོག་རྔན་སྤྲད་ནས་འདེམས་བསྐོ་ཐོབ་ཐབས་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་འདེམས་བསྐོ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་རྒྱུའི་འགན་ལེན་བྱེད་པ་དང་འབྲེལ་ཆོས་ལུགས་དང་རུས་རྒྱུད་སོགས་སྟོབས་ཤུགས་སྤྱད་ནས་གྲོང་གསེབ་ཀྱི་སྤྱི་པའི་ལས་དོན་ལ་ཐེ་ཇུས་བྱ་རྒྱུར་དོགས་ཟོན་དང་འགོག་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་མ་རྩ་དང་། རྒྱུ་ནོར། ཐོན་ཁུངས་དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཚོའི་ལས་དོན་མངོན་གསལ་དང་དམངས་གཙོ་དོ་དམ་ཐད་ཀྱི “དཀའ་གནད་ཆེ་བའི་གྲོང་ཚོ ”བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྲུན་དང་གསར་གཏོད་ཀྱི་བྱེད་སྒོ་སྤེལ་བ་དང་ཞབས་ཞུའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྡེ་ཁུལ་གྱི་ཞབས་ཞུའི་རང་བཞིན་དང་། སྤྱི་ཕན་རང་བཞིན། རོགས་རེས་རང་བཞིན་བཅས་སྤྱི་ཚོགས་རྩ་འཛུགས་སྐྱེད་བསྲིང་དང་འཕེལ་རྒྱས་གཏོང་དགོས། ཤང་གྲོང་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་འགན་ནུས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་འཛུགས་པ་དང་འབྲེལ་ཆ་རྐྱེན་འཛོམས་པའི་ཤང་གྲོང་གིས་དམངས་ལ་སྟབས་བདེ་ཡོང་བའི་ཞབས་ཞུའི་ལྟེ་གནས་དང་གྲོང་ཚོའི་ཚབ་གཉེར་གྱི་གནས་བཙུགས་ཏེ་ཞིང་པར་ས་ཚིགས་གཅིག་རྣམ་པའི་ཞབས་འདེགས་ཞུ་དགོས།

        27.གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཏང་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པའི་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ས་བསྡུ་དང་། ཁོར་ཡུག་སྦགས་བཙོག གནས་སྤོས་ཡུལ་མི་བཀོད་སྒྲིག མཉམ་སྡེབ་རྒྱུ་ནོར་དོ་དམ་སོགས་ཐད་ཀྱི་ཞིང་པའི་ཁེ་ཕན་ལ་གནོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གྲོང་གསེབ་ཀྱི་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་ཀྱི་ཡིག་བསྐུར་ངོ་བཅར་གྱི་ལམ་བུ་ཤར་བགྲོད་ཐུབ་པ་བྱས་ཏེ་ཞིང་པ་མང་ཚོགས་ཀྱིས་ཁྲིམས་ལྟར་ལུགས་མཐུན་ངང་ཞུ་གཏུག་དང་རང་ངོས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་བདེ་འཇགས་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་མཉམ་འགོག་མཉམ་བཅོས་དང་མང་ཚོགས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཉེན་རྟོག་ལས་དོན་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནག་ཚོགས་སྟོབས་ཤུགས་དང་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། གྲོང་གསེབ་ཀྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་འཕྲལ་སྡོམ་དང་ལེན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཁྲིམས་ལྟར་གྲོང་གསེབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དགོས།

        རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ནས་གྲོང་གསེབ་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། གྲོང་གསེབ་གཞི་རིམ་གྱི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་གྲུབ་འབྲས་བརྟན་དུ་བཏང་ནས་ཏང་ཡོན་ལས་བྱེད་པ་སློབ་གསོ་ཐེབས་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ཆུ་ཚད་དུ་སླེབས་པ། ཞིང་འབྲོག་མང་ཚོགས་ལ་དངོས་ཕན་ཐོབ་པ་བཅས་ཀྱི་ཕུགས་ཕན་གྱི་ལམ་སྲོལ་འཛུགས་དགོས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་བྱེད་ཐབས་བླང་བྱ་གཞིར་བཟུང་ས་གནས་ཀྱི་དཔྱད་ཞིབ་དམིགས་ཚད་ཞིབ་ཕྲ་བཟོ་རྒྱུར་མཛུབ་ཁྲིད་བྱས་ཏེ་འབྲུ་རིགས་ཐོན་སྐྱེད་དང་། ཞིང་པའི་འབབ་འཕར། རྨོ་ཞིང་སྲུང་སྐྱོང་། ཁོར་ཡུག་བཅོས་སྐྱོང་། མཐུན་སྦྱོར་བརྟན་ལྷིང་སོགས་དེ་དག་ས་གནས་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ལས་ཀའི་བྱས་རྗེས་ལ་དཔྱད་ཞིབ་བྱེད་པའི་ནང་འཇོག་དགོས། གྲོང་གསེབ་ལས་དོན་གྱི་འགོ་ཁྲིད་ཀྱི་སྒྲིག་གཞི་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གལ་ཆེའི་ནང་གི་གལ་ཆེའི་བླང་བྱ་དེ་འགོ་ཁྲིད་ཀྱི་ལས་བགོས་དང་། སྒྲིག་གཞི་བཀོད་སྒྲིག ལས་བྱེད་པ་བཀོད་སྒྲིག་བཅས་ཀྱི་ཐོག་དོན་འཁྱོལ་བྱས་ནས་གྲོང་གསེབ་ལས་དོན་གྱི་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གྲོང་གསེབ་ལ་སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་འཕྲལ་དུ་ཆེད་དོན་རྣམ་གྲངས་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་དགོས། དམངས་གཙོ་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས། བཟོ་ཚོང་ཁེ་ལས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དེང་དུས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

        2010ལོའི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྙིང་སྟོབས་རབ་འཕེལ་དང་། གསར་འབྱེད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།