དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        མི་དམངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པས་མི་དམངས་བདེ་སྡོད་ལས་བརྩོན་བྱུང་ན་རྒྱལ་ཁབ་གཞི་ནས་བདེ་བར་འཁོད་ཐུབ། དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་འཕར་རྒྱུ་འགན་ལེན་བྱེད་པའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་4000 ལས་བརྒལ་རྒྱུ་འགན་ལེན་བྱ་རྒྱུ་དང་། ཞིང་ལས་སྟོབས་ཆེར་གཏོང་བ་དང་ཞིང་པར་ཁེ་ཕན་སྐྲུན་པའི་སྲིད་ཇུས་སྒོ་ཀུན་ནས་དོན་འཁྱོལ་བྱ་རྒྱུ། “གཞི་རྩའི་ཐག་གཅོད་བྱ་གཞི་བརྒྱད ”ལེགས་འགྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་འབྲོག་པ་གསར་པ་གསོ་སྐྱོང་ཧུར་ཐག་བྱ་རྒྱུ་སོགས་དམངས་འཚོའི་ལས་དོན་དེ་དག་ལས་སྲིད་གཞུང་གིས་མི་རྩ་བར་འཛིན་པ་དང་དམངས་འཚོར་དོ་ཁུར་བྱེད་པའི་སྲིད་སྐྱོང་འདུ་ཤེས་མངོན་པ་བྱས་ཡོད།

        སྲིད་ཇུས་ཁག་དང་པོ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་ 4000 ལས་བརྒལ་བའི་འགན་ལེན་བྱེད་པ།

        འགྲེལ་ཀློག ཞིང་འབྲོག་པར་ཡོང་འབབ་འཕར་བ་བྱེད་པ།

        སྲིད་གཞུང་ལས་དོན་སྙན་སྒྲོན་ཐོག་ 2010 ལོར་རང་ལྗོངས་ཀྱིས་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱེད་པའི་ཕུགས་ཕན་ལམ་སྲོལ་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྩ་འཛུགས་ཀྱི་ཁྲིད་སྟོན་སྟོབས་ཆེར་བཏང་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་བར་ཁེ་བའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱས་ཏེ་ཞིང་འབྲོག་པའི་རྩ་འཛུགས་ཅན་དུ་འགྱུར་ཚད་དང་། ཉེན་ཁ་འགོག་ནུས། ཁྲོམ་རའི་འགྲན་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག་སྲིད་ཇུས་ཀྱི་འབབ་འཕར་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ཞིང་འབྲོག་ལས་ནང་ཁུལ་གྱི་འབབ་འཕར་གྱི་གཞི་རྩ་དེར་དམ་འཛིན་བྱས་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་དེ་བཞིན་དེའི་ལས་སྣོན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞིང་འབྲོག་ལས་ཀྱི་ཕན་ནུས་མཐོ་རུ་གཏོང་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱེད་དགོས། གཞན་ཡང་ཞིང་ལས་དང་ཞིང་ལས་མིན་པ་ཟུང་འབྲེལ་དང་ལས་རིགས་སྣ་ཚོགས་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་མིན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་དང་ངལ་ནུས་དཔལ་འབྱོར་སྐྱེད་བསྲིང་བྱས་ནས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་གཞན་སྒྱུར་དང་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འབབ་འཕར་གྱི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཐོག་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་4000 ལས་བརྒལ་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་བསྟན་ཡོད།

        རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་བུ་ཆུང་གིས་2009 ལོར་ང་ཚོས་ལས་ཀའི་བླང་བྱར་གཞིགས་ནས་ཞིང་འབྲོག་ལས་ཐོན་འཕར་འབབ་འཕར་དང་། ཁྱད་ལྡན་ཐོན་ལས་གསར་སྤེལ། ངལ་ནུས་གཞན་སྒྱུར། ཚན་རྩལ་ཁྱབ་གདལ། ཡིད་སྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་སོགས་བྱ་ཐབས་མང་དག་ཅིག་སྤྱད་དེ་ཞིང་འབྲོག་པར་འབབ་འཕར་ཡོང་བའི་ཕུགས་ཕན་ལམ་སྲོལ་སྔར་བས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་3589 ལོན་ནས་ 13%འཕར་བ་དང་ལོ་7 བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། 2010 ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་གྱི་ལས་དོན་དེར་ཡར་རྒྱས་ཆེན་པོ་ཡོང་ངེས་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།